Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲི་དང་རྒྱ་ནག་ལ་བརྡ་ལན་བར་གླེང་བ།

Posted on 2010-12-31 By དབང་ཕྱུག་ 7 Comments on བཀའ་ཁྲི་དང་རྒྱ་ནག་ལ་བརྡ་ལན་བར་གླེང་བ།

བློ་གྲོས།

མི་ལོ་ལྔ་བཅུའི་སྔོན་ལ། གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་མང་གཉིས་ཀ་དམངས་གཙོའི་ལམ་དུ་འཁྲིད་གནང་མཛད་པ་རེད། སྤྱི་ཚོགས་རྙིང་པའི་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་ཡག་ན་འདྲ། སྡུག་ན་འདྲ། སྒོ་བརྒྱབ་ཚར་ནས་ལོ་ལྔ་བཅུ་ཕྱིན་པ་རེད། ད་ནི་དེའི་ཤུལ་ལྷག་ཅིག་གང་ནའང་མེད་པ་རེད། འདི་ནི་ང་ཚོའི་དམངས་གཙོའི་འཕེལ་རིམ་གྱིས་ཕྱི་གཙང་ནང་གཙང་བྱས་ཚར་བའི་གྲས་ཤིག་རེད།
ལོ་ལྔ་བཅུའི་རྗེས་ཀྱི་ད་ཆ་ལ་མཚོན་ན། རྒྱ་ནག་གཞུང་གིས་བོད་རྒྱའི་གནད་དོན་ཐག་གཅོད་བྱེད་པའི་གོ་རིམ་ནང་དུ། བཙན་བྱོལ་བོད་ཀྱི་དམངས་གཙོའི་ལམ་སྲོལ་འདི་མུ་མཐུད་གནས་ཤིང་། གཉིས་སྨན་དབུ་མའི་ལམ་ནས་བོད་དོན་ཐག་གཅོད་བྱས་པའི་རྗེས་སུ་བཙན་བྱོལ་བོད་ཀྱི་དམངས་གཙོའི་ལམ་སྲོལ་འདི་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་ས་ཁོངས་ཧྲིལ་པོར་ཁྱབ་རྒྱུར་ངེས་པ་འདི་ཉེན་ཁ་ཞིག་ཏུ་མཐོང་གི་ཡོད་པ་ལས། སྤྱི་ཚོགས་རྙིང་པ་ཟེར་བ་ཞིག་ཡོང་རྒྱུ་མེད་པ་ཤེས་ཀྱི་ཡོད་ནའང་། བོད་ཕྱི་ནང་བར་དང་བོད་གཞུང་མང་བར་གྱི་མཐུན་ལམ་ལ་གས་ཁ་གཏོང་ཆེད་དུ་སྤྱི་ཚོགས་རྙིང་པ་རོི་ལངས་རྒྱག་གི་ཡོད་པ་དེ་དྲིལ་སྒྲོག་ཡོ་བྱད་ཚོའི་ནང་གི་ནུས་པ་ཆེ་ཤོས་གཅིག་ལ་བརྩི་གི་ཡོད་པ་རེད།
ང་ཚོའི་དམངས་གཙོའི་འཕེལ་རིམ་འདི་ནི་འགོག་ཏུ་མེད་པའི་སྟོབས་ཤུགས་ཤིག་ཆགས་ཡོད། འདི་ནི་རྒྱ་ནག་གཞུང་ལ་གོ་བརྡ་སྤྲོད་བྱེད་དང་། བརྡ་སྟོན་ཞིག་ཆགས་ཡོད་པ་རེད། འདི་ལ་རྒྱ་ནག་གཞུང་ཞེད་ཀི་རེད་ལབ་ན་དེ་ནི་གནས་ལུགས་ཤིག་རེད། སྤྱི་ཚོགས་རྙིང་པ་རོ་ལངས་ཟེར་ལབ་ཀྱི་ཡོད་པ་ནི་གཟུགས་མེད་གྲིབ་བཟོ་ཞིག་ལས་གང་ཡང་མ་རེད། ཡིན་ནའང་། རྒྱ་ནག་གཞུང་གིས་ཁ་ན་ན་བར་བཤད། ལག་ན་ན་བར་བྲིས་པ་དེས་བོད་རིགས་གཞོན་སྐྱེས་ཁག་ཅིག་ལ་དོགས་པ་རྣམ་རྟོག་གི་བཟོ་འདྲ་པོ་ཞིག་བསླངས་ཡོད་པ་རེད། དེ་གསལ་པོ་གསལ་རྐྱང་རེད། བཀྲས་མཐོང་སླེབས་ན་སྥྱི་ཚོགས་རྙིང་པར་ཐག་ཉེ་ཚུལ་དང་། བློ་སེང་སླེབས་ན་སྤྱི་ཚོགས་རྙིང་པའི་སྒོ་ཞིག་ཁེག་འགྲོ་གི་ཡོད་ཚུལ་གླེང་སློང་བྱེད་སྟངས་འདི་རིགས་ནི། རྒྱ་ནག་གི་དྲིལ་བསྒྲགས་དེས་ཐོན་པའི་འབྲས་བུ་རེད་འདོད། དམངས་གཙོའི་འཕེལ་རིམ་འདི་ཁས་ལེན་གྱིན་ལེན་གྱིན་ལ། སྤྱི་ཚོགས་རྙིང་པའི་སྒྲོམ་གཞི་ཟེར་ནས་གླེང་སྟངས་འདི་གཉིས་ནི་གཞི་གཅིག་ལ་བཞག་ནས་བསྡུར་སྟངས་ཤིག་ཡོང་མི་ཤེས་པ་འདྲ་པོ་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་འདི་ནན་གྱིས་བསྡུར་མཁན་འདུག འཕྲལ་གྱི་ཁེ་ཕན་ཞིག་གི་ཁྱབ་བསྒྲགས་ཙམ་ལ་ཕན་གྱི་ཡོད་སྲིོད་ནའང་། དབྱེ་ཞིབ་པ་ཞིག་གིས་བསྡུར་སྟངས་འདིར་དཔྱད་ཞིབ་བྱས་པ་ཡིན་ན། དེས་མང་གཙོའི་འཕེལ་རིམ་འདིར་དངོས་ཡོད་གནས་སྟངས་གཞིར་བཞག་གི་འགན་ཞིག་ཁུར་བའི་རྣམ་པ་ཡོད་པ་མ་རེད།
ངས་ཅི་བཤད་བསམ་པ་ཡིན་ལབ་ན། ཁ་སང་དེ་རིང་གི་བཤད་སྟངས་ཤིག་ལ། གཞོན་སྐྱེས་ཤིག་བཀའ་ཁྲིར་སླེབས་པ་ཡིན་ན། ཡང་ན་མི་ཚང་དཀྱུས་མ་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཤིག་བཀའ་ཁྲིར་སླེབས་པ་ཡིན་ན། དེས་རྒྱ་ནག་གཞུང་ལ་བརྡ་གསལ་པོ་ཞིག་སྟོན་གྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་ནམ་རྒྱུན་བཤད་བཞིན་པ་སྤྱི་ཚོགས་རྙིང་པ་རོ་ལངས་སྐོར་གྱི་སྐད་ཆ་དེ་ཚོར་ལན་འདེབས་ཤིག་ཆགས་ཀྱི་ཡོད་རབས་ཟེར་གྱི་ཡོད་པ་དེ་ནི་སྐད་ཆ་བྱབ་ཆུང་ཞིག་རེད་འདོད། གང་ཡིན་ཟེར་ན། གོང་ས་མཆོག་གིོས་བོད་རྒྱ་ཆེའི་མི་མང་ལ་དམངས་གཙོའི་ལམ་སྲོལ་བླ་ནས་སྩལ་བ་དེས་རྒྱ་ནག་གཞུང་ལ་གོ་བརྡ་ཞིག་སྤྲད་ཡོད་པ་ལས། དེའི་ཕན་ནས་སང་ཉིན་གྱི་བཀའ་ཁྲིར་སུ་གང་ཞིག་སླེབས་པ་ཡིན་ནའང་། དེར་རྒྱ་ནག་གཞུང་འདར་ཟུག་གང་ཡང་རྒྱག་གི་མ་རེད། ང་ཚོའི་སྟོབས་ཤུགས་ཀྱིས་ད་རེས་རྒྱ་ནག་གཞུང་འདར་ཟུག་ཅིག་རྒྱག་འཇུག་རྒྱུ་ཡིན་པའི་དབང་དུ་བཏང་ན། བཀའ་ཁྲིའི་འགྲན་རྩོད་འདིར་དོ་སྣང་དང་དེར་ཡ་མཚན་པོས་བལྟ་སྲིད་པ་ཞིག་རེད་མ་གཏོགས། གཞོན་སྐྱེས་ཤིག་སླེབས་པས་རྒྱ་ནག་གཞུང་ལ་འདར་ཟུག་གང་ཡང་རྒྱག་གི་མ་རེད། མི་ཡུལ་གྱི་མི་ཁྲིམས་ཀྱིས་མ་ཚད། ལྷ་ཡུལ་གྱི་ལྷ་ཁྲིམས་ལ་མཁས་པ་ཡིན་ནའང་། དེས་གོང་ས་མཆོག་གིས་དམངས་གཙོའི་སྲོལ་བཟང་ཕྱེས་པ་དེ་ལས་ལྷག་པའི་བརྡ་ལན་ཞིག་དང་གོ་བརྡ་ཞིག་སྤྲོད་རྒྱུ་མེད་པ་རེད། འདི་འདྲ་ཡིན་བརྟེན། གཏམ་བཤད་དང་གསུང་བཤད། རྩོམ་འབྲི་དང་མཆན་འབྲི་གང་ལ་མཚོན་ནའང་། གནས་ལུགས་ལ་མཐོང་འཇོག་དགོས་པ་རེད་འདོད། སྔ་རྗེས་ལ་བསམ་བློ་ཐོངས་པོ་དགོས་པ་རེད་འདོད།

སྣ་ཚོགས།

Post navigation

Previous Post: སེང་གེ་གསུམ་འཛོམས།
Next Post: ཁྱོད་དྲན་སྟངས་ཤིག

Comments (7) on “བཀའ་ཁྲི་དང་རྒྱ་ནག་ལ་བརྡ་ལན་བར་གླེང་བ།”

  1. དཀོན་མཆོག says:
    2010-12-31 at 8:07 am

    དེང་སང་བོད་པ་རྣམས་ལ་ནད་ཡམས་ཤིག་ཁྱབ་འདུག ཕལ་ཆེར་ནུབ་ཕྱོགས་ནས་མཆེད་པའི་ནད་ཡམ་ཞིག་ཡིན་པ་འདྲ། ནད་ཡམས་དེ་བཀའ་ཁྲི་འོས་བསྡུའི་ལས་འགུལ་ལ་ཡང་ཁྱབ་འདུག ནད་ཡམས་དེའི་མིང་ལ་བསྡུ་དགའ་ཟ་དགའ་ཟེར། མི་ཁ་ཤས་ཀྱིས་ཞལ་འདེབས་བསྡུས་ཏེ་ཟ་ཡ་དགའ་པོ་ཆགས་འདུག བོད་ནང་ས་འགུལ་ཆུ་རུད་བྱུང་རིམ་བཞིན་ཕྱི་རྒྱལ་ནས་ཞལ་འདེབས་བསྡུས་ཏེ་ཟོས། བོད་དོན་ལས་འགུལ་གོམ་བགྲོད་སོགས་ཚང་མ་ལ་ཞལ་འདེབས་བསྡུས་ཏེ་ཟོས། ༸སྐྱབས་མགོན་རིན་པོ་ཆེའི་མཛད་རིམ་ཆིབས་སྒྱུར་ཚང་མ་ལ་ཞལ་འདེབས་བསྡུས་ཏེ་ཟོས། ད་བཀའ་བློན་ཁྲི་པ་འོས་བསྡུ་ལ་ཡང་ཞལ་འདེབས་བསྡུས་ཏེ་ཟོས། ད་ག་རེ་ལ་ཞལ་འདེབས་བསྡུ་དགོས་སམ། ད་ལྟ་ནས་བསམ་བློ་ཐོངས།
    བཀྲས་མཐོང་བློ་སེང་གཉིས་སྔ་མོ་ནས་ཨ་རིར་སླེབས་ཡོད། སློབ་གྲྭ་སྐད་གྲགས་ཅན་ནང་ཕྱག་ལས་གནང༌། སློབ་གྲྭ་དེ་ཚོར་སློབ་ཕྲུག་གི་སློབ་ཡོན་མཐོན་པོ་ཡིན་ལ། དགེ་རྒན་ལ་གླ་ཕོགས་ཀྱང་ཆེན་པོ་རེད། ཁོང་གཉིས་ལ་དངུལ་མེད་དོན་ཅི་ཡིན་ནམ། བུན་ལོན་མ་སོད་མཁན་དང་གསང་སྤྱོད་དང་ཕོར་པ་འཁྲུ་མཁན་ས་ནས་ཞལ་འདེབས་བསྡུ་དགོས་པ་ག་རེ་ཡིན་ནམ། སྐུ་ངོ་བཀྲས་མཐོང་ནས་༡༩༩༤་ལོ་ནས་ནང་མིའི་ཆེན་དུ་བཀའ་བློན་དགོངས་པ་ཞུས་ཏེ་ཡོང་བ་ཡིན་གསུངས་སོང༌། ལོ་བཅུ་དྲུག་ཙམ་ནང་མིའི་ཆེད་ཨ་རི་ནང་ཕྱག་ལས་གནང་འདུག ད་དུང་རྒྱ་གར་ནང་ཕར་ཚུར་ཕེབས་པའི་ལམ་གྲོན་ཞལ་འདེབས་བསྡུ་དགོས་པ་ག་རེ་ཡིན་ནམ། དངོས་གནས་ཧ་གོ་མ་སོང༌། བར་རུག་དེ་བར། བསྡུ་དགའ་ཟ་དགའ་འགའ་ཞིག་གིས་བྱས་པ་མིན་ནམ་སྙམ།

  2. རྭ་འཕྲིན་བཟང་ says:
    2010-12-31 at 9:30 am

    བློ་གྲོས་ལགས། ཁྱེད་ཀྱི་རྩོམ་ཡིག་དེ་བློ་སེང་གིས་གཏམ་བཤད་ཟིན་བྲིས་བྱས་བ་ཞིག་ལས་གཞན་ཅང་གོ་རྒྱུ་མེད་གི། བློ་སེང་གིས་གཞོན་སྐྱེས་ཤིག་བཀའ་ཁྲིར་ཕེབས་པ་ཡིན་ན་རྒྱ་ནག་ལ་གནད་དོན་མང་པོ་ཞིག་གི་ཐད་ནས་གོ་བརྡའ་ཞིག་སྤྲོད་གི་ཡོད་པར་ངོས་འཛིནབྱེད་གི་འདུག་མོད་། འདི་ནི་ངས་བསམ་ན་ཕར་རིའི་སྤང་རེད། རྒྱུ་མཚུན་ནི་།ཁྱོད་ཀྱིས་གོ་བརྡའ་སྤྲོད་ས་དེ་གོ་བརྡའ་འཕྲོད་ས་ཞིག་ཡིན་མིན་ཤེས་ཀྱིན་མེད་པ་འདྲ། ཁྱེད་ཀྱིས་གནས་ལུགས་བཤད་ས་དེ་གནས་ལུགས་བརྩི་མཁན་ཅིག་ཡིན་མིན་ངོ་ཤེས་མེད་པའདྲ། གཙོ་བོ་ང་ཚོའི་གཞོན་སྐྱེས་ཚོ་གོ་བརྡའ་རེ་སྤྲོད་རྒྱུ་ཡོད་ཚེ་དགའ་བསུ་ཞུ

  3. དབང་ཆེན། says:
    2010-12-31 at 11:24 am

    རང་གི་མི་རིགས་ནང་ལ་བརྡ་འཕྲོད་ན། །གཞན་རིགས་ཕ་རོལ་ལྷག་ཀྱང་རེ་ཞིག་ཆོག །རང་རིགས་དཀྲུགས་པའི་ཐུར་མར་གྱུར་བ་ན། །གཞན་དང་གྲོས་མཐུན་ཡོང་ཀྱང་རང་འདོད་ཙམ། །

  4. བཀྲ་རྡོར། says:
    2010-12-31 at 12:43 pm

    བློ་གྲོས་ལགས་ཁྱེད་ཀྱིས་གསུངས་པ་དེ་བདེན་པ་རེད། དེང་སང་ཀླད་པ་སྟོང་བ་འགའ་ཞིག་གིས་བློ་སེང་བཀའ་ཁྲི་སླེབས་པ་ཡིན་ན། མི་དཀྱུས་མ་ཞིག་གི་མི་བཀའ་ཁྲིར་སླེབས་པ་དང་པོ་ཡིན་པ་ལྟ་བུ་བརྗོད་ཀྱི་འདུག
    དངོས་གནས་གླེན་པ་ནི་གླེན་པ་རང་རེད། བོད་ཀྱི་ལོ་རྒྱུས་ལ་རྒྱུད་ང་རྩ་བ་ནས་མི་འདུག ཨ་རོགས་གླེན་པ་ཚོར་ཉོན་ཞིག་བདག་གི་ཁྱེད་ཅག་ལ་མི་སྣ་ཞིག་ངོ་སྤྲོད་བྱས་ཆོག ཟུར་ཁང་གི་གཡོག་པོ་དབང་འདུས་རྡོ་རྗེ་ལགས་ཁོང་གིས་བཀའ་བློན་ཁྲི་གནང་ཡོད་པ་རེད། ད་ཧ་གོ་སོ་ངས།

  5. ལྷ་ས་ཨབ་སོབ། says:
    2010-12-31 at 7:17 pm

    གླུ་ཨ་ལ་ཐ་ལ་ཐ་ལ་རེད། ཐ་ལ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་ལུགས་རེད། །དུས་དེ་རིང་གླུ་ཞིག་ལེན་ལེ་དེ། །དཔལ་བཀའ་བློན་ཁྲི་པའི་ཕྱོགས་ལ་རེད། །ས་འདི་ས་ངོ་མ་ཤེས་ན། །རྒྱ་གར་འཕགས་པའི་ཞིང་ཁམས་ཀྱི། །རྡ་རམ་ས་ལ་ཞེས་བྱ་རེད། །བཙན་བྱོལ་བོད་མིའི་བསྟི་གནས་རེད། །༧གོང་ས་མཆོག་གི་བཞུགས་གནས་རེད། །མི་ང་འདྲ་ང་ངོ་མ་ཤེས་ན། །གླིང་གི་ལྷ་ས་ཨབ་སོབ་ཡིན། །གླིང་གི་འདུ་ར་གོང་མ་ན། །བློ་སེང་དཔལ་ལྷ་མི་བཅང་དང་། །བསྟན་རྣམ་གདན་མ་བྱང་ཁྲ་གཉིས། །དཔལ་བཀའ་བློན་ཁྲི་པའི་ཁྲི་ལ་རྩོད། །བློ་སེང་དཔལ་ལྷ་མི་བཅང་གིས། །ང་ཨ་རིའི་མཐོ་རིམ་སློབ་གྲྭ་ནས། །ཁྲིམས་ལུགས་རིག་པའི་ལག་ཁྱེར་བླངས། །རྒྱ་བོད་འབྲེལ་བའི་ཟམ་པ་བཙུགས། །འཛམ་གླིང་ལྡིང་ཆ་མང་པོ་འགྲིམས། །བཙན་བྱོལ་ཚོགས་སྐྱིད་འདྲ་མིན་ནང་། །མཁས་པའི་མིང་ནས་ལེགས་སྦྱར་དང་། །སློབ་སྦྱོང་མང་པོ་སྤྲད་སྤྲད་ནས། །གཞོན་སྐྱེས་ཀུན་གྱི་གཙུག་ནོར་དང་། །མཁས་པ་ཀུན་གྱི་ཡང་རྩེ་ཡིན། །གསར་གཏོད་ལམ་བུའི་དེད་དཔོན་དང་། །རང་སྐྱ་འཕེར་བའི་སྣེ་ཁྲིད་དང་། །གཅིག་འགྲིལ་བཟོ་བའི་སྦྱར་བརྩི་དང་། །དམག་འབུམ་དམག་བརྒྱ་ཡི་བདག་པོ་དང་། །དགྲ་ནག་པོའི་སྟེང་དུ་ཐོག་ལས་ངར། །དཔལ་ལྷ་མི་བཅང་དཀར་པོ་བཞེས་། །དཔལ་བློ་ཁོག་ཅན་གྱི་མི་ཡིན་པས། །འོས་ཤོག་ང་ལ་བླུགས་དགོས་ཟེར། །བསྟན་རྣམ་གདན་མ་བྱང་ཁྲ་ཡིས། །རང་ལོ་བཅུ་བདུན་ལོ་ནས་བཟུང་། །བཙན་བྱོལ་གཞུང་གི་ཞབས་འདེགས་ཞུས། །གཞོན་ནུ་ལྷན་ཚོགས་འཛུགས་མཁན་དང་། །ཤེས་བྱའི་དུས་དེབ་གསར་བསྟོད་དང་། །སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས། །གངས་ཅན་བོད་ལ་ཕྱིན་པ་ཡིན། །ཨ་རིའི་གཞུང་མང་གཉིས་ཀ་ལ། །བོད་གོ་རྟོག་སྤེལ་ཐབས་སུ། །ཚོགས་པ་མང་པོ་བཙུགས་པ་དང་། །འགྱངས་སྲིང་རླུང་འཕྲིན་རྣམ་གཉིས་དང་། །དགེ་རྩ་ཚོགས་པ་མང་དག་བསྐྲུན། །ཨ་རི་བདེ་ལྡན་ཞིང་ཁམས་སུ། །བོད་མི་ཆིག་སྟོང་དྲང་བ་དང་། །༧གོང་ས་སྐྱབས་མགོན་ཆེན་པོ་མཆོག །ཐོག་མར་ཨ་རིར་གདན་འདྲེན་ཞུས། །དམག་སྔ་དྲོ་འགྲོ་བའི་སྔ་མ་དང་། །ཕྱི་དྲོ་ལོག་པའི་རྗེས་མ་ཡིན། བྱས་རྗེས་ཡོད་པའི་མི་ཡིན་པས། །འོས་ཤོག་ང་ལ་བླུགས་དགོས་ཟེར། །གླིང་གི་དཔའ་མང་ཚང་འཛོམས་སར། །དཔལ་གདན་གཉིས་ཀྱི་རྩོད་གཞིར་དེར། །བསམ་ཚུལ་མི་མཐུན་མང་དུ་བྱུང་། །དཔལ་ལྷ་ལོ་ན་གཞོན་པ་དང་། །ཉམས་མྱོང་མེད་པའི་མི་ཡིན་པས། །བཀའ་བློན་ཁྲི་བ་མི་ཡོང་ཞིང་། །གདན་མ་ཉམས་མྱོང་ལྡན་པ་དང་། །འཇོན་སྟངས་ཅན་གྱི་མི་ཡིན་པས། །བཀའ་ཁྲི་ཁོང་ལ་བླུག་དགོས་ཟེར། །དེ་ལྡར་གླིང་གི་ཚོགས་འདུ་དེ། །བསམ་ཚུལ་མི་མཐུན་མང་བྱུང་ནས། །སང་ལོའི་ཕྱི་ཟླ་གསུམ་པའི་བར། །ཚོགས་འདུ་ད་གའི་ངང་ལ་གྲོལ། །

  6. sonam choephel says:
    2010-12-31 at 7:31 pm

    བློ་གྲོས་ཀྱིས་བསམ་ཚུལ་ལྟོས་ནས་མཐོང་ཚུལ།
    ཁྱེད་རྣམས་ཀྱི་ཞེན་འདོད་ནི་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་སླེབས་རྒྱུ་དེ་རེད། ཁོང་བཀའ་ཁྲིར་སླེབ་པ་ཡིན་ན་དམིགས་གསལ་གྱི་ནུས་པ་གང་ཡང་ཡོད་མ་རེད། རྒྱུ་མཚན་ནི་མི་ལོ་སུམ་ཅུ་ལྷག་ཙམ་རིང་ལ་བཀའ་བློན་ཁྲི་པ་བར་དུ་གནང་ཟིན་པ་མ་ཟད་བློ་རིག་དང་རྣམ་དཔྱད་ཡོངས་རྫོགས་སྟོན་ཟིན་པ་རེད། ཁོང་གི་བྱས་རྗེས་སྐོར་འདིར་མི་ཞུ་ཁྱེད་རྣམ་པའི་མང་པོ་གསུང་ཟིན་པར་རེ་འགའ་བདེན་ལ་རེ་མི་བདེན། ངས་ཁོང་གི་མ་འཇོན་པའི་གནས་ཚུལ་མང་པོ་ནང་ནས་ཅིག་རང་ཟུར་འདོན་ཞུ་ན། ཁོང་བཀའ་ཁྲྲི་སྐབས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དཀའ་རྙོག་རིམ་པ་མང་པོ་བྱུང་ཡོད་པའི་ནང་ནས་ཆེ་ཤས་ཅིག་ནི་ཆུ་བཞི་སྒང་དྲུག་གི་དཀའ་རྙོག་དེ་རེད། དེ་ནི་མི་དམངས་ནང་ཁུལ་གྱི་འགལ་ཟླ་ཡིན་པ་ལས་དགྲ་དང་རང་ཕྱོགས་བར་གྱི་འགལ་ཟླ་ཞིག་རྩ་བ་ཉིན་ནས་མིན་ཀྱང་སྐབས་དེར་ཁོང་ལ་དཀའ་རྙོག་དེ་སེལ་ཐབ་ཀྱི་རྣམ་དཔྱད་མེད་ལ་བློ་ཁོག་གི་དྲང་ཚུབ་དེ་ཡང་མེད། ཆུ་བཞི་སྒང་དྲུག་གི་འགོ་འཛིན་རྒྱུན་ལས་དེ་ཚོ་གཙོས་བོད་མིའི་སྤྱི་ཚོགས་ནས་མཐར་བྲལ་བཏང་རྒྱུ་དམིགས་ཡུལ་དེ་མ་གཏོགས་ནང་འགྲིག་གི་ལས་དོན་སྣ་ཅིག་གནང་མྱོང་མེད། ཐབ་སྡུག་གི་གནས་ཚུལ་དེ་མཐར་༢༠༠༡ལོར་༸གོང་ས༸་མཆོག་གིས་ཆུ་སྒང་རྒྱུན་ལས་རྣམས་ནམ་མཁའ་གཡར་དག་དང་ས་གཞི་སྡུས་དག་གི་བཀའ་སློབ་མ་ཕེབས་བར་དུ་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་དེ་བཞི་མི་བདེ་བརྒྱད་མི་བདེ་བའི་དགྲ་དགའ་གཉེན་སྡུག་གི་སྔོག་ལོ་མིའི་སྤྱོད་ཚུལ་ལས་འགལ་བའི་གནས་ཚུལ་དེ་ཁོང་གི་སྐྱོན་ཆ་ཡི་ཟུར་ཞིག་རེད། མང་པོ་མི་ཞུ་རྫོགས་ཡ་མི་འདུག། དེ་བཞིན་ཁོང་གིས་རྒྱུན་དུ་ནས་རང་ཐག་རང་བཅོད་ཀྱི་སྐོར་ལ་ལང་ཕྱོགས་གཏན་པོ་ཡོད་པའི་གཏམ་བཤད་གནང་གི་ཡོད། ད་ཆར་དེ་ཡང་འཛིན་ས་མེད་པ་ཞིག་ཏུ་འགྱུར་འདུག། སྐབས་རེ་དབུ་མའི་ལམ་དང་ཕྱོགས་མཐུན་ཡིན་ཚུལ་དང་
    སྐབས་རེར་དེ་ལས་གཞན་ཞིག་ཡིན་ཚུལ་སོགས་སྲིད་དོན་གྱི་གཡོལ་སྒྱུར་སྐད་ཆ་ཞིག་མ་གཏོགས་མི་འདུག་གོ།

  7. རྨེའུ་་་་་རྣམ་རྒྱལ། says:
    2011-01-01 at 7:37 am

    དྲ་གྲོགས་བློ་གྲོས་ལགས་ཀྱིས་བཤད་སྟངས་དང་འབྲི་སྟངས་ལ་བལྟས་ཡོང་དུས། ཆ་ཡོད་ནང་གི་རྒྱུས་ཡོད་ཅིག་གི་བློ་གྲོས་དང་དཔྱེ་ཞིབ་སྟངས་ཤིག་མི་འགྲོ་བསམ་པའི་ཚོར་སྣང་ཡོང་གི་འདུག་རུང་། འདི་ནི། འབྲེལ་མེད་དོན་གཞན་གྱི་མཆན་བུ་འདེབས་སྟངས་ཤིག་ཡིན་རྒྱུ་རེད་བསམ་ནས་འབྲི་མཚམས་བཙན་གྱིས་བཞག་པ་ཡིན། གང་ལྟར། དྲ་གྲོགས་བློ་གྲོས་ཀྱི་རྩོམ་ཡིག་གི་ཁོག་རྒྱ་ཧྲིལ་བོའི་སྙིང་དོན་ནི། གནས་ལུགས་ལ་ཆ་འཇོག་དགོས་པ་མ་ཟད་སྔ་ཕྱིའི་གནས་བབ་དཔྱེ་ཞིབ་བྱེད་དགོས་པ་བསྟན་འདུག་ལ། ལྷག་པར་དུ་མི་མང་གི་ངོས་ནས་འུར་ལངས་དང་ཨ་གསར་གྱི་འདུ་ཤེས་སྐྱེན་པོའི་དབང་དུ་མི་འགྲོ་བར་དཔྱད་བསྡུར་དང་རང་ཚུགས་དགོས་པའང་བསྟན་སྙམ་ནས་དགའ་སོང་བདེ་སོང་། དེའི་ཕྱིར་ན། མི་མང་གི་ངོས་ནས་དང་གཞུང་སྒེར་གྱི་ཚོགས་པ་གང་ཞིག་ཡིན་རུང་སྤྱི་གཞུང་ལ་ཕན་ནུས་ཐོན་མཁན་ཞིག་དང་ལས་དོན་གྱི་གྲུབ་འབྲས་ཐོན་མཁན་ཞིག་འོས་འདེམས་བྱེད་ཆེས་གལ་གནད་ཆེན་པོ་ཞིག་ཏུ་འཁུམས། ཡིན་རུང་། བཙན་བྱོལ་བོད་མིའི་བསམ་བློ་དང་ལག་ལེན་གང་ལ་གཞིགས་ཀྱང་རེ་འདུན་དང་སྐུལ་མ་འདེབས་ས་མི་འགྲོ་བ་ལྟ་བུ་རེད། གང་གིས་ཟེར་ན། སྤྱི་དོན་རྒྱབ་ཏུ་བསྐྱུར་ནས་འགྲོ་མཁན་དང་ཁ་བཤད་ཁྲོམ་བསྒྲགས་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པས་ན། བོད་མི་རིགས་ཀྱི་ངོ་རྟགས་དུས་རབས་དང་བསྟུན་པའི་སྲུང་འཛིན་བྱེད་མཁན་ག་ཚོད་ཅིག་ཕྱི་ཕྱོགས་བོད་མིའི་ཁོར་ཡུག་ན་ཡོད་དམ། ཁག་ཅིག་ཡོད་རུང་མཐོ་བཤད་དམའ་བཤད་བྱེད་མཁན་དང་། ཡང་ན། དཔལ་འབྱོར་གྱི་དཀྱིལ་འཁོར་ཀློང་དུ་ཐིམས་ནས་ང་དང་ངའི་ལས་དོན་དུ་འབད་འབུངས་བྱེད་རྒྱུ་ཉག་ཅིག་ལས། གཞིས་སྡོད་བོད་མིའི་སྙིང་སྟོབས་དང་ཞེན་པོ་དཀར་བོ། སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཐབས་བྱུས་ནུས་ཐོན་སོགས་ལྟ་བུ་ནི་ཡོད་པ་རེད། དེ་འདྲ་སོང་ཙང་། སྤྱི་དོན་གྱི་གོ་སྐབས་རང་དོན་ཅན་ལ་བསྒྱུར་མཁན་དང་རང་དོན་སྤྱི་ལ་ཁ་གཡར་ནས་སྒྲུབ་མཁན་ལྟ་བུའི་བཙན་བྱོལ་བོད་མིའི་གནས་ཚུལ་འདི་ལྟ་བུའི་འོག་ནས། ད་གཟོད་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་འདེམས་པའི་དབང་དུ་བཏང་རུང་།
    གཅིག་ནས། གཞིས་སྡོད་བོད་མི་སྤྱི་ཡོངས་ཀྱི་ངོས་འཛིན་དང་གདེང་འཇོག་ག་ཚོད་ཅིག་ཡོང་གི་རེད་དམ།
    གཉིས་ནས། བོད་ཀྱི་སྐད་ཡིག་གི་མཚོན་པའི་བོད་རང་གི་རིག་གནས་མཐའ་དག་ལ་རྒྱུས་མངའ་དང་བྱང་ཆ་ག་ཚོད་ཅིག་ཡོད་པ་རེད་དམ།
    གསུམ་ནས། བོད་མི་རིགས་ཀྱི་ནུས་པ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་༸གོང་ས་མཆོག་གི་དགོངས་གཞི་དང་ལམ་སྟོན་གང་ཡོད་ལག་ལེན་ལ་བསྟར་ཐབས་ཀྱི་འཆར་གཞི་ག་ཚོད་ཅིག་ཡོད་པ་རེད་དམ།
    བཞི་ནས། ང་ཚོའི་ཁ་གཏད་དུ་གྱུར་པའི་རྒྱ་གཞུང་དང་རྒྱའི་སྲིད་བྱུས་ཆ་རྒྱུས་དང་འགལ་བ་འབྲེལ་བར་བསྒྱུར་ཐབས་ཀྱི་གྲ་སྒྲིག་ག་ཚོད་ཅིག་ཡོད་པ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme