Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཅིན་པ་ལངས་ནས་གཏོང།

Posted on 2011-01-122011-01-12 By ཁ་བརྡ་ 24 Comments on གཅིན་པ་ལངས་ནས་གཏོང།

གཡུ་དྲུག་དཀར། རྡ་ས།

དོར་མའི་ཁ་སྐོར་ལྷོད་ལ་ཕབ་པ་དང་
ལུས་སེམས་གཉིས་ཀ་ལྷོད་ལ་བབས་ཏེ་
གཅིན་པ་ལངས་ནས་གཏོང་མཁན་ནི་ཕོ་རེད་

གཅིན་པ་ལངས་ནས་གཏོང་དུས་
ཕོ་ཆེན་པོ་དང་ཆུང་ཆུང་
མཐོ་བ་དང་དམན་པ་
སུ་ལའང ་་་་་་་་ཕོ་ཉམས་ཐོན་ངེས་ན་

གཅིན་པ་ལངས་ནས་གཏོང་བ་ནི་
སྐྱེས་པ་ཕོ་ཡི་འགྲེང་ཚུགས་རེད་
གཅིན་པ་ལངས་ནས་གཏོང་བའི་ཤག་སྒྲ་དེ་ནི་
ཕོ་རབ་ཚོའི་ལང་ཚོའི་དབྱངས་འགྲོས་རེད་
གཅིན་པ་ལངས་ནས་གཏོང་བའི་བཞུར་རྒྱུན་ནི་
སྐྱེས་ཕོ་རབ་ཚོའི་མི་ཚེ་ཡི་སྣང་བརྙན་རེད་

དེ་བས་་་་་་
རྐང་པ་གཉིས་ཀྱི་སྟེང་ལ་ཡར་ལངས་ཏེ་
ཕོ་རྟགས་རིན་པོ་ཆེ་རང་གི་མཛུབ་བར་ལ་བཟུང་ནས་
གཅིན་པ་ཤག་ཤག་ཏུ་གཏོང་བ་ནི་
སྐྱེས་པ་ཕོ་ཡི་མཚན་ཉིད་ཡིན་ཆོག་ཨང་།

སྙན་ངག

Post navigation

Previous Post: བསྟན་པ་བློ་གྲོས་ལགས་གློ་བུར་དུ་འཛིན་བཟུང་བཀག་ཉར་བྱས་པ།
Next Post: གཉན་པོ་གསང་བ།

Comments (24) on “གཅིན་པ་ལངས་ནས་གཏོང།”

  1. མྱི་ལྟིག་ says:
    2011-01-12 at 6:28 am

    ནམ་ཉི་མ་ཞིག་ལ་སྐུ་ཉིད་ཀྱི་ཆུང་མས་ཟུར་ནས་བཟའ་གཏམ་བཤད་དུས
    ནམ་ཉི་མ་ཞིག་ལ་སྐུ་ཉིད་ཀྱི་བུ་ལོས་ཟུར་ནས་འཁང་ར་བྱེད་དུས
    ནམ་ཉི་མ་ཞིག་སྐུ་ཉིད་ཀྱི་ཁྱིམ་མཚེས་ཚོས་འགྲམ་ནས་གསོལ་སྟོན་བཤམས་དུས
    ད་གཟོད་སྐུ་ཉིད་ཀྱི་གཅེན་པ་ལྷོད་ལྷོད་ཕར་ཞོགས ཐ་ན་ཡོད་ཚིམས་པའི་ཤུགས་རིང་ཞིག་ཀྱང་
    འཐེན་ཁོམ་ཡོད་མི་སྲིད། དེ་དུས་ཁྱོད་ནི་དེ་རིང་གི་སྐད་ཆ་འདི་བཤད་མཁན་དེ་ཨེ་ཡིན་ན། ཨ་ལ་ཀུ་རེ་ཡིན། དྲང་མོར་བཤད་ན་དེ་རིང་གི་སྐད་ཆ་འདི་སང་ཉིན་གྱི་སྐད་ཆ་ཡིན་པའི་ངེས་པ་གཏན་ནས་ཡོད་རྒྱུ་མ་རེད། དེ་མ་གཏོགས་མང་པོ་ཞིག་འགྲིག་གི་མི་འདུག དེ་ཨེ་རེད སློབ་གླིང་དེ་ན་དཀའ་ལས་མྱངས་ཀི་མེད་ལ

  2. དཀོན་མཆོག says:
    2011-01-12 at 6:53 am

    བེ་འཇིགས་ཡིན་ནམ་སྙམ་བྱུང༌། གཅིན་པ་ལངས་ནས་བོང་གུ་དང་ཕག་པ་གླང་གོག་སོགས་མང་པོས་གཏོང་ཡོང་བ་ཡིན། གཅིན་པ་གཏོང་སྐབས་མར་སྡོད་མི་ཤེས་པ་འདི་དུད་འགྲོའི་གཤིས་ཀ་ཤིག་རེད། བུ་དེ་ཚོ་ལ་གཤིས་ཀ་དེ་ཆུང་མང་བ་ཡོད་པ་དང༌། བུ་མོ་དེ་ཚོ་ལ་མི་ཆོས་ཀྱི་བྱང་སེམས་ཆེ་བ་ཡོད་པ་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2011-01-12 at 7:55 am

    གྲྭ་བཙུན་དང་འབྲུག་མོ་གཅིན་པ་ལངས་ནས་བཏང་ན་ཅུང་མེ་བདེ་བ་ཡོད། གཞན་གཅིན་ཉལ་ནས་གཏོང་ནའང་འགྲིག

  4. ཨ་མགོན། says:
    2011-01-12 at 9:01 am

    དྲུག་དཀར་གྱིས་འགྲེང་ནས་བཏང་། 
    ཀརྡོ་ཡིས་ཉལ་ནས་བཏང་།
    དཀོན་མཆོག་གིས་ཕོའི་ཁྱད་ཆོས་ངར་ཤུགས་ཡོད་དགུ་ཕུད་ནས་
    ཤག་ཤག་ཤག་ལྡིར་ལྡིར་ལྡིར་བཏང་ཀྱང་ཅི་མི་འགྲིག
    ད་དུང་དེ་ལས་ཀྱང་གཏོང་སྟངས་ཁྱད་མཚར་བ་རེ་ལོས་ཡོད་
    མི་སོ་སོས་སེམས་ལ་ཤར་ཚུལ་མི་འདྲ་བ་དེས་ན་
    ཡན་ལག་གི་ཉམས་ལ་ཡང་མི་འདྲ་བ་སྣ་ཚོགས་སུ་ཐོན་པ་དེས་འཐུས།

  5. མདའ་རྩེ། says:
    2011-01-12 at 9:58 am

    གཅིན་པ་ལངས་ནས་གཏོང་ཞེས་པའི་སྙན་རྩོམ་ནི་ སྤྲེའུ་ཡི་ལད་མོ་དང་། བརྒྱད་བཅུའི་འཁྲུལ་རྩེད་ཡིན་ན་ནི་ཆོག་ཙམ་ལས་སྙན་ངག་གི་བརྗོད་བྱ་དང་སྙན་ཚིག་སོགས་གང་ཡང་གོ་བ་མི་འདུག་སྙམ་པས་དེ་ལ་འགྲེལ་བཤད་ཤིག་བྱེད་རོགས།

  6. ཚྭ་སྒང་ཕོ་ཉ། says:
    2011-01-12 at 11:45 am

    རེད་རེད་གཅིང་པ་ལང་ནས་གཏོང་མཁན་འདི་ཚོས་གྲོང་ཚོ་ཁག་གི་སུམ་མདོ་དང་སྲང་ལམ་གཡས་གཡོན་ཚང་མ་དྲི་ངད་ཐུལ་ལེ་བཟོ་ཡོང་། དེ་ཡང་གཅིང་པ་ལང་ནས་གཏོང་མཁན་འདི་ཚོས་བྱས་རྗེས་ཞིག་ཡིན་ཚོད་རེད།
    འོ་རེད་མ་གཞི་ནས་དུད་འགྲོ་མང་ཆེ་བས་གཅིང་པ་ལང་ནས་གཏོང་ཡོང་། དེ་ལ་ཡང་བྱས་རྗེས་ཞིག་བརྩི་ན།

  7. མེ་ཏོག་དཀར་པོ། says:
    2011-01-12 at 11:47 am

    ཀ་རྡོས་ཁ་བདེ་མ་ཤོད། །
    ཨ་ཅེ་ཧ་བགད་ཤོར་ཡོང་། །
    འདི་ཡང་ཀ་བཤད་རེད་ད། ་་ཧཧཧཧཧཧཧཧཧཧཧཧཧ

  8. སྙིང་རྩ་སྤར་འཛིན། says:
    2011-01-12 at 4:46 pm

    སྔོན་མ་ཞིག་ལ་ངའི་ཆུང་མས་ང་ལ་གཅིན་པ་ལང་ནས་མ་གཏོང་རོགས། ངས་ནམ་རྒྱུན་གསང་སྤྱོད་ཀྱི་གཡས་གཡོན་ལ་འཐོར་བའི་ཁྱོད་ཀྱི་གཅིན་པའི་ཟེགས་མ་དེ་དག་ལ་བདག་བྱས་ནས་དུས་ཚོད་མང་བོ་འཕྲོ་བརླག་ལ་འགྲོ་ཡི་འདུག་ཟེར། ངས་ཕོ་ཁྱོ་ཀའི་མཇེ་ལང་ནས་ངར་རྒྱས་བའི་སྐབས་སུ་གཅིན་པ་ལང་ནས་གཏོང་ཐབས་ཡོད་བ་མ་རེད་ཅེས་པས། མོས་འདང་ཅུང་ཙམ་བརྒྱབ་སྟེ་ངོ་མ་དེ་ག་འདྲས་སུ་རེད་ཟེར།

  9. དབང་འདུས། says:
    2011-01-12 at 4:48 pm

    ༼དོར་མའི་ཁ་སྐོར་ལྷོད་ལ་ཕབ་པ་དང་
    ལུས་སེམས་གཉིས་ཀ་ལྷོད་ལ་བབས་ཏེ་
    གཅིན་པ་ལངས་ནས་གཏོང་མཁན་ནི་ཕོ་རེད་༽
    ངེས་པ་མི་འདུག གཡག་ཕོ་ཡིན་ཀྱང་དོར་མའི་ཁ་སྒོ་ལྷོད་པ་སོགས་གོང་འོག་གི་ཁྱད་ཆོས་མང་པོ་ཚང་མི་འདུག
    ཧ་ཧ་་་་་་་་་་་་་་་་་སྐུ་རྩེད་ཡིན། འདི་བགོད་བྲོ་བའི་གཏམ་ཙམ་རེད་འདུག

  10. སྙིང་རྩ་སྤར་འཛིན། says:
    2011-01-12 at 4:50 pm

    ལང་ནས་མ་གཏོགས་གཏོང་ཐབས་ཡོད་བ་མ་རེད་ཅེས་བསྒྱུར་རོགས། གོང་གི་དེ་ནོར་འདུག།
    ནས་མ་གཏོགས་ཞེས་བ་ཆད་དེ་ཚང་མ་གོ་ལྡོག་ཏུ་གྱུར་འདུག། དགོངས་དག།

  11. ཀརྡོ་རབ་འབྱམས་པ་ says:
    2011-01-12 at 5:07 pm

    ཀརྡོས་ཉལ་ནས་གཏོང་སྟངས། །
    ཨ་ཅེ་སྨན་གཡོག་བསླབས་བྱུང་། །
    ཀརྡོ་ལག་བདེ་ང་ཡིས། །
    ཨ་ཅེ་བགད་ཕྱིར་བྲིས་ཡོད། །
    ཀ་བཤད་གསུམ་པོ་འདི་ནི། །
    ཨ་ཕོ་མེ་དཀར་མཉེས་ཕྱིར། །

  12. གཞོན་ནུ་ཟླ་མེད། says:
    2011-01-12 at 5:57 pm

    སྔར་བན་དེ་ཆུང་ཆུང་ཡིན་དུས་སུ།།
    གཟན་ཤམས་ཐབས་ཡར་ལ་བཀྱགས་ནས་ནི།།
    ཡར་ལངས་ནས་ལངས་གཅིན་བཏང་དུས་སུ།།
    སྡེ་ལོ་ལོན་རྒན་པས་རིག་སོང་ན།།
    ཁྱོད་བན་དེ་མ་རབས་ཟེར་ནས་སྡིག།
    དེའི་རྗེས་ནས་གྲྭ་རྒོད་ཡིན་དུས་སུ།།
    མི་ཡོད་དུས་ཙོག་ནས་ཙོག་གཅིན་གཏོང་།།
    མི་མེད་དུས་ལངས་ནས་ཤག་སེ་གཏོང་།།
    མཇེ་རྒོད་པོར་ཤུགས་ཙིག་ཆེ་ནི་རེད།།
    གཅིན་གཅིག་གིས་རྩིག་པ་གཏོར་འཇོག་གི།
    རྡོ་རིལ་ལི་རིལ་ལི་འཁུར་འགྲོ་ནོ།།
    གཅིན་ཤུལ་ན་ཀོང་དུང་བསྐོས་ཡོད་ནོ།།
    མི་མེད་དུས་མཛེས་མས་ལྟད་མོར་བལྟ།།
    དེ་རྗེས་ནས་བླ་རྒན་ཆགས་དུས་སུ།།
    མཇེ་སྙིད་པ་ཁོག་ལ་འཛུལ་སོང་ནོ།།
    དེའི་མི་ཚད་ཤུན་པགས་ལུག་སོང་ནོ།།
    སྤུ་ནག་པོས་མགོ་ཐུམ་རྒྱབ་སོང་ནོ།།
    གཅིན་ཕར་ལ་བཏང་རུང་ཚུར་ལ་བཞུར།།
    བུ་བུ་མོས་ཁོང་དགོད་ཤོར་འགྲོ་ནོ།།
    ཡར་ལངས་ནས་བཏང་ན་ཤམས་ཐབས་རྫོད།།
    མར་ཙོག་ནས་གཏོང་བ་མཛའ་སེ་རེད།།
    འདི་འཇིག་རྟེན་རྒ་བ་ཟེར་བའམ།།
    ཡང་མི་རྟག་དྲན་སྐུལ་ཡིན་ཡང་སྲིད།།

  13. ཁང་ནག་པ། says:
    2011-01-12 at 8:50 pm

    དོར་མའི་ཁ་སྒོ་གང་བྱུང་དུ་ཕྱེ་ནས།
    ངེས་མེད་ས་གནས་གང་སར་གཅིན་པ་རང་མ་གཏོང་།
    གཡོ་ཅན་ཉེན་རྟོགས་དེ་ཚོའི་ལག་སྣེ་དེ་རྫོགས་དུས།
    ཁྱོད་ལ་ཉེས་ཆད་་དངུལ་གྱི་ཆར་པ་རང་ཕབས་ཡོང་།

  14. ཁང་ནག་པ། says:
    2011-01-12 at 9:37 pm

    རྩོམ་པ་པོ་བསྟན་པ་བློ་་གྲོས་ལགས་འཛིན་བཟུང་བྱས་པའི་སྐོར་སེམས་ཚོར་ཆེན་པོས་གཞིས་བཞུགས་དཔའ་བོར་གདུང་སེམས་མཚོན་བྱེད་མཆན་བུ་འདེབས་རྩིས་བྱས་ཀྱང་ཁ་བརྡ་ཚང་རླུངས་ལངས་ནས་མཆན་སྒོ་བརྒྱབ་འདུག་ཐབས་སྐྱོ་བོ་རེད་སེམས་ཞེ་དྲག་ཕམ་སོང་ཁ་བརྡའི་དམིགས་ཡུལ་གང་ཡིན་ནམ། དྲང་པོ་གསུངས་རོགས་གནང་།

  15. ཁང་ནག་པ། says:
    2011-01-12 at 10:07 pm

    xxxxxxxxxxxxxxxx

  16. ཁ་བརྡ་ཚང་། says:
    2011-01-12 at 10:28 pm

    ཁང་ནག་པ་ལགས།
    གསར་འགྱུར་དེ་ནང་བཅུག་བྱེད་སྟངས་ནོར་འདུག མཆན་སྒོ་ཕྱེས་ནས་ཡོད། དོགས་འདྲི་གནང་བར་བཀའ་དྲིན་ཆེ། འོན་ཀྱང་། ཁ་བརྡ་དྲ་བར་དོན་མེད་དུ་ཀླན་ཀ་འཚོལ་བའི་མཆན་བུ་མ་འདེབས་རོགས། དེ་ལ་ཁ་བརྡས་དགའ་བསུ་མི་ཞུ། དེ་དོན་དགོངས་འཇགས་གནང་རོགས།

    ཁ་བརྡ་རྩོམ་སྒྲིག་པས།
    khabdha@gmail.com
    http://www.khabdha.org

  17. ཁང་ནག་པ། says:
    2011-01-13 at 11:17 pm

    ཁ་བརྡ་ལ་སྐྱབས་སུ་མཆི་རང་དབང་མེད་པར་བྱིན་གྱིས་རློབས།

  18. ཡིན་ངོ་། says:
    2011-01-15 at 5:28 am

    ཁ་རྕངས་དེང་སེང་བུ་མོ་ཚོའི་ནང་ན་གཅིན་པ་ཡར་ལངས་ནས་གཏོང་མཁན་འདུག་
    ཐེང་ཅིག་་བྷེན་ལོར་ནས་ཁྱི་ཤ་བུ་མོ་གཉིས་དང་མཉམ་དུ་མཚན་ཚོགས་ལ་སོང་བ་ཡིན་
    ཚུར་ནང་དུ་ནས་ངའི་འཁྲུས་རྒྱག་བཞིན་པའི་སྐབས་ལ་marina་ནང་དུ་འཛུལ་ཡོང་ནས་མོའི་
    མཚན་མའི་ཁ་ཕྱེ་ནས་བྱ་ལེ་ཡར་ཅུང་འཐེན་བྲང་ཁ་ཅུང་ཕྱིར་རྒྱས་ནས་གྱང་ངོ་གཟེད་པའི་བུ་ཚོའི་
    ལངས་གཅིན་བྱེད་སའི་ནང་དུ་ཤུལ་སེ་བཏང་སོང་། ངའི་བུ་མོ་ཚོའི་ལངས་གཅིན་བྱེད་པ་ཐོག་དང་པོ་
    མཐོང་ཙང་མཚར་སྣང་དང་བཅས་ཏེ་ཅུང་ཞིག་ལུས་།

  19. མེ་ཏོག་དཀར་པོ། says:
    2011-01-15 at 5:47 am

    ལས་དོན་ཞིག་ཆེད་ལྡི་ལི་ནས་རྡ་སར་འགྲོ་བའི་འགྲུལ་འཁོར་ནང་ཞུགས། ནམ་ཕྱེད་ལ་གཅིན་གཏོང་རྒྱུའི་ཆེད་འགྲུལ་འཁོར་བཀག གཉིད་དུ་ཡུར་བའི་འགྲུལ་པ་རྣམས་གཅིག་རྗེས་ཉིས་མཐུད་དུ་ཕྱིར་བུད། ང་ཡང་གཉིད་སྐྱིད་པོ་དེ་གནས་སྐབས་བློས་བཏང་ནས་ཕྱིར་ཐོན། ནག་མཐིང་མཐིང་གི་ལམ་ཟུར་དུ་གྲང་ཤུར་ཤུར་གྱི་རླུང་ཆུང་ཞིག་གི་ཁྲོད། འགའ་ཡིས་རྟུག་དྲི་ཞིག་དང་ལྷང་ཤར་ཤར་གྱི་སྒྲ་དང་གཅིན་པ་བཏང་ལ། འགའ་ཡིས་ཐ་མག་ལ་མེ་སྒྲོན་དེ་ཁ་ནང་བཅུག་ཞོར་གཅིན་པ་བཏང་། ངའི་ཁྲིས་ལ་ཡོད་པའི་བོད་མོ་ལོ་ཉི་ཤུ་ཡས་མས་ཅན་དེ་ཡང་། ངའི་རྗེས་རྗེས་སུ་འགྲུལ་འཁོར་ལས་བབ། ངའི་རྣམ་རྟོག་དེ་དེའི་ཕྱོགས་སུ་གཡོས། ཕལ་ཆེར་ཐག་རིང་ཙམ་དུ་འགྲོ་རྒྱུ་རེད་དྲན་པ་ལ། ངའི་འདོམ་གང་གི་སར་ཅི་མི་སྙམ་པར་དོར་མ་དེ་ཤག་སེ་ཕུད་ནས་ཤུར་ཤུར་ལ་བཅིངས་པ་བཏང་། ང་་་་་

  20. མེ་ཏོག་དཀར་པོ། says:
    2011-01-15 at 10:38 am

    བཅིངས་པ་བཏང་། གཅིན་པ་བཏང་ལ་བཅོས།
    འོན་ཀྱང་དོན་ལ་འགལ་བ་མེད་པ་བྱུང་འདུག་པ་ངོ་མཚར། ཧ་ཧ་ཧ་

  21. BBC says:
    2011-01-15 at 12:22 pm

    ལུང་པ་འགའ་ན་གཅིན་པ་ལངས་ནས་གཏོང་མཁན་སྐྱེ་དམན་མང་པོ་ཡོད། ལྷག་པར་སྐྱེ་དམན་རྒན་འཁོགས་དེ་ཚོས་གཅིན་པ་ལངས་ནས་གཏོང་བ་ཆེས་མང་། ཁོ་ཚོས་གཅིན་པ་གཏོང་སྐབས་ཛོར་རྟགས་ཧ་ཅང་དོད། སྒྲ་ནི་ཆོབ། ཆོབ། ཆོབ་ཞེས་པ་དང་། ད་དུང་རྐང་པ་དང་ངར་གདོང་ལ་འཁྲིལ་བ་མང་། སྐྱེ་དམན་གྱིས་གཅིན་པ་ལངས་ནས་གཏོང་བ་ལས་ལྟད་མོ་ཆེ་བ་མི་ཡོང་།་

  22. ཞིང་པའི་བུ། says:
    2011-01-15 at 12:32 pm

    ཁ་བརྡ་ཚང་ལགས།
    མཆན་བུ་ནང་དུ་པར་བཅུག་པའི་ཐབས་ཤེས་འདྲ་ཡོད་དམ།

  23. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-01-15 at 2:04 pm

    བུ་ BBC ལགས།
    སྐུ་མཁྱེན་
    སྔོ་ལོ་མ་ཕྱོར་དང་།
    སོ་སོའི་ཨ་མའི་མཛད་རྣམ་དྲངས་ནས་ཅི་བྱེད་ཀ
    ཧ་ཧ་
    སྐུ་རྩེད་ཞུས་པ་ཡིན་་་་
    དགོངས་པ་མ་འཚོམས་རོགས།

  24. མེ་ཏོག་དཀར་པོ། says:
    2011-01-15 at 10:33 pm

    ཕོ་ངར་མའི་གཅིན་པའི་ཤར་སྒྲས་མོ་གསལ་ལ་ཚོར་བ་ཅི་འདྲ་ཞིག་སྤྲོད་ཀྱིན་ཡོད་མེད་མི་ཤེས་ཏེ། དམར་ཤར་ཚོའི་གཅིན་པའི་ཤུར་སྒྲས་ཚོར་བ་སྐྱིད་པོ་ཞིག་སྤྲོད་ཀྱིན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme