Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསེར་སེར་པོར་བྲིས་པའི་སྙན་ངག—གསེར་གྱི་གཟེངས་རྟགས་གླེང་བ།

Posted on 2010-12-102010-12-10 By ཡེ་ཤེས་ 11 Comments on གསེར་སེར་པོར་བྲིས་པའི་སྙན་ངག—གསེར་གྱི་གཟེངས་རྟགས་གླེང་བ།

noble-peace-prize
ཀླུ་སྨྱོན།
སྲིད་པའི་གཏམ་དཔེ་ལ། གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁར་རུ་འཕྲོ་ཞེས་གྲགས་པ་དེ་བདེན་ནམ།

དེ་རིང་། པོ་ཏྰ་ལའི་འོག་ཏུ་འབར་རྫས་སྤྱི་རྒྱ་འབུམ་ཕྲག་ལོངས་པ་ཞིག་སྦས་ཡོད་པའི་དེ་རིང་།

དེ་རིང་། ནོར་བུ་གླིང་ཁ་རུ་སྨད་འཚོང་མ་བརྒྱ་ཕྲག་འགས་གཅེར་གཟུགས་ཉི་མར་ལྡེ་བའི་དེ་རིང་།

དེ་རིང་། བར་སྐོར་དུ་བོད་མི་འགས་རྒྱ་དམག་གི་མེ་མདའི་སོ་ཁ་རུ་གསོལ་བ་འདེབ་བཞིན་པའི་དེ་རིང་།

དེ་རིང་། སྐྱིད་ཆུ་སྔོན་མོའི་ཀློང་ན་ཁྲག་གི་རྦ་རླབས་གཅིག་རྗེས་གཉིས་མཐུད་དུ་འཕྱུར་བའི་དེ་རིང་།

དེ་རིང་གཞི་ནས་ཁྱེད་ལ་གསེར་སྒོར་དེ་ཐོབ་བྱུང་། གཅིག་བྱས་ན་གནས་ལུགས་ཀྱི་དབང་གིས་ཡིན་སྲིད།

དེ་རིང་གཞི་ནས་ཁྱེད་ལ་སྐར་མདའ་དེ་རྙེད་བྱུང་། གཅིག་བྱས་ན་འདི་ལ་གནད་དོན་ཞིག་ཡོད་སྲིད།

དེ་རིང་གཞི་ནས་ཁྱེད་ལ་འཛུམ་མདངས་ཤིག་རྒྱས་སོང་། གཅིག་བྱས་ནས་འདི་ལ་གོ་དོན་ཞིག་ཡོད་སྲིད།

ཁྱེད་ལ་མཁོ་བ་དེ་གསེར་དངུལ་མིན་པ་ཤེས་བཞིན་དུ། ཕྱི་གླིང་བ་འགས་ཁྱེད་ལ་གསེར་སྒོར་དེ་ཕུལ་སོང་།

ཁྱེད་ལ་དགོས་པ་དེ་དགའ་བསུ་མིན་པ་དེ་རྟོགས་བཞིན་དུ། ཕྱི་གླིང་པ་ཚོས་ཁྱེད་ལ་དགའ་བསུ་ཞུས་སོང་།

ཁྱེད་ཀྱིས་བསྒུགས་པ་དེ་གཟེངས་བསྟོད་མིན་པ་དེ་ཤེས་བཞིན་དུ། ཕྱི་རྒྱལ་བ་ཚོས་ཁྱེད་ལ་གཟེངས་རྟགས་ཤིག་ཕུལ་སོང་།

ཁྱེད་ཀྱི་དབུ་སྐྲ་ནག་པོ་དེ་ཇེ་དཀར་ཡིན་པས། ངའི་སེམས་སྙི་མོ་དེ་བདེ་ལ་འབབ་ཐབས་ཡེ་ནས་བྲལ་སོང་།

ཁྱེད་ཀྱི་སྐུ་གཟུགས་དྲང་མོ་དེ་ཇེ་སྒུར་ཡིན་པས། ངའི་སྙིང་གསོན་པོ་དེ་ལྷོད་པོར་གནས་ཐབས་རྩ་ནས་མེད་སོང་།

ཁྱེད་ཀྱི་ཞལ་རས་མཛེས་པོ་དེ་ཇེ་རྒས་ཡིན་པས། ངའི་མིག་ཁྲ་ཆུང་དེ་སྐམ་པོར་གནས་སྟངས་ལར་ནས་མེད་སོང་།

གསེར་གྱི་གཟེངས་རྟགས་དེས་ཁྱེད་ལ་ཅི་ཕན། རྒྱུ་མཚན་ནི་ཁྱེད་གསེར་འཚོལ་མཁན་ཞིག་མིན་པས་སོ། །

ཐལ་མོ་རྡེབ་སྒྲ་དེར་ཁྱེད་ག་ལ་མགུ། རྒྱུ་མཚན་ནི་ཁྱེད་བཀུར་སྟི་དགོས་མཁན་ཞིག་མིན་པས་སོ། །

གསོལ་ཚིགས་ཞིམ་པོ་དེས་ཁྱེད་ཅི་ལྟར་མཉེས། རྒྱུ་མཚན་ནི་ཁྱེད་ཟ་མས་བསླུ་ཐབས་ཤིག་ཡེ་ནས་བྲལ།

ཁྱེད་ཀྱིས་གཟིགས་དང་། གསེར་གྱི་གཟེངས་རྟགས་དེ་མེ་ལོང་ཞིག་གི་ཚུལ་དུ་བསྣམས་ནས་གཟིགས་དང་།

ཁྱེད་ཀྱིས་ཀློགས་དང་། གསེར་གྱི་གཟེངས་རྟགས་དེ་གླེགས་བམ་ཞིག་གི་ཚབ་ཏུ་བཞག་ནས་ཀློགས་དང་།

ཁྱེད་ཉིད་ཕེབས་དང་། གསེར་གྱི་གཟེངས་རྟགས་དེ་གྲུ་གཟིངས་ཤིག་གི་ཟོལ་དུ་དགོངས་ནས་ཕེབས་དང་།

ཁྱེད་ཀྱིས་གསོན་དང་། གསེར་གྱི་གཟེངས་རྟགས་དེ་རོལ་དབྱངས་ཤིག་གི་ཀློང་ལ་བསྟིམས་དང་གསོན་དང་།

ཁྱེད་ཀྱིས་ཕྱེས་དང་། གསེར་གྱི་གཟེངས་རྟགས་དེ་ལྡེ་མིག་ཅིག་གི་ཚུལ་དུ་གཅུས་ནས་ཕྱེས་དང་།

འུ་ཚང་ལ་གསེར་མེད་པས་རྒྱལ་ཁབ་ཤོར་བ་ག་ལ་ཡིན། འུ་ཚང་གི་པོ་ཏྰ་ལའི་བང་མཛོད་ཚང་མ་གསེར་གྱིས་ཁེངས་བསྡད་ཡོད།

འུ་ཚང་ལ་གསོལ་སྟོན་མེད་ནས་རྒྱལ་ཁབ་ཤོར་བ་ག་ལ་ཡིན། འུ་ཚང་གི་སྐུ་དྲག་ཚང་མ་གསོལ་སྟོན་གྱིས་རུལ་ཏེ་འདམ་མྱག་ཏུ་གྱུར་ཡོད།

འུ་ཚང་ལ་ཚན་རིག་མེད་ནས་རྒྱལ་ཁབ་ཤོར་བ་ག་ལ་ཡིན། འུ་ཚང་གི་ཆོས་དཔེ་ཚང་མར་ཚན་རིག་གི་རྨང་གཞིར་འོས་པའི་ཤེས་རབ་ཀྱི་མེ་སྟག་མཆེད།

གོང་ས་ཡིད་བཞིན་ནོར་བུ། རྒྱལ་བ་དོན་གྱི་བདག་པོ། གོང་ས་ལྷ་མིའི་རྣམ་འདྲེན། གངས་ལྗོངས་འགྲོ་བའི་སྐྱབས་གཅིག

གསེར་གྱི་གཟེངས་རྟགས་འདི། དགའ་བསུའི་ཐལ་སྒྲ་འདི། བརྙན་འཕྲིན་བརྒྱུད་ལམ་འདི། ཁྲག་གི་ལོ་རྒྱུས་འདི།

གསེར་ གྱི་གཟེངས་རྟགས་དེར་གཟི་བརྗིད་ལྡན་སྲིད། གསེར་གྱི་གཟེངས་རྟགས་དེར་དོན་སྙིང་ལྡན་སྲིད། གསེར་གྱི་གཟེངས་རྟགས་དེར་འོད་ཟེར་འཕྲོ་སྲིད། གསེར་གྱི་གཟེངས་རྟགས་དེས་འུ་ཚང་བསླུ་སྲིད།
གསེར་སེར་པོ། གངས་དཀར་པོ། ཁྲག་དམར་པོ། ཨ་ཤུ་རེ་ཁོ།

གསར་འགྱུར། Tags:ཨཨཨ

Post navigation

Previous Post: ཞི་བདེའི་ལམ་བུ་འཚོལ་བ།
Next Post: ཡིད་བཞིན་ནོར་བུ།

Comments (11) on “གསེར་སེར་པོར་བྲིས་པའི་སྙན་ངག—གསེར་གྱི་གཟེངས་རྟགས་གླེང་བ།”

  1. ཀརྡོ་རབ་འབྱམས་པ་ says:
    2010-12-10 at 6:29 am

    ནུབ་ཕྱོགས་གདོང་དཀར་མི་རིགས། །
    ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན། །
    འཁྲུགས་འཐབ་མང་པོ་བྱས་མཐར། །
    ནོ་བྷེལ་ཞི་བདེའི་གཟེངས་རྟགས། །

    ནོ་བྷེལ་སོགས་ཀྱིས་བཙུགས་འདུག །
    ཤར་ཕྱོགས་གདོང་དམར་སོགས་ཀྱིས། །
    རྩེར་ཐོན་མི་རིགས་སོ་སོར། །
    བྱ་དགའ་མང་ལོས་ཡོད་དམ། །

  2. འབའ་སྲས། says:
    2010-12-10 at 10:56 am

    ཞི་བདེའི་དེད་དཔོན།།

    གསེར་གྱི་གཟེངས་རྟགས།།

    འཛམ་གླིང་ཡང་རྩེར།།

    འོད་དུ་འཚེར་ཡོད།།

  3. སྙན་བཟང་གཡུང་དྲུང་ཚེ་རིང says:
    2010-12-10 at 5:53 pm

    ཁ་སང་སྲོལ་རྒྱུན་སྙན་ངག་འབྲི་མཁན་ཞིག་གིས་ང་ལ་‘‘ྐླུ་སྨྱོན་གྱི་རས་མོས་སྙན་ངག་དེ་ཚོར་བྲོ་བ་ཞིག་འདུག ཚིག་དོན་གཉིས་ཀའི་ནང་དུ་མི་གོ་བ་དེ་འདྲ་མི་འདུག ཁྱོས་ྐླུ་སྨྱོན་གྱི་སྙན་ངག་ྐློག་གི་ཡོད་དམ། ཨ་རོ། ཁྱོས་བལྟས་ན་སྙན་ངག་གི་འགན་འཁུར་ཟེར་ན་ག་རེ་རེད་’’ཅེས་དྲིས་བྱུང་། ངས་‘‘ྐློག་གི་ཡོད། ྐློག་གི་ཡོད། རང་མོས་སྙན་ངག་ལའང་རྩོམ་སྟངས་ཁ་ཤས་ཤིག་ཡོད་པ་འདྲ། ྐླུ་སྨྱོན་གྱིས་རང་མོས་སྙན་ངག་གི་ནང་གསེས་སུ་གྱུར་པའི་རྩོམ་སྟངས་གསར་པ་འདི་སྤྱད་ནས་བཟུང་། སྙན་ངག་ཡག་པོ་ཏག་ཏག་བྲིས་སོང་།’’ཞེས་དང་། ‘‘སྙན་ངག་གི་འགན་འཁུར་ཞེས་པ་འདི་ནི། དང་པོར་སྙན་ངག་པ་རང་ཉིད་ཀྱིས་བརྗོད་འདོད་པ་དེ་དང་དེས་བསླངས་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དག སྙན་ཆ་དང་། ཉམས་འགྱུར་ཡོད་པའི་སྒོ་ནས་ཚིག་གི་ཕྲེང་བར་སྤེལ་དགོས་པ་དང་། ཚིག་གི་ཕྲེང་བར་བརྒྱུས་པའི་སྙན་ངག་དེས་ྐློག་པ་པོ་ལའང་ཡིད་འགུལ་དང་། ཚོར་འདུ་སྐྱེན་པོ་སོགས་སྐྱེས་ན་སྙན་ངག་གི་འགན་འཁུར་འགྲུབ་པ་འདྲ། དེ་མིན་སྙན་ངག་གི་འགན་འཁུར་ཟེར་ན་གཟུགས་ཅན་བཞིན་སྟོན་རྒྱུ་ཡོད་པ་ཞིག་མ་རེད། ང་ལ་མཚོན་ན་སྙན་ངག་རྩོམ་རྒྱུ་འདི་ནི་སྒྱུ་རྩལ་རྩོམ་རིག་ལས་ཁག་ཤོས་དེ་རེད་སྙམ་པའི་ཚོར་སྣང་བྱུང་།’’ཅེས་ལབ་པ་ཡིན། གོང་གི་སྙན་ངག་འདི་བྐླགས་རྗེས། གླེང་མོལ་འདི་ཡིད་ལ་འཁོར་བྱུང་།

  4. BONPO says:
    2010-12-10 at 6:56 pm

    མིསྙན་པའི་གནས་ཚུལ་བྱུང་བ་ཁག་ལ་བྲིས་པའི་ཚིག་བཅད་དེ་དག་ལ། སྙན་ངག་ཡིན་ཟེར་ན་འོས་སམ། གལ་སྲིད་མི་འོས་ན་དེ་ལ་མིང་གཞན་ཡོད་དམ། མང་ཆེ་བས་བྲིས་ཚད་ཕལ་ཆེར་སྙན་ངག་ཡིན་ཟེར་བ་ལ་བློ་མ་བདེ།

  5. ཀླུ་སྨྱོན། says:
    2010-12-10 at 8:18 pm

    དགོངས་ཚུལ་གསུང་རྒྱུ་མ་རྗེད་རོགས། ས་མཐའ་ནས་ཁེར་རྐྱང་གི་སྐྱོ་གདུང་ཆེ་དུས་ཁྱེད་རྣམ་པའི་དགོངས་ཚུལ་དེ་དག་གིས་ང་ལ་ད་དུང་རང་སྲོག་འདོར་རན་མིན་པའི་ཉེན་བརྡ་རེ་སྤྲོད་ཐུབ་ཀི་འདུག སྐད་འདི་སུས་གོ་ན་ཕན་ཚུན་ལ་བཤད་རྒྱུ་གལ་ཆེ་གི

  6. ས་འབྲུག་དཀར་པོ། says:
    2010-12-10 at 9:34 pm

    སྙན་ངག་ནི་བུ་མོ་གཞོན་ནུ་མ་ཞིག་དང་མཚུངས་པས། ཁྱོད་ལ་མཛེས་པ་ང་ལ་མི་མཛེས་ལ། ངའི་མིག་ལམ་དུ་མཛེས་པ་ཁྱེད་ཀྱི་མིག་ལམ་དུ་མཛེས་སྲིད་ལ་མི་མཛེས་ཀྱང་སྲིད། ཁྱོད་དགའ་ས་དེར་ང་དགའ་དགོས་དོན་མེད་ལ། ང་དགའ་ས་དེར་ཁྱོད་ཀྱང་དགའ་སྲིད། གང་ལྟར། སྙན་ངག་ཡིན་མིན་ནི་སོ་སོའི་གནས་སྐབས་ཀྱི་འདོད་ཚུལ་དང་མཐུན་མིན་ལ་རགས་ལས་ཡོད་པར་སྙམ། འདོར་ན། ཧ་ཅང་སྙན་པོ་བྱུང་། སྙག་ངག་རང་རེད།

  7. ཞུ་དག་པ། says:
    2010-12-10 at 9:50 pm

    ཡངས་པའི་འཛམ་གླིང་ཀུན་ཏུ། །ཞི་བདེའི་ལམ་བཟང་སྟོན་པའི། །༧སྐྱབས་མགོན་ཞི་བདེའི་ལྷ་བྱ། །སྐུ་ཚེ་ཡུན་ཏུ་བརྟན་ཤོག །

  8. འབའ་སྲས། says:
    2010-12-11 at 3:26 pm

    ཀླུ་སྨྱོན་བླ་མ་དད་པ་མེད་མོད་ཀྱང་།།
    བྲིས་པའི་སྙན་ངག་རེ་རེ་ཀློག་པའི་ཚེ།།
    མ་ཎི་ཡི་གེ་དྲུག་མ་རེ་རེ་བཞིན།།
    མགྲིན་པ་ལོངས་སྤྱོད་རྫོགས་པའི་གཏེར་དུ་འཁྱིལ།།

  9. ཀླུ་སྨྱོན། says:
    2010-12-11 at 3:58 pm

    རྣམ་པ་ཚོས་ཀྱང་སྙན་ངག་རེ་འབྲི་རོགས།

  10. ས་འབྲུག་དཀར་པོ། says:
    2010-12-11 at 8:36 pm

    ལོ་རྒན་བདུན་ཅུ། འཛམ་གླིང་གི་གསར་འགྱུར་ཁག་ལས་ངས་ཁྱེད་ཀྱི་མཚན་སྙན་ཐོས་དུས།
    ང་ཡི་སེམས་ཁོངས་སུ་སྤོབས་པ་དང་དགའ་བའི་ཁེངས།
    ལོ་རྒན་བདུན་ཅུ། འཛམ་གླིང་གི་བརྙན་འཕྲིན་ཁག་ལས་ངས་ཁྱེད་ཀྱི་གསེར་སྐུ་དྲོན་མོ་མཇལ་དུས།
    ང་ཡི་མིག་མཐའ་རུ་ལྷད་མེད་ཀྱི་མཆི་མའི་བཀང་།
    ལོ་རྒན་བདུན་ཅུ། འཛམ་གླིང་གི་དབུ་ཁྲིད་མཐོ་དམའ་མེད་པར་ཁྱེད་ཀྱི་ཕྱག་ཟུང་སྦྱོར་སྐབས།
    ཁྱེད་ཀྱི་ཕྱག་ཟུང་དེས་ངའི་ཆེད་དུ་ཡིན་པ་རྟོགས་པས་སེམས་འདི་གདུང།
    ལོ་རྒན་བདུན་ཅུ། འཛམ་གླིང་གི་ས་ཕྱོགས་གང་སར་ཁྱེད་ཀྱི་ཞབས་ཟུང་ངལ་མེད་དུ་བསྒྱུར་དུས།
    ཁྱེད་ལ་བགྲེས་ཡོལ་ཧྲིལ་བོ་ཞིག་དགོས་པ་ལོ་རྒྱུས་དང་དངོས་དོན་གྱི་གླེང།
    ལོ་རྒན་བདུན་ཅུ། འཛམ་གླིང་ཟླུམ་པོ་འདིའི་སྟེང་ན།
    ཁྱེད་ཉིད་ལ་ཁྱེད་ཉིད་ལས་དཔེ་ཞིག་མེད་ལ།
    འཛམ་གླིང་ཟླུམ་པོ་འདིའི་སྟེང་ན།
    ཆུང་ནས་རྒས་པའི་བར་གཞན་དོན་འབའ་ཞིག་མཛད་མཁན་ཁྱེད་ལས་མེད།
    ལོ་རྒན་བདུན་ཅུ། སྐུ་ཚེ་བརྟན་པར་ཤོག

  11. སྤུ་སུད། says:
    2010-12-11 at 9:28 pm

    ཀླུ་སྨྱོན་པ་མི་ཡུལ་དུ་ཡོང་ན་མི་ལ་ཀླུ་ནད་བགོས་ཡོང་། བླ་ཆེན་ཀླུ་གཏོར་བཏང་སྟེ་་མི་ཡུལ་ནས་འགྱངས་འབུད་གཏོང་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme