Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནག་ཉེས་ངོས་མ་བླངས་པའི་ནག་ཉེས།

Posted on 2008-06-202008-06-20 By lungrik No Comments on ནག་ཉེས་ངོས་མ་བླངས་པའི་ནག་ཉེས།

ཚེ་དབང་རིག་འཛིན།
མིའི་རིགས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའི་བཀག་རྡོ་ཅི་ཞིག་ལ་འཕྲད་ཡོད་དམ། རང་གཞན་སུ་ཞིག་གིས་བཟོས་པ་ཡིན་ནམ། ཡང་སྙིང་འདི་དག་ལ་གདོང་ལེན་ཇི་ལྟར་བྱས་ན་བཟང་ངམ། དྲི་བ་འདི་དག་གིས་རྐང་བཙུགས་ཏེ་དྲིས་ལན་འཚོལ་བར་རིགས།

དང་པོ། མཚམས་འདི་ནས་དགོས་དབང་གིས་འུ་ཚོའི་ལོ་རྒྱུས་ལ་ཕྱི་མིག་ཅིག་འཕེན། དུས་རབས་བཅུ་བདུན་པའི་ནང་ཨི་ཊ་ལིའི་མཚན་ཉིད་རིག་པ་བ་པཱི་རུ་ནོ་རོ་མའི་མེ་ཏོག་ཐང་ཆེན་དུ་གསོན་བསྲེགས་བྱས་པ་དྲན་འོང་། ཁོང་གིས་མཚན་ཉིད་རིག་པའི་རང་ལུགས་སྟངས་འཛིན་བྱས་པར་བརྟེན་རོ་མའི་ཆོས་ཚོགས་ཀྱིས་ལྟ་ལོག་དང་གདོན་འདྲེར་སྙད་དེ་མནར་གཅོད་གྲངས་མེད་དང་བཅས་སྲོག་ཐོག་ཏུ་བཏང་བ་རེད། གོ་རྟོགས་དམན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཡུལ་དུས་གང་དུའང་། ཤེས་ཡོན་པ་རྣལ་མ་ཚོར་འདི་འདྲའི་ཞྭ་ནག་པོ་དང་ཁྲིམས་བཙན་པོ་མགོ་ཐོག་ཏུ་བབས་པ་ཉུང་ཉུང་ག་ལ་ཡིན། ཐ་ན་སོ་སོའི་ཕ་དང་སློབ་དཔོན་གྱིས་ཀྱང་རང་གི་ལྟ་ཚུལ་དང་མ་མཐུན་ན་བུ་དང་སློབ་ཕྲུག་ཀྱང་ལྟ་ལོག་དང་བསྟན་བཤིག་སོགས་ཀྱིས། མི་དཀར་པོར་ཞྭ་ནག་པོ་གཡོགས་ཏེ་རྒྱང་ཕུད་དུ་བཏང་བ་སོགས་སྐྱུག་བྲོ་བའི་ལོ་རྒྱུས་བྱུང་ཡོད། སློབ་དཔོན་ཕྱོགས་གླང་གིས་རང་གི་ཡབ་མེས་ཀྱི་བྲམ་ཟེའི་ཆོས་ལུགས་ལ་དོགས་སློང་དང་དགག་སྒྲུབ་བྱས་པ་དང་། གནས་མ་པའི་སྡེ་བའི་བརྗོད་མེད་ཀྱི་བདག་ཡོད་པའི་ལྟ་ཚུལ་ལ་མི་འཐད་པའི་རྣམ་འགྱུར་བསྟན་པར། རང་གི་ཕ་དང་སློབ་དཔོན་གྱིས་རྒྱང་ཕུད་བཏང་བ་ལྟ་བུ་རེད། རང་ཅག་གི་ཉེ་རབས་ལོ་རྒྱུས་ལ་མཚོན་ན། མང་གཙོའི་ལམ་ལུགས་ལ་ཅུང་རྒྱུས་མངའ་ཆེ་བའི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱིས། ང་ཚོའི་བཀས་བཀོད་རྒྱུད་འཛིན་གྱི་ཆབ་སྲིད་ལམ་ལུགས་དེ་མང་གཙོར་བསྒྱུར་རྒྱུའི་སྟ་གོན་བྱས་པར། གོ་རྟོགས་དམན་ཞིང་ལྟ་བ་མཁྲེགས་པའི་གཤེད་མ་དེ་དག་གིས་མིག་འབྲས་བཏོན་པའི་ཡ་ང་བའི་མཇུག་འབྲས་བྱུང་བས། རང་བཅད་ན་རང་ཐུང་བ་དང་། རང་གཞོག་ན་རང་ཕྲ་བའི་བྱས་ཉེས་བཞག་པ་མ་ཡིན་ནམ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྔ་གཞུག་ལོ་བཅུ་ལྷག་གི་རིང་ལ་ཕྱིའི་རྒྱལ་ཁབ་ཏུ་སྤྲང་ཉུལ་གྱིས་དཀའ་སྡུག་སྣ་མང་ལ་མ་འཛེམས་པར་ང་ཚོའི་མུན་ནག་གི་མདུན་ལམ་ལ་འོད་སྣང་རེ་འཕྲོ་ཨེ་ཐུབ་ཀྱི་བསམ་པ་རྣམ་དག་གིས་རེ་འདུན་ཆེན་པོ་འཆང་སྟེ་ཕྱིར་ཕེབས་དུས། ཞེ་མེལ་ཞིང་ཡིད་གཏིང་ནས་ཆད་པ་ཞིག་ལ་ཡང་ང་ཚོའི་ལྟ་བ་སྒེར་གཅོད་དང་རིག་གནས་གཅིག་བསྡུད་ཀྱིས། མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་ཐོབ་ཐང་གལ་བོ་ཆེ་དག་ལ་ངོས་འཛིན་དང་བརྩི་མཐོང་ཅི་ཡང་མེད་པའི་རྨོངས་བརྟུལ་མཁན་པོ་ཚོས། ལྟ་ལོག་དང་བསྟན་བཤིག་སྨྱོན་པ་སོགས་དབང་ཡོད་ཀྱིས་ཞྭ་ནག་པོ་གཡོགས་ཏེ་ང་ཚོའི་མདུན་ལམ་ལ་བཀག་རྡོ་ལས་ལྷག་པ་རེ་བཞག་པ་མ་ཡིན་ནམ། ཤེས་ཡོན་པ་རྣལ་མ་ཚོ་ནམ་རྒྱུན་ཕུགས་རྒྱང་གི་སླད་དུ་མང་མང་གི་ཁ་གཏད་དུ་འགྲེང་དགོས་པའང་ཆོས་ཉིད་ཅིག་རེད། དོན་དམ་དུ་ལྟ་ལོག་དང་བསྟན་བཤིག་སོགས་སུ་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ངེས་རེད། འཕྲོས་བཤད་དེ་དག་གིས་འུ་ཚོས་ཅི་ཞིག་ལེན་དགོས་ཟེར་ན། ནག་ཉེས་ལ་ནག་ཉེས་ངོས་ཟིན་གསལ་བོ་ཡོད་པའི་སྒོ་ནས་ཡང་བསྐྱར་དེ་དག་མི་འབྱུང་བའི་གོ་རྟོགས་རྣལ་མ་ཞིག་ལེན་རྒྱུ་དེ་ཡིན། སྤྱིར་ཁ་སང་གི་ལོ་རྒྱུས། དེ་རིང་ཕྱིར་རྟོགས་བྱེད་པའི་དགོས་པའང་། སང་ཉིན་གྱི་སླད་དུ་ཡིན་པ་ལས་ལོ་རྒྱུས་ཀྱི་ཆེད་དུ་འཆད་ཉན་སོགས་ཡིན་མི་རིགས། གཉིས་པ། མིའི་རིགས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའི་བཀག་རྡོ་རང་བཞིན་སུ་ཞིག་གིས་བཟོས་པ་ཡིན་ཟེར་དུས། འུ་ཚོ་རང་ཉིད་ཀྱིས་རང་ཉིད་ལ་དྲི་རྟགས་ནག་པོ་ཞིག་བརྒྱབ་ཡོད་པ་མ་ཡིན་ནམ། གོང་བཤད་དངོས་ཡོད་ཀྱི་ལོ་རྒྱུས་ཐུང་ཐུང་ཚོས་གསལ་བཤད་ཡང་དག་ཅིག་བྱས་ཡོད་པ་མ་ཡིན་ནམ། དྲན་སྐུལ་རྣལ་མ་ཞིག་བསླངས་ཡོད་པ་མ་ཡིན་ནམ། མི་བུ་ཚོར་དེ་ལྟར་ཡིན་ཡང་། འུ་ཚོར་འདིའི་ཐད་ཀྱི་གོ་རྟོགས་དང་བསམ་བློ་དམན་པས་ངོས་འཛིན་གསལ་བོ་ཞིག་མེད་པ་དཀའ་ཁག་ཅིག་རེད། མིའི་རིགས་ཀྱི་སྔོན་ཐོན་པ་དེ་དག་གིས་ཁ་སང་གི་བྱས་ཉེས་ལ་འགྱོད་བཤགས་བྱས་ཤིང་། སང་ཉིན་སླར་ཡང་དེ་ལྟར་མི་བྱེད་པའི་དམ་བཅའ་བཞག་ཡོད། ཨི་ཊ་ལིའི་རོ་མ་མེ་ཏོག་ཐང་ཆེན་དུ་མཚན་ཉིད་རིག་པ་བ་པཱི་རུ་ནོ་གསོན་བསྲེགས་བྱས་པར་དྲན་གསོའི་རྡོ་རིང་བཙུགས་ཡོད་ཀྱང་། འུ་ཚོའི་བྱས་ཉེས་ལ་འགྱོད་བཤག་མེད་ཅིང་རྡོ་རིང་མེད་པས། འུ་ཅག་གི་བར་ལ་ལེ་དཅ་སྟོང་ཕྲག་གིས་ཆོད་པ་མཚོན་ཡོད་པ་མ་ཡིན་ནམ། བལྟས་བལྟས་རིག་རིག་ལ། མིག་བཙུམ་རྒྱུ་ཡིན་ནམ། ཤེས་ཤེས། གོ་གོ་ལ། མཁྲེགས་འཛིན་བྱ་རྒྱུ་ཡིན་ནམ། ཅིའི་ཕྱིར། འུ་ཚོས་ཀྱང་བྱས་ཉེས་ལ་འགྱོད་བཤག་གི་རྡོ་རིང་ཞིག་འཛུགས་མ་ཐུབ་པ་ཡིན་ནམ། དྲིས་ལན་གསུམ་པ་ཞར་དང་ཞོར་ལ་བཏབ་ཟིན་པས་ཡང་བསྐྱར་ངལ་བ་བརྟེན་མི་དགོས།

རྩོམ་རིག

Post navigation

Previous Post: རྒྱུ་སྐར་མིག་དམར་གྱི་སྟེང་དུ་འཕྲུལ་ཆས་སླེབས་པ།
Next Post: ཁྱེད་རང་འཇབ་ནས་ཤོག་དང༌། ༼སྙན་ངག་ཚན་པ་གཉིས༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme