Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལུགས་སྨན་རྫས་རིག་པ་ལས་སྨན་གྱི་རོ་ནུས་ཞུ་རྗེས་སྐོར་ལ་རགས་ཙམ་དཔྱད་པ།

Posted on 2010-12-272010-12-27 By ཁ་བརྡ་ 11 Comments on བོད་ལུགས་སྨན་རྫས་རིག་པ་ལས་སྨན་གྱི་རོ་ནུས་ཞུ་རྗེས་སྐོར་ལ་རགས་ཙམ་དཔྱད་པ།

དཀར་མཚོ་སྐྱིད།

གངས་ལྗོངས་གཙུག་ལག་ཆུ་སྐྱེས་བཞད་པའི་རྩེར། །
ལེགས་འཁྲུངས་གསོ་རིག་གེ་སར་འཛུམ་པའི་ཟེར། །
གཞན་ཕན་བདུད་རྩིའི་ཆར་འབེབས་གཡུ་ཐོག་རྗེ། །
གང་དེའི་ཞབས་ལ་སྒོ་གསུམ་སྙིང་ནས་འདུད། །

ཁྱད་པར་སྨན་རྒྱལ་མགོན་པོའི་རོལ་མོའི་སྤྲིན། །
རབ་འབྱམས་ཞིང་དུ་དམིགས་ཏེ་བྲེལ་བ་ལས། །
མཐའ་ཡས་མཛད་འཕྲིན་ནོར་བུའི་གྲུ་ཆར་ཅན། །
ཚེ་རབས་ཀུན་ཏུ་ཡིད་མཁར་དཀྲིགས་གྱུར་ཅིག །

སྐྱེ་རྒུའི་བསོད་ནམས་རི་བོས་བསྲུབས་སྐྱེས་མཚན་བཟང་རི་དྭགས་གཟུགས་མཚར་གཡོ། །
མཁྱེན་རབ་ནོར་བུའི་འོད་དཀར་ཟེགས་མས་མི་ཤེས་རྨོངས་པའི་གོ་སྐབས་འཕྲོགས། །
ཀུན་སྙོམས་བྱམས་བརྩེའི་སྣང་བ་རྒྱས་པའི་གཞན་ཕན་འོད་ཀྱི་ཁོར་ཡུག་ཅན། །
བསིལ་ལྗོངས་ཚེ་ཡི་རིག་བྱེད་དཔའ་བོ་བྱང་ཟུར་ཟླ་བ་རྣམ་གཉིས་མཆོད། །

བོད་ཀྱི་གསོ་བ་རིག་པ་ནི་བོད་མི་རིགས་རང་ཉིད་ཀྱི་མེས་པོ་རིམ་བྱོན་རྣམས་ཀྱིས་གནའ་རབས་ནས་བཟུང་བོད་ལྗོངས་ས་མཐོའི་ཐོག་ནད་རིགས་སྣ་ཚོགས་དང་འཐབ་རྩོད་བྱས་པའི་ལག་ལེན་ནང་ཐོབ་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་མཛད་པ་ཞིག་ཡིན་ལ། ད་དུང་དེ་རིམ་བཞིན་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་སྤུན་ཟླའི་མི་རིགས་གཞན་དག་དང་། ཕྱི་ཕྱོགས་ནས་དར་བའི་དགེ་མཚན་ལྡན་པའི་གསོ་རིག་གི་སྙིང་བཅུད་མང་པོ་བསྡུ་ལེན་གྱིས་རྒྱུན་ཆད་མེད་པར་ཁ་སྐོང་དང་འཕེལ་རྒྱས་གོང་འཕེལ་གཏོང་བ་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་གསར་གཏོད་མཛད་པ་ཞིག་ཡིན་གཤིས། དེར་ཆ་ཚང་བའི་རིག་པའི་གཞུང་ལུགས་ཀྱི་མ་ལག་ཡོད་པ་དང་།
མི་རིགས་རང་ཉིད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱང་ལྡན་ཡོད་པ་ཞིག་རེད། དེས་བོད་རིགས་མི་དམངས་ཙམ་མ་ཟད་སྤུན་ཟླའི་མི་རིགས་གཞན་དག་གི་འཚོ་གནས་ལ་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་ལེགས་སྐྱེས་ཆེས་ཆེ་བ་ཞིག་ཕུལ་ཡོད་སྟབས་དེང་སྐབས་དེའི་སྙན་གྲགས་ཀྱང་འཛམ་གླིང་གི་ཡུལ་གྲུ་ཁག་ལ་ཁྱབ་སྟེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གི་ནང་དུ་ཡང་དེར་ཤེས་རྟོགས་དང་། སློབ་སྦྱོང་། ཞིབ་འཇུག་བཅས་བྱེད་པའམ་བྱེད་སེམས་བྱེད་བཞིན་ཡོད་པ་བཅས་རེད། མདོར་ན་བོད་རིགས་མི་དམངས་རྣམས་ལ་ངོམས་རིན་ཡོད་པའི་ཕུལ་བྱུང་གི་རིག་གནས་དེ་དང་དེ་ལྟ་བུ་ཡོད་པ་དེ་ནི་མི་རིགས་རང་ཉིད་ཀྱི་སྤོབས་པ་དང་གཟི་བརྗིད་ཞིག་ཀྱང་ཡིན། དེས་ལུས་ཁམས་བདེ་སྲུང་དང་ནད་གཞི་འགོག་བཅོས་ཀྱི་འགན་ལེན་བྱེད་པར་ནུས་པ་ཆེན་པོ་ཐོན་གྱི་ཡོད། དེ་ལྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་སྨན་རྫས་ཀྱི་སྦྱོར་སྡེའི་ནུས་པ་དང་ཁ་བྲལ་ཐབས་མེད་ལ། དེང་དུས་ཚན་རིག་པས་ཀྱང་རང་བྱུང་སྨན་ནུས་ལ་ཁ་ཕྱོགས་པའི་རྒྱུ་མཚན་དེའི་ཕྱིར་རང་ཉིད་ནས་བོད་ལུགས་སྨན་རྫས་རིག་པ་ལ་སྨན་གྱི་རོ་ནུས་ཞུ་རྗེས་སྐོར་ལ་རགས་ཙམ་འཆད་ཁུལ་ལགས་ཏེ།
བོད་ཀྱི་སྨན་རྫས་རིག་པ་ནི་ལོ་ངོ་ཁྲི་ཕྲག་མང་བོའི་རིང་ལ་བོད་མི་དམངས་ཀྱིས་རང་བྱུང་ཁམས་ཀྱི་གནོད་འཚེ་དང་འཐབ་རྩོད་ཡུན་རིང་བྱས་ཏེ་རང་གི་ལུས་ལ་ཕན་བྱེད་ཀྱི་ཐབས་ཤེས་མང་བོ་ཞིག་བསགས་ཡོད་པ་ནི་ཆུ་སྐོལ་ཚ་མོས་མ་ཞུ་བའི་ནད་བཅོས་པ་དང་། རྨ་ཁ་ལ་མར་ཁུ་བླུགས་ནས་ཁྲག་གཅོད་པ། དུག་ཡོད་ན་སྨན་ཡང་ཡོད་ཅེས་གསུངས་སྲོལ་ཡོད་པ་དེ་དག་ལ་གཞིགས་ན་སྐབས་དེའི་དུས་སུ་བོད་མི་དམངས་ཀྱིས་སྐྱེ་དངོས་དང་སྲོག་ཆགས། གཏེར་ཁའི་རིགས་བཅས་ཁ་ཤས་ལ་ནད་རིགས་གསོ་བའི་ནུས་པ་ཡོད་པ་ཤེས་རྟོགས་བྱུང་ཟིན་པ་མ་ཟད། དུག་སེལ་སྨན་གྱི་བྱེད་ཐབས་ཤེས་པའང་དངོས་ཤུགས་ཀྱིས་བསྟན་པ་ཡིན་ནོ། །དེར་བཤད་རྒྱུད་ཀྱི་ལེའུ་བཅུ་དགུ་བར། དེ་བས་དངོས་དང་སྦྱར་བའི་དབང་གྱུར་ལས། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །
དེ་ལྟར་ནད་ལ་གསོ་བར་བྱེད་པའི་གཉེན་པོ་སྨན་བསྟན་པ་ལ་རོ་དང་ནུས་པ་ཞུ་རྗེས་སྦྱར་ཐབས་བཞིའི་སྒོ་ནས་ཤེས་དགོས། དེ་ལ་ཡང་གཅེས་བསྡུས་སྙིང་པོ་ལས། ནད་གསོ་བར་བྱེད་པའི་གཉེན་པོ་ལ་ཟས་སྤྱོད་དང་སྨན་དཔྱད་བཞི་ཡོད་པ་ལས་སྦྱོར་བ་སྨན་གྱི་གནས་ལ་སྨན་གྱི་རོ་བསྟན་པ་དང་། ཞུ་རྗེས་བསྟན་པ། ནུས་པ་བསྟན་པ། སྦྱར་ཐབས་བསྟན་པ་བཅས་བཞི་རུ་ཤེས་དགོས་པར་གསུངས་པས།
དང་པོ། སྨན་གྱི་རོ་བཤད་པ་ལ་རོ་ཡི་རྟེན་དང་། སྨན་རྫས་ཀྱི་ངོ་བོ། འབྱུང་བའི་ཤས་ཆེ་ཆུང་། ཕན་གནོད་བཅས་བཞི་བཤད་པ་ལས།
༡ རོ་ཡི་རྟེན།
དེ་ཡང་སྨན་ཐམས་ཅད་ཀྱི་རྟེན་འབྱུང་བ་ལྔ་ལས་སྐྱེ་བར་འགྱུར་ཏེ་སས་གཞི་རྟེན་པར་བྱེད་པ་དང་། ཆུས་རླན་པར་བྱེད་པ། མེས་དྲོད་པར་བྱེད་པ། རླུང་གིས་སྐྱོད་པར་བྱེད་པ། ནམ་མཁས་གོ་ས་འབྱེད་པར་བྱེད་པས་དེ་དག་ལྔ་བོས་སྨན་རྣམས་བསྐྱེད་པར་གྱུར་ཀྱང་འབྱུང་བ་ལྔའི་ཤས་ཆེ་ཆུང་གིས་སྨན་ཕལ་ཆེར་རོ་གཅིག་ཏུ་ངེས་པ་མིན་ཏེ། རོ་རེ་རེ་ལའང་དེ་དག་བསྐྱེད་པའི་འབྱུང་བ་ལྔ་ཚང་དགོས་པའི་ཕྱིར། དེས་ན་ས་ཆུ་ལས་རོ་མངར་བ་ཞེས་བཤད་པ་ལ་སྐྱེད་བྱེད་ཀྱི་རྒྱུ་འབྱུང་བ་ལྔ་བོ་འདུས་ཀྱང་གཙོ་བོ་ས་ཆུ་གཉིས་ཀྱིས་སྐྱེད་པ་ཡིན། དེ་བཞིན་དུ་རོ་སྐྱུར་བའི་རྒྱུ་མེ་ས་གཉིས། རོ་ལན་ཚྭ་བ་ཆུ་མེ་གཉིས། རོ་ཁ་བ་ཆུ་རླུང་གཉིས། རོ་ཚ་བ་མེ་རླུང་གཉིས། རོ་བསྐ་བ་ས་རླུང་གཉིས་བཅས་གཙོ་བོར་འབྱུང་བ་གཉིས་གཉིས་ཀྱིས་སྐྱེད་པས་ན་རོ་དྲུག་དུ་ངེས་པའི་ཕྱིར་རོ།
འབྱུང་བ་རྣམས་རང་རང་ཤས་ཆེ་བའི་ཡོན་ཏན་ནི། རྒྱུད་ལས་ས་སྨན་ལྕི་བརྟན་རྟུལ་འཇམ་སྣུམ་ལ་སྐམ་ཞེས་གསུངས་པ་ལྟར་ནུས་པ་དྲུག་ལྡན་དེས་རང་རང་གི་མི་མཐུན་པའི་ཕྱོགས་འཇོམས་པའི་ཡོན་ཏན་དང་བྱེད་ལས་ནི་ལུས་མཁྲང་ཞིང་བརྟན་པ་དང་གོང་བུར་སྡུད་པར་བྱེད་ཅིང་རླུང་གི་ནད་ཤས་ཆེར་སེལ་བར་བྱེད་དོ། །
ཆུ་སྨན་སླ་བསིལ་ལྕི་རྟུལ་སྣུམ་ལ་མཉེན་ཞེས་བློ་གྲོས་རྒྱལ་བོའི་དགོངས་པ་ལྟར་ནུས་པ་དྲུག་ལྡན་དེས་རང་རང་གི་མི་མཐུན་ཕྱོགས་འཇོམས་པའི་ཡོན་ཏན་དང་བྱེད་ལས་ལུས་ལ་བརླན་པའི་ཆ་བསྐྱེད་ཅིང་འཇམ་ལ་མི་འཐོར་བར་སྡུད་པར་བྱེད་དེ་མཁྲིས་པའི་ནད་ཤས་ཆེར་སེལ་བའོ། །མེ་སྨན་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ་ཞེས་ནུས་པ་བདུན་ལྡན་དེས་རང་རང་གི་མི་མཐུན་ཕྱོགས་འཇོམས་པའི་ཡོན་ཏན་དང་བྱེད་ལས་ལུས་ལ་དྲོད་སྐྱེད་པ་དང་ལུས་ཟུངས་འཕེལ་ལ་ནུས་པ་སྨིན་ཅིང་མདོག་གསལ་བར་བྱེད་པ་དང་བད་ཀན་གྱི་ནད་ཤས་ཆེར་སེལ་བའོ། །རླུང་སྨན་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ་ཞེས་ནུས་པ་དྲུག་ལྡན་དེས་རང་རང་གི་མི་མཐུན་ཕྱོགས་འཇོམས་པའི་ཡོན་ཏན་དང་བྱེད་ལས་རླུང་དེས་ལུས་སྲ་ཞིང་སྐྱོད་པ་དང་ཕྲ་རགས་ཀྱི་ཆ་ཤས་ཀུན་ཏུ་ཁྱབ་པར་བྱེད་ཅིང་ནད་བད་མཁྲིས་ཤས་ཆེར་སེལ་བའོ། །ནམ་མཁའ་ནི་འབྱུང་བ་བཞིའི་སྨན་ལ་སྤྱི་ཁྱབ་ཏུ་གནས་པ་ཡིན་ཏེ་འབྱུང་བ་བཞི་བོའི་སྨན་ཀུན་གྱི་སྐྱེ་འཕེལ་གྱི་གོ་ཕྱེ་བས་དེ་ལྟར་དུ་ངེས་ཤིང་བྱེད་ལས་ཀུན་གྱི་བུ་ག་ཁོག་སྟོང་བ་དང་ཡངས་པའི་གོ་སྐབས་འབྱེད་ཅིང་འདུས་པའི་ནད་སེལ་བའོ། །ནམ་མཁས་གཙོ་བོར་བསྐྱེད་པའི་སྨན་རྒྱུད་བཞིར་མི་བཞེད་ཅིང་སྐབས་འདིར་རྒྱུ་འབྲས་བྱེད་པ་དང་བཅས་པར་འཆད། རྒྱུ་མཚན་དེ་བས་ན་སྨན་སྐྱེ་དངོས་གཅིག་རྐྱང་གིས་ནད་རིགས་འཇོམས་པ་དང་། འགའ་ཞིག་དུ་མ་སྦྱར་བའི་དབང་དུ་གྱུར་བ་ལས་ནད་སེལ་བར་འགྱུར་བས་ན་ལུས་ནད་ལ་ཕན་པའི་སའི་སྟེང་ན་སྨན་མ་ཡིན་པ་འགའ་ཡང་ཡོད་པ་མ་ཡིན་ཏེ་བཙན་དུག་སོགས་ཀྱང་སྦྱོར་བས་སྨན་དུ་འགྱུར་རོ། །རྒྱུད་ལས། རྟེན་ནི་འབྱུང་བ་ལྔ་ལས་བསྐྱེད་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་བརླན་མེ་ཡིས་དྲོད། །རླུང་གིས་སྐྱོད་བྱེད་ནམ་མཁའ་གོ་ཕྱེ་བས། །དེ་བསྐྱེད་གྱུར་ཀྱང་ཤས་ཆེར་རོ་གཅིག་མིན། །ཞེས་པ་ལྟར་འབྱུང་བ་དེ་དག་ཤས་ཆེ་ཆུང་གི་དབང་གིས་རིགས་གཅིག་ཏུ་འབྱུང་བ་ནི་མ་ཡིན་པར་དེ་དག་གི་ནུས་པ་དང་བྱེད་ལས་ཀྱང་མི་འདྲ་བ་འབྱུང་བ་ནི་འདི་ལྟ་སྟེ།
(འབྱུང་བ།
ཡོན་ཏན།
རང་བཞིན།
ནུས་པ།
ཉེས་པ།
ས་སྨན།
ལྕི་བརྟན་རྟུལ་འཇམ་སྣུམ་སྐམ།
དྲིའི་ཤས་ཆེ་བ།
ལྕི་བ་འཇུ་དཀའ་ཡན་ལག་མཁྲེགས་ཤིང་སྲ་བ།
རླུང་ནད་སེལ།
ཆུ་སྨན།
སླ་བསིལ་ལྕི་རྟུལ་སྣུམ་མཉེན།
རོའི་ཤས་ཆེ་བ།
ལུས་འཇམ་ཞིང་སྣུམ་པ་ཟས་འདྲུལ་ཞིང་མྱགས་པ་ཚིགས་རྣམས་འབྱོར་བ།
མཁྲིས་ནད་སེལ།
མེ་སྨན།
ཚ་རྣོ་སྐམ་རྩུབ་སྣུམ་གཡོ།
གཟུགས་ཤས་ཆེ་བ།
ལུས་ཁམས་ཀྱི་དྲོད་སྐྱེད་ཟས་འཇུ་མདོག་གསལ་ཟུངས་འཕེལ།
བད་ཀན་སེལ།
རླུང་སྨན།
ཡང་གཡོ་གྲང་རྩུབ་སྐྱ་སྐམ།
རེག་ཤས་ཆེ་བ།
ལུས་ཁམས་ཀྱི་ཆ་ཤས་རྣམས་སྲ་བ་འགུལ་ཞིང་བསྐྱོད་པ་དྭངས་མ་བུ་གར་ཁྱབ་པ།
བད་མཁྲིས་སེལ།
ནམ་མཁའ།
སྨན་ཀུན་ལ་ཁྱབ་པ།
སྒྲའི་ཤས་ཆེ་བ།
ལུས་ཁམས་ཀྱི་ཆ་ཤས་རྣམས་ཡངས་པའི་གོ་ས་འབྱེད་པ།
འདུས་ནད་སེལ།)

༼མུ་མཐུད་འགོད་རྒྱུ།༽

གསོ་རིག

Post navigation

Previous Post: འཇིགས་སྐུལ་བ་འཛིན་བཟུང་དང་རྡ་སའི་བདེ་འཇགས།
Next Post: ཐོག་ཁང་དམར་བོའི་རྨི་ལམ།

Comments (11) on “བོད་ལུགས་སྨན་རྫས་རིག་པ་ལས་སྨན་གྱི་རོ་ནུས་ཞུ་རྗེས་སྐོར་ལ་རགས་ཙམ་དཔྱད་པ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2010-12-27 at 7:12 pm

    དབྱེ་ཞིབ་གནད་ལ་འཁེལ་ཞིང་། བྱུང་བ་སྲོང་བོར་བརྗོད་འདུག་པས། ཕྱི་རབས་པས་སྔ་རབས་པར་སྤྱི་བསྡོམས་དང་ཡི་རངས་བརྒྱུད་ནས་མ་འདང་བ་ཁ་བསྐོང་བྱེད་སྟངས་ཡིན་གར་བ་ཞིག་ཏུ་འདོད།

  2. བདུད་འདུལ་རོལ་བའི་རྩལ། says:
    2010-12-28 at 12:23 am

    དཀར་མཚོ་སྐྱིད་ལགས་ཀྱིས་རོ་ནུས་ཞུ་རྗེས་ཀྱི་སྐོར་ལ་གསལ་ཁ་བྱས་བར་ཐུགས་རྗེ་ཆེ། འོན་ཀྱང་ཁྱེད་ཀྱིས་བྲིས་བ་འདི་ནི་བོད་ལུགས་གསོ་བ་རིག་པ་ལ་ཐོས་བསམ་བྱས་མྱོང་བ་ཞིག་གིས་བལྟས་ན་དེ་འདྲའི་དགེ་མཚན་ལྡན་པ་ཞིག་མི་མཐོང་སྙམ། རྒྱུ་མཚན་ནི་རང་གི་བློ་གྲོས་ཀྱི་རྩལ་གྱིས་དཔྱད་པ་མ་བཏང་བར་རྒྱུད་འགྲེལ་སོགས་ལས་ལ་བཏུས་ལུང་བཏུས་བྱས་འདུག་པས་རྗེས་ཕྱོགས་དཔྱད་བརྗོད་ཉག་ཉོག་འདི་འདྲ་སྤེལ་ན་དུས་ཚོད་འཕྲོ་བརླག་རེད། ངོ་མ་ཞིབ་འཇུག་བྱེད་འདོད་ན་སྔ་རབས་གསོ་རིག་གསུང་འབུམ་ཁག་ཏུ་གསལ་བའི་སྡེབ་སྦྱོར་དག་གི་ནུས་བ་ཇི་ལྟར་གཏན་འཁེལ་བྱས་བའི་རིག་ལམ་རང་གི་མྱོང་བ་དང་རྣམ་དཔྱོད་ཀྱི་རྩལ་གྱིས་གསལ་འགྲེལ་བྱེད་ཐུབ་ན་དགེ་མཚན་ལྡན་པར་མཐོང་།།

  3. ཀརྡོ་རབ་འབྱམས་པ་ says:
    2010-12-28 at 8:32 am

    བོད་རིགས་སྤྱི་སྐད་ཡར་རྒྱས་ཡོང་ཐབས་སུ་བོད་སྨན་ནང་གི་སྲོག་ཆགས་དང་རྩྭ་་ཤིང་མེ་ཏོག་སོགས་ཀྱི་མིང་རྣམས་དྲ་རྒྱར་འདོན་གང་ཐུབ་མུ་མཐུད་མུ་འགོད་ཡོང་བར་མཁྱེན། མཁྱེན།

  4. དཀོན་མཆོག་ཚེ་བརྟན། says:
    2010-12-29 at 5:16 pm

    དཀར་མཚོ་སྐྱིད་ལགས།
    འབྱུང་བ་ས་སྨན་སོགས་ཀྱི་རང་བཞིན་དྲི་ཤས་ཆེ་བའི་རྒྱུ་མཚན་ཁྱེད་ཀྱིས་གསལ་བོར་འགྲེལ་རོགས་ཞུ།

  5. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2010-12-30 at 1:36 pm

    ཁོ་བོས་ནི་སྨན་ལ་སྦྱང་མ་མྱོང་བས་དེ་རིང་ཡང་བསྐྱར་ཐེངས་གཅིག་ཀློག་སྐབས་གོ་མ་མྱོང་བ་མང་པོ་ཞིག་དང་ཤེས་མ་མྱོང་བ་མང་པོ་ཞིག་ཤེས་སུ་བཅུག་སོང་། དེར་བརྟེན་མུ་མཐུད་དུ་འདིའི་མཇུག་འབྲི་རོགས།

  6. yangbum2 says:
    2010-12-31 at 2:14 pm

    རྩོམ་འཕྲོ་མུ་མཐུད་འགོད་རོགས་ཞུ།

  7. དཀར་མཚོ་སྐྱིད། says:
    2010-12-31 at 9:54 pm

    རྩོམ་གྱི་མཇུག་ཏུ་ཡོད་པའི་འབྱུང་བ་ལྔའི་ཡོན་ཏན་དང་། རང་བཞིན། ནུས་པ། ཉེས་པ་སོགས་མདོར་བསྡུས་ཀྱི་ཚུལ་དུ་རེའུ་མིག་ཅིག་གི་ནང་དུ་བཀོད་ཡོད་ཀྱང་ཁ་བརྡའི་དྲྭ་ཚིགས་སུ་རེའུ་མིག་མི་གསལ་བས་གོ་རིམ་སོགས་འཆོལ་བར་གྱུར་བས་སྐབས་རྗེས་མར་བསྐྱར་དུ་རེའུ་མིག་ཏུ་དགོད་ངེས་ཡིན།

  8. དཀོན་མཆོག says:
    2010-12-31 at 10:16 pm

    ལགས་ལགས་སོ། །དཀར་མཚོ་སྐྱིད། དེ་དེ་བཞིན་དུ་མཛོད་ཅིག །

  9. རྡོ་རྗེ་བཀྲ་ཤིས། says:
    2011-01-06 at 3:27 am

    བྱང་ཟུར་གཉིས་ལ་སྟོད་པ་བྱས་ནོ་ཡག་ཀི

  10. རྡོ་རྗེ་བཀྲ་ཤིས། says:
    2011-01-21 at 3:32 am

    ད་འབྲི་ནི་མེད་ཁ།

  11. ཡེ་ཤེས། says:
    2012-06-25 at 1:49 am

    རོ་ནུས་ཞུས་རྗེས་སྐོར་གྱི་བཤད་པ་དེ་ལ་ཐུགས་རྗེ་ཆེ་ཞུས་རྒྱུ་དང་བཤད་པ་དེ་ལ་ཐུགས་རྗེ་ཆེ་ཞུས་རྒྱུ་དང་། ཨ་རུ་ར་དེ་ལ་རོ་དྲུག་ལྡན་ཚུལ་ཇི་འདྲ་ཡིནཨ་རུ་ར་དེ་ལ་རོ་དྲུག་ལྡན་ཚུལ་ཇི་འདྲ་ཡིན་ཚུལ་སྐོར་ལ་ཅུང་ཙམ་འགྲེལ་བཤད་བགྱི་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme