Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདག་དང་འོད་ཀྱི་ཕུང་བོ།

Posted on 2011-01-182011-01-18 By ཁ་བརྡ་ 1 Comment on བདག་དང་འོད་ཀྱི་ཕུང་བོ།

འབའ་སྲས།

རང་ས་དྲོད་མོ་འཁྱག་པས་བཅུན་སོང་ད་ནི་བདག་ལ་རྟེན་གཞི་མེད།།
ས་གཞིའི་དབྱིག་གི་སྙིང་བོ་གཏོར་སོང་ད་ནི་བདག་ལ་འབྱོར་བ་མེད།།
ཞི་བདེའི་མེ་ཏོག་སད་ཀྱིས་སྐམ་སོང་ད་ནི་བདག་ལ་བདེ་སྐྱིད་མེད།།
བདག་གི་ཕུ་ནུ་ཕྱི་མར་བརྫངས་སོང་ད་ནི་བདག་ལ་བསྡོངས་གྲོགས་མེད།།

ཅི་ཡང་མེད་པའི་ཐང་སྟོང་ཞིག་ནས་ཁེར་རྐྱང་མགོ་བོ་ཡར་ལ་དགྱེ།།
མིག་མཐའི་མཆི་མའི་དོག་པ་ཕྱིས་ཏེ་ཉི་ཟླའི་བར་གྱི་མཚམས་ལ་བལྟས།།
ཆེ་ཆེར་མཐོ་བའི་བར་སྣང་ཁམས་སུ་འོད་ཅིག་འཚེར་བ་བདག་གིས་མཐོང་།།
སྨིག་རྒྱུ་འཚོལ་བའི་རི་དྭགས་བཞིན་དུ་སྐོམ་པའི་རྐང་པ་མདུན་དུ་བསྒྱུར།།

བྱེས་མའི་ཐང་ལ་རྐང་རྗེས་དཔར་བཞིན་ཐང་ཆད་གོམ་པ་སྲོག་ལ་བསྡོས།།
ནམ་ཞིག་བསླེབ་པའི་ཉིན་མའི་གྲངས་ཀ་རེ་བའི་སོར་མོའི་རྩེ་ནས་བགྲངས།།
ཉིན་དང་མཚན་བྱས་སོང་སོང་མཐའ་མར་གཏིང་རིང་བྲག་གི་ཁ་ཞིག་བསླེབས།།
འཇིགས་སུ་རུང་བའི་བྲག་ཁ་དེ་རུ་སྲིན་མོའི་མཆེ་བ་གཙིགས་ནས་འདུག །

ད་དུང་དོམ་ནག་སྨྱོན་པ་ཁྱུ་ཡིས་བདག་གི་མཐའ་རུ་ཨ་ལོང་སྐྱུས།།
ཅེ་སྤྱང་ཚོགས་ལ་ཁྲག་གིས་མ་ངོམས་ད་དུང་བདག་གི་སྲོག་ལ་རྒོད།།
ཅི་བྱ་སྟོབས་མེད་གྱུར་བའི་དུས་སུ་ལམ་ལམ་འཚེར་བའི་འོད་ཐིག་དེ།།
བདག་གི་གོམ་པའི་མདུན་དུ་ལྷུང་ནས་མ་རུང་ཚོགས་ཀྱི་མཐོང་བ་བཀག །

ལམ་བགྲོད་པ་ཁྱོད་གང་དུ་འགྲོ་འམ་བདག་གིས་ཁྱེད་ལ་བསྐྱེལ་མ་བྱེད།།
འོད་ཐིག་དེ་ཡིས་བྱམས་དང་སྙིང་རྗེ་ཚིག་གིས་བདག་ལ་དེ་ལྟར་དྲིས།།
བདག་གིས་ལན་དུ་ཁྱོད་དང་འདྲ་བའི་འོད་ཀྱི་ཕུང་བོ་བདག་གིས་མཐོང་།།
དེ་ཉིད་མྱུར་ཏུ་འཚོལ་བའི་ཕྱིར་ཏུ་བདག་ནི་རྒྱང་དུ་བགྲོད་ཅེས་སྨྲས།།

དེ་མ་ཐག་ཏུ་བྲག་གི་ཁ་ནས་ཕར་ཕྱོགས་རི་བོའི་རྩེ་མོའི་བར།།
འཇའ་ཚོན་སྣ་ལྔའི་ཟམ་པ་བཙུགས་ཏེ་བདག་ནི་ཕར་ལ་བདེ་བར་བསྐྱེལ།།
ཐུགས་རྗེ་ཆེ་ཞེས་ཡང་ཡང་ཞུས་ནས་འོད་ཀྱི་ཕུང་བོར་ཕྱག་གསུམ་འཚལ།
ངེད་གཉིས་ལག་འཇུ་མཐའ་མ་འཇུས་ནས་རང་རང་འགྲོ་བའི་ལམ་དུ་ཆས།།

སླར་ཡང་བདག་ནི་ཁེར་རྐྱང་ཉིད་དོ་ཁེེར་རྐྱང་ཁེར་མོའི་ལམ་དུ་སོང་།།
སྔོན་བཞིན་སོང་སོང་མཐའ་མ་ཞིག་ལ་རྒྱ་མཚོ་ཆེན་མོའི་འགྲམ་དུ་བསླེབས།།
འཕྱུར་བའི་རྒྱ་མཚོའི་རླབས་ཀྱི་འཕྲེང་བས་བསམ་བཞིན་བདག་ལ་བསུ་བ་ལྟར།།
གཡོ་བའི་རླབས་ཕྲེང་ཕྲེང་བར་བསྒྲིགས་ནས་བདག་གི་མདུན་དུ་ཉེ་བར་གཡོ།།

ཧ་ཅང་དགའ་བའི་སེམས་ཀྱི་ཚོར་བ་རྒྱ་མཚོར་མཆོད་པའི་རྫས་སུ་བཏེགས།།
ཡུན་རིང་གཉེར་བའི་སེམས་ཀྱི་གླུ་དབྱངས་མཚོ་ངོགས་ཆེན་མོའི་དབུས་སུ་གྱེར།།
དེ་ལྟ་མོད་ལ་བདག་གིས་འཚོལ་བའི་བར་སྣང་ཁམས་ཀྱི་འོད་ཐིག་དེ།།
འཛུམ་དང་བཅས་དེ་ལམ་ལམ་འཚེར་བཞིན་མཚོ་ངོགས་ཆེན་པོའི་དབྱིངས་སུ་བབས།།

ད་ནི་བདག་གིས་ཅི་ཞིག་རེ་བ་དེ་ནི་བདག་ལ་སྐལ་བས་ཐོབ།།
མཚོ་འགྲམ་དེ་ནི་ཁྱིམ་དུ་བྱས་ནས་འོད་ཀྱི་ཕུང་བོ་སྐྱབས་སུ་བསྟེན།།
མ་ཕམ་གཡུ་མཚོ་ཁྲག་དང་འདྲེས་པའི་སྐྱོ་གླུ་ཉམ་ཆུང་ངག་གིས་གྱེར།།
གུས་པའི་མགོ་བོ་འོད་ཀྱི་པང་ཁར་བདེ་བར་བསྙེས་ནས་གཉིད་དུ་ཡུར།།

སྙན་ངག

Post navigation

Previous Post: ཚང་མ་གཉིད་ཁུག་འདུག
Next Post: རྙ་མ་འཛག་སྟངས་ཀྱི་སློབ་ཁྲིད།

Comment (1) on “བདག་དང་འོད་ཀྱི་ཕུང་བོ།”

  1. འབའ་སྲས། says:
    2011-01-18 at 7:35 am

    སྲོག་ལ་རྒོད། སྲོག་ལ་རྒོལ་ཞེས་དག་བཅོས་ཡོང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme