Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཟིམ་ཆུང་མཇལ་ཁ་རག་ན་ག་རེ་ཕན་ཐོགས་ཡོད།

Posted on 2011-01-132011-01-13 By ཁ་བརྡ་ 11 Comments on གཟིམ་ཆུང་མཇལ་ཁ་རག་ན་ག་རེ་ཕན་ཐོགས་ཡོད།

གསེར་རྟ་བྱ་བྲལ་བ།
བོད་ནས་གསར་དུ་འབྱོར་མཁན་གྱི་བླ་སྤྲུལ་ཁག་དང་དེ་བཞིན་གཞིས་ཆགས་ནང་གི་ཕ་རྒན་མ་རྒན་ཁག་གཅིག་བཅས་བོད་མི་མང་པོ་ཞིག་གིས། ག་དུས་ཡིན་ན་ཡང་གཟིམ་ཆུང་ནང་མཇལ་ཟེར་བ་ལ་རེ་སྒུགས་བྱས་ནས་༸རྒྱལ་བ་ལ་སྐུ་ངལ་སྤྲད། གཟིམ་ཆུང་གི་ཆེད་དུ་སྐུ་སྒེར་དྲུང་ཆེ་ལ་འབྲེལ་བ་འཛིན་ས་ཨེ་རག་བལྟས། གཟིམ་ཆུང་གི་ཆེད་དུ་མི་ཆེན་ལ་སྤྲེལ་ལད་འཁྲབ། གཟིམ་ཆུང་གི་ཆེད་དུ་མི་སྣེ་མི་མཐུད་བྱས། གཟིམ་ཆུང་གི་ཆེད་དུ་འགྲོ་སོང་བཏང་། གཟིམ་ཆུང་གི་ཆེད་དུ་སེམས་ཁྲལ་བྱས། གཟིམ་ཆུང་གི་ཁ་ཕོ་རུས་ལ་ཐུག གཟིམ་ཆུང་གི་ཆེད་དུ་རྙོག་དྲ་བཟོས། གཟིམ་ཆུང་མཇལ་ཁ་རག་མཁན་ཚོས་མི་གཞན་ལ་ངོམ་པོ་བྱས། མི་གཞན་ལ་ང་རྒྱལ་བྱས། གཟིམ་ཆུང་མཇལ་ཁ་མ་རག་མཁན་ཚོ་ལ་བློ་ཕམ་བྱུང་། སྐུ་སྒེར་ཡིག་ཚང་ལ་ཁོང་ཁྲོ་ཟ། སྐུ་སྒེར་དྲུང་ཆེའི་ཐོག་ལ་ཁོང་ཁྲོ་ཟ། བོད་གཞུང་གི་ཐོག་ལ་ཁོང་ཁྲོ་ཟ། མི་གཞན་ལ་ཡང་བོད་གཞུང་འདི་དྲང་མོ་མི་འདུག ཕྱོགས་རིས་བྱེད་ཀྱི་ཡོད་ཚུལ་ཀྱང་བཤད་དགོས་ཐུག་གི་ཡོད་པ་རེད།
འོ་ན་གཟིམ་ཆུང་ནང་མཇལ་རག་ན་ག་རེ་ཕན་ཐོག་ཡོད། མ་རག་ན་གྱོང་རྒུད་ག་རེ་ཐེབས་ཀྱི་ཡོད་ཅེས་པའི་དྲི་བ་ཞིག་ལྷག་བསྡད་ཡོད། གནད་དོན་འདི་ཆོས་རྐྱང་བའི་ཆ་བལྟས་ན་༸རྒྱལ་བའི་ཕྱག་མགོ་ལ་རག་ན་བྱང་ཆུབ་སེམས་དཔའ་དང་འབྲེལ་བ་ཐོགས་པའི་ཕན་ཡོན་རྒྱ་ཆེན་པོ་ཡོད་པ་དཔེར་ན། ཕྱག་གཡས་བརྐྱང་ནས་མགོ་ལ་བཞག །བྱང་ཆུང་ལུང་བསྟན་ཐོབ་པར་ཤོག །ཅེས་བཞིན་༸རྒྱལ་བ་ནི་སངས་རྒྱས་དང་བྱང་སེམས་ཀྱི་སྤྲུལ་བར་ཡིད་ཆེས་ཡོད་མཁན་ཚོར་དགོས་པ་ཡོད་སྲིད་མོད། དེ་ལྟར་བསམ་བློ་གཏོང་མཁན་གྱི་མི་ནི་ཉུང་ཉུང་ཞིག་ཡིན། མི་མང་པོ་ཞིག་གིས་༸རྒྱལ་བ་མཇལ་ན་དགའ་བོ་དང་སྤྲོ་བོ་བྱེད་ཅིང་འདྲ་པར་དེ་མི་གཞན་པ་ཚོར་བལྟན་ནས་གདོང་པ་འཛུམ་མུལ་མུལ་བྱེད་ཀྱི་ཡོད་པ་རེད། ང་ཡང་དང་པོ་གསར་འབྱོར་སྐབས་བསམ་བློ་འདི་འདྲ་འཁོར་མྱོང་ཡོད། འོ་ད་འདིའི་མིང་ལ་འཇིགས་རྟེན་ཆོས་བརྒྱད་ཅེས་པའི་ཐ་སྙད་ཅིག་མགོན་པོ་ཀླུན་གྲུབ་ཀྱིས་བཏགས་ཡོད་དེ་ག་རང་རེད། གཞན་ཅི་ཡང་མ་རེད།
འཇིག་རྟེན་ཕྱོགས་ནས་བཤད་ན་ཆབ་སྲིད་གནད་ཡོད་མི་སྣ་རེ་ཟུང་ཕུད་པའི་གཞན་པ་ཚོར་༸རྒྱལ་བ་གཟིམ་ཆུང་མཇལ་ཁ་བླངས་པ་དེ་དགོས་པ་མེད་པའི་ལས་ཀ་གཅིག་དང་། རྒྱུ་མཚན་མེད་པའི་པའི་བྱ་བ་ཞིག་ཏུ་ངོས་འཛིན་བྱས་ཡོད། གནད་དོན་འདི་སྐུ་སྒེར་ཡིག་ཚང་གིས་ཀྱང་གཟབ་དགོས་པའི་གནས་ཚུལ་ཞིག་ཡིན། སྤྱི་རྒྱ་གར་གྱི་མི་འདི་ཚོ་ལ་མི་ཞིག་གི་གནས་ཚུལ་དྲང་མོ་བཤད་ནས་བྱ་བ་ཞིག་འགྲུབ་རྒྱུ་ཁག་པོ་ཆགས་འདུག སྐྱག་རྫུན་ལུང་པ་གང་བཤད་ན་གཞི་ནས་བྱ་བ་ལས་ཀ་ག་རེ་སྒྲུབ་ན་ཡང་ལས་སླ་བོའི་ངང་སྒྲུབ་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཡང་གང་མང་བྱུང་ཡོད། དེར་བརྟེན་སྐུ་སྒེར་ཡིག་ཚང་གི་ངོས་ནས་འདིའི་ཐད་ལ་ཀུན་སྙོམ་ཉི་མ་ནང་བཞིན་ཞིག་ཡོང་བའི་རེ་སྒུལ་བྱེད་ཀྱི་ཡོད། ཅེས་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༣ ཉིན་བྲིས་པའི་དགེ་བས་བོད་རང་བཙན་མྱུར་དུ་ཐོབ་པར་གྱུར་ཅིག

སྣ་ཚོགས།

Post navigation

Previous Post: ཁྱོད་ཚོས་ཉོན་ཨ།༼གཞིས་ཀྱི་གྲོགས་པོ་སྐོར་ཞིག་ལ།༽
Next Post: གྲོས་ཚོགས་ལ་གལ་ཆེའི་སྙན་ཞུ་ཞིག

Comments (11) on “གཟིམ་ཆུང་མཇལ་ཁ་རག་ན་ག་རེ་ཕན་ཐོགས་ཡོད།”

  1. ཨོ་རྒྱན་ཕྲིན་ལས་རྡོ་རྗེ says:
    2011-01-13 at 6:46 pm

    very goodདཔེ་ཡག་པོ་རེད། བྱ་བྲལ་བ། གཟིམ་ཁང་ལ་ང་ཚོ་གང་མཇལ་དང་ནམ་མཇལ་བྱེད་ཆོག་གི་ཡོད། བྱ་བྲལ་ཁྱེད་ཚོ་ཆོས་བརྒྱད་མེད་པར་ཤ་ཚ། རྗེ་རིན་པོ་ཆེས་དང་པོ་ཆོས་བརྒྱད་ཡོད་དགོས་གསུངས་པ་མིན་ནམ།

  2. བསྟན་འཛིན་སྐལ་ལྡན། says:
    2011-01-13 at 8:52 pm

    ཆོས་དད་པ་ཞིག་གི་ངོས་ནས་བཤད་ན་རང་གི་རྩ་བའི་བླ་མའི་མཇལ་ཁ་ཞུ་རྒྱུ་གལ་ཆེ་ཡང་དེ་བས་ཀྱང་བཀའ་བཞིན་བསྒྲུབ་རྒྱུ་དེ་སྙིང་པོ་ཡིན། ༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་དགོས་ན་གཙོ་བོ་རྒྱལ་བའི་བཀའ་གསུང་སྤྱི་བོའི་གཙུག་ཏུ་བཀུར་བ་དང་། སྐུ་ལྷོད་ལྷོད་བྱས་ནས་བཞུགས་སུ་བཅུག་དགོས།

  3. རྭ་འཕྲིན་བཟང་ says:
    2011-01-13 at 10:04 pm

    ཨ་རག་གིས་བཟུ་ཁ་སྙིང་ལ་རྒྱུ་དུས། བསམ་གཞིགས་ཀྱིས་མེ་ལྩེ་དགུང་ལ་མཆེད་དུས། ངེས་འདི་ལྟར་བསམ་མྱོང། གལ་ཏེ་ང་འགལ་རྫེས་ཤིག་ཡིན་ན་ངས་སྐྱི་གཡའ་པའི་སྤྱི་ཚོགས་འདི་ཐ་ར་རྡུལ་ཏུ་བརླག་ན་འདོད། ལག་ཏེ་ང་མེ་རི་ཤིག་ཡིན་ན་ངས་སྐྱགས་དྲོ་པའི་མི་ཚོགས་འདི་བསྲེག་ན་འདོད། ངས་བཟུ་གཏམ་རེད་མ་བསམ། བཟུ་གཏམ་ཡིན་ན་དོན་གཏམ་མིན་པའི་ངེས་བ་མེད། རྒྱུན་དུ་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཚང་མའི་བཤད་ཀྱི་ཡོད་ལ་སྒྲིབས་ཀྱིན་མེད་པ་ནི་༧གོང་ས་མཆོག་གི་བཀའ་རེད། ༧གོང་ས་མཆོག་གིས་གསུང་མ་ནི་བགྲེང་བགྲེངས་བྱེད་གི་ཡོད་པའི་སྙིང་དོན་མདོར་བསྡུས་ན་འདི་ལྟར། བོད་ཀྱི་ཆོས་དང་རིག་གཞུང་བསྲུང་སྐྱོབས་བྱེད་རྒྱུ་དེ་རེད། དེ་ཡང བོད་མིའི་ངོ་བོ་རྩ་བརླག་མི་འགྲོ་པའི་ཆེད་ཡིན། དེའི་ཕྱིར། རང་བཙན་གཙང་མ་བཞགས་དེ་རང་སྲིད་རང་སྐྱོང་གསུང་པ་རེད། འོ་ན་དོན་ངོ་མའི་ང་ཚོས་ཆོས་དང་རིག་གཞུང་བསྲུང་སྐྱོབ་བྱེད་གི་ཨེ་ཡོད། ངས་བལྟས་ན་ཧ་ཅིང་གི་ཉུང་ཉུང་ལས་ཀྱང་ཉུང་ཉུང། ཕལ་ཆེར་མེད་གི་ལབ་ན་མ་འགྲིག་པ་མེད། ང་ནི་ནུབ་ཕྱོགས་ཀྱི་ལུང་པ་ག་གེ་མོ་ཞིག་ན་ཡོད། ངས་ཉེ་འཁོར་ན་བོད་པ་ལྔ་བརྒྱ་ནས་དྲུག་བརྒྱ་བར་ཡོད། དེ་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིགས་འཛིགས་འགའ་ཡང་ཡོད། ང་འདི་གར་སླེབས་ནས༧གོང་ས་མཆོག་འདིར་གར་ཆིབས་བསྒྱུར་ཐང་གཉིས་ལ་བསྐྱེངས་སོང། བཀའ་སློབ་ཀྱང་གོང་བཞིན་གནང་བྱུང། འདི་གའི་ང་ཚོའི་བོད་རིགས་ཚོགས་པའི་ཚོགས་གཙོས་ཡང་༧གོང་ས་མཆོག་ལ་ལོ་འཁོར་ལས་སྡོམ་ཞིག་ལ་སྙན་པོ་རིང་པོ་ཞིག་ཞུས་དུས། དགོང་དག་ངས་ཉན་བཟོད་ལ་གད་མོ་ཤོར་བྱུང། གང་ཡིན་གི་རྒྱུ་མཚུན་མི་བཤད། དེ་ལས་ འདི་གར་རིག་གཞུང་བསྲུང་སྐྱོབ་དང་ཡར་རྒྱུས་གཏོང་སྟེང་ཐད་རོབ་ཙམ་ལབ་ན། རིག་གཞུང་ཟེར་དུས་ལྷ་མོའི་འཁྲབ་སྟོན་ལས་བརྒལ་རྒྱུ་མེད་ལ། སྐད་ཡིག་ལབ་དུས་དཔེ་མཚོན་ཞིག་དང་རེག་དཀའ། ཆོས་ཟེར་དུས་གྲྭ་བ་ག་གེ་མོ་རེ་གཏན་ཞུ་བྱས་དེ་རྒྱལ་བའི་ཞབས་བརྟན་དང་སྨོ་ལམ་ཐུང་ཐུང་རེ་མཉམ་འདོན་ལས་མེད། ཉིན་ཞིག་༧གོང་ས་མཆོག་རྒྱལ་ཁབ་གཞན་ཞིག་ལ་ཕེབས་སྐབས་ཀྱི་ལམ་བར་ནས་འདི་གའི་གནམ་ཐང་ནས་མཚན་གཅིག་ལ་བཞུགས་པ་རེད། སྐབས་དེར་ལག་དུ་ཁ་ཏག་དང་ཕྲེང་བ་འཛིན་མཁན་གྱིས་བོད་པ་ཚོ་འཚངས་ཁ་ཤིག་ཤིག་ངང་སླེབས་ནས། ཕྱག་འཇལ་མ་རེག་རུང་མཐོང་འཇལ་ཅིག་རེག་ན་ཟེར་ནས་འཚངས་ཁ་ནི་འཛོ་ལྟོག་རྩ་ཁ་ཤོར་བ་བཞིན་བགག་ཅང་འགོག་དཀའ། དོན་ངོ་མ་འདི་རང་དོན་རེད་ལ་གཞན་དོན་རེད་ཡང་ན་༧གོང་ས་མཆོག་གི་སྐུ་དོན་རེད། གལ་ཏེ་༧གོང་ས་མཆོག་གི་སྐུ་དོན་ཡིན་ན་ཁོང་གིས་བཀའ་གསུང་བསྒྲིབས་དགོས་བ་ལས་ང་ཚོ་ཚང་མ་ཁོང་གི་སྐུ་བསྲུང་དམག་མི་བྱེད་ཐབས་མེད། ནམ་རྒྱུན་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་པའི་བགྲོ་གླེང། ཆབ་སྲིད་དང་འབྲེལ་བའི་ཚོགས་འདུ་སོགས་ལ་ཨུ་ཚུགས་རྒྱབ་ནའང་ཡོང་མཁན་དེ་ཙམ་མེད། གཞན་པའི་མཚན་ཚོགས་རེ་རེའི་སྐབས་ཕོ་གསར་མོ་གསར་ཚོས་དཔང་ལྡིང་སྒྲིགས་ནས་ངོ་མི་ཤེས་མཁན་དང་རིག་མ་མྱོང་བ་ཧ་ཅང་མང། དྲ་གྲོགས་ཚོ་ང་ར་བཟུ་ཡ་མང་དྲག་ཡིན་ས་རེད། ཡིན་ཡང་མདོར་བསྡུས་ན་ངས་བཤད་ཡ་དེ་་རང་མགོ་རང་གིས་མ་གཡོག་ལབ་ཀྱིན་ཡོད། ཕ་སྐད་གཙང་མའི་ཞལ་འདེབས་རེ་གནང་ནི་ཡོད་ཚེ་མཁོ་ཐོག་ཡིན། ད་ཙམ་ཡིན

  4. ར་ས་ཕོ་ཉ། says:
    2011-01-14 at 1:18 am

    དོན་དག་མེད་ནས་གཟིམ་ཆུང་འཇལ་ཁ་ཞུ་མཁན་དེ་ཚོ་༸གོང་ས་མཆོག་ལ་གུས་བཀུར་ཆུང་བའི་རྟགས་རེད།

  5. ཟླ་བ་ཆོས་འཛོམས། says:
    2011-01-14 at 4:38 am

    very good good good.

  6. འཇམ་དབྱངས། says:
    2011-01-14 at 6:06 am

    སྤྱིར་བཏང་དོན་དག་ཆུང་ཚག་གི་ཆེད་དུ་གཟིམ་ཆུང་མ་རེག་པར་བསམ་ཆར་མེད་མོད། འབྲེལ་ཡོད་དྲུང་ཆེ་རེ་ཟུང་གིས་གལ་ཆེ་བའི་ལས་ཀ་བྱེད་མཁན་ཁ་ཤས་༧གོང་ས་མཆོག་ལ་མཇལ་དུ་མ་བཏང་བ་དེ་འགྲིག་གི་མི་འདུག བོད་དོན་ཐོག་ལས་ཀ་ཕྲན་བུ་བྱེད་པའི་ཕྱི་མི་མགོ་སེར་ཚོར་གཟིམ་ཆུང་མཇལ་ཁ་གཏོང་དུས། ལྷག་བསམ་རྣམ་དག་གིས་རང་དོན་རང་གཅེས་བྱེད་པའི་རང་མི་མགོ་ནག་ཁ་ཤས་ལ་གཟིམ་ཆུང་མཇལ་ཁ་མི་སྤྲོད་པ་འདིའི་རྒྱབ་ལྗོངས་ལ་ཨ་སྒོར་དང་ཡོ་སྒོར་འཛུལ་མེད་པའི་ངེས་པ་ཅི་ལ་ཡོད། དེ་སྔའི་དྲུང་ཆེ་ཁ་ཤས་ཀྱིས་དངུལ་བླངས་ཏེ་གཟིམ་ཆུང་མཇལ་ཁར་བཏང་བ་མིག་མཐོང་ལག་ཟིན་ཏུ་ཡོད་ལགས།

  7. མེ་ཏོག་དཀར་པོ། says:
    2011-01-14 at 6:49 am

    རེད། ཁ་སང་རང་༧གོང་ས་མཆོག་གིས། སྒང་ཏོག་ཏུ་གསུངས་དོན། ང་ལ་དད་པ་ཡོད་ན་ངའི་བཤད་པའི་དོ་ལག་ལེན་བསྟར་དགོས་པ་ལས་ང་གང་དུ་སོང་ཕྱག་དབང་དང་བྱིན་རླབས་ལ་རེ་ནས་ཚང་ཁས་ང་བསུན་པོ་བཟོ་བཞིན་འདུག དེའི་སྐོར་སྔ་མོའི་བླ་མ་ཞིག་གིས་སྡུག་བདེན་གྱི་ཕུང་པོ་སྡུག་བདེན་བདེན་གྱི་ཕུང་པོའི་མགོར་བཞག་པ་ལ་དགོས་པ་མེད་པའི་དཔེ་དང་བཅས་གསུངས་སོང་།

  8. སྐྱབས་བཅོལ་བ། says:
    2011-01-14 at 7:58 am

    སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་དེ་འདྲ་ཞིག་ཡིན་རྒྱུ་རེད་མོད། གཟིམ་ཆུང་གི་མཇལ་ཁ་གཏོང་ཡ་འདི་ཡང་དེང་སང་ལངས་ཕྱོགས་ཤིག་གི་རྗེས་སུ་འབྲང་གི་མེད་འགྲོ་སྙམ། དེ་ཡིན་ན་ཡག་པོ་ཁྱོན་ནས་མ་རེད། ལྟ་བ་རང་བཙན་གཙང་མ་ཡིན་ཙང་མཇལ་ཁ་མི་གཏོང་བ་དང་། ཆུ་བཞི་སྒང་དྲུག་ལ་འབྲེལབ་ཡོད་ཙང་མཇལ་ཁ་མི་གཏོང་བ་དང་། ཁོ་ཁམས་པའི་ཕྱོགས་གཏོགས་ཡིན་པས་མཇལ་ཁ་མི་གཏོང་བ་སོགས་ནི་ཧ་ལས་དགོས་པའི་གནད་དོན་ཞིག་ཡིན་པ་རེད། སྐུ་ངོ་འདི་ཚོར་ཡག་རྒྱུ་ཅི་་ཡང་མེད་གཟབ་དགོས་ཡ། མཇལ་ཁ་མ་བཏང་ན་མཇལ་ཁ་བཏང་ཧ་ལས་རྒྱུ་གང་ཡང་ཡོད་མ་རེད། ཡིན་ན་ཡང་དེའི་རྒྱབ་ལྗོངས་ལ་བལྟ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་དྲན། བོད་མི་རིགས་ཉག་ཕྲ་བའི་དུས་ཚོད་འདིར་མི་རིགས་ཤིག་གི་ལས་དབང་སུས་ཀྱང་བསམ་བློ་ལོས་གཏོང་། སོ་སོ་ཡིན་ན་ཡང་དེ་ལ་བསམ་བློ་མ་བཏང་རང་བཏང་ཆགས་ཀྱི་འདུག དེ་མིན་མྱི་ཟིག་ལ་བལྟ་ས་རེག་མ་རེག་གང་ཡང་མེད་ཡ།

  9. དབང་འདུས། says:
    2011-01-14 at 8:57 am

    འོ་དེ་ཚོའི་སྐོར་ལ་བསམ་བློ་གཏོང་དགོས་པ་མང་པོ་ཡོད། ༧སྐྱབས་མགོན་མཆོག་བོད་ཀྱི་ཆོས་ལུགས་ཡོངས་སུ་རྫོགས་པའི་དབུ་ཁྲིད་དང་། འཆོལ་གསུམ་ཀའི་སྐྱབས་ཞུ་ཡུལ་ཡིན་པས་ཐ་ནའང་ཁོང་གི་འཁོར་དུ་ཆོས་རྒྱུད་སོ་སོའི་ཞབས་འབྲངས་པ་རེ་དང་། འཆོལ་ཁ་གསུམ་གྱི་ཕྱོགས་ནས་ཀྱང་དེ་ལྟར་བསམ་དགོས་པར་སྣང་། ད་ལྟའི་ཆར་༧སྐྱབས་མགོན་མཆོག་གི་གཡས་གཡོན་མདུན་རྒྱབ་ཐམས་ཅད་དགེ་ལུགས་པ་གཅིག་པུས་བསྲུངས་ནས་ཡོད་པའི་སྣང་བ་འཆར་གྱིན་འདུག ནོར་བ་ཡིན་ན་དགོངས་དག དེ་ལྟ་བུའི་འཚོར་སྣང་དེ་གཞན་ལའང་བྱུང་ན་༧སྐྱབས་མགོན་མཆོག་གི་མཛད་པ་ལ་འགོགས་རྐྱེན་ཆེ་ཤོས་ཤིག་ཡིན།

  10. བོད་ཀྱི་ཕོ་གསར། says:
    2011-01-14 at 9:30 am

    ཁ་བརྡ་ཚང་གིས་མཆན་ལ་གཟིགས་ཞིབ་གནང་དགོས་ཀྱི་འདུག མ་བྱུང་བ་ཞིག་བྱུང་ཤག་གསུངས་བ་དེ་ཡག་པོ་ཁྱོན་ནས་མ་རེད། དེས་ཁ་བརྡར་ཕན་གྱི་མ་རེད།

  11. ten zin pema says:
    2011-01-16 at 2:24 am

    སྦྱིར༸་གོང་ས་སྐྱབས་མགོན་མཆོག་ལ་གཟིམ་ཆུང་མཇལ་ཞུས་མ་ཞུས་གལ་ཆེ་མ་རེད།
    གཙོ་བོ་ཁོང་གི་བཀའ་གསུང་སྒྲུབ་ཐུབ་མི་ཐུབ་རག་ལས་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme