Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གློག་ལམ་གྱི་བརྩེ་འཕྲིན་བརྒྱད་པ།

Posted on 2011-01-172011-01-17 By དབང་ཕྱུག་ 12 Comments on གློག་ལམ་གྱི་བརྩེ་འཕྲིན་བརྒྱད་པ།

ཀུན་དགས་དབྱིན་ཡིག་ནས་བསྒྱུར།
27
བརྩེ་བའི་ཡིག་འབྲེལ་བ་ལགས།
ཁྱེད་ཀྱི་ཡི་གེ་འབྱོར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ཁྱེད་ཀྱི་ཡིག་འབྲུ་རེ་རེ་ཡི་བར་ནས་ངས་རང་ཉིད་ལ་དགོས་པའི་སྙན་ཚིག་གི་མེ་ཏོག་འཐུ་བཞིན་ཡོད་ལ།ཉི་འོད་ལྟ་བུའི་དགའ་སྣང་ཞིག་ངེད་ཀྱི་སེམས་པའི་གཏིང་རིམ་ལ་འཛུལ་སོང་།དེ་ནི་རེ་སྒུག་གིས་བཟི་བའི་བུ་མོ་ང་དྲ་རྒྱ་ཁང་ནས་ཐང་ཆད་གྲབས་བྱས་པའི་རྐྱེན་གྱིས་ཡིན་སྲིད་ལ།བསྐྱར་སྐོར་ཡང་བསྐོར་གྱིས་དྲ་ཚིགས་ཁང་ལ་བཅོལ་བའི་རེ་བ་འདིས་དྲ་བདག་གི་མིག་ལ་སུན་སྣང་ཡང་བྱིན་ཡོད་ངེས་སྙམ།
ང་ཚོས་རང་ཉིད་ཀྱི་མི་ཚེ་སྒང་ལ་དཔྱད་ཞིབ་བྱེད་པ་དེ་ཁྱེད་ཀྱིས་བཤད་པ་བཞིན་ཧ་ཅང་གལ་ཆེ་བ་རེད་མོད།ཁྱེད་ཀྱིས་བསམ་གཞིགས་གང་འདྲ་ཞིག་གནང་གིན་ཡོད་ཡིག་འབྲེལ་བ་ལགས།
ཚོར་བའི་མཇུག་འབྲས་ན་ཆག་སྒོ་མ་གཏོགས་མེད་པས་གནས་ལུགས་དེ་ངས་ཀྱང་ཤེས་ཡོད།དེང་སྐབས་ང་རང་ཚོར་བ་ལས་བརྒལ་ཏེ་བརྩེ་བའི་ལམ་དུ་ཡོད།བརྩེ་བའི་ལམ་ནས་ཚོར་བའི་འདམ་ལ་ཟུག་བཞིན་ཡོད།འདི་ངའི་སྡུག་གྱོང་རེད་དམ།ལམ་ཁ་འདི་ནས་ང་རང་ཕྱིར་ལོག་བྱེད་འདོད་མི་འདུག
ཁྱེད་ཀྱིས་སྐད་ཆ་མང་པོ་ཞིག་གསང་ལམ་བརྒྱུད་ནས་འགྲོ་བཞིན་ཡོད་པ་ཚོར་མོད།ང་ཚོས་ཕན་ཚུན་ལ་སྐྱིད་སྡུག་དང་ལེགས་ཉེས་ཀྱི་གནས་བབ་ཁ་སངས་ནས་བཤད་མ་ཆོག་པ་ག་ལ་ཡོད།ངའི་བསམ་ཚོད་བྱས་ན་འདས་ཟིན་པའི་ཁྲོད་དུ་ཁྱེད་ཀྱི་བརྩེ་ལའང་ནོར་འཁྲུལ་ཤོར་ཡོད་ཚོད་འདུག་་ཁྱོད་འདི་ལྟར་བརྩེ་དུང་ལ་རྒྱང་ཐག་རིང་དོན་ཅི།ང་ཁྱེད་དང་མཉམ་དུ་ཐོན་ཏེ་ཁྱེད་ལ་སུན་སྣང་བསྐུར་བའི་བུ་མོ་དེར་སྡིགས་དམོད་བྱས་ཆོག་་ངས་སུན་སྣང་ཀློང་ནས་ཕྱིར་དྲན་བྱེད་མི་འདོད་པའི་ཁྱེད་ཀྱི་བརྩེ་དུང་གི་ཆག་སྒོ་དེ་ནག་བསུབ་བྱེད་ཆོག་་
ཁྱེད་ཀྱིས་རང་ཉིད་གནས་ཡུལ་བྲལ་བའི་སྐྱབས་བཅོལ་བ་ཞིག་ཡིན་པར་བརྗོད་འདུག་་ཁྱེད་ཀྱིས་གསར་ཏུ་རྙེད་པའི་བུ་མོ་ཏ་ཏའི་ཡ་ནའི་ཁྱིམ་གཞིས་འདི་ཁྱོད་ཀྱི་གནས་ཡུལ་ལ་དབང་བ་མ་ཡིན་ནམ།ཁྱེད་རང་ནམ་ཡང་ཡོང་ཆོག་པའི་གོ་ལའི་གསུམ་གཅིག་གི་རྒྱལ་ཁབ་ཆེན་པོ་འདི་ཁྱེད་ཀྱི་ཕ་གཞིས་སུ་བསྒོམ་མི་ཆོག་གམ།ང་ཚོ་ཕར་ཟད།ལྷ་ཆེན་ཚོས་འབད་འབད་དུང་དུང་གིས་བསྒྲུབ་པའི་འཇིག་རྟེན་འདི་གཏན་དུ་དབང་བའི་བདག་པོ་ཞིག་ཡོད་མི་སྲིད།ང་ཚོ་ཚང་མ་མགྲོན་པོ་རེད།མགྲོན་པོས་མགྲོན་པོ་བསུ་བའི་གནས་ལུགས་འདི་འགལ་འདུ་ཅན་གྱི་ཉེས་པ་ཞིག་ག་ལ་ཡིན།
ད་ནས་བཟུང་ང་ཚོ་བརྩེ་དུང་ངོ་མ་ཞིག་གི་ལམ་དུ་འགྲོ་མ་ཆོག་པ་ག་ལ་ཡོད།ང་ཚོས་མདུན་ཕྱོགས་ནས་འཕྲད་པའི་ཉམས་མྱོང་དེས་མ་འོངས་པར་ལེགས་བཅོས་བྱས་ཏེ་རྩ་ནས་བཀག་འགོག་མེད་པའི་རང་མོས་ཀྱི་ལམ་དུ་མཛེས་སྡུག་གི་འོད་སྣང་བསྐྲུན་མི་ཆོག་གམ།ང་ནི་གཅིག་དང་ཀླད་ཀོར་གཉིས་ཀྱི་ལམ་ནས་ཤར་བསྐྱོད་ཡིན།
ངས་ཁྱེད་རང་རྩ་ནས་བློ་ཕམ་དུ་མི་འཇུག་ལ་ཁྱེད་ཀྱི་བརྩེ་དུང་ཀྱག་ཀྱོག་ཡང་བཟོ་མི་སྲིད།ཁྱེད་ཀྱིས་ཡིད་ཆེས་གནང་དང་།ཁྱེད་ལ་ཡུད་ཙམ་གྱི་དཀའ་ངལ་ཡང་ཡོང་མི་སྲིད།ངས་ནི་གྲ་སྒྲིག་གི་ངང་ནས་ཁྱེད་ཀྱི་དཀའ་ངལ་ལ་རོགས་རམ་བྱེད་པའི་གདེང་ཚོད་ཡོད།
དེ་ནི་ངོ་མཚར་དགོས་པའི་སྐད་ཆ་གང་ཡང་མ་རེད།ངེད་ཀྱི་ལས་རོགས་ཚང་མས་ག་དུས་ཡིན་ཀྱང་ང་ནི་སྤྲོ་སྣང་ལྡན་པའི་བུ་མོ་ཞིག་ཏུ་ངོས་འཛིན་བྱེད་པ་རེད།ངས་ཀྱང་རེ་སྒུག་ཁྲོད་ཀྱི་མི་དེས་རང་ཉིད་ཀྱི་བརྩེ་འཕྲིན་ལ་སྒུག་བཞིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་ལ།རང་གི་བདག་པོར་གུས་བཀུར་དང་བསམ་ཤེས་བྱེད་རྒྱུ་ནི་ངའི་ལས་འགན་རེད།
ང་ལ་དགོས་པ་ནི་ཞི་བདེ་དང་བག་ཕེབས་ཀྱི་འཚོ་གནས་ཤིག་དང་།རང་ཉིད་གཅིག་པོར་བརྩེ་སེམས་ཀྱི་མེ་ཏོག་སྤྲོད་པའི་མཛའ་བརྩེ་དྭངས་མ་ཞིག་ཡིན།ང་ནི་ཡིད་ཆེས་དང་།དམ་ཚིག་ལ་རེ་བ་བཅོལ་བའི་བུ་མོ་ཞིག་ཡིན།ང་ལ་དགོས་པ་ནི་བརྩེ་སེམས་ཅན་གྱི་མི་དེ་ངེད་ཀྱིས་འཛུམ་མདངས་ཀྱི་ཁྲོད་ནས་ཁྱིམ་དུ་བསུ་བ་བྱེད་རྒྱུ་དེ་དང་།ཁོང་གི་ཞལ་རས་ཀྱི་དགའ་ཉམས་དེས་ང་ལ་ཡིད་མགུ་ཟབ་པའི་ཚོར་བ་མཐོང་ཐུབ་རྒྱུ་དེ་ཡིན།གཅིག་བྱས་ན་དཀོན་མཆོག་གིས་ང་ཚོར་རོགས་རམ་བྱེད་ངེས་རེད།
གཅིག་བྱས་ན་ང་ཚོ་ཡང་ལས་དབང་གི་ཁ་བསྒྱུར་བྱས་པ་ཡིན་སྲིད།ཁྱེད་རང་ལས་དབང་ལ་ཡིད་ཆེས་ཡོད་དམ།ངའི་བརྩེ་བའི་ཡིག་འབྲེལ་བ་ལགས།
གཅིག་བྱས་ན་དུས་ཚོད་རིང་པོ་ཞིག་ལ་ཁེར་རྐྱང་དུ་སྡོད་དགོས་ཀྱང་སྲིད།ང་ཚོས་ཕན་ཚུན་ལ་འགྲིག་ཚོད་ཀྱི་ལམ་ཁ་ཞིག་རང་ཉིད་ཀྱིས་ཐག་གཅོག་བྱས་ན་མ་རེད་དམ།ཁྱེད་ཀྱི་བསམ་ཚོད་ག་རེ་ཡིན།
སྐུ་མཁྱེན།ཁྱེད་ཀྱིས་ང་ལ་ཕྱེད་ཀ་གབ་ཅིང་ཕྱེད་ཀ་གསང་བ་དེ་འདྲ་ནམ་ཡང་མ་གནང་རོགས།ང་ལ་དགོས་པ་ནི་ཁྱེད་ཀྱི་བསམ་འདུན་ངོ་མ་སྒོ་ཕྱེས་དགོས་པ་དེ་ཡིན།ཁྱེད་རང་ངོ་མ་ངའི་སེམས་གཏིང་གི་བརྩེ་བའི་མི་དེ་ཆགས་ཚར་འདུག་་ངས་ཁྱེད་ལ་ནམ་ཡང་བློ་ཕམ་དང་བློ་འགྱོད་ཀྱི་ལས་གཞི་དེ་མི་རྩོམ།ག་དུས་ཡིན་ཀྱང་ཁྱེད་ལ་བདེ་སྐྱིད་ཀྱི་ལམ་བུ་བཟོ་ཆོག་་ངས་ཁྱེད་ཀྱི་ཡིག་ལན་ལ་རེ་བ་དང་།གཏན་ནས་དྲན་ངོར་མི་གསལ་བའི་ཕ་མ་འདས་པོ་གཉིས་དང་།རྨོ་རྨོ་སོགས་ཀྱི་རྣམ་ཤེས་ལ་ཁྱེད་རང་ངོ་སྤྲོད་བྱེད་རྒྱུ་ཡིན།གཞན་སེམས་རྟོགས་ཤིང་གཞན་ལ་དོ་སྣང་བྱེད་པའི་ངའི་བརྩེ་བའི་མི།
ཁྱེད་ཀྱི་ཏ་ཏའི་ཡ་ན་ནས།

འགྱུར་རྩོམ།

Post navigation

Previous Post: ཨ་ཚོགས་ཚང་གི་གཏམ་ཚོགས་དང་དེའི་བདག་པོ་གླེང་བ།
Next Post: ལོ་ངོ་ཅི་ཙམ་རིང་དུ། ངས་ཁྱེད་རང་བཙལ།

Comments (12) on “གློག་ལམ་གྱི་བརྩེ་འཕྲིན་བརྒྱད་པ།”

  1. ཕ་ལམ་སྔོན་པོ། says:
    2011-01-17 at 4:20 pm

    ཕན་ཚུན་བཟའ་ཚང་དངོས་ནས་བྱེད་བསམ་ན་ཏ་ཏ་ཡ་ནའི་བསམ་བློ་གཏོང་སྟངས་ལྟ་བུ་ཞིག་ངེས་པར་དུ་དགོས་གི་རེད། དེ་མིན། ཚོད་ཚོད་ལ་ཁྱི་དང་གློ་བ་འཕྲད་པ་ལྟ་བུའི་དགའ་རོགས་དང་བཟའ་ཟླ་དག་ནི་སྡུག་གི་འཁུར་བོ་ཕྲག་ཏུ་བླངས་པ་དང་ཁྱད་མེད་པ་རང་རེད།
    ཏ་ཏ་ཡ་ནའི་སྐད་ཆའི་ནང་ན་བློ་བསྐྱེད་གསར་བ་དང་བསླབ་བྱ་ལེན་རྒྱུ་མང་གི་ཡ།

  2. ཡིན་ངོ་། says:
    2011-01-17 at 5:22 pm

    བརྩེ་བའི་གྲོགས་པོ་ཀུན་དགའ་ལགས་ ངའི་ཁྱེད་ཀྱི་བརྩེ་ཕྲིན་བསྒྱུར་མ་ལ་སྒུག་ནས་བསྡད་ཡོད་ ད་ལྟ་ངའི་རྒུན་ཆང་ཤེལ་ཕོར་ཕྱེད་ཞིག་འཐུང་སྟེ་ཁྱེད་ཀྱི་བསྒྱུར་བའི་བརྕེ་འཕྲིན་བརྒྱད་པ་ཀློག་བཞིན་ཡོད།
    ཁྱེད་ཀྱི་བརྕེ་འཕྲིན་དགུ་བ་མི་འགྱང་བར་སྒྱུར་རོགས་གནང་།

  3. ཇིང་སྲས་མིག་གསུམ་པ། says:
    2011-01-17 at 7:12 pm

    ང་ཚོ་ཚང་མ་མགྲོན་པོ་རེད།མགྲོན་པོས་མགྲོན་པོ་བསུ་བའི་གནས་ལུགས་འདི་འགལ་འདུ་ཅན་གྱི་ཉེས་པ་ཞིག་ག་ལ་ཡིན།
    ངོ་མ་ལེགས་བཤད་རང་རེད་འདུག་སྙན་མོ་ག་འདྲ་འདུག
    ཀུན་དགའ་ལགས་མུ་མཐུད་དུ་ཡིན་དྰ།

  4. གཡུ་དུག་སྦྲང says:
    2011-01-18 at 12:08 am

    ཀུན་དགའ་ལ་སྐྱབས་སུ་མཆིའོ་་་་་་་་་་་་་་་་་་་་་་་་་་་མིག་སོ་་་་་ལྷེམ་ལྷེམ་བརྩེ་འཕྲིན་རྗེ་མ་བོ་སྒྭག་ནས་བསྡད་ཡོད

  5. དེ་ཉིད་བསོད་རྒྱལ says:
    2011-01-18 at 12:15 am

    ཀུན་དགའ་ལགས།
    ཁྱེད་ཀྱིས་ཁོ་མོར་བྲིས་པའི་བརྩེ་འཕྲིན་ཡང་འདི་དང་མཉམ་དུ་འགོད་ཐུབ་ན་ང་ཚོ་དེ་ལས་ཀྱང་སྤྲོ་བ་འཕེལ་ངེས་རེད།
    རབ་ཡིན་ན་ཁྱེད་ཀྱིས་ཁོ་མོར་བྲིས་ནས་བསྐུར་བའི་ཡི་གེ་དག་ཀྱང་འདི་དང་མཉམ་དུ་སྤེལ་ཐུབ་ན་ཀློག་པ་པོ་གང་མང་ལ་ཐུགས་ཕན་སོས་ཀྱི་རེད་འདོད་དོ།

  6. ཀུན་དགའ། says:
    2011-01-18 at 1:57 am

    དྲ་གྲོགས་རྣམས་ཀྱིས་ཀློག་འདོད་ཀྱི་ཀུན་སློང་ནི་ངེད་ཀྱིས་འཕྲིན་ཡིག་འདི་བསྒྱུར་བའི་དགོས་དམིགས་ཡིན།སྤྱིར་ན་བུ་མོ་འདིའི་བརྩེ་དུང་བྲི་གིན་འདུག་མོད།བརྩེ་དུང་མཉམ་ཁོར་ཡུག་སོགས་ཀྱི་གནས་སྟངས་གཞན་པ་ཞིག་འབྲི་བཞིན་པ་ནི་ང་ཚོ་བོད་ཀྱི་གཞོན་སྐྱེས་ཚོར་བློ་བསྐྱེད་རེ་ཡོང་ན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་གྱི་ཕྱོགས་སུ་ཕན་པ་རེ་མི་ཡོང་ངམ་སྙམ་པ་དེ་ཡིན།
    དེ་ཉིད་བསོད་རྒྱལ་ལ།ཡིག་འབྲེལ་བས་ངོས་ནས་བུ་མོ་འདི་ལ་འབྲི་རིན་ཡོད་པའི་འཕྲིན་ལན་ཞིག་སྤྲོད་ཐུབ་མི་འདུག རྒྱུ་མཚན་ནི།ཡིག་འབྲེལ་བ་དང་བུ་མོ་འདི་གཉིས་ཀྱི་ཀུན་སློང་རྦད་དེ་ཁ་ཁ་རེད།བུ་མོ་འདིས་མི་ཚེ་ཡི་གཟའ་ཚང་ཞིག་འདོད་ཀྱིན་ཡོད་པ་དང་།ཡིག་འབྲེལ་བས་ཁོ་རང་གི་དབྱིན་ཡིག་ཡར་རྒྱས་གཏོང་རྒྱུ་ཙམ་འདོད་ཀྱིན་ཡོད་པ་རེད།
    དེའི་ཕྱིར།ཡིག་འབྲེལ་བས་ངོས་ནས་བུ་མོ་འདིའི་སེམས་སྒོ་གྲོལ་བའི་སྐད་ཆ་གང་ཡང་བཤད་མེད་ཅེས་བརྗོད་ཀྱིན་འདུག

  7. ཚོགས་ཆེན་ says:
    2011-01-18 at 7:56 am

    སྙིང་རྗེ་བུ་མོ་ཐྰ་ཉ་ངས་སྔོན་ཙམནས་དེ་ལྟར་བསམས་ཡོད། སྤྱིར་ན་མོ་རང་སེམས་སྡུག་ཚད་མེད་མྱངས་ཟིན་པའི་བུ་མོ་ཞིག་རེད་འདུག་ག

  8. རྒྱ་གྲམ་དམར་པོ་ says:
    2011-01-18 at 8:20 am

    དེ་རིང་ཡིན་ན་ང་རྗེས་ལུས་ཐེབས་འདུག། བུ་མོ་ཏ་ཏའེ་ཡ་ན་དེ་རྩེ་གདུང་གི་དྲ་བར་ཚུད་ཚར་འདུག་ད་གང་དྲག། ཡིག་འབྲེལ་བ་དེ་ཡིན་ན་དབྱིན་ཡིག་ཡར་རྒྱས་གི་བསམ་བློ་ཡིན་ན་སློབ་གྲར་ཕྱིན་ཟུར་དུ་དགེ་རྒན་རྟེན་ན་འགྲིག་གི་རེད་པ། ད་བུ་མོ་དེ་སྙིང་རྗེ་་་་་་་་་་་་་་་།

  9. རྒྱ་གྲམ་དམར་པོ་ says:
    2011-01-18 at 8:28 am

    ཀུན་དགའ་ལགས་དགུ་པ་དེ་སྒུག་ནས་ཡོད་། ང་ཡིན་ན་བརྩེ་གདུང་དེ་དང་ལེན་བྱེད་ས་རེད་་་ཧཧཧ

  10. སྙེ་ལྷའི་ཐུགས་སྲས། says:
    2011-01-19 at 5:21 am

    ཀུན་དགའ། ངོས་མཇལ་གྱི་གོ་སྐབས་མ་རག་ཀྱང་དྲྭ་ལམ་ནས་ཡིག་སྒྱུར་གྱི་རོལ་དབྱངས་དཀྲོལ་ནས་ངའི་རྣམ་ཤེས་བདེ་སྣང་ལ་འདྲེན་པའི་ལྷ་ཡི་ཕོ་ཉ། ཐུགས་རྗེ་ཆེ། ངས་ཁྱེད་ཀྱི་སྒྱུར་རྩོམ་རྗེས་མ་ལ་བསུ་བ་ཞུ་བཞིན་ཡོད།

    ལྷག་བསམ་དག་པའི་བུ་མོ་དེས་རང་སེམས་ཀྱི་ཚོར་སྣང་ཡོད་དོ་ཅོག་ཡིག་འབྲུར་ཕབ་ཏེ་རང་གི་མི་ཚེའི་ཁ་ཕྱོགས་ལ་ཅི་འདྲའི་འགྱུར་བ་ཐེབས་ཀྱང་རང་གི་དགའ་བའི་མི་དེའི་ཆེད་དུ་ཡོད་ཚད་མཉམ་པར་བཞག་ཐུབ་པའི་སྤོ་སེམས་ཀྱི་སྨྲ་བ་དེ་ལ་མངོན་པར་བསྟོད་དོ། མ་ཟད་ཁ་གསང་གོ་བདེའི་སྙིང་གཏམ་དེར་བུ་དེས་ལྷད་མེད་ཡང་དག་པའི་ལན་ཞིག་སྐྲོད་གྱུར་དཀའ་ངལ་ཕྲད་ཀྱང་གོ་སྐོར་མེད་པའི་ཡ་ལན་དོན་མཐུན་ཞིག་སྤྲོད་ཐུབ་པ་ཤོག

  11. མྱི་ལྟིག says:
    2011-01-19 at 5:43 am

    ༊༊༊ངས་ཀྱང་བཀླགས་པ་ཡིན། ངོ་ནས་ཡག་པོ་ཞེ་དྲག་བྲིས་འདུག

  12. ཀུན་དགའ། says:
    2011-01-19 at 8:29 am

    ཀློག་མཁན་ལགས།
    ད་གང་དྲགས།བུ་མོ་འདི་ངོ་མ་བརྩེ་དུང་ནང་ཤོར་ཚར་འདུག་་་་གལ་སྲིད་ཡིག་འབྲེལ་བ་ལའང་ཁོ་མོའི་བརྩེ་བ་དང་ལེན་བྱེད་མི་ཐུབ་པའིག་གནད་འགག་ཅིག་འདུག་་་འདི་གཏམ་རྒྱུད་ངོ་མ་ཞིག་རེད།
    ད་ཆར་ཕྱོགས་གཉིས་བར་གྱི་སྐད་ཆ་འདི་བཤད་ས་མི་འགྲོ་བ་འདུག
    བཤད་ཆོག་པའི་ངའི་ཉིན་ཐོའི་ནང་མ་འོངས་པར་ཁོ་གཉིས་ཀྱི་དཀའ་ངལ་འཁོད་ངེས་ཅན་ཡིན།
    ཡིན་ཡང་།དེ་ཧ་ཅིང་ཐག་རིང་ངེས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme