Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་རམ་ས་ལ། སྲིད་པའི་གངས་རྒན་རིན་པོ་ཆེ།

Posted on 2008-06-19 By དབང་ཕྱུག་ No Comments on རྡ་རམ་ས་ལ། སྲིད་པའི་གངས་རྒན་རིན་པོ་ཆེ།

བདེ་ཆེན་སྒྲོལ་མ།
ང་ཚོ་མི་ཡུལ་དུ་ལྷུང་ནས་མི་ལོ་བཞི་བཅུ་ལྷག་ངང་གིས་བཞུར་སོང༌། ཞིབ་ཏུ་བསམས་ན། ལོ་འདི་དག་ནི་བོད་པ་ཚང་མེ་རུ་འབར་བའི་དུས་ཚོད་ཡིན་ལ་འཁྱག་ལ་འབྱར་བའི་དུས་ཚོད་ཅེས་བརྗོད་ཀྱང་མི་རུང་བ་གཏན་ནས་མེད།
ྋགོང་ས་མཆོག་ས་སྒང་རིལ་པོ་འདིའི་ཤར་ནུབ་གང་དུ་ཕེབས་ན། དེ་རུ་བོད་དོན་གྱི་མེ་ལྕེ་འབར་གྱིན་ཡོད་ལ། ྋགོང་ས་མཆོག་ས་སྒང་རིལ་པཽ་འདིའི་ཤར་ནུབ་གང་དུ་བཞུགས་ན། དེ་རུ་བྱམས་བརྩེ་དང་ཞི་བདེ་ཡི་འོད་སྟོང་འཕྲོ་བཞིན་ཡོད། ཡིན་ནའང༌། རྡ་རམ་ས་ལ་འདི་མི་ལོ་སྟོང་ཕྲག་རིང་གི་སྲིད་པའི་གངས་རྒན་བཞིན་སྔར་ལྟར་འཁྱག་ལ་འབྱར་ནས་ཡོད།
ས་མཐའི་ལྡོམ་པོ་ཡོད་ཚད་སྐབས་འཚོལ་བ་རྐྱང་རྐྱང་ཡིན་པའི་བདེན་ཁ་སུས་ཀྱང་སྤྲོད་དཀའ་ཡང༌། མི་ཚང་མ་འཚང་ཁ་ཤིག་ཤིག་གིས་བཞུར་ས་གཅིག་ལ་བཞུར་འགྲོ་བ་དངོས་ཡོད་ཀྱི་བདེན་པ་དམར་རྗེན་ཞིག་ཡིན།
རྡ་ས་ནས་འཕྲོས་པའི་ཉི་འོད་སྣུམ་པོ་དེས་འཛམ་གླིངགི་མུན་པ་དང་གྲང་འཁྱག་ཡོངས་སུ་གསལ་སོང༌། དུས་དེ་ནས། རྡ་རམ་ས་ལའི་སྐད་སྒྲ་ཉི་མ་ལྷ་ས་ལས་བརྒལ་ཏེ་འཛམ་གླིང་ཡོངས་ལ་ཁྱབ་སོང༌། འཛམ་གླིང་ཡོངས་ཀྱིས་ཤེས་སོང་ཡང༌། རྡ་རམ་ས་ལའི་རྒྱ་སྟག་དང་དོམ་སྨྱོན་ཚོ་ད་དུང་ཆེ་ཚུགས་ཀྱིས་འགྱིང་ཞིང་མགོ་བོ་ཨ་རི་དང་རྐང་སྣེ་རྡ་སར་བཞག་ནས་གཉིད་ལ་རོལ། རྡ་རམ་ས་ལའི་མུན་པ་ཧ་ཅང་མཐུག་ལ་གྲང་འཁྱག་སྔར་བཞིན་རྩུབ།
འཛམ་གླིང་གང་ས་ཡི་མི་རིགས་མང་པོ་ཕྱོགས་ཕྱོགས་ནས་རྡ་སར་འབྱོར་རྗེས། ཁོང་ཚོས་གཞི་ནས་རྡ་རམ་ས་ལ་གད་སྙིགས་ཀྱི་གླིང་ཕྲན་ཞིག་དང༌། རྡ་རམ་ས་ལའི་གནམ་གཤིས་ཀྱི་དྲོད་གྲང་གཉིས་ཀ་མཉམ་དུ་རྟོགས་བཞིན་ཡོད།
མི་ཚེ་རྡ་སར་བསྟིམས་པའི་རྒད་པོ་བློ་དཀར་ཞིག་གིས་ཀྱང༌། རྡ་རམ་ས་ལ་འཛམ་གླིང་གི་ཚོང་ར་ཆེ་ཤོས་ཤིག་ཡིན། ཚོང་པ་ཚོར་གནས་ལུགས་མེད་ལ་ཚོས་རྫས་ལ་ཁྱད་པར་མེད་པར། སྟབས་འགྲིག་ན་རང་གི་ནང་མི་ཡིན་ཡང་རང་གི་ཚོང་རྫས་ཡིན་ཟེར།
གཞན་ཡང༌། རྡ་རམ་ས་ལ་སྨུག་སྤྲིན་གྱིས་གཡོག་ཡོང་དུས་ཀྱི་གནམ་གཤིས་ཧ་ཅང་འཇིགས་སུ་རུང་བ་ཞིག་ཡིན་ལ། རྒྱ་སྟག་དང་དོམ་སྨྱོན་དག་གིས་སྡེར་མོ་བགྲད་ནས་མཆོང་ཡོང་དུས་ཀྱི་རང་གཤིས་ཀྱང་ཧ་ཅང་གདུག་རྩུབ་དང་ལྡན་པ་ཞིག་ཡིན།

སྣ་ཚོགས།

Post navigation

Previous Post: མཁན་པོ་འཇིགས་མེད་ཕུན་ཚོགས་ཚང་དྲན་པ། ༼བོད་འབྱོར་རྩོམ་ཡིག༽
Next Post: རྒྱུ་སྐར་མིག་དམར་གྱི་སྟེང་དུ་འཕྲུལ་ཆས་སླེབས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme