Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་སར་ཁ་བ་བབས་བྱུང།

Posted on 2011-01-152011-01-15 By ཁ་བརྡ་ 11 Comments on རྡ་སར་ཁ་བ་བབས་བྱུང།

dscf3685-1
བོད་ཀྱི་ཕོ་གསར་གྱིས་གནས་ཚུལ་མཁོ་སྤྲོད་བྱས།
༢༠༡༡། ༡། ༡༤། དགོང་མོའི་ཆུ་ཚོད་༡༢ནས་བཞུགས་སྒར་དུ་ཁ་ཆར་འདྲེས་མ་བབས་བྱུང། མེག་ལོར་ནས་གངས་སྐྱིད་བར་དུ་རླངས་འཁོར་དལ་བགྲོད་བྱེད་དགོས་ཤིང། གློག་མེད་པས་གངས་སྐྱིད་ལས་ཁུང་ཁག་ཁུ་སིམ་མེར་གནས་ཤིང། གོ་ཐོས་ལ་རྒྱུད་སྟོད་དང་ནོར་གླིང་བཀྲ་ཤིས་ལྗོངས་སོགས་སུའང་གློག་མདུག་ཟེར། ལམ་བར་གངས་ཆུ་འདྲེས་མས་ཞབས་ལྷམ་ཆུས་བྱིངས་པའི་ནང། བཀའ་ཁྲི་རིན་པོ་མཆོག་འཁར་བར་བརྟེན་ནས་ནམ་རྒྱུན་གྱི་ཁྱི་ལ་ཁ་ཟས་སྦྱིན་པ་སོགས། གངས་རླུང་ཁྲོད་ནས་དལ་བར་གནང་སྟེ་ལས་ཁུངས་སུ་ཕེབས་སོང། བཤད་སྲོལ་ལ་ད་རེའི་གངས་འདི་བཙན་བྱོལ་བོད་མིའི་བསྟི་གནས་གངས་སྐྱིད་དུ་ལོ་ལྔའི་རྗེས་ཀྱི་ཐེངས་དང་པོ་དེ་ཡིན་རབ་གླེང།
dscf3728
dscf3726

།

གསར་འགྱུར།

Post navigation

Previous Post: ཀ་ཕྲེང་འཁོར་ལོ་མ།
Next Post: བཀྲ་ཤིས་ལྷུན་པོ་ནས་བསྐྱུར་པའི་ཆོས་གོས་སེར་པོ།

Comments (11) on “རྡ་སར་ཁ་བ་བབས་བྱུང།”

  1. གངས་ཕྲུག says:
    2011-01-15 at 3:40 am

    དྷ་སའི་བོད་གཞུང་གི་ལས་ཁུངས་ཨ་མ་ཡོད་ས་དེ། མཐོང་མ་ཐག་ང་ཚོའི་གྲོང་གསེབ་ཀྱི་གླང་འཁོར་བབས་ཚུགས་དང་གཅིག་པ་རེད་འདུག དེ་འདྲའི་སེམས་པ་སྐྱོ་བ་ལ་ཨང།

  2. ཟླ་བ་གཞོན་ནུ། says:
    2011-01-15 at 3:50 am

    ༼ བཀའ་ཁྲི་རིན་པོ་མཆོག་འཁར་བར་བརྟེན་ནས་ནམ་རྒྱུན་གྱི་ཁྱི་ལ་ཁ་ཟས་སྦྱིན་པ་སོགས། གངས་རླུང་ཁྲོད་ནས་དལ་བར་གནང་སྟེ་ལས་ཁུངས་སུ་ཕེབས་སོང།༽
    བོད་ཀྱི་ཕོ་གསར་ལགས་བཀའ་ཁྲི་གནས་མཆོག་ཝཱ་རཱ་ཎ་སཱིར་ཡོད་རེད།
    ཁྱེད་ཀྱིས་མཐོང་བ་དེ་སུ་ཞིག་ཡིན་ནམ་སྙམ་ནས་ང་རང་ཡ་མཚན་ནས་ཡོད།

  3. བོད་ཀྱི་ཕོ་གསར། says:
    2011-01-15 at 6:05 am

    དེ་རིང་གློག་མ་ཡོང་བས། བཀའ་ཁྲི་ཕེབས་པའི་བརྙན་གཟིགས་དེ་བསྐུར་ཐུབ་མ་སོང། དེ་རིང་ཞོགས་པ་བཀའ་ཁྲི་གངས་ནང་ནས་ཞབས་ལྷམ་ཆུར་བྱིངས། འཁར་བ་བརྟེན་ནས་ཕེབས་སོང་ལགས།

  4. གོ་ཤེས says:
    2011-01-15 at 7:14 am

    བཀའ་ཁྲི་རིན་པོ་ཆེ་མཆོག་གིས་གངས་འཁྱག་ནང་ནམ་རྒྱུན་ལྟར་ཁྱིར་ཟས་སྦྱིན་ཡོད་ཀྱང་རུང་མེད་ནའང་ཆོག མ་གཞི་ནས་ཁྱོད་ཀྱི་གནས་ཚུལ་འདི་མགོ་རྔའམ་ཡན་ལག་གང་རུང་ཞིག་ཚང་མེད་པ་ལྟ་བུའི་ཚོར་སྣང་འདུག

  5. བོད་ཀྱི་ཕོ་གསར། says:
    2011-01-15 at 8:14 am

    འདི་ལ་མགོ་རྔ་འདྲ་ཡོད་པ་མ་རེད། གངས་སྐྱིད་དུ་ལོ་ལྔའི་གོང་ལ་མ་གཏོགས་བབས་མ་མྱོང་པའི་ཁ་ཆར་འདྲེས་མ་བབས། བཀའ་ཁྲི་མཆོག་གི་ཞབས་ལྷམ་འདམ་ཆར་བྱིངས་ནས་ལས་ཁུངས་སུ་ཕེབས་སོང་ཞེས་པ་ཙམ་རེད། གོ་བ་ལེན་ཕྱོགས་གནས་ཚུལ་ཞིབ་འབྲི་བས་རྒྱས་བཤད་ཞུས་མེད།

  6. སྨོན་ལམ་མཐར་ཕྱིན། says:
    2011-01-15 at 9:38 am

    གྲོགས་པོ་རྣམ་པ། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ཝཱ་ཎ་ནས་ཕྱི་ཚེས་ ༡༥ ཞོགས་པ་ཚོུད་ ༥།༣༠ ཙམ་ལ་རྡ་སར་ཞབས་སོར་འཁོད་ཟིན་པ་རེད།

  7. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-01-15 at 12:20 pm

    ཨ་རོགས་ཕོ་གསར།
    དྷ་སར་ཁ་བ་བབས་པའི་གནས་ཚུལ་མཐོང་དུ་་་
    ཁྱེད་འཁྱག་ལ་ཤོར་ངེས་པའི་སེམས་ཁྲལ་ཞིག་གིས་་་
    ང་གཉིད་ཡང་ཁུག་རྒྱུ་མི་འདུག
    ཨོ། ད་དུང་་་་་
    གནས་ཚུལ་གཙོ་བོ་ཞིག
    བཀའ་ཁྲིའི་ཞབས་ལྷམ་འདམ་ཆར་ནང་བྱིངས་སྐབས་་་་
    ཁྱེད་ཀྱིས་ལྟད་མོ་བལྟས་ནས་བསྡད་པ་དངོས་བདེན་རེད་དམ།
    ཡ་ཡ་་
    ག་རེ་ཡིན་ནའང་མིན་ནའང་་་
    ཤ་ཉེ་་་
    ཁྱེད་འཁྱག་ལ་མ་ཤོར་བར་གྱིས་ཨ།
    གོ་ཨེ་བྱུང་།

    ་་་་་་་་་་་་་ཨུ་ཧུ་་་་་ཨུ་ཧུ་་་་་་ ཨོ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ

  8. མངའ་རིས་ཕ་ཉ་ says:
    2011-01-15 at 2:08 pm

    བོད་ཀྱི་ཕོ་གསར་ལགས།
    བོད་གཞུང་ལས་ཁུངས་ཁག་གློག་མེད་པ་ཁྱེད་ཀྱིས་བཤད་པ་བདེན།
    ལས་ཁུངས་ཁག་ཁུ་སིམ་མེར་འདུག་ཟེར་བ་བདེན་པ་མ་རེད།
    ལྷན་ཁང་ཆེ་བ་ཚང་མ་ལ་སྐམ་གློག་ཡོད་རེད་གློག་མེད་དུས་ལམ་སང་སྐམ་གློག་བཏང་ནས་ལས་ཀ་བྱེད་ཀྱི་ཡོད་། ཕྱི་གསལ་ནང་གསལ་ཐོག་གནས་ཚུལ་མཁོ་སྤྲོད་བྱས་ན་ལེགས། ཐམས་ཅད་ལ་འཇུ་ཏོག་བྱེད་དགོས་ཀྱི་མ་རེད། བདེ་བ་གཞུང་གི་འཇུ་ཏོག་བྱེད་མཁན་སྡེ་སྲིད་མགོ་ལེབ་ཡོད་ཟེར་བ་ལྟར་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ཁྱི་ལ་ཟས་སྦྱིན་དང་མི་སྦྱིན་སེམས་ཁྲལ་གནང་དགོས་མེད།

  9. ཨ་རིག་འགྱུར་མེད། says:
    2011-01-15 at 2:28 pm

    ངྷ་སའི་ཁ་བའི་སྟེང་དུ་རྡོ་ལ་ངྷར་གྱི་རི་མགོའི་ཁ་བར་ལྟ་ན་གཤམ་གྱི་དྲ་འབྲེལ་ལ་གཟིགས་དང་། དེ་རུ་ཁྱེད་རྣམ་གྱི་ང་དང་ཁ་བའི་ཚེ་སྲོག་ཅེས་པར་རོལ་མྱོང་བྱེད་ཐུབ།

    http://www.facebook.com/album.php?aid=33814&id=100000964734763

  10. བོད་ཀྱི་ཕོ་གསར། says:
    2011-01-16 at 1:09 am

    རྡ་སའི་དགུན་ཁ་ཐེངས་མ་བརྒྱད་ལ་བསྐྱལ་བ་ཡིན།
    ཁ་རླངས་ཀྱིས་ལག་པ་ཧྲོས་ཏེ་བསྡད་མྱོང་ལ།
    ཚ་གློག་གི་མདུན་ནས་རྐང་རྐྱང་ལག་རྐྱང་བྱས་ནས་ཀྱང་བསྡད་མྱོང།
    ཡིན་ནའང། མ་འོངས་པའི་རྡ་སའི་དགུན་ཁ། ཅི་ལྟར་བསྐྱལ་རྒྱུ་ཡིད་ངོར་འཆར་གཞི་སྒྲིག་མྱོང་མེད།
    དེ་ལ་རྒྱུ་མཚན་དམིགས་བསལ་འདྲ་མེད། དེ་ནི་ཟླ་ནས་ལོ་ཤར་ཡོང་དུས་ངས་ཕ་ཡུལ་དུ་འགྲོ་རྒྱུའི་དུས་ཚོད་སླེབས་ཡོང་གི་རེད་བསམ་པས་ཡིན།

    སྤྱིར་རང་གིས་རང་ལ་ཤ་ཚ་བྱེད་སྟངས་སམ། སྐད་ཅིག་རེ་རེ་ལ་འགྱུར་བའི་ཆོས་ཅན་གྱི་རང་གཤིས་གཉིས་ཀྱི་བསྣོལ་མཚམམས་ནས་།
    རང་ཉིད་རང་གི་མགོན་དུ་ངེས་པས། སེམས་ཁྲལ་གནང་བ་རྣམས་ཉམས་ལེན་ཡིན་ན་མ་གཏོགས། དུས་ཚོད་འཕྲོ་ལྷག་རེད་ལགས།

  11. རྩམ་དགའ། says:
    2011-01-16 at 8:27 pm

    ངའི་གྲོགས་ཤིག་གིས་བཤད་ན་་་ད་རེས་ཀྱི་དྷ་སའི་ཁ་བ་བབས་སྟངས་འདི་ནི་་་་་་རྣམ་རྒྱུན་གྱི་ཁ་བ་བབས་ཚུལ་དང་མི་འདྲ་གི་ཟེར། ཁ་བ་འབབ་སྟངས་འདྲི་མིན་གང་ལྟར་ཡང་ད་རེས་ཁ་བ་ཆེན་པོ་ཞིག་བབས་ཡོད་ས་རེད།
    དྷ་སའི་སྲང་ལམ་བཙོག་ཐོག་ཁ་བ་ཡང་ཆེན་པོ་བབས་འདུག་པས་་་ཁྱེད་ཚོ་སུ་ཡིན་རུང་དྷ་སའི་སྲང་ལམ་ཕེབས་དགོས་ཚེ་གཟབ་གཟབ་གནང་ནས་ཕེབས་རོགས་ཞུ་རྒྱུ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme