Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཤུ་འབྲི་བྱས་ནས་ཉེས་པ་ཡོད་དམ།

Posted on 2011-01-212011-01-21 By འབྲོང་བུ་ཟླ་བ་ཚེ་རིང་ 5 Comments on བཤུ་འབྲི་བྱས་ནས་ཉེས་པ་ཡོད་དམ།

འབྲོང་བུ་ཟླ་བ་ཚེ་རིང་།

cheatingདགེ་རྒན་ནང་དུ་སླེབས་སོང་། སློབ་ཕྲུག་རྣམས་ཁུ་སིམ་མེར་བསྡད་འདུག དགེ་རྒན་གྱིས་ཀྱང་སྔོན་གྱི་འཆར་གཞི་ལྟར་སློབ་ཕྲུག་ཚོར་ཀློག་དེབ་དང་འབྲི་དེབ་སོགས་བསྡུ་གསོག་རྒྱག་ཏུ་བཅུག་རྗེས་ཡིག་རྩལ་གྱི་རྒྱུགས་ཤོག་བཀྲམས། དེ་ནས་ཁོང་གིས་ད་ཁྱོད་ཚོས་རང་རང་ས་ནས་ཡིག་རྩལ་ཕྲིས། བྲིས་ཚར་མ་ཐག་ལན་ཤོག་ངའི་ཡིག་ཚང་དུ་སྐྱེལ་རོགས་གནང། ངས་དེ་རུ་སྒུག་ནས་འདུག་གི་ཡིན་ཞེས་གསུངས་རྗེས་འཛིན་ཁང་དང་ཁ་བྲལ་ནས་ཕེབས་སོང། སློབ་ཕྲུག་ཚོས་སྔོན་ལྟར་ཁུ་སིམ་མེར་རང་རང་ས་ན་དྲི་ལན་འབྲི་བཞིན་འདུག སྐར་མ་ལྔ་དང། སྐར་མ་བཅུ་ཡུན་གྱིས་འདས་ན་ཡང། འཛིན་ཁང་ནང་གི་ལྷིང་འཇགས་ཀྱི་ཁ་དབུགས་དཀྲོགས་མཁན་ནི་ཤོག་བུ་ཕར་སློག་ཚུར་སློག་བྱེད་པའི་ཤོག་སྒྲ་དང་སྨྱུ་གུས་ཤོག་བུའི་སྟེང་དུ་འབྲི་བཞིན་པའི་སྐབས་ཀྱི་ཧྲག་སྒྲ་ལས་ཅི་ཡང་མི་འདུག ཁོར་ཡུག་དེ་ནི་དེ་ལྟར་ཁུ་སིམ་པ་ཞིག་སྟེ། ནམ་རྒྱུན་གྱི་སློབ་ཁྲིད་སྐབས་ཀྱི་ཁོར་ཡུག་ལས་ཁུ་སིམ་ལ། སློབ་གླིང་གཞན་ཞིག་ན་དགེ་རྒན་གྱིས་སོ་བ་བཞིན་སྲུང་ནས་ཡོད་པའི་ཡིག་རྩལ་སྐབས་ཀྱི་ཁོར་ཡུག་ལས་ཀྱང་ཁུ་སིམ།
ཁུ་སིམ་པའི་ཁོར་ཡུག་དེ་ནས་ངས་སྐར་མ་ལྔ་བཅུའི་དུས་ཡུན་ཇི་ལྟར་རྫོགས་པའང་མ་ཚོར། འདི་ནི་ང་ལ་མཚོན་ན་ཧ་ཅང་ཡ་མཚན་དགོས་པའི་དོན་དག་ཅིག་རེད་ལ། ང་དང་ལྷན་དུ་འཛིན་གྲྭ་གཅིག་ན་ཚན་རིག་སྦྱངས་བཞིན་པའི་གྲྭ་བ་གཉིས་ལ་ཡང་ཚོར་སྣང་དེ་འདྲ་ཞིག་སྤྲད་འདུག

ཚོར་སྣང་འདིས་ང་རང་འགྲིམས་མྱོང་བའི་གཞི་རིམ་དང་འབྲིང་རིམ། མཐོ་རིམ་སློབ་གྲྭ་ཁག་གི་ཁོར་ཡུག་ལ་དྲངས་ཤིང། ཁོར་ཡུག་དེ་དག་གིས་ང་རང་ལ་བཤུ་འབྲི་ཞེས་པའི་ཡིག་འབྲི་འདི་གཉིས་ལ་བསམ་གཞིགས་ཡང་བསྐྱར་བྱེད་དུ་བཅུག་སོང། ངས་འདི་ལྟར་རང་ཉིད་འགྲིམས་མྱོང་བའི་སློབ་གྲྭའི་འཚོ་བར་ཞིབ་འདང་ཞིག་རྒྱག་དུས། བཤུ་འབྲི་ཞེས་པའི་ཚིག་འབྲུ་འདི་གཉིས་ཀྱིས་ང་དང་ང་འདྲ་བའི་སློབ་ཕྲུག་མང་པོ་ཞིག་གི་བསམ་བློའི་འཚར་ལོངས་ལ་ཚད་བཀག་བཟོས་ཡོད་པ་མ་ཟད། བསམ་གཞིགས་གསར་པ་བྱེད་པའི་གོ་སྐབས་ཀྱང་མེད་པར་བཟོས་འདུག ད་དུང་སྒྱིད་ལུག་དང་མདུན་བསྐྱོད་ལ་ཞེད་པ། རང་ཉིད་ཀྱིས་ཅི་བྱས་ལ་རང་ཉིད་ཡིད་ཆེས་དཀའ་བའི་ཚོར་སྣང་ཞིག་ཀྱང་སྤྲད་འདུག

གཞི་རིམ་དང་འབྲིང་རིམ་སློབ་གྲྭ་འགྲིམས་དུས། སློབ་ཕྲུག་ཕལ་ཆེ་བས་ཁྲིད་གཞིའི་ཟིན་བྲིས་གནང་མཁན་གྱི་དགེ་རྒན་ལ་དགའ་བོ་བྱེད་ཅིང། སློབ་གྲོགས་རྒན་པ་ཞིག་གིས་དགེ་རྒན་དེ་ཉིད་ཀྱི་ཁྲིད་གཞིའི་ཟིན་བྲིས་རང་ཉིད་ལ་སྤྲད་ཡོད་ན་དེའི་ཆོག་པར་བསམ། དེ་ཡང་དེ་ལྟར་ཡིན་ཏེ། ཁྲིད་གཞི་ལ་འགྱུར་བ་མ་བྱུང་ན་ཟིན་བྲིས་དེས་ལོ་ངོ་གང་མང་ལ་འདང་ངེས་ཡིན། ང་ཡང་ཁོར་ཡུག་དེ་ནས་དེ་ལྟར་འཚར་ལོངས་བྱུང། ཟིན་བྲིས་གནང་མཁན་གྱི་དགེ་རྒན་ཚོས་ཚོགས་ཐུན་དུས་ཡུན་གྱི་བརྒྱ་ཆའི་གང་འཚམས་ཤིག་ཟིན་བྲིས་དེ་སྒོ་སམ་གྱི་སྟེང་དུ་འབྲི་བར་སྤྱོད་ལ། སློབ་ཕྲུག་ཚོས་ཀྱང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བཤུ་འབྲི་བྱེད་ངེས། དེ་ནས་དུས་ཡུན་ཐུང་ངུ་ཞིག་གི་རིང་ལ་ཁྲིད་གཞིའི་དོན་ཚན་ཁག་གི་འགྲེལ་བཤད་སྟབས་བདེ་རེ་བྱེད། སློབ་ཕྲུག་ཚོར་ཟིན་བྲིས་ཡོད་ན་སེམས་པ་བདེ་བར་སེམས་ལ། ཟིན་བྲིས་དེ་ནི་ཡིག་རྩལ་ལ་གྲ་སྒྲིག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན། ཟིན་བྲིས་གནང་མཁན་དགེ་རྒན་གྱི་ཁྲོད་ན་ཡང་རང་ཉིད་ཀྱི་ཟིན་བྲིས་ལས་ཁས་མི་ལེན་པའི་རིགས་གཅིག་ཀྱང་ཡོད། གལ་ཏེ་སློབ་ཕྲུག་ཅིག་གིས་དགེ་རྒན་གྱི་ཟིན་བྲིས་ཇི་བཞིན་དྲི་ལན་བྲིས་མེད་ན་དེ་ལ་བརྒྱ་ཆ་ཡག་པོ་རེག་མི་ཐུབ། འདིའི་སྐབས་སུ་སློབ་ཕྲུག་ཚོས་ཐོག་མར་དགེ་རྒན་གྱི་ཟིན་བྲིས་དེ་བཤུ་འབྲི་བྱས། དེ་ནས་ཇི་མ་ཇི་བཞིན་བློ་ལ་བཟུང། མཐའ་མར་ཡིག་རྩལ་དུ་སླར་ཡར་བཤུ་འབྲི་ཞིག་བྱས་ཏེ་སློབ་ཚན་དེ་སྦྱངས་ཚར་བར་བརྩིས། ཡིག་རྩལ་ཚར་བ་དང་རང་ཉིད་ཀྱི་ཀླད་པ་ཡང་སྟོང་པ་ཡིན། སློབ་ཕྲུག་ཕལ་ཆེ་བས་ཟིན་བྲིས་དེའི་ཞིབ་ཕྲའི་དོན་ལ་བསམ་བློ་དེ་ཙམ་གཏོང་མི་སྲིད། ཕར་བཤུ་ཚུར་བཤུ་བྱེད་བཞིན་པ་འདིས་སློབ་ཕྲུག་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་གནས་སྟངས་གང་མང་ཞིག་ལ་བསམ་བློ་གཏོང་བའི་ནུས་པ་དེ་བཀག་འདུག

དགེ་རྒན་ཕལ་ཆེ་བས་ནང་སྦྱོང་རེ་སྤྲོད་ཅིང། རེ་འགས་ཞིབ་དག་བྱེད། རེ་འགས་ཞིབ་དག་ཀྱང་མི་བྱེད། སློབ་ཕྲུག་རེ་འགས་ནང་སྦྱོང་དེ་དག་གལ་ཆེན་དུ་རྩིས་ཏེ་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་དྲི་ལན་འབྲི་ཞིང་དེ་ལ་ཁེ་ཕན་ཆེ་བ་ཡོད། འོན་ཀྱང་སློབ་ཕྲུག་ཚང་མས་དེ་ལྟར་མི་བྱེད། སྔོན་ས་ནས་བྲིས་ཚར་བའི་སློབ་ཕྲུག་ཅིག་གི་ནང་སྦྱོང་གཡར་ཏེ་དེ་བཤུ་འབྲི་བྱེད། དེ་ནས་དགེ་རྒན་ལ་བསྟན་ཏེ་འགྲིགས་རྟགས་ཤིག་ལ་རེ་བ་བྱེད། དེ་བཞིན་དངོས་ཁམས་དང་རྫས་འགྱུར། སྐྱེ་དངོས་ཚན་རིག་བཅས་ཀྱི་སློབ་ཚན་ལ་བརྟག་དཔྱད་ཀྱི་སློབ་ཁྲིད་ཀྱང་ཡོད་པས། སློབ་ཐུན་གཅིག་ལ་བརྟག་དཔྱད་བྱས་རྗེས་གཟའ་འཁོར་རྗེས་མའི་སློབ་ཐུན་མ་སླེབས་སྔོན་ལ་བརྟག་དཔྱད་ཀྱི་སྙན་ཐོ་འབྲི་དགོས། བརྟག་དཔྱད་ཀྱི་སྙན་ཐོ་དེ་གཅིག་ལ་གཅིག་མཚུངས་ཀྱིས་ཕར་བཤུ་ཚུར་བཤུ་བྱེད། ཁ་ཤས་ཀྱིས་རང་ཉིད་ཀྱིས་སྙན་ཐོ་ཅི་ཞིག་བྲིས་ཡོད་པ་ཡང་མི་ཤེས། གནས་སྟངས་གཞན་ཞིག་ནི་ཡིག་རྩལ་གཏོང་བའི་སྐབས་ཡིན། ཡིག་རྩལ་གྱི་སྐབས་སུ་བཤུ་འབྲིའམ་རྐུ་འབྲི་བྱེད་བཞིན་པ་དགེ་རྒན་གྱིས་མཐོང་དུས་ཉེས་ཆད་ཤིན་ཏུ་ཆེན་པོ་ཡོད་པ་ཤེས་ན་ཡང། སློབ་ཕྲུག་ཁ་ཤས་ཀྱིས་བཤུ་འབྲི་བྱེད་པར་གྲ་སྒྲིག་ཨང་གསར་བྱས་ནས་འགྲོ

ཕར་བཤུ་ཚུར་བཤུ་བྱེད་པའི་གོམས་གཤིས་འདིས་རང་ཉིད་ཀྱི་བསམ་བློ་དམ་ལ་བཏགས་འདུག བཙན་བྱོལ་སྤྱི་ཚོགས་སུ་རིག་གནས་རབ་འབྱམས་པའི་ལག་འཁྱེར་ཡོད་མཁན་གྱི་སློབ་ཕྲུག་ཁ་ཤས་ལ་རིག་གནས་ཀྱི་ཆུ་ཚད་ཞན་པའི་གནས་སྟངས་དེ་ཕར་བཤུ་ཚུར་བཤུ་ལ་གོམས་པའི་རྐྱེན་གྱིས་རེད་འདོད།

སྣ་ཚོགས།

Post navigation

Previous Post: མཚན་གསུམ་རིང་། ཧུའུ་ཡི་རྨི་ལམ་འཁྲུགས་ཡོད་དམ
Next Post: བཅོམ་ལྡན་འདས་དང་ང་ཚོ།

Comments (5) on “བཤུ་འབྲི་བྱས་ནས་ཉེས་པ་ཡོད་དམ།”

  1. ཀླུ་སྨྱོན། says:
    2011-01-21 at 12:37 am

    བཤུ་འབྲི་བྱེད་པ་དེ་ཡང་སྡིག་པ་གསོག་སྟངས་ཤིག་རེད། ངས་ཀྱང་སྡིག་པ་དེ་འདྲ་ཐེངས་མང་བསགས་ཡོད།

  2. གཅན་བཟོད་རྒྱམ། says:
    2011-01-21 at 1:09 am

    རྩོམ་ཡིག་འདི་འདྲ་ཁྱོད་སློབ་འབྲིང་སོགས་ན་ཡོད་དུས་ངེས་པར་དུ་འབྲི་དགོས་པའི་དོན་དག་ཡིན་མོད། ད་ནི་ཅུང་ཕྱིས་འདུག་ཀྱང་ཡག་པོ་འདུག ང་ཚོས་རྩོམ་ཡིག་འབྲི་སྐབས་གནད་དོན་ཞིག་ལ་བསམ་གཟས་ནས་གདོང་གཏད་དེ་ཚིག་དོན་གང་ཐད་ནས་དམར་རྗེན་དུ་འདོན་པ་ལས་(དེ་ཡང་དེ་ལྟར་ཡིན་ཏེ། ཁྲིད་གཞི་ལ་འགྱུར་བ་མ་བྱུང་ན་ཟིན་བྲིས་དེས་ལོ་ངོ་གང་མང་ལ་འདང་ངེས་ཡིན) འདི་ལྟར་བུའི་ཚིག་དོན་རེས་གནས་ཚུལ་གང་མང་ལ་བསམ་གཞུག་འདྲོང་ནུས་པས་ན། དངོས་གནས་ཡག་བྱུང་ཟེར་འདོད་དོ།།

    ངས་སློབ་གྲྭ་གང་མང་འགྲིམས་ཀྱང་འདི་འདྲ་རེ་ཡང་བྱེད་མ་ནུས་པར་ཧ་ཅང་འགྱོད་ཀི ངའི་མི་ཚེ་ནང་དུ་ད་དུང་ཡང་སློབ་གྲྭ་རེར་འགྲོ་བའི་གོ་སྐབས་བྱུང་ན་འདི་འདྲ་ཞིག་ངེས་པར་དུ་བྱ་དགོས་སྙམ།

  3. རང་བཙན་ལྡེའུ་ says:
    2011-01-21 at 2:20 am

    བཙན་བྱོལ་གྱི་སློབ་གྲའི་ནང་བཤུ་དྲི་དར་ཁྱབས་ཆེ་བའི་སྲོལ་ངན་རང་གི་རང་ལ་མགོ་བསྐོར་བ་འདི་ཡིས་རྐྱེན་པས་མཐོ་སློབ་མཐོན་ཟིན་ཡང་སློབ་ཕྲུག་མང་ཆེ་བས་གཏོང་ཡིག་ཁུངས་དག་ཞིག་དང་ སྙན་ཞུ་ཕན་ཐོག་ལེ་ཞིག་བྲི་མི་ཤེས་ཁན་ཀླད་སྟོང་ཁོག་རུལ་ཁྱུ་བོ་རེ་ཐོན་ཡོང་བ་དེ་བོད་མི་རིགས་ནས་བློ་ཚབས་སྐྱེ་དགོས་ཞི་ཞིག་རེད་བདའ་།

  4. ཀརྡོ་རབ་འབྱམས་པ་ says:
    2011-01-21 at 6:26 am

    སྦྱོང་དུས།
    ཕར་སློབ་ཚུར་སློབ་བྱེད་དུས། །
    ཕར་བཤུ་ཚུར་བཤུ་བྱེད་དགོས། །
    རྒྱུག་སྤྲོད་དུས།
    ཡིག་ཚད་རྒྱུག་སྤྲོད་དུས་སུ། །
    ཕར་བཤུ་ཚུར་བཤུ་སྤོངས་དགོས། །

  5. མེ་ཏོག་དཀར་པོ། says:
    2011-01-21 at 6:46 am

    བཟོད་རྒྱམ་དང་ངའི་བསམ་ཚུལ་འདྲ། ང་ཡང་ལོ་ན་ཆུང་ངུའི་སློབ་ཕྲུག་དག་གོས་ཚགས་བཅོས་ནས་སྔ་དགོང་ལམ་ཟུར་ནས་ཅ་ཅོ་སྒྲོགས་བཞིན་འགྲོ་བ་མཐོང་དུས་དངོས་གནས་ཡིད་སྨོན་ཤོར་གི་འདུག
    ད་དུང་ལོ་རྒན་དྲུག་ཅུ་མ་ཟིན་བར་དུ་སློབ་སྦྱོང་བྱ་རྒྱུའི་སེམས་ཤུགས་ཡོད་ད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme