Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གཞུང་གིས་སྲིད་བློན་ཝུན་ཅཱ་བའོ་ལ་ནོ་སྦེལ་ཞི་བདེའི་བྱ་དགའ་རག་ཐབས་བྱས་པ།

Posted on 2010-12-18 By དབང་ཕྱུག་ 1 Comment on རྒྱ་ནག་གཞུང་གིས་སྲིད་བློན་ཝུན་ཅཱ་བའོ་ལ་ནོ་སྦེལ་ཞི་བདེའི་བྱ་དགའ་རག་ཐབས་བྱས་པ།

བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག

༄༅། །འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་མོ་དེ་ནི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་ཞིག་རེད། འདི་ལོའི་བྱ་དགའ་དེ་རྒྱ་ནག་ནང་མང་གཙོ་དོན་གཉེར་བ་སྐུ་ཞབས་ལིའུ་ཤའོ་ཕོ་ལ་གནང་ཡོད་ཀྱང༌། ཁོང་དོ་བདག་དང་ནང་མི་སོགས་བྱ་དགའ་ལེན་པར་བསྐྱོད་ཐུབ་མེད་པར། བྱ་དགའ་དེ་ནོ་སྦེལ་གཟེངས་རྟགས་ཀྱི་མཛད་སྒོ་ཚོགས་སའི་སྐུ་མགྲོན་བཞུགས་སའི་སྡིང་ཆའི་རྐུབ་བཀྱག་སྟོང་པ་ཞིག་སྟེང་བཞག་དགོས་བྱུང་ཡོད། རྒྱ་ནག་གཞུང་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་གནོན་ཤུགས་འོག་ར་ཤི་ཡ་དང༌། དབྱི་རང༌། ཀུ་པ། ཝེ་ནེ་རུ་ཡ་སོགས་རྒྱལ་ཁབ་ ༡༧ ད་རེས་ཀྱི་བྱ་དགའ་ཕུལ་བའི་མཛད་སྒོར་བཞུགས་ཡོད་པ་མ་རེད།
རྒྱ་ནག་གཞུང་གིས་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་གཟེངས་རྟགས་བྱ་དགའ་དེ་ཛྲརྒྱལ་ཁབ་མགོ་གཏིང་སློག་པའི་ཛྲཉེས་མིང་འོག་ད་ལྟ་བཙོན་ཁང་ནང་ཉེས་ཆད་འཁུར་བཞིན་ཡོད་པའི་ལིའུ་ཤའོ་ཕོ་ལ་སྤྲད་པ་དེར་ཁོངས་ཁྲོ་ཆེན་པོ་ལངས་ནས། དེ་ནི་ཛྲམངོན་གསལ་དོད་པོས་རྒྱ་ནག་ནང་ཁུལ་དུ་ཁྲིམས་བརྒལ་ཉེས་ཅན་པ་ཞིག་ལ་རྒྱབ་སྐྱོར་བྱས་ཏེ། རྒྱ་ནག་གི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་ཇུས་བྱས་ཛྲཔར་ངོས་འཛིན་བྱས་འདུག
ཡིན་ནའང༌། ཨ་རི་དང་ཡུ་རོབ་གཙོས་རང་དབང་དང་མང་གཙོར་ཕྱོགས་པའི་རྒྱལ་ཁབ་མང་ཆེ་བས་ད་རེས་ཀྱི་ནོ་སྦེལ་ཞི་བདེའི་བྱ་དགའ་ལིའུ་ཤའོ་ཕོ་ལ་གནང་བ་དེ་རྒྱ་ནག་གི་མང་གཙོའི་བརྒྱུད་རིམ་སྐུལ་དེད་གཏོང་བའི་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱས་པ་ཞིག་ལ་ངོས་འཛིན་བྱས་ཏེ། རྒྱ་ནག་པེ་ཅིན་གཞུང་གིས་ལིའུ་ཤའོ་ཕོ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག།
ད་རེས་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་ནོར་སྦེལ་ཞི་བདེའི་བྱ་དགའ་དེ་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་སྐུ་ཞབས་ལིའུ་ཤའོ་ཕོ་ལ་སྤྲོད་རྒྱུར་ཐབས་ཤེས་ཡོད་དགུས་བཀའ་སྡོམ་བྱས་པ་དང༌། ཕྱོགས་གཞན་ཞིག་ནས་བྱ་དགའ་དེ་ཁོང་ཚོའི་སྲིད་བློན་ཝུན་ཅཱ་བའོ་ལ་རག་ཐབས་གང་དྲག་ཅི་དྲག་བྱས་ཡོད་སྐད་འདུག།
དེ་ཡང༌། དབྱིན་ཇིའི་ སྐྱསྐྱསྐྲ་ཏྲྣན རྒྱ་ཡིག་དྲ་རྒྱའི་ནང་རང་དབང་གིས་བགྲོ་གླེང་ལྷུགས་པོ་ཞིག་བྱས་པའི་གནས་ཚུལ་ནང་གནད་དོན་གསུམ་སྤེལ་བར་གཞིགས་ན། ༡༽ ལྐོག་ནས་གནོན་ཤུགས་སྤྲད་པའི་བྱ་ཐབས་སྤྱད་འདུག་པ་སྟེ། རྒྱ་ནག་གཞུང་གིས་སྔ་ས་ནས་ད་རེས་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་སྐུ་ཞབས་ལིའུ་ཤའོ་ཕོ་ལ་ནོ་སྦེལ་ཞི་བདེའི་བྱ་དགའ་འཐོབ་སྲིད་པའི་རེ་བ་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་ཏེ། དེ་མ་ཐག་ཁོང་ཚོས་གཟེངས་རྟགས་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་དང་གསང་བའི་ཐོག་སྐད་ཆ་བཤད་ཀྱང་བྱ་དགའ་འགོག་ཐབས་ཀྱི་ནུས་པ་མི་ཐོན་པ་ཤེས་རྟོགས་བྱུང་མཚམས། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་གཅིག་ཆེད་མངགས་ནོར་སྦེལ་གཟེངས་རྟགས་ལྷན་ཚོགས་སུ་ངོ་གཏུགས་བྱས་ཏེ་སྡིག་སྐུལ་གནོན་ཤུགས་སྤྲད་ཡོད་པ་རེད།
༢༽ ཕྱོགས་གཞན་ཞིག་ནས་སྲིད་བློན་ཝུན་ཅཱ་བའོ་ལ་བྱ་དགའ་རག་ཐབས་བྱས་འདུག་པ་སྟེ། རྒྱ་ནག་གི་གནད་དོན་ཐོག་མཁས་དབང་འགའ་ཤས་ཀྱིས་བཤད་པར་གཞིགས་ན། རྒྱ་ནག་གཞུང་གིས་ན་ནིང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་ནོར་སྦེལ་ཞི་བདེའི་བྱ་དགའ་འབུལ་བཞེས་གནང་བ་དེར་སྣང་བ་ཞིག་འཁྲུལ་ནས་འདི་ལོའི་བྱ་དགའ་དེ་ཁོང་ཚོར་རག་ཐབས་ཆེད། འདི་ལོའི་ལོ་དཀྱིལ་ཙམ་གྱི་ཉིན་ ༤༠ ནང་སྲིད་བློན་ཝུན་ཅའ་བའོ་ཡིས་རྒྱ་ནག་གི་མཚོ་ཁའི་གྲོང་ཁྱེར་ཧྲན་ཀྲེན་དང༌། ཨ་རིའི་ སྐྲསྒྱསྒྱ ཅཆ གཙོས་རྒྱལ་ཁབ་ཕྱི་ནང་དུ་སྔ་རྗེས་ཐེངས་ ༧ ཙམ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཐད་བསྒྱུར་བཅོས་མ་བྱས་ན་འགྲོ་ལམ་མེད་སྐོར་གྱི་མི་རྣམས་ཧང་བསངས་དགོས་པའི་གཏམ་བཤད་བྱས་བཅུག་ཡོད་པ་རེད། དེའི་དམིགས་ཡུལ་ནི། རྒྱ་ནག་དམར་གཞུང་གིས་འདི་ལོའི་ཞི་བདེའི་བྱ་དགའ་དེ་སྲིད་བློན་ཝུན་ཅཱ་བའོ་ལ་འཐོབ་ན་བསམ་པའི་ཉིན་མོའི་རྨི་ལམ་དེ་རེད། དྲང་པོར་བཤད་ན། ཝུན་ཅཱ་བའོ་ཡི་གཟུགས་བརྙན་ནམ་ཁོང་ལ་འཛིན་པའི་ལྟ་སྟངས་དེ་རྒྱ་ནག་གི་ད་ཡོད་ལམ་ལུགས་འོག་གི་འགོ་ཁྲིད་གྲས་ནས་ལེགས་ཤོས་ཆགས་ཡོད། གལ་ཏེ་དོན་དམ་གྱིས་བསྒྱུར་བཅོས་བྱེད་པའི་གོམ་སྟབས་གཅིག་༼དེ་ཡང་སྨྲ་སྤྱོད་རང་དབང་ངམ་གསར་འགོད་རང་དབང་ཐོག་གོམ་པ་གང་༽སྤོས་ཡོད་ན། བྱ་དགའ་འཐོབ་སྲིད་པའི་རེ་བ་ཆེན་པོ་ཡོད༌། གང་ཡིན་ཞེ་ན། ད་ལྟའི་འཛམ་གླིང་གིས་རྒྱ་ནག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ཆབ་སྲིད་ལམ་ལུགས་ཐད་བསྒྱུར་བཅོས་བྱེད་པའི་རེ་བ་ཆེན་པོ་བྱས་ཏེ། རྒྱ་ནག་གིས་འཛམ་གླིང་འདིར་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། བློ་ཕམ་པ་ཞིག་ལ་སྲིད་བློན་ཝུན་ཅཱ་བའོ་ནི། རྒྱ་ནག་དམར་གཞུང་གི་ཁེ་ཕན་ཚོགས་པའི་སྦྱིན་བདག་ཧུ་ཅིན་ཐའོ་ཡིས་བཀོད་ཇུས་འོག་འཁྲབ་སྟོན་བྱེད་མཁས་པའི་འཁྲབ་སྟོན་པ་ཞིག་ལས་ཧུ་ཡའོ་ཕང་དང་ཀྲའོ་ཙེ་ཡང་ནང་བཞིན་སྙིང་སྟོབས་ཅན་དང་དོན་དམ་གྱིས་བསྒྱུར་བཅོས་བྱེད་ཕོད་མཁན་ཞིག་མིན་པ་འཛམ་གླིང་གི་མི་རྣམས་ཀྱིས་ཤེས་རྟོགས་ག་ནས་ཐུབ་བམ།
༣༽ ལྐོག་ནས་གནོན་ཤུགས་སྤྲད་པ་དང་བྱ་དགའ་འཐོབ་རེ་བྱས་པ་གཉིས་ཀ་རེ་བ་སྟོང་ཟད་དུ་གྱུར་རྗེས། ཐ་མ་འདི་ལོའི་བྱ་དགའ་དངོས་སུ་ཐོབ་མཁན་ལིའུ་ཤའོ་ཕོ་ལ་འཁོན་འཛིན་དང་ཕྲག་དོག་ཆེན་པོ་ལངས་ཏེ་ཁྱི་སྨྱོན་ལྟར་འཇིག་རྟེན་འདིའི་ནང་ཁོང་ཚོའི་དོད་པ་ལྟར་མ་བྱས་པའི་གཞུང་སྒེར་མི་ཡོད་ཚད་ལ་ངན་སྨྲས་ངོ་རྒོལ་བྱེད་ཅིང༌། ངོ་རྒོལ་བྱེད་པའི་གཞི་རྒྱ་དང་གཏིང་ཟབ་ལོས་ལ་ལྟས་ན། འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ཡོད་པ་རེད། ནམ་རྒྱུན་རྒྱ་ནག་རྒྱལ་ཡོངས་ནང་གི་གྲོང་ཁྱེར་ཆེ་ཁག་ནང་ སྐྱསྐྱསྐྲ ཅཆ དང་ སྐྲསྒྱསྒྱ ཅཆ དབྱིན་ཇིའི་གསར་འགྱུར་དང་རྒྱ་སྐད་གསར་འགྱུར་གཉིས་ཚོུད་ ༢༤ རིང་ཆད་མེད་གཏོང་གི་ཡོད་ཀྱང༌། ད་རེས་ཚེས་ ༨ ནས་ ༡༣ བར་ཉིན་ཤས་རིང་རྒྱ་ནག་གཞུང་གིས་ནག་ཁུང་བཟོས་ཏེ་བཀག་སྡོམ་བྱས་པ་དེ་དང༌། དེ་བཞིན་ སྐྱསྐྱསྐྲ་ཏྲྣན དྲ་རྒྱའི་ནང་བགྲོ་གླེང་སྐབས་རྒྱ་ནག་གཞུང་གི་བརྒྱུད་སྐུལ་༼སྒོར་ཟུར་ལྔ་ཞེས་འབོད་པའི་༽བརྒྱུད་བསྒྲགས་པ་ཕོན་ཆེ་ཞིག་གིས་སྨྱོ་བ་ལྟར་གྱིས་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་དང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་བཅས་ལ་དམའ་འབེབས་ལོག་བཤད་བྱས་ཡོད་པ་དེ་ནས། རྒྱ་ནག་གཞུང་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་ལ་ཡིད་གཟབ་དང་སྣང་བ་ཆེན་པོས་གཞན་སྨོན་རང་སྡུག་བྱུང་སྟེ་མི་གཞན་ལ་བྱ་དགའ་རག་པ་རང་ཉིད་ཀྱིས་ལྟ་ཕོད་ཀྱི་མེད་པ་མ་ཟད། རྒྱ་ནག་མི་མང་ལའང་མཐོང་མཇུག་དོད་མེད་པ་གསལ་པོ་མཚོན་པ་རེད།
བཙན་བྱོལ་བོད་གཞུང་བཀའ་ཤག་ནས་ྋགོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ལོ་ ༢༡ འཁོར་བའི་དུས་དྲན་ཉིན་མོར་གནང་བའི་གསུང་བཤད་ནང༌། ཛྲནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་རྒྱ་གཞུང་གི་གནོན་ཤུགས་ལ་མགོ་མ་སྒུར་བར་རང་དབང་གི་སྒོ་ནས་དྲང་བདེན་གྱི་ཐག་གཅོད་གནང་བར་བསྔགས་བརྗོད་གནང་བ་དང་ཆབས་ཅིག་སྐུ་ཞབས་ལིའུ་ཤའོ་ཕོ་བཙོན་གྲོལ་མ་ཐོབ་པ་མ་ཟད་ཁོང་གི་སྐུ་ཟླ་ཡང་དོ་དམ་གྱི་འོག་ཏུ་བཞག་པ་སོགས་རྒྱ་ནག་དབང་འཛིན་པའི་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ལ་བློ་ཕམ་དང་བཅས་སྐྱོན་བརྗོད་ནན་པོ་བྱེད་རྒྱུ་ཡིན། ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐྱེས་མཆོག་དེ་ཚོའི་ལྟ་གྲུབ་དང༌། ཐུགས་མདུན་བཅས་ནི་རྒྱལ་སྤྱིའི་མང་ཚོགས་སུ་ཡོངས་གྲགས་སུ་ཁྱབ་གདལ་ཕྱིན་པ་ཞིག་ཡིན་སྟབས། མི་རེ་ཟུང་གི་སྒྱུ་ལུས་བཙོན་འཇུག་བྱེད་པས་ཁོང་ཚོའི་བསམ་ཚུལ་དང༌། ལྟ་གྲུབ། མངོན་དོད་བཅས་བཙོན་འཇིག་བྱེད་ཐུབ་ཐབས་མེད། དྲག་ཤུགས་དང་བཙན་གནོན་གྱིས་མིའི་བསམ་སྤྱོད་ལ་དབང་བསྒྱུར་ཐུབ་རྒྱུའི་རེ་བ་བྱེད་མཁན་གྱི་དབང་འཛིན་པ་དེ་ཚོ་ནི་མིའི་སྤྱི་ཚོགས་ནང་གླེན་ལྐུགས་མཐར་ཐུགས་ཀྱི་གྲས་ཡིན་པ་ཀུན་གྱིས་མཐོང་ཆོས་སུ་ཡོད་ཛྲ ཅེས་གསུངས་པ་བཞིན། ད་རེས་མཛད་སྒོའི་ཐོག་སྐུ་ཞབས་ལིའུ་ཤའོ་ཕོ་རྒྱ་གཞུང་གིས་བཙོན་ཁང་ནང་མུ་མཐུད་བཅུག་ནས་ཕེབས་ཐུབ་མེད་ཀྱང༌། ཁོང་གི་བྱ་དགའ་ཐོབ་པའི་མྱོང་ཚོར་གསུང་བཤད་ཚུལ་དུ་དེ་སྔོན་ཁོང་གིས་ཛྲང་ལ་དགྲ་བོ་མེད། ངའི་མཐའ་མའི་གསལ་བཤད་ཛྲཅེས་པ་དབྱིན་ཡིག་ཐོག་ཕབ་བསྒྱུར་གྱིས་ཚོགས་ཡོངས་སུ་སྒྲོག་སྦྱང་གནང་བ་བརྒྱུད་ཁོང་གིས་རྒྱ་ནག་མང་གཙོའི་ལམ་སྲོལ་དུ་མངོན་གྱུར་ཡོང་ཆེད་ཁོང་གི་ལྟ་བ་དང༌། མངོན་དོད། དེའི་ཆེད་དུ་ལོ་མང་མནར་གཅོད་དང་བཙོན་ཁང་ནང་བསྡད་དགོས་བྱུང་བའི་རྒྱུ་མཚན་རྣམས་གསལ་པོར་་འཛམ་གླིང་གང་ས་གང་དུ་ཁྱབ་གདལ་ཆེན་པོ་བྱུང་ཡོད་པ་རྒྱ་ནག་གཞུང་གིས་བཀག་དོམ་བྱེད་ཐུབ་མེད།
སྐྱསྐྱསྐྲ དྲ་རྒྱའི་ཐོག་འདི་དང་འབྲེལ་ཡོད་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚམས་གཟིགས་སུ་ཕེབས་སྐབས་སྐད་གྲགས་ཆེན་པོ་བྱུང་བའི་དེ་སྔའི་ཕོ་ལན་ཌའི་བཟོ་པའི་ལས་འགུལ་གྱི་གལ་ཆེའི་མི་སྣ་དང་ཤེས་ཡོན་ཅན་མི་ཇི་ནི་ཁས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་གཉིས་པར་ནོ་ཝེ་རྒྱལ་ས་ཨོ་སེ་ལོར་ཨ་རིའི་ཧ་ཝ་ཡི་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་དང་བོད་དོན་རྒྱབ་སྐྱོར་བ་ཡང་ཅན་ལིས་ཀྱིས་གཉེར་བའི་༵༵ལིའུ་ཤའོ་ཕོ ༢༠༠༨ ལོའི་རྩ་འཛིན་དང་རྒྱ་ནག་གི་ཆབ་སྲིད་བཙོན་པ་ཀཀ ཞེས་པའི་བགྲོ་གླེང་ཚོགས་འདུའི་ཐོག་ཁོང་གིས། ཛྲམི་ལོ་ ༢༠ གོང་དུ་ཤར་ཡོ་རོབ་ཀྱི་དམར་ཤོག་ཚོགས་པ་རྣམས་དཔལ་འབྱོར་ཐོག་དབུལ་ཞིང་ཕོངས་ཏེ་མཐའ་མ་ཐོར་བཤིག་ཏུ་ཕྱིན་པ་དང༌། ད་ལྟ་ངས་རྒྱ་ནག་དམར་ཤོག་ཚོགས་པ་༼གུང་ཁྲན་ཏང་༽དཔལ་འབྱོར་གྱི་གྲུབ་འབྲས་ཆེ་ཐལ་དྲག་ནས་རྩ་ཐོར་འགྲོ་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད་ཛྲཅེས་སྔོན་དཔག་གནང་འདུག།
མི་ཇི་ནི་ཁས་ནི་ཕྱི་ལོ་ ༢༠༡༠ ལོའི་ཟླ་བ་ ༧ ནང་རྒྱ་ནག་ནང་འཚམས་འདྲི་གནང་ཐེངས་གསུམ་པ་དེ་ཡིན་པ་དང༌། ད་རེས་ཁོང་རྒྱ་ནག་ནང་འཚམས་འདྲི་གནང་སྐབས་རྒྱ་ནག་ནང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཧ་ཅང་གཞི་རྒྱ་ཆེན་པོ་ཡོད་པར་ཁོང་ཧང་སངས་ཡོད་པ་དང༌། ཁོང་སྔ་དྲོ་གཞུང་འབྲེལ་གྱི་ཚོགས་འདུར་ཞུགས་པ་དང༌། ཕྱི་དྲོ་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་ཚོགས་པ་དང་མཉམ་དུ་འདུ་འཛོམས་གནང་སྐབས། ཁོང་ལ་ཛྲད་ལྟའི་རྒྱ་ནག་གི་དངོས་ཡོད་གནས་སྟངས་དང་ལོ་ ༢༠ གོང་གི་ཕོ་ལན་ཌིའི་གུང་ཁྲན་དམར་ཤོག་ཚོགས་པའི་སྐབས་ཀྱི་གནས་སྟངས་གཉིས་གཅིག་པ་ཡིན་ཛྲཔའི་ཚོར་སྣང་ཤུགས་ཆེ་བྱུང་ཡོད་སྟབས། ཛྲདམར་ཤོག་ཚོགས་པ་རྣམས་ངོ་བོའི་ཐོག་གཅིག་པ་ཡིན་པས། འགྱུར་བ་གཏོང་རྒྱུར་དགའ་པོ་བྱེད་ཀྱི་མེད། ཁོང་ཚོས་དབང་ཆ་ཚང་མ་སྒེར་དོམ་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་ཛྲཔར་ཁོང་གིས་ངོས་འཛིན་གནང་ཡོད་པ་རེད། བཞུགས་སྒར་རྡ་ས་ནས་༢༠༡༠།༡༢།༡༣ ལ།། །།

དཔྱད་རྩོམ།

Post navigation

Previous Post: ཡིག་འབྲུ་གསུམ་གྱི་གསང་བ་ལས་རྙེད་པའི་ཁྱེད།
Next Post: སྐྱེས་སྐར་དང་ལོ་ཚོད།

Comment (1) on “རྒྱ་ནག་གཞུང་གིས་སྲིད་བློན་ཝུན་ཅཱ་བའོ་ལ་ནོ་སྦེལ་ཞི་བདེའི་བྱ་དགའ་རག་ཐབས་བྱས་པ།”

  1. ཨོ་ལོ། says:
    2010-12-18 at 9:24 pm

    ཚེ་རིང་དབང་ཕྱུག་ལགས་རྒྱ་ཡིག་དང་། བོད་ཡིག་གཉིས་ཀའི་ཐོག་ལ་མཁས་པར་མ་ཟད་ཉམས་མྱོང་དང་། རྣམ་དཔྱོད་ཅན་ཞིག་ཀྱང་རེད། རྩོམ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ། རྗེས་སུ་ཁྱོད་ནས་རྒྱ་ནག་ནང་ལོག་གི་གནས་ཚུལ་དེ་རིགས་མང་ཙམ་གྲྭ་རྒྱའི་ཐོག་བསྟོན་ཐུབ་ན་གུས་པ་བློ་དམན་རྣམས་ལ་ཕན་ཐོག་ཆེན་པོ་ཡོང་ངེས་ལགས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme