Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡོ་སེབ་དགེ་རྒན་གྱི་སྐོར་ལ།

Posted on 2010-12-282011-01-02 By namkha 26 Comments on ཡོ་སེབ་དགེ་རྒན་གྱི་སྐོར་ལ།

ནུབ་པ་འབྱོར་ལྡན་གྱིས།

༄༅། ༎ད་ལོར་ཕ་རན་སིའི་སློབ་གྲྭ་ཆེན་མོར་ཞིབ་འཇུག་གི་ཡིག་ཆ་ཞིག་འབྲི་དགོས་ཡོད། འོ་ན་ཡོ་སེབ་དགེ་རྒན་ཟེར་བ་དེའི་སྐོར་ལ་ཞིབ་འཇུག་བྱེད་རྒྱུ་ཡིན། ཡོ་སེབ་དགེ་རྒན་ནི་ཡེ་ཤུའི་ལ་དྭགས་པ་ཞིག་རེད། དགེ་རྒན་ཟེར་བ་ནི་ཁོང་གི་མིང་གི་ཆ་ཤས་ཤིག་རེད།   དུས་རབས་ཉི་ཤུ་པའི་སྟོད་ལ་ཁོང་གིས་ནུབ་ཕྱོགས་ཀྱི་ཡེ་ཤུ་མི་ཤིའི་ཆོས་པ་ Francke ཅེས་བྱ་བ་ལ་མཇལ་པ་རེད། ངས་འདིར་ཡོ་སེབ་དགེ་རྒན་དང་ཁོང་གི་ལས་ཀའི་སྐོར་མ་བྲིས་སྔོན་ལ་བོད་ཀྱི་ཡེ་ཤུ་མི་ཤིའི་ལོ་རྒྱུས་ཀྱི་སྐོར་ལ་ཏོག་ཙམ་འབྲི་རྒྱུ་ཡིན། བོད་ལ་ཡེ་ཤུ་མི་ཤི་པ་དང་པོ་སླེབས་མཁན་དུས་རབས་བདུན་པ་ལ་ནུབ་ཕྱོགས་ནས་ཡོང་བ་རེད། ཡེ་ཤུ་མི་ཤི་པ་དེ་ཚོར་Nestorian་ཟེར་ཀྱི་ཡོད་རེད།


p300310_1434

པར། Nestorianགི་ཐོག་ལྕགས་རེད། Giuseppe Tucciསྟོད་ནས་བརྙེད་པ་རེད།

རྗེས་མར་དུས་རབས་བཅུ་བདུན་པའི་རིང་ལ་ལྷོ་ཕྱོགས་ནས་Jésuites་ཡོང་པ་རེད། མི་དེ་ཚོའི་བསམ་པ་ལ་བོད་ལ་ཡེ་ཤུའི་རྒྱལ་ཁབ་ཡོད་ཙང་ཡོང་པ་རེད། དང་པོ་རྩ་བྲང་གུ་གེ་ལ་Antonio de Andrade་བསྡད་པ་རེད། ཁོང་གིས་རྒྱལ་པོ་དང་རྒྱལ་མོར་འབྲེལ་བ་ཡག་པོ་བྱས་པ་རེད། ཡིན་ན་ཡང་ལོ་ཁ་ཤས་ཀྱི་རྗེས་ལ་ལ་དྭགས་ཀྱི་རྒྱལ་པོ་༼སེང་གེ་རྣམ་རྒྱལ་༽དང་གུ་གེའི་རྒྱལ་པོ་༼བཀྲ་ཤིས་གྲགས་པ་༽བར་དུ་རྙོག་དྲ་ཡོད་ཙང་དམག་བརྒྱབ་པ་རེད། ༡༦༤༠ལོ་གཡས་གཡོན་ལ་མངའ་རིས་འཁོར་གསུམ་གྱི་ས་ཆར་ཕྱི་རྒྱལ་ཡོད་མ་རེད། དུས་རབས་བཅོ་རྒྱད་པར་ལྷ་ས་ལ་ཕྱི་རྒྱལ་དང་པོ་སླེབས་པ་རེད། གཙོ་བོར་Desideriདང་della Pennaར་མོ་ཆེ་ལྷ་ཁང་དང་སེ་ར་དགོན་པ་ལ་བོད་ཀྱི་སྐད་ཡིག་སྦྱངས་ནས་བསྡད་པ་རེད།


antonioandrade

desideri-texte1

པར། གཡོན་ལ་Antonio de Andradeགི་རི་མོ་རེད། གཡས་ལ་Desideriགི་བོད་ཡིག་གི་དཔེ་ཆའི་ཤོག་ངོས་ཤིག་རེད།

དུས་རབས་བཅོ་རྒྱད་པའི་མཇུག་ལ་རྒྱ་མིའི་ཨམ་བཱན་ལྷ་སར་བསྡད་ཙང་ཕྱི་རྒྱལ་དེ་ཚོ་བལ་ཡུལ་དང་རྒྱ་གར་ལ་ལོག་པ་རེད། དུས་རབས་བཅུ་དགུ་པའི་རིང་ལ་ཡེ་ཤུ་མི་ཤི་པའི་ཕྱི་རྒྱལ་འདྲ་མི་འདྲ་ཡོད་རེད། དེ་ཚོའི་ནང་ནས་སྐད་གྲགས་ཆེ་ཤོས་Hucདང་Gabetརེད། ཡིན་ན་ཡང་གཞན་དག་ཡང་ཡོད་རེད། དཔེར་ན་ཨ་མདོ་ལ་Ekvallདང་Griebenowསོགས་བསྡད་པ་རེད། ཁམས་ལ་Maurice Tornayདང་Desgodinsསོགས་བསྡད་པ་རེད། ཚང་མས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱས་ཀྱང་། ཁ་ཤས་ཀྱིས་བརྡ་སྤྲོད་ཀྱི་དེབ་དང་ཚིག་མཛོད་བྲིས་པ་རེད། གཞན་དག་གིས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་རེད། མི་དེ་ཚོ་ཚང་མས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ལ་བོད་རིགས་ཀྱི་སྐོར་ལ་ཕུལ་བས་ད་ལྟ་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་སོགས་སློབ་སྦྱོང་བྱེད་མཁན་མི་དེ་ཚོའི་དེབ་ལ་ལྟ་དགོས་ཀྱི་ཡོད་རེད།

huc

པར། Hucགི་རི་མོ་རེད།


༄༅། ༎ད་ནི་ཡོ་སེབ་དགེ་རྒན་གྱི་མི་ཚེའི་སྐོར་ལ་འབྲི་གི་ཡིན། ཡོ་སེབ་དགེ་རྒན་གྱི་ཨ་ཕ་ལགས་དབུས་གཙང་ནས་ཡོང་པ་རེད། པན་ཆེན་རིན་པོ་ཆེའི་དགེ་རྒན་གྱི་རྒྱུད་རེད། ཡིན་ན་ཡང་ལྷ་སར་སྲིད་ཇུས་ཀྱི་ཉོག་དྲ་བྱུང་ཙང་ལྡུམ་ར་ལ་དྭགས་ཀྱི་ལུང་པར་ཕྱིན་དགོས་བྱུང་པ་རེད། ཡོ་སེབ་དེར་སྐྱེས་པ་རེད། དང་པོ་ཁོང་གི་ནང་པའི་མིང་བསོད་ནམས་ཚེ་ཏེན་རེད། ཁོང་གིས་ཨ་ཕ་ལགས་དང་མཉམ་དུ་ནང་པའི་ཆོས་དང་བོད་ཡིག་སྦྱངས་པ་རེད། ད་དུང་སྲི་ན་གར་ལ་སློབ་སྦྱོང་བྱེད་དུ་ཕྱིན་པ་རེད། རྗེས་མར་གླེར་ཚུར་ལོག་དུས་ཇཱར་མཱན་གྱི་ཡེ་ཤུ་ཆོས་ པ་ཞིག་ལ་མཇལ་སྟེ། ནང་པའི་ཆོས་ནས་ཡེ་ཤུ་ལ་མགོ་ལོག་པ་རེད། ཁོང་གི་མཚན་ཡང་བསྒྱུར་པ་རེད། ཇཱར་མཱན་གྱི་མི་དེ་ཚོ་དང་མཉམ་དུ་ལ་དྭགས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་རེད། དེ་ནས་ཁོང་གིས་དཔེ་དེབ་ལ་དྭགས་རྒྱལ་རབས་ཀྱི་སྐོར་ལ་བྲིས་པ་རེད། དཔེ་་དེབ་དེའི་མིང་ལ་བླ་དྭགས་རྒྱལ་རབས་འཆི་མེད་གཏེར་ཟེར་ཀྱི་ཡོད་རེད། ཡོ་སེབ་དགེ་རྒན་གྱིས་ལ་དྭགས་ཞེས་བྲིས་མེད་པར་དེའི་ཚབ་ལ་བླ་དྭགས་ཞེས་བྲིས་འདུག


yoseb_gergan

ཡོ་སེབ་དགེ་རྒན་གྱི་པར།

༄༅། ༎དེ་ནས་ཡོ་སེབ་དགེ་རྒན་གྱི་ལས་ཀའི་སྐོར་ལ་འབྲི་གི་ཡིན། ཁོང་གི་ལས་ཀ་གཙོ་བོ་ནི་བོད་ཡིག་ཏུ་ཡེ་ཤུའི་དམ་པའི་གསུང་རབ་ཀྱི་སྐད་སྒྱུར་རྒྱུ་དེ་རེད། ངའི་བསམ་པར་ཁོང་གིས་དབྱིན་ཡིག་ནས་སྒྱུར་པ་ཡིན་པ་འདྲ། ཡེ་ཤུའི་གསུང་རབ་ལ་ཚིག་དང་བསམ་བློ་གསར་པ་ཡོད་ཙང་ལས་ཀ་འདི་ཁག་པོ་རེད། ༡༩༤༦ལོར་ཡོ་སེབ་དགེ་རྒན་གྲོངས་པ་རེད། ལས་ཀ་ཆེན་པོ་དེ་ཚར་མ་ཐག་ཡིན་པས་ཡེ་ཤུའི་གསུང་རབ་ཀྱི་སྒྱུར་དེ་༡༩༤༨ལོར་ཕྱག་དེབ་དཔར་དུ་བཏབ་པ་རེད། ཡིན་ན་ཡང་ཡོ་སེབ་དགེ་རྒན་གྱི་མི་ཚེའི་རིང་ལ་ལོ་རྒྱུས་ཀྱི་ཡིག་ཆའི་སྐོར་ལ་སྦྱངས་པ་རེད། དང་པོ་ཁོང་གིས་Franckeལ་རོགས་རམ་བྱས་པར་རྟེན། ཁོང་གིས་ལ་དྭགས་ཀྱི་ལོ་རྒྱུས་སྐོར་ལ་དོ་སྣང་བྱས་པ་རེད། རྗེས་ནས་དེའི་སྐོར་ལ་ཞིབ་འཇུག་བྱས་ནས་དེབ་ཅིག་བྲིས་པ་རེད། དེབ་དེའི་མིང་ལ”བླ་དྭགས་རྒྱལ་རབས་འཆི་མེད་གཏེར་”ཟེར་བ་དེ་རེད། དེབ་དེ་ཡང་ཡོ་སེབ་དགེ་རྒན་ཤི་བའི་རྗེས་ལ་༡༩༧༦ལོར་པར་སྐྲུན་བྱས་པ་རེད། དེབ་དེའི་བཟོ་ལྟ་ནི་ནུབ་ཕྱོགས་ཀྱི་དཔེ་དེབ་ལྟར་རེད་དེ། ཤོག་ངོས་དྲུག་བརྒྱ་ལྷག་ཙམ་འདུག དེབ་དེའི་ནང་དུ་པར་དང་ས་བཀྲ། རེའུ་མིག་བཅས་བེད་སྤྱོད་བཏང་འདུག དེབ་དེར་ཡོ་སེབ་དགེ་རྒན་གྱིས་ལ་དྭགས་རྒྱལ་རབས་རྙིང་པར་ཏོག་ཙམ་སྐྱོན་བརྗོད་བྱེད་ཀྱི་འདུག རྒྱལ་རབས་རྙིང་པ་དེ་ཚོ་ནི་སྲོལ་རྒྱུན་གྱི་ལོ་རྒྱུས་ཡིན་ཙང་དེ་ཚོའི་ཆ་ཤས་ཁག་ཅིག་ནི་ལྷ་སྒྲུང་རེད་དེ། སྔོན་གྱི་རྒྱལ་པོའི་གདུང་རབས་ལས་གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ་བར་དུ་ཚང་མ་དངོས་ནས་མ་རེད། བཙན་པོ་དེ་ཚོ་དངོས་ནས་འཚོ་ཡོད་ནའང་ཁོང་ཚོའི་ལོ་རྒྱུས་ཀྱི་སྐོར་ལ་ཧ་གོ་གི་ཡོད་མ་རེད། དེར་བརྟེན་ངས་དེབ་དེའི་ནང་ལ་ནུབ་ཀྱི་ཤུགས་རྐྱེན་དང་གནས་ཚུལ་གསར་པ་ག་རེ་ག་རེ་ཡོད་རེད་ཅེས་འདྲི་འདོད་བྱུང་།


རྩོམ་རིག

Post navigation

Previous Post: བཀྲས་མཐོང་གི་གོམ་སྟབས་ནས་གླེང་བ།
Next Post: རྩོམ་པ་པོ་ཞིག་འཚོལ་དུ་སོང་བ།

Comments (26) on “ཡོ་སེབ་དགེ་རྒན་གྱི་སྐོར་ལ།”

  1. ཀརྡོ་རབ་འབྱམས་པ་ says:
    2010-12-28 at 3:24 pm

    ༄༅། ༎ད་ལོ་ཕ་རན་སིའི་སློབ་གྲྭ་ཆེན་པོར་ཞིབ་འཇུག་གི་ཡིག་ཆ་འབྲི་དགོས་ཡིན། ཐོབ་བམ།
    ༄༅། ༎ད་ལོ་ཕ་རན་སིའི་སློབ་གྲྭ་ཆེན་པོར་ཞིབ་འཇུག་གི་ཡིག་ཆ་འབྲི་དགོས་ཡོད། ཐོབ།

  2. བོད་ལ་དགའ། says:
    2010-12-28 at 4:29 pm

    འབྲི་སྟངས་འདི་ཅི་ཞིག་རེད། ཀློག་པ་པོར་བརྡ་སྤྲོད་ཐུབ་ཙམ་ཡང་ཁག་པོ་རེད། ཡིག་མཁན་འདི་ཚོས་བོད་ཡིག་ལ་བརྡ་སྤྲོད་ཀྱི་གཞུང་ཞིག་ཡོད་པ་མ་ཤེས་པ་རེད་དམ། ཡང་ན་རྐང་བཙུགས་ནས་གཏོར་བརླག་གཏོང་གི་ཡོད་པ་རེད། ནུབ་པ་འབྱོར་ལྡན་སོང་ཙང་ཅི་ཞིག་བྱས་ཀྱང་ཆོག་པ་དང་རན་པ་ཡིན་ནམ། ངས་ནི་ངོ་མ་ཤེས་མ་སོང༌།

  3. ཨ་ཕོ་ཧོར། says:
    2010-12-28 at 10:01 pm

    གོང་གི་ཟིན་བྲིས་འདི་འབྲི་མཁན་བོད་པ་ཞིག་མིན་པ་འདྲ། ཡིན་ན་དངོས་ནས་དགོད་བྲོ་བོ་ཞིག་འདུག རྒྱ་གར་བྷ་བྷོ་རྗེ་ཞིག་གིས་བོད་སྐད་བཤད་བཞིན་པ་འདྲ་བོ་ཞིག་འདུག ཚང་མར་འདས་ཚིག་རྐྱང་སྤྱད་ནས།

  4. རང་བཙན་ལྡེའུ་ says:
    2010-12-28 at 11:27 pm

    ངས་ཀྱང་ མགོ་བརྗོད་དུ་ ༼ ཡོ་སེབ་དགེ་རྒན་ ༽ ཟེར་ལེ་དེ་བྲི་སྟངས་ཁྱད་ཚར་པོ་ཞིག་དང་ གོ་སྟངས་ཡང་མ་བདེ་ལེ་ཞིག་གོ་ཞི་བདའ་ ཡོ་སེབ་ཁོ་དགེ་རྒན་ཞིག་ཡིན་ན་ དགེ་རྒན་ཡོ་སེབ་ ཡང་ན་ རྒན་ཡོ་སེབ་ཟེར་ན་ཅི་མི་འགྲིགས་སམ་།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2010-12-29 at 12:20 am

    ནུབ་པ་འབྱོར་ལྡན་གྱི་བྲིས་བཀླགས་པས། བདག་ལ་ནི་མ་གོ་བ་ཞིག་མ་བྱུང་། ཚང་མ་འདས་ཚིག་ལ་བྲིས་མི་འདུག་སྙམ། འབྲི་དགོས་ཡིན། འབྲི་གི་ཡིན། རང་རེས་ཀྱང་བཀོལ་སྤྱོད་ཡོད། དེ་དག་ནི་མ་འོངས་པ་ལ་སྤྱོད། འདས་ཟིན་པ་ཡོ་སེབ་ཀྱི་སྐོར་ལ་བྲིས་པས་འདས་ཚིག་བཀོལ་བ་ཡིན་འདུག
    ནུབ་པ་འབྱོར་ལྡན་ལ་དྭགས་པ་ཨིན་སྐད་ལ་སློབ་སྦྱོང་ལེགས་པ་བྱུང་བ་ཞིག་ཡིན་ནམ། ཡང་ན་ནུབ་ཕྱོགས་པ་ཞིག་རང་ཡིན། ཏན་ཏན་མི་ཤེས། ཨིན་སྐད་ལ་བསམས་ནས་བོད་སྐད་དུ་བྲིས་པ་ཏན་ཏན་ཡིན་འདུག བོད་ཀྱི་ཡིག་སྐད་རབ་མཁྱེན་པ་ཞིག་གིས་གཟིགས་ན། བདག་ལྟ་བུ་ཡིག་སྐད་དང་ཕལ་སྐད་སྲེས་ནས་འབྲི་མཁན་ཞིག་གི་བྲིས་ཡིག་དེ་ཡང་བཞད་གད་དུ་འགྱུར་བ་གདོན་མི་ཟའོ་སྙམ།

  6. དཀོན་ཅོག་སྐམ་པོ། says:
    2010-12-29 at 1:04 am

    ནུབ་པ་འབྱོར་ལྡན་ཁ་བརྡའི་ནང་བྱོན་པ་ལེགས། རྒན་འཇམ་དཔལ་ཐུགས་བདེན། ངས་ཀྱང་གོ་སོང་། རང་བཙན་རྡེའུ་སོགས་ཀྱིས་མ་གོ་བར་ཁག་མེད། བོད་ཡིག་དག་མོ་ཞིག་མ་ཤེས་པས་ལན་སོང་བ་རེད། རང་རེ་མཁས་པར་བཤད་རྒྱུན་འདི་འདྲ་ཡོད། ཡིག་སྐད་ཀྱིས་གང་བྲིས་ནུབ་ལ་དྭགས་ནས་བྱང་ཨ་མདོའི་བར་ཡིག་གེ་ཤེས་མཁན་སུས་ཀྱང་མ་གོ་བ་མེད་ཟེར། འདི་དངོས་གནས་རེད་བཞག

  7. yeshe says:
    2010-12-29 at 1:34 am

    འབྲི་སྟངས་ཅུང་ཟད་རྒྱུགས་ཆེ་བ་ཞིག་མ་རེད་མ་གཏོགས་མི་གོ་བ་གཅིག་ཀྱང་མི་འདུག སྔོན་མར་ལ་དྭགས་པའི་འཚོ་བ་སྐྱེལ་སྟངས་ཀྱི་སྐོར་བྲིས་པའི་དབྱིན་དེབ་ཅིག་ལ་གར་ཤ་དངོས་གྲུབ་ཡིན་ནམ་ཞིག་གིས་བོད་ཡིག་ཏུ་བསྒྱུར་འདུག་པའི་ཚིག་རིས་ཀྱང་གོང་གི་འདི་བཞིན་རེད། བཀླགས་ཀྱིན་བཀླགས་ཀྱིན་སྙན་ཆ་ཆེ་བ་ཞིག་ཏུ་ཡང་མཐོང་སོང་། གཅིག་བྱས་ན་རང་རེའི་ཕ་སྐད་ངོ་མ་ཞིག་འདི་ན་ཡོད་ཀྱང་སྲིད།

  8. yeshe says:
    2010-12-29 at 1:35 am

    དབྱིན་དེབ་ཅིག་གར་ཤ་དངོས་གྲུབ་ཀྱིས་་་་་་་་་་་

  9. དཀོན་ཅོག་སྐམ་པོ། says:
    2010-12-29 at 1:47 am

    ཨ་ལགས། དེང་སང་གཅིན་སྐྱག་གི་སྐོར་ལས་གཞན་འབྲི་རྒྱུ་ཅང་མེད་སོང་བ་ཨེ་རེད། སྔོན་མའི་”མའོ་ཡི་ཞབས་བྲོ་བ་མཐའ་མའི”ཚན་བསྒྱུར་མུ་དགོད་ཡིན་ན་ཅིག་བྱེད་རྒྱུ་ཟེར་བ་གང་ན་ཡོད།

  10. ཀླུ་སྨྱོན། says:
    2010-12-29 at 2:07 am

    དཀོན་མཆོག་ལགས། དགོངས་དག མའོ་ཡི་ཞབས་བྲོ་མཐའ་མའི་ཚན་བསྒྱུར་དེར་ཀློག་མཁན་ཅང་མ་རྙེད་པས་སེམས་པ་ཁོ་ཐག་འདྲ་ཞིག་ཆད་དེ་ལྷགས་སོང་། གཟའ་འཁོར་ལྔ་དྲུག་ཅིག་གི་སྔོན་ལ་ངའི་གྲོགས་པོ་ཞིག་གིས་དེབ་དེ་ཀློག་གི་ཡིན་ཟེར་ནས་ཁྱེར་སོང་ལ། མདང་དགོང་ཁོང་ཚང་ལ་ཐུག་པ་ཞིག་འཐུང་དུ་སོང་དུས་དེབ་དེ་ཅོག་ཙེ་ཞིག་གི་སྟེང་དུ་ཡོད་པ་མཐོང་ནས། ཨ་རོགས་མྱི་ལྡང་། ཁྱོས་འདི་ཀློག་གི་ཨེ་ཡོད་ཅེས་དྲིས་པས། དེ་རིང་བར་དུ་རླངས་འཁོར་གྱི་ཨོང་སྒམ་ནང་ནས་ལུས་སོང་། དེ་རིང་ཀློག་རྩིས་ཀྱིས་ནང་དུ་ཁྱེར་ཡོང་བ་ཡིན་ཟེར་གི གང་ལྟར་དེབ་དེ་ཆ་ཚང་ཞིག་བསྒྱུར་འདོད་ཡོད་ཀྱང་བསམ་བློ་རེ་བཏང་ན་ཀུན་མཁྱེན་འཇམ་བཞད་ཚང་གིས། ལ་ལ་བློ་དམན་བྱི་ལས་གླང་ཁུར་ལེན། །ཞེས་པ་ཞིག་གྲུབ་མཐའ་རྩ་བ་ན་ཡོད་པ་དེ་དྲན་ནས་ཐོག་མའི་སེམས་ཤུགས་བོང་མཇེ་མ་དེ་རིང་མོ་ཞིག་ནས་ཉམས་སོང་། མཐོལ་ལོ་བཤག ཕྱིན་ཆད་མི་བགྱིད་དོ། །

  11. ཀླུ་སྨྱོན། says:
    2010-12-29 at 2:08 am

    བྱི་བས་

  12. ཀརྡོ་རབ་འབྱམས་པ་ says:
    2010-12-29 at 4:34 am

    1. ཞིབ་འཇུག་གི་ཡིག་ཆ་འབྲི་དགོས་ཡིན།
    2. ཞིབ་འཇུག་བྱས་དགོས་ཡོད།
    3. ཡོ་སེབ་དགེ་རྒན་ནི་ཡེ་ཤུའི་ལ་དྭགས་པ་རེད།
    ངས་བྱས་ན་འདི་འདྲ་ཞིག་དགོས་འདུག
    ༡ ཞིབ་འཇུག་གི་ཡིག་ཆ་འབྲི་དགོས་ཡོད།
    ༢ ཞིབ་འཇུག་བྱ་དགོས་ཡོད།
    ༣ ཡོ་སེབ་དགེ་རྒན་ནི་ལ་དྭགས་པའི་ཡེ་ཤུ་བ་རེད།

  13. ཀརྡོ་རབ་འབྱམས་པ་ says:
    2010-12-29 at 4:37 am

    ༣ དགེ་རྒན་ཡོ་སེབ་ནི་ལ་དྭགས་པའི་ཡེ་ཤུ་པ་རེད།

  14. ལྕགས་རྒྱ་འགྲམ་ནག says:
    2010-12-29 at 8:02 am

    ནུབ་པ་འབྱོར་ལྡན་ལགས།
    ཁྱེད་ཀྱི་རྩོམ་ཡིག་དང་དེར་བཏབ་པའི་མཆན་རྣམས་བཀླགས་ནས་སྤྲོ་བ་འཕེལ། འབྲེལ་ཡོད་མི་སྣ་དང་ཡིག་ཆ་དེ་དག་གི་འདྲ་པར་རྣམས་རྩོམ་ཡིག་དང་ལྷན་བཀོད་གནང་མ་ཐུབ་པ་ནི་ཕངས་པའི་གནས། དེ་ལྟར་གང་མགྱོགས་གནང་རོགས་ཞུ། རྩོམ་འདིའི་བརྡ་དག་གི་སྐོར་ནས་དྲ་གྲོགས་ཚོའི་བསམ་ཚུལ་ལ་ཁྱེད་ཀྱིས་རྗེས་སུ་ཡི་རངས་ཞུ་གི་ཡོད་ངེས།

  15. དཀོན་མཆོག says:
    2010-12-29 at 9:12 am

    ཡོ་སེབ་ཟེར་ན་དོན་དག་ག་རེ་རེད། ཡོ་རོབ་ཀྱི་མགོ་སེ་པོ་བ་ཞེས་པའི་དོན་ཡིན་ནམ།

  16. ཆོས་འཁོར་ཚང་། says:
    2010-12-29 at 10:27 pm

    ཡོ་སེབ་དགེ་རྒན་དང་མཐར་ཕྱིན་བྷ་བྷུ་ཟེར་བ་དེ་ཚོ་ནི་སྔར་གྱི་ལོ་རྒྱུས་ཡིག་ཆ་སོགས་སུ་ཡོངས་གྲགས་ཀྱི་འབོད་སྟངས་ཤིག་ཏུ་གྱུར་ཟིན་འདུག་པས། ད་ནི་དགེ་རྒན་ཡོ་སེབ་དང་བྷ་བྷུ་མཐར་ཕྱིན་ཟེར་བ་སོགས་སུ་འབོད་མི་བདེ་བར་གྱུར་ཡོད། འོན་ཀྱང་དགེ་རྒན་དེ་ནི་བྱས་རྗེས་ཆེ་བའི་མི་སྣ་ཞིག་རེད། ལྷག་པར་ཡེ་ཤུའི་གསུང་རབ་བྷའི་བྷལ་ཟེར་བ་བོད་བསྒྱུར་བྱས་པ་གཉིས་ལས་སྐད་གྲགས་ཆེ་བ་དེར་དགེ་རྒན་འདི་གཙོས་པའི་ལ་དྭགས་པའི་ཡེ་ཤུ་པ་དག་གིས་ཀྱང་ཞབས་འདེགས་ཆེན་པོ་མཛད་ཡོད།

  17. རང་བཙན་ལྡེའུ་ says:
    2010-12-30 at 7:38 am

    དཀོན་ཅོག་སྐམ་པོ་ལའང་ཁག་མེད་ བོད་ཡིག་དག་མོ་ཞིག་མ་ཤེས་པས་ལན་སོང་བ་ངོ་མ་རང་འདྲ་
    མཐོང་ཞི་མཐོང་ཞི་ “རྡེའུ་” དང “ལྡེའུ་” ནོར་འགྲོ་ཞི་བདའ་།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2010-12-30 at 12:25 pm

    བདག་རང་ཁ་བརྡ་ལ་དགའ་བ་ཡིན་ཀྱང་། དུས་མ་ཆག་པར་ཀློག་པ་ལ་ལོང་མི་འདུག ལོང་མེད་པ་དེ་ལ་བློ་ཕམ་ཡོད། ཡང་སྐྱར་ནུབ་པ་འབྱོར་ལྡན་གྱི་ཡི་གེ་བྲིས་བཀླགས་༷ཤིང་། ཁོང་གི་ཡིག་བྲིས་དེ་གཞན་དག་འགའ་ཞིག་གི་བྲིས་ལས་གོ་སླ་བར་མཐོང་། རང་རེ་བོད་ཡིག་ལ་དགའ་ཞེན་ཡོད་པ་དག་གིས་ཁོང་གིས་བོད་ཡིག་སྦྱངས་ནས་དེ་ལྟར་འབྲི་ཐུབ་པར་གཟེངས་བསྟོད་ཞུ་དགོས་པ་ཡིན། ལྷག་པར་དུ་ཡོ་སེབ་དགེ་རྒན་སྟེ། བསོད་ནམས་ཚེ་བརྟན་ལེགས་ཀྱི་རྣམ་ཐར་མདོར་བསྡུས་ཀྱང་། ནུབ་པ་འབྱོར་ལྡན་གྱི་ཡིག་བྲིས་འདི་ནས་ཤེས་རྟོགས་བྱུང་། ཡོ་སེབ་དགེ་རྒན་མཆོག་ནི་ལ་དྭགས་བོད་ཡིག་ལ་ཕན་ཐོགས་རྒྱ་ཆེན་མཛད་མཁན་ཞིག་ཡིན་འདུག ཁོང་གིས་བྲིས་པའི་བླ་དྭགས་རྒྱལ་རབས་འཆི་མེད་གཏེར་ལ་རང་རེའི་ཆོས་སྲིད་ཀྱི་རྣམ་འདྲེན་དམ་པ་པད་དཀར་འཆང་བས་ཀྱང་བསྔགས་བརྗོད་མཛད་ཡོད། འོན་ཀྱང་འོངས་པ་ལ་ཡོང་པ་དང་། ལེགས་པ་ལ་ལགས། དཀའ་བ་ལ་ཁག་པོ། ཞེས་སོགས་བོད་ལུང་འགའ་ཞིག་གི་སྐད་ཚིག་ཡིག་སྐད་ལ་ཞུགས་ཏེ། བོད་སྤྱིའི་ཡིག་ལ་སྐད་གཏོར་བརླག་བྱུང་དང་འབྱུང་བཞིན་པ་དེ་ལ་མཁས་དག་གིས་དོ་སྣང་མི་མཛད་པ་ནི།

    རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ།
    འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ།
    སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི།
    ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ།། དབུ་འཇུག ལེ་ ༦ ཚིགས་༡༤༡

    གནམ་པོའི་དོན་མ་ཤེས་པར་ཚིག་མཛོད་ལ་བལྟས། དེ་ན་དེའི་དོན་བཞད་གད་ཅེས་གསལ་ལོ།

  19. ཀླུ་སྨྱོན། says:
    2010-12-30 at 1:32 pm

    ལ་དྭགས་ཡེ་ཤུ་བ་འདི་དག་དུས་རབས་ནམ་ཞིག་ནས་བཟུང་སྟེ་ཡེ་ཤུ་བར་འགྱུར་མགོ་བརྩམས་པ་རེད། དྲ་གྲོགས་ཚོའི་ཁྲོད་དུ་འདི་ལ་ཞིབ་འཇུག་བྱེད་མྱོང་མཁན་རེ་ཡོད་དམ། རྒྱ་གར་བྱང་ངོས་རྡེ་ར་རྡུན་ཕྱོགས་སུ་ལ་དྭགས་ཡེ་ཤུ་བ་མང་ཙམ་འདུག

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2010-12-30 at 4:47 pm

    ཀླུ་སྙོན་མཆོག་ལ་ལན་དུ་གང་ཐོས་ཞུ་ན། དུས་རབས་ཉི་ཤུ་པའི་སྟོད་དུ་ཞེས་ཡོ་སེབ་བམ་ཇོ་སེབ་དགེ་རྒན་་ཡི་ཤུའི་ཆོས་ལུགས་པ་ཆགས་ཞེས་གསལ་བ་ལྟར་ཕལ་ཆེར་ཡོ་སེབ་བསོད་ནམས་ཚེ་བརྟན་ཡི་ཤུའི་ཆོས་ལུགས་པ་ཆགས་པ་དང་པོའི་གྲས་རང་ཡིན་བསམ་པ་ཡོད། མགོ་སྟོད་དུ་ལགས་པ་ཁ་ཅིག་སླ་བའི་སྒོ་ནས་ཡི་ཤུའི་ཆོས་ལུགས་པ་ཆགས། ཡི་ཤུའི་ཆོས་ལུགས་སྤེལ་བ་པོ་དེ་ལ་སྤོབས་པའི་རེ་བར་ལ་དྭགས་ཡོངས་རྫོགས་ཡི་ཤུའི་ཆོས་ལུགས་པར་བསྒྱུར་ཐུབ་སྙམ། དེ་ནས་ལ་དྭགས་གླེ་པ་སྐུ་དྲག་ཅིག་གིས་དཔེ་ཐུབ་དགོན་པའི་མཁན་པོར་། བླ་མ། ཁྱེད་ཅང་མ་ཟེར་བར་འདུག་གམ། མི་ཀུན་ནི་ཡི་ཤུ་པ་འགྱུར་འདུག་ཅེས་སྨྲས། དེ་ལན་དུ། ད་མན་སྟེ། མོན་པའི་རྔ་བརྡུངས་ཏེ། མི་ཀུན་འཛོམས་འཇུག་ཅེས་མཁན་པོ་དེས་བཤད། གཞན་བཤད་པ་ཆེན་མོ་ཅང་མེད། སུ་ཞིག་གང་ཞིག་ཡིན་རུང་རང་རང་གི་ཆོས་ལུགས་འཕངས་ཏེ། གཞན་གྱི་ཆོས་ལུགས་པར་འགྱུར་ན་མི་འགྲིག་ཅེས་གོ་བརྡ་སྩལ་པའི་རྗེས་ལ་གྱུར་ཟིན་པའི་མི་ཚང་འགའ་ཞིག་མ་གཏོགས་གསར་དུ་ཆོས་ལུགས་དེར་འཇུག་མཁན་མ་བྱུང་ཞེས་ཐོས། ལ་དྭགས་པ་འགའ་ཞིག་དང་། ཁུ་ནུ་པ་འགའ་ཞིག་ཡི་ཤུའི་ཆགས་པར་ཆོས་ལུགས་གཞན་པའི་མིས་སྡང་བས་དེར་བསྡད་ཐུབ་པ་ཨེ་ཡིན་མི་ཤེས། ཁུ་ནུ་ཡུལ་ན་ཡི་ཤུའི་ཆོས་ལུགས་པ་ཡོད་པ་མ་ཐོས། ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་གི་ཡི་གེ་བྱེད་པོ། ཁུ་ནུ་མཐར་ཕྱིན་བ་བུ། ཡུལ་དེ་ནས་ཕེབས་པ་ཡིན་ཞེས་ཐོས། ལ་དྭགས་སུ་ཆོས་ལུགས་ཀྱི་སྡང་བ་མེད་པར་ཕན་ཚུན་མཐུན་པོར་གནས། ང་ཆུང་དུས་སུ་མཐོང་བའི་ཁ་ཆེ་ཞིག་གིས་བོད་མོ་ཞིག་མནའ་མར་་བླངས། སྐྱེས་པ་དེ་ཁ་ཆེ་དང་། སྐྱེས་མ་དེ་ནང་པ་རང་དུ་གནས། རྒས་ཀར་ཁྱོ་ག་ཁ་ཆེ་དེས་རང་གི་ཟླ་བོ་བོད་མོ་དེ་རྒྱ་གར་སངས་རྒྱས་པའི་གནས་ཆེན་དག་ལ་གནས་བསྐོར་བར་ཁྲིད་དོ་ཞེས་ཐོས། ལ་དྭགས་པས་ནང་པ་ལ་བོད་ཟེར་། འོན་ཀྱང་བོད་པ་མི་ཟེར། དེ་བཞིན་མདོ་ཁམས་ཕྱོགས་ཤིག་ན་ཡང་། བོད་དང་བོད་པའི་ཁྱད་པར་ཡོད་པའི་ཡིག་བྲིས་གསིལ་མྱོང་ངོ་། །

  21. ལྕགས་རྒྱ་འགྲམ་ནག says:
    2010-12-30 at 4:49 pm

    མང་མང་ཞིག་ནི་རྩོམ་འགྲོས་དང་ཚིག་འགྲོས་ཙམ་གྱི་ཁ་བརྡའི་རྒྱ་ལས་འགོངས་མི་ཐུབ་པ་འདི་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་། ནུབ་པ་འབྱོར་ལྡན་གྱིས་རྩོམ་ཡིག་འདི་དང་འབྲེལ་བའི་ཞིབ་འཇུག་གི་རྒྱུ་ཆ་འཚོལ་སྡུད་བྱས་པའི་བརྒྱུད་རིམ་ནི་ངོ་མ་ཧ་ལས་པ་ཞིག་རེད། བརྗོད་གཞི་འདི་ལ་རྒྱ་ཆེ་ཙམ་ནས་བལྟ་རྒྱུ་དང་བཤད་རྒྱུ་ཡོད་པ་ཞིག་རེད་ལ། འདིའི་སྐོར་ལ་ནུབ་པ་འབྱོར་ལྡན་ཁོང་རང་ཉིད་ཀྱིས་ཁ་གྲགས་མི་ཡོང་ངམ་བསམ་ནས་སྐད་ཆ་མང་པོ་བཤད་འཆར་མེད།

  22. ཀླུ་སྨྱོན། says:
    2010-12-30 at 4:52 pm

    རྒན་འཇམ་དཔལ་ལགས་ཀྱིས་ལྗགས་ལན་གནང་བར་ཐུགས་རྗེ་ཆེ་ཞུ། མདོ་སྨད་དུ་ལྷ་ས་པར་བོད་པ་ཞེས་འབོད་ཅིང་། དེ་ལྟར་འབོད་དུས་བོད་ཅེས་པ་འདི་དབུས་གཙང་བ་ནང་བཞིན་ཁ་བཙུམས་ནས་རྗོད་བཞིན་འདུག ཡིན་ན་ཡང་བོད་དང་བོད་ཆེན་པོ་ལྟ་བུ་རྗོད་དུས་ཨ་མདོའི་བ་ཀློག་སྟངས་བཞིན་ཝ་སྒྲ་ལྡན་པའི་སྒོ་ནས་ཁ་གདངས་ཏེ་རྗོད་བཞིན་འདུག

  23. ཀླུ་སྨྱོན། says:
    2010-12-30 at 4:57 pm

    ཉེ་སྔོན་ཞིག་ལ་དུས་དེབ་ཅིག་ལ་བོད་ཀྱི་ཀོང་པོའི་ས་ཆ་ཞིག་ཏུ་བོད་རིགས་ཡེ་ཤུ་བ་ཁྱིམ་ཚང་ལྔ་བརྒྱར་ཉེ་བ་ཞིག་ཡོད་ལུགས་ཀྱང་འདུག་ཅིང་། དེའི་སྐོར་ལ་ཞིབ་ཙམ་བྲིས་ཡོད་པ་ཞིག་མཐོང་ཡང་ད་ལྟ་བརྗེད་ནས་མི་དྲན། མདོ་སྨད་བླ་བྲང་ཁུལ་དུ་ཤེས་རབ་མཐར་ཕྱིན་ཞེས་པའི་ཨེ་ཀྲ་ལི་བ་ཡིན་ནམ་ཞིག་མི་ལོ་སུམ་ཅུ་ལྷག་ཙམ་ཞིག་ལ་བསྡད་ཀྱང་ཨ་མདོའི་བོད་རིགས་མི་རྡོག་གཅིག་ཀྱང་ཡེ་ཤུ་བར་བསྒྱུར་ཐུབ་མི་འདུག་ཅིང་། བོད་ཤོར་རྗེས་ཡེ་ཤུའི་ཆོས་ཚོགས་ཀྱི་རོགས་སྐྱོར་ལ་བརྟེན་དགོས་པའི་ཨ་མདོའི་མི་ཚང་རེ་ཟུང་རྒྱ་གར་དུ་ཡེ་ཤུ་བར་འགྱུར་བ་རེད་ལ། དེའི་ནང་དུ་ཨ་མདོ་རེབ་ཀོང་གི་མི་ཚང་ཞིག་ཀྱང་འདུག ཚེ་སྟོད་ནང་པ་ཡིན་པའི་མི་ཚང་དེའི་ཕ་རྒན་ཡེ་ཤུ་བ་དེ་འཆི་ཁར་ལག་གཉིས་ཐལ་མོ་སྦྱར་ཏེ་སྐྱབས་མགོན་ཡེ་ཤུ་མཁྱེན་ཞེས་དད་པ་རྩེ་གཅིག་ཏུ་བྱེད་བཞིན་འདུག་ཟེར།

  24. ཀླུ་སྨྱོན། says:
    2010-12-30 at 5:05 pm

    ད་ངས་དྲན་བྱུང་། ཉིས་སྟོང་གཉིས་ལོར་ང་རྡེ་རུ་རྡུན་དུ་ཡོད་དུས་ཡོ་སེབ་དགེ་རྒན་འདས་པོའི་སྐྱེས་དམན་གྱི་ཁང་པའི་ཐོག་ཁར་བསྡད་པ་ཡིན། དེ་ནི་ས་སྐྱ་ཆོས་སྒར་ལ་རེ་ཞིག་ཁང་སྟོང་མེད་པས་དགོན་པའི་གཉེར་བས་ང་རང་ཡོ་སེབ་དགེ་རྒན་གྱི་ལྕམ་མོའི་ཁང་ཐོག་ཏུ་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་སྡོད་དུ་བཅུག་པ་རེད། ལྕམ་མོས་ང་ལ་ཡོ་སེབ་དགེ་རྒན་གྱི་འདྲ་པར་མང་པོ་ཞིག་སྟོན་ཞོར་དགེ་རྒན་དེའི་ཕ་ལགས་པཎ་ཆེན་སྐུ་ཕྲེང་དགུ་བའི་དགེ་རྒན་ཞིག་ཡིན་ཚུལ་དང་། པཎ་ཆེན་ནང་མ་སྒང་གི་རྙོག་དྲ་ཞིག་ལ་བརྟེན་ནས་ཁོ་ཚོ་དེ་རུ་སྡོད་མ་ཐུབ་པར་ལ་དྭགས་ཁུལ་དུ་ཡོང་དགོས་བྱུང་ལུགས་ཀྱང་བརྗོད་སོང་། མོའི་ཁང་པ་དེ་ནི་རྡེ་ར་རྡུན་དུ་བཞུགས་པའི་དཔལ་ས་སྐྱའི་བདག་ཁྲི་རིན་པོ་ཆེའི་སྒྲོལ་མ་ཕོ་བྲང་གི་མདུན་དེ་རང་དུ་འདུག་ཅིང་བར་དུ་རྩིགས་པ་གཅིག་ལས་མི་འདུག ངས་དེ་རིང་གོང་གི་ནུབ་པ་འབྱོར་ལྡན་གྱི་རྩོམ་དེ་བཀླགས་རྗེས་གཞི་ནས་ང་དང་ཡོ་སེབ་དགེ་རྒན་གྱི་ལྕམ་མོའི་ཐུག་འཕྲད་དེ་དྲན་བྱུང་། ཨོ་ཡང་གཅིག་དྲན་བྱུང་། གཟའ་ཉི་མ་ནམ་ཡིན་ལ་ལ་དྭགས་པའི་ཕོ་གཞོན་འགའ་ཡོ་སེབ་དགེ་རྒན་གྱི་ཁྱིམ་དུ་འཛོམས་ནས་དམ་པའི་གསུང་རབ་ཀློག་ཞོར་སྒྲ་སྙན་རེ་ཡང་རྡུང་བཞིན་འདུག

  25. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-12-30 at 5:07 pm

    ཡོ་སོབ་དགེ་རྒན་གྱི་སྐོར་ལ་ཧ་ཅང་ཀློག་སྤྲོ་བ་ཞིག་བྲིས་འདུག དེ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན།
    ནུབ་པ་འབྱོར་ལྡན་ལགས་ནས། ས་ཆའི་མིང་དེ་ཚོ་དབྱིན་ཡིག་དང་ཤན་སྦྱར་ཐུབ་ན། དེས་ཀློག་མཁན་ཚོར་ཕན་ཐོགས་ཆེ་བ་འདུག
    བོད་ལ་ཡེ་ཤུ་བ་དང་པོར་ག་དུས་སླེབས་མིན་སོགས་ཀྱི་སྐོར་ལ། དྲ་རྒྱ་འདིས་ཀྱང་རི་མོ་དང་མཉམ་དུ་འགྲེལ་བཤད་ཡག་པོ་བསྐྱོན་འདུག
    ཀློག་མཁན་ཚོས་དྲ་རྒྱ་འདི་ལ་ཡང་གཟིགས་རོགས། http://earlytibet.com/2007/12/02/christianity-in-early-tibet/

  26. ལྕགས་རྒྱ་འགྲམ་ནག says:
    2011-01-02 at 11:39 am

    ནུབ་པ་འབྱོར་ལྡན་ལགས།
    ཁྱེད་ཀྱིས་འབྲེལ་ཡོད་ཀྱི་འདྲ་པར་དེ་དག་དང་མཉམ་དུ་བརྡ་སྤྲོད་སོགས་ཀྱི་ཐོག་ནས་དྲ་གྲོགས་ཚོའི་དགོངས་འཆར་དང་བསྟུན་ནས་ཞུས་དག་བཏང་འདུག་པར་ཐུགས་རྗེ་ཆེ། དྲ་གྲོགས་ཚོའི་འབྲེལ་ཡོད་ཀྱི་མཆན་ལ་ལན་ཐུང་རེ་འདེབས་ཐུབ་ན་མི་བཟང་ངམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme