Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགག་འོས་པའི་ལུགས་སྲོལ་ངན་པ་དང་འབྲེལ་བའི་རྐྱེན་ངན་ཞིག

Posted on 2011-01-082011-01-08 By ཁ་བརྡ་ 3 Comments on དགག་འོས་པའི་ལུགས་སྲོལ་ངན་པ་དང་འབྲེལ་བའི་རྐྱེན་ངན་ཞིག

ཞིང་པའི་བུ་ནས།

༢༠༡༠ལོའི་དུས་ཚོད་དེ་ཕལ་ཆེར་སྤྱི་འཐུས་དང་བཀའ་ཁྲིའི་ཐོག་རྫོགས་སོང་གཅིག་བྱས་ན་འགྱོད་མི་འོས་པ་ཞིག་རེད་བསམ། འོན་ཀྱང་རང་ཉིད་ཀྱི་བསམ་བློའི་གྲ་སྒྲིག་ནང་ད་དུང་ཐག་ཆོད་པོ་ཞིག་རང་རེད་མ་སོང་བསམ་པའི་ཚོར་སྣང་འོང་གི་འདུག
གློ་བུར་དུ་ཅི་ཞིག་གིས་རྐྱེན་བྱས་པས་ཕ་ཡུལ་གྱི་སྒྲུང་ཐུང་ཞིག་ཡིད་ལ་གསལ་ཐལ་ལེར་འཆར་འོང་བས། ཁྱོད་ཚོ་ལ་གཅིག་ཤོད་འདོད་བྱུང་། ང་ཚོའི་གྲོང་སྡེ་ནི་ལུང་པ་བཞི་མདོ་ཞིག་གི་ཟུར་ཁུག་ན་ཆགས་ཡོད་ཅིང་དུད་ཚང་ཕལ་ཆེར་བརྒྱ་མ་ལོང་ཙམ་ཞིག་ཡོད། ཡུལ་པའམ་རོང་པ་ཡིན་པས་མ་གཞི་འཚོ་བ་མང་ཆེ་བ་ས་ཞིང་རྨོས་འདེབས་ཀྱིས་སྟོན་ཐོག་ལ་བརྟེན་ནས་འཚོ་བ་བསྐྱལ་བཞིན་ཡོད་ཀྱང་དུད་ཚང་འབྱོར་ལྡན་རྣམས་ལ་ཕུ་རུ་སའང་ཡོད། ནམ་དུས་སྟོན་ཀ་ཤར་ཞིང་ནས་བརྔས་ཚར་བ་མ་ཚད་བམ་པོ་ཁང་ཐོག་དུ་བསྡུསཟིན་པས་ཁང་པ་རྣམས་ཀྱི་སྟེང་དུ་སྐྱ་ཆ་ལེར་བམ་པོ་བརྩིགས་བཞག་འདུག ང་ཚོའི་གྲོང་ཚོ་ལོ་ལྟར་སྨ་ལག་ཞེས་པའི་ལུང་པ་ཆེན་པོ་དེའི་ནང་རྩྭ་འཐུ་རུ་འགྲོ་བའི་ལུགས་སྲོལ་ཡོད་པས། ད་ལོ་ཡང་སྔར་བཞི་རྩྭ་འཐུ་རུ་དུད་ཚང་འབྱོར་པ་ཅན་རྣམས་ཕ་དང་བུ། དེ་བཞིན་དུ་རྩྭ་ལས་བྱེད་མཁན་བུ་མོ་དང་གནའ་བཅས་ཁྱིམ་སྲུང་རྒན་རྒོན་དང་བྱིས་པ་རེ་ཟུང་ཙམ་མ་གཏོགས་ཕལ་ཆེར་རྩྭ་འཐུ་རུ་ཁལ་མ་རྣམས་ལ་གུ་རུ་དང་ཐབས་ཅ་ག་སོགས་འགེལ་ནས་ལ་ལས་རྟ་ཞོན་ཞིང་ལ་ལས་ཁྲིད་ནས་ནམ་གསལ་ལ་མ་གསལ་ཙམ་ནས་ཆས་སོང་། ང་ཡང་སྐབས་དེར་ལོ་བཅུ་གཉིས་ཡིན་པས་ཕ་དོན་གྲུབ་དང་མཉམ་དུ་རྟའི་འཕྱམ་འཕངས་ཞོན་ནས་རྩྭ་འཐུ་སར་ཕྱིན། སྔ་དྲོ་ཉི་མ་ཡང་ཡག་པོ་ཞིག་ཤར་སོང་བས་ང་ཚོས་གུ་རུ་ཡང་མ་ཕུབ་པར་ཞོགས་ཇ་སྟབས་བདེ་ཞིག་འཐུང་ཚར་མ་ཐག དུད་ཚང་རེ་ནས་མི་དྲག་རེ་འཛོམས་ནས་མི་སྐལ་མང་ཉུང་བཞིན་རྩྭ་བགོས་བརྒྱབ་སོང་། དེ་ནས་ཉིན་གུང་ཁ་ལག་སྐབས་ཇ་བསྐོལ་ཞིང་ཤ་ཡང་བཙོས་ནས་ཧ་ཡང་གི་ཁ་ཕྱེ་མ་ཙུམ་བར་ནས་རླངས་པ་འཕྱུར་འཕྱུར་བྱེད་བཞིན་ཤ་ཁུ་ཐིགས་པ་རེ་ཟུང་མེ་ནང་དུ་ལྷུང་ཡང་ཅི་མི་སྙམ་པར། རྒྱ་དམར་གྱིས་བཟོས་པའི་ལྕགས་ཕོར་ཆེན་པོ་རེ་ནང་པག་ཆེན་པོ་རེ་བརྫིས་ནས། ཤ་ཚོས་པ་ལ་སྒུག གློ་བུར་དུ་ཁྱུང་པོའི་རི་སྐེད་ནས་རྐྱ་མི་ཁ་ཤས་རྟ་བོང་མ་འདུར་གྱིས་ང་ཚོའི་སར་གཏད་ནས་སླེབས་བྱུང་། སྐབས་དེར་ཨ་ཕས་ད་ཕལ་ཆེར་དེ་རིང་ཆགས་སྒོ་ཞིག་ཡོང་རྒྱུ་ཡིན་པ་འདྲ། ད་ཡག་མ་སོང་ཟེར་བཞིན་སྒ་སྟན་བར་དུ་ཡོད་པའི་འབྲུག་གྲི་རིང་པོ་དེ་ཚུར་ལེན་སོང་། ང་ནི་སྐྲག་ནས་ལུས་པོ་ཆ་ཚང་ཚ་ལམ་མེར་གྱུར་ནས་མིག་ཅེར་བཞིན་བལྟ་འདུག་རྒྱུ་ལས་གཞན་འདི་བྱ་དེ་བྱེད་གང་ཡང་མ་བྱུང་། མཚམས་དེར་རྐྱ་མི་རྣམས་ཇེ་ཉེ་ནས་ཇེ་ཉེ་སླེབས་པ་ཙམ་མ་ཚད་ང་ཚོའི་རྩྭ་འགེལ་སའི་ཁལ་མ་མཛོ་དང་། གཡག་རྣམས་སྒ་སྟན་བཅད་ནས་ཆུ་ཆུང་འགྲམ་གྱི་སྤང་ཁར་བཀྲམ་ཡོད་པ་དག་དེད་འགྲོ་རྒྱུའི་སེམས་ཐག་གཙང་བཅད་ཐོག རྐྱ་མི་ལོ་བཞི་བཅུ་ཞེ་གྲངས་ཡིན་པ་འདྲ་པོ་ཞིག་གིས་ད་ཁྱོད་རང་ཚོ་ཁ་གར་བསྡད་ན་མ་གཏོགས་ང་ཚོའི་རྗེས་ལ་ཡོང་ན་གཅིག་ཀྱང་མ་ལུས་པར་སྒུམ་བུ་འཐུ་འཐུ་བྱེད་ནས་གསོད་རྒྱུ་ཡིན་པས་ཚོད་བཟུང་ན་དགའ་ཟེར་ཞོར་དུ་ང་ཚོའི་ཁལ་མ་རྣམས་དེད་སོང་། ཕོ་སར་ལོ་ཆུང་རྣམས་ཀྱིས་གྲི་དང་མེ་མདའ་ལག་ཏུ་གང་ཐེབས་རེ་ཁྱེར་ནས་ང་ཤི་ཁོ་ཤི་ཟེར་བཞིན་སོ་སོའི་རྟ་ལ་སྒ་སྟན་བརྒྱབ་ནས་རྗེས་ལ་དེད་འགྲོ་རྩིས་བྱེད་བཞིན་འདུག ལོ་རྒན་ཁ་ཤས་ཀྱིས་ག་ལེར་གྱིས་དང་བྲེལ་བ་ལང་མི་ཉན། ཁོང་ཚོ་ཐག་རིང་པོ་ཐར་གྱི་མ་རེད་ཅེས་ཤོད་ཀྱི་འདུག ནག་མོ་ཚང་མས་ངུ་འབོད་སྐད་ཤུགས་ཆེན་པོ་རེ་བྱེད་བཞིན་ཡར་རྒྱུགས་མར་རྒྱུགས་ཀྱིས་ད་གང་དྲག་ཅི་དྲག ཁོ་རང་ཚོ་ལ་མཛོ་གཡག་དེ་ཚོ་དེད་བཅུག་ཤོག རྒྱུ་ལས་མི་རྩ་ཆེ་བ་རེད། ད་གཡུག་ཤོག་ཅེས་ཕོ་སར་རྣམས་བཀག་རྩིས་བྱེད་བྱུང་། སྐབས་དེར་ཟེར་ལོང་གཏམ་ལོང་མེད་པར་ཕོ་གསར་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་རྟ་ལ་ཞོན་ནས་བོང་མ་འདུར་གྱིས་ཤོར་སོང་། ཁོ་ཚོ་རྐྱ་མི་བཞི་ནང་ནས་གཉིས་ཀྱི་མཛོ་གཡག་རྣམས་ཡར་དེད་ཅིང་གཉིས་ཀྱིས་ཁ་མར་འཁོར་ནས་མེ་མདའ་འཕེན་འགོ་བཙུག་ཡོང་གི་འདུག ཕོ་གསར་རྣམས་ཀྱང་ཕྱི་ནུར་མཐོ་གང་མེད་པར་རྟ་ལ་ཡོབ་བརྡུང་རེ་བྱེད་ཞོར་དུ་རྒྱུགས་སོང་བས་མེ་མདའ་སྒྲ་ཆེ་མ་ཆུང་མང་པོ་ཞིག་གྲགས་པ་དང་མཉམ་དུ་ཕོ་གསར་རེ་ཟུང་རྟ་ཐོག་ནས་ཤུད་ཅིང་རྟ་སྒ་སྟོང་འགྲོ་གི་འདུག དེ་ནས་ཆུ་ཚོད་གཅིག་ཡན་མ་ཙམ་ལ་མེ་མདའ་ཡར་འཕེན་མར་འཕེན་བྱེད་ནས་བསྡད་སོང་ལ་མཚམས་དེར་ཁོ་ཚོས་མེ་མདའ་འཕེན་ཡ་མཚམས་བཞག་ནས་ལམ་སེང་རྟ་ལ་ཞོན་ནས་འགྲོ་རྩིས་བྱས། ལོ་རྒན་པོ་ཚོས་ད་ཕོ་གསར་ཚོ་གཏོང་མ་བཞག་ཟེར་ནས་འབོད་པ་དང་ཁོང་ཚོ་དང་ཇེ་ཉེ་ས་ནས་མེ་མདའ་མང་པོ་འཕང་པས་གཞི་ནས་རྐྱ་མི་གཅིག་ས་ལ་འགྱེལ་སོང་། དེ་ནས་གཞན་པ་དེ་བྲོས་བརྩིས་བྱས་ཀྱང་འགྲམས་དེར་འབྲོང་རྒྱས་ཚང་གི་བུ་ཕོ་ལྷ་སླེབས་ཚར་འདུག་པས་གྲི་གཅིག་གཡུག་ཞོར་དུ་ཁོང་ཡང་ས་ལ་ལྷུང་སོང་། དེ་ནས་ཁོ་ཚོས་རྐྱ་མི་གཞན་གཉིས་ཀྱིས་མཛོ་གཡག་ཁལ་མ་རྣམས་དེད་འགྲོ་སར་རྒྱུགས་སོང་བས་ཁོ་གཉིས་པོས་རྐྱ་མི་གཞན་པ་གཉིས་པོས་བཀག་མ་ཐུབ་པར་མཐོང་བས་མཛོ་གཡག་རྣམས་གཡུག་ནས་ཕྱིར་བལྟས་མེད་པར་བྲོས་ཕྱིན་སོང་། དེ་ནས་དཔོན་ཆུང་ཚང་གི་ཕ་མགོན་པོས་ད་དེ་ཙམ་གྱིས། ད་ཚོད་བཟུང་ན་དགའ། དེ་རིང་ཆགས་སྒོ་ཆེན་པོ་འདུག་ཅེས་འབོད་སོང་བས་ཕོ་གསར་རྣམས་ཀྱང་རྟ་ཁ་མ་འཁོར་བྱུང་། དེ་ནས་ང་དང་ང་འདྲ་བའི་ཕྲུ་གུ་ཚོ་དང་ནག་མོ་རྣམས་འདུར་རྒྱུགས་ཀྱིས་ཡར་རྒྱུགས་སོང་བས་སྟག་ར་ཚང་བུ་བཀྲ་མགོན་བརྩིས་པའི་ཕོ་གསར་གསུམ་ཤི་ཚར་འདུག་ལ། རྙ་པ་ཚང་བུ་རིག་ཆུང་བརྩིས་པའི་ཕོ་གསར་ལྔ་ཤི་མ་གསོན་ཙམ་བཟོ་ཚར་འདུག བུ་མོ་དང་གནའ་མ་བརྩིས་པའི་གྲོང་ཚོ་དེའི་སྐྱེས་དམན་ཕལ་ཆེར་དེར་འདུར་བཞིན་ངུ་འབོད་དང་ཆོ་ངེ་འདོན་པའི་སྒྲ་དང་ཕ་རིའི་བྲག་ཆ་གཉིས་སྡེབ་པས་ལུང་པ་དེར་འུར་ཆལ་ལེར་ཁྱི་ཚང་ནས་རྡོ་འཕེན་པ་ལྟ་བུ་ཞིག་ཏུ་འདུག་ དེ་ནས་ང་རང་ཨ་ཕ་མཐོང་རྒྱུགས་མི་འདུག་པས་ཆུ་ཆུང་དེའི་འགྲམས་དུ་ཡར་ཙམ་རྒྱུགས་ཕྱིན་པས་ཕ་རྒན་གྱི་མགོ་ལ་མེ་མདའ་ཕོག་ཅིང་ཕལ་ཆེར་དབུགས་ཆད་གྲབ་འདུག ངས་ཕ་རྒན། ཕ་རྒན། ཁྱེད་ཅི་རེད་སོང་ཞེས་བོས་ཀྱང་ཁ་གྲགས་མི་ཐུབ་པར་ངས་བལྟས་བལྟས་རིག་རིག་ཁ་ལ་མིག་ཡར་གཡོག་སོང་། དེ་ནས་ང་སྙིང་ནས་ཚ་ཤར་ཞིག་ལོང་བ་དང་མཉམ་དུ་དེ་ག་རང་དྲན་མེད་དུ་འགྱེལ་ཚར་འདུག
ཁྱེད་རྣམས་པས་འདི་ལ་གཟིགས་ནས་མ་འོངས་པར་བོད་འདི་དུས་རབས་ཉེར་གཅིག་པའི་ཚོགས་སྡེ་ཞིག་ཏུ་བསྒྱུར་འདོད་ན་གྲོང་གསེབ་ནས་འགོ་འཛུགས་དགོས།

རྩོམ་རིག

Post navigation

Previous Post: བདག་གི་གངས་རི་དྲན་པ།
Next Post: བཀྲས་མཐོང་པའི་བཟང་སྤྱོད་དང་འབྲེལ་བའི་དཔྱད་གཏམ།

Comments (3) on “དགག་འོས་པའི་ལུགས་སྲོལ་ངན་པ་དང་འབྲེལ་བའི་རྐྱེན་ངན་ཞིག”

  1. ༜࿋དབྱངས་བུ། says:
    2011-01-09 at 10:51 am

    གོ་རྒྱུ་ཆེ་བ་མི་འདུག་ཀྱང། བྲིས་པ་ལེགས།

  2. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-03-13 at 3:55 am

    བོད་ཀྱི་གྲོང་གསེབ་ཁ་ཤས་ནང་ད་དུང་འདི་འདྲའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་མང་པོ་གོ་རྒྱུ་འདུག་པས་ད་གང་མགྱོགས་དུས་རབ་ཉེར་གཅིག་པའི་ཚོགས་སྡེ་ཞིག་ཏུ་འགྱུར་རན་འདུག དེ་མིན་གྲངས་ཉུང་མི་རིགས་འདི་སྟོང་ཉེན་ཆེན་པོ་འདུག

  3. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-03-13 at 3:57 am

    ༼བསྐྱར་བཅོས།༽

    བོད་ཀྱི་གྲོང་གསེབ་ཁ་ཤས་ནང་ད་དུང་འདི་འདྲའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་མང་པོ་གོ་རྒྱུ་འདུག་པས་ད་གང་མགྱོགས་དུས་རབ་ཉེར་གཅིག་པའི་ཚོགས་སྡེ་ཞིག་ཏུ་བསྒྱུར་རན་འདུག དེ་མིན་གྲངས་ཉུང་མི་རིགས་འདི་སྟོང་ཉེན་ཆེན་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme