Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་དོན་རང་གིས་བྱེད། རང་ཉིད་རང་གི་མགོན།

Posted on 2010-12-092010-12-09 By རྔ་བ་རྒྱལ་ཁམས་པ 7 Comments on རང་དོན་རང་གིས་བྱེད། རང་ཉིད་རང་གི་མགོན།

thinking_man

རྔ་བ་རྒྱལ་ཁམས།
ད་ང་ཚོ་ཚང་མ་ངན་ལངས་ལ་ཤོར་ཚར་བ་རེད། སྔོན་ནས་འཐེན་ནི་ཞིག་དང་། རྒྱབ་ནས་གཏོད་ནི་ཞིག་མེད་ན། མི་རྒན་འཆོས་པོ་ལྟར་ཡར་ལངས་ཐུབ་ནི་མ་རེད། ངོ་མ་སེམས་སྐྱོ་བའི་རྒྱུ་རེད། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ནས་བཟུང་སྟེ། རྟག་པའི་ཆོས་ཤིག་ཡོད་ནི་མ་རེད། ༧སྐུ་མདུན་ཡང་མིའི་ཤ་ཚུགས་ཅན་རེད། ནམ་ཕེབས་མ་གཏོགས་ཕེབས་རྒྱུ་ཡིན་པ་ཕལ་ཆེར་གྱིས་ཧ་གོ་བཞིན་ད་དུང་སྐུ་མདུན་མཁྱེན་བསམས་ནས། ཡོད་ཚད་ཞེ་ས་མ་ཞུས་ན་མི་རྒན་གཅིག་གི་སྒང་འཁེལ་ཐབས་བྱེད་ཀྱིན་ཡོད་པ་རེད། ངས་བོད་རིགས་མང་བོ་ཞིག་ལ་ཚོད་སྒམ་གྱི་དྲི་བ་འགའ་རེ་བཏང་བ་ཡིན། ཁོང་ཚོ་རང་ཉིད་ལ་ཡིད་ཆེས་ཡོད་མཁན་ཧ་ལམ་དཀོན་པོ་རེད། དམིགས་ཡུལ་དང་འཆར་གཞི་སོགས་དྲིས་པ་ཡིན་ན། ཕལ་ཆེར་གྱིས་སོ་སོར་ལས་ཤིག་ཡོད་ན་ལམ་ཤིག་ཡོང་གི་རེད་ཟེར་བ་ཙམ་ལས་ཅང་མེད་གི ང་སེམས་ཧ་ཅང་སྐྱོ་སོང་། རྒྱ་རིགས་འགའ་ཞིག་ལ་དྲིས་པ་ཡིན། སློབ་སྦྱོང་དང་། དཔལ་འབྱོར། དམིགས་འབེན་སོགས་རང་ཉིད་ཀྱི་འཁོས་ཀར་དཔགས་པའི་འཆར་གཞི་རེ་མེད་ས་ཕལ་ཆེར་མེད་ཀི གལ་ཏེ་ང་ཚོས་༧རྒྱལ་བ་རིན་པོ་ཆེ་མེད་པའི་ཉིན་ནས་ང་ཚོ་ཚར་བ་རེད་བསམ་གིན་ཡོད་ན། ཚར་འགྲོ་གི་རེད། ང་ཚོ་རང་ཉིད་ཀྱིས་ཚར་རྒྱུ་ཡིན་པ་ཐག་བཅད་ཚར་བ་རེད། བསམ་བློ་དེ་འདྲ་ཞིག་ཁུར་ནས་ལས་ཀ་ཅི་ཞིག་བྱས་རུང་། ལས་ངག་གཉིས་ཀ་སེམས་ཀྱི་རྗེས་སུ་འགྲོ་གི་ཡོད་སྟབས། ནུས་པ་ཐོན་ཐུབ་ཀི་མ་རེད། གལ་སྲིད་ང་ཚོས་མི་གཞན་གྱིས་བྱེད་ཐུབ་པ་ངས་ཅིའི་ཕྱིར་བྱ་མི་ཐུབ། ངས་འདི་འཇོན། ངས་འདི་བྱེད་ཐུབ་སྙམ་པའི་ཆོད་སེམས་དང་། སྙིང་སྟོབས་ཡོད་ན་དམིགས་ཡུལ་གང་ཡོད་ཕལ་ཆེར་འགྲུབ་འགྲོ་གི་རེད། ངས་འདི་ནས་ང་ཧ་ལས་པ་ཞིག་ཡིན་ཞེས་བཤད་ཀི་མེད། འོན་ཏེ་ངས། འཇིག་རྟེན་འདིའི་ཐོག་གི་ཆེ་གཉན་མང་བོའི་སེམས་ཁམས་ལ་ཞིབ་འཇུག་བྱེད་ཀི་ཡོད། ཁོང་ཚོ་རང་རང་ལ་དམིགས་ཡུལ་དང་། འཆར་གཞི་འདུག དམིགས་ཡུལ་དེ་མ་འགྲུབ་པར་བློས་བཏང་མེད་ཀི དེ་ལ་བརྟེན་ནས་ཆུང་ས་རང་ཁྱིམ་ནས་ཆེ་ས་འཛམ་གླིང་བར་ནུས་པ་རེ་བཏོན་ནས་ཕུགས་འདུན་མངོན་དུ་གྱུར་མཁན་རྐྱང་རྐྱང་རེད། ང་ཚོ་བོད་པ་ཚོའང་གསོན་འདོད་ན་ཡོད་ཚད་གཞན་ལ་བརྟེན་ནས་སྡོད་རྒྱུ་མ་ཡིན་པར། རང་ཉིད་རང་གི་མགོན་དུ་ལངས་ཨེ་ཐུབ་བལྟ་དགོས་པ་རེད། ང་ཚོ་རང་ཚུགས་ཐུབ་པ་ཞིག་དགོས་ན། གཤམ་གྱི་ལྟ་སྤྱོད་དག་ལག་ལེན་ལ་བསྟར་དགོས་པར་འདོད། མི་རིགས་ཤིག་རང་ཚུགས་ཐུབ་པ་ལ་ཆ་རྐྱེན་མང་བོ་ཞིག་ཡོད་སྲིད་ཀྱང་། ངས་བལྟས་ན། སེམས་གཏིང་ནས་འདུ་ཤེས་ཆེན་པོ་ལྔ་སད་ཡོད་ན། མི་རིགས་དེ་མི་རིགས་ཚུགས་ཐུབ་ཅིག་ཡིན་ཞེས་ཐག་གཅོད་ཐུབ། འདུ་ཤེས་དང་བོ། རང་ཉིད་ངོས་ཟིན་དགོས་པ། ངས་འདི་ལྟར་བཤད་ཚེ་ཁྱེད་རང་སྣ་བགད་ཅིག་ཤོར་སྲིད། ང་ཚོས་བསམ་བློ་ཞིབ་མོར་བཏང་ན། ང་ཚོ་ཕལ་ཆེར་ཞིག་གིས་རང་ཉིད་དང་རང་གི་ཁོར་ཡུག་ལ་ངོས་འཛིན་གསལ་བོ་ཞིག་མེད་པར། ར་བཟི་ལྟ་བུའི་ཡུལ་སྣང་བན་བུན་ཞིག་གི་ཁྲོད་འཁྱམ་བཞིན་ཡོད། འདི་ནི་འགྲོ་འདུག་ངེས་གཏན་མེད་པའི་བར་སྲིད་པ་ཞིག་དང་ཀུན་ནས་མཚུངས། འདི་ངོས་ཟིན་པ་ལ། རང་ཉིད་ལ་བདེ་སྡུག་གི་ཚོར་བ་ཡོད་པ་དང་། ཚོར་བ་དེའང་རང་ཉིད་གང་ལ་བརྟེན་པའི་ཁོར་ཡུག་ཅིག་དང་འབྲེལ་ལམ་གཏིང་ཟབ་ཡོད་པ་འདི་ངོས་ཟིན་དགོས། འདུ་ཤེས་གཉིས་པ། འགྲན་རྩོད་ཀྱི་འདུ་ཤེས། འདི་ཤེས་འདི་འགྲོ་བ་མིའི་རིགས་ཙམ་དུ་མ་ཟད། སྲོལ་ལྡན་གང་ལའང་ཡོད་པའི་སེམས་ཚོར་ཞིག་ཡིན་ཤས་ཆེ། འདི་ཤེས་འདིིིའི་ཐོག་ནས་རང་ཉིད་གང་དུ་གནས་འཆའ་སའི་ཁོར་ཡུག་ནས། ཁྱིམ་ཚང་། མི་སྡེ། སྤྱི་ཚོགས། རྒྱལ་ཁབ་སོགས་གྲུབ་ཡོང་གི་ཡོད། འདུ་ཤེས་འདི་ངོས་ཟིན་པ་ལ། ངས་མ་བྱས་ན། ང་ཕམ་པའམ། ཡང་ན། ངའི་གོ་སྐབས་ཚང་མ་ཤོར་རྒྱུ་ཡིན་པའི་གོ་རྟོགས་སད་དགོས། འདུ་ཤེས་གསུམ་པ། རང་སྐྱ་ཐུབ་པའི་གདེངས། འདུ་ཤེས་འདི་ནི་ཆེས་གལ་གནད་ཆེ་བའི་ལྟ་བ་ཞིག་ཡིན། མདུན་ངོས་ཀྱི་ཤིང་སྡོང་གྲོང་ངེར་ལངས་པ་དང་། རྒྱབ་ངོས་ཀྱི་བྲག་རི་བརྟན་བརྗིད་ཆེ་བ་ལྟ་བུ་ནི། འདིའི་དཔེ་མཚོན་གཞན་ཞིག་ཡིན། འདི་ཤེས་འདིའི་རྒྱབ་ལྗོངས་ཕལ་ཆེར། ཤེས་རིག་གི་དཔལ་ཡོན་སྣ་ཚོགས་ལ་བརྟེན་ནས་བྱུང་ཞིང་། འདུ་ཤེས་འདི་མེད་ན། ཧ་ལོའི་མེ་ཏོག་ལྟར་ང་ཚོའི་སྒོ་གསུམ་གྱི་ཀུན་སྤྱོད་ཚང་མ་གཞན་འོག་ཏུ་རང་བཞིན་གྱིས་ཤོར་ཞིང་། བྲན་གཤིས་ལས་ནམ་ཡང་ཐར་མི་ཐུབ། འདུ་ཤེས་བཞི་བ། མི་ལ་ལྷན་སྐྱེས་ཀྱི་སྟོབས་ནུས་ཡོད་པར་གདེངས་རྙེད་པ། ང་ཚོ་ཕལ་ཆེར་ཞིག་གི་རྒྱུད་དུ་བསམ་བློ་འདི་འཁོར་གི་མེད་པས། རང་ཉིད་ཀྱི་འཇོན་ནུས་རྩལ་འདོན་གྱི་གོ་སྐབས་ཕལ་ཆེར་ཤོར་བ་ཡིན། ང་ཚོ་ཚང་མ་བལ་ལྡན་འཕྲང་ལམ་དུ་འཇུག་པ་ལྟར། གཞན་གྱིས་བཏོད་ཟིན་པའི་རྐང་ལམ་ཕྲ་མོ་དག་ཏུ་ཤར་སྐྱོད་བྱེད་པ་ལས། གནས་ལུགས་བདེ་རྫུན་ཟེར་བར་བསམ་བློ་གཏོང་མཁན་དཀོན་པོ་རེད། སངས་རྒྱས་ཞེས་པའང་རྒྱ་གར་ཡུལ་གྱི་རྒྱལ་སྲས་ཤེས་རབ་ཅན་ཞིག་རེད། ཡུ་ཤི་མ་ཤི་ཀ་ཟེར་ནའང་ན་ཟར་རི་ཐིའི་ཡུལ་གྱི་ཤིང་བཟོ་ཞིག་རེད། སྦྲང་རྩིའི་བློ་གྲོས་ཞེས་པའང་དཀྱིལ་ཤར་ས་ཁུལ་གྱི་ལུག་རྫི་བཙན་པོ་ཞིག་རེད། དེ་བཞིན་འཛམ་གླིང་འདིའི་ཆེ་རྒུ་ཡོད་ཚད། རང་རང་གིས་ནུས་པ་རེ་བཏོན་ནས། རང་ཉིད་ཀྱི་གོ་བབ་ཡར་མར་གང་རུང་དུ་སྤར་བ་ཞིག་ལས་གཞན་ཅིའང་མེད། མདོར་ན། ཡོད་ཚད་ང་ཚོ་རང་རང་གི་ལག་པར་ཡོད་པ་འདི་ཧ་གོ་ན། བག་ལ་ཉལ་བའི་རང་ཉིད་ཀྱི་སྒོ་གསུམ་ལ། ཤེས་འཇོན་གྱི་རྩལ་འདོན་པའི་སེམས་ཤུགས་ཤིག་ཡོང་ངེས་ཡིན། འདུ་ཤེས་ལྔ་བ། འཁོར་ཕྱོགས་དང་དམིགས་ཡུལ་གསལ་བོར་ངོས་ཟིན་པ། འཇིག་རྟེན་ཁམས་ཀྱི་བྱ་དངོས་གང་ལའང། རང་རང་གི་ཁ་འཁོར་ཕྱོགས་རེ་ཡོད་པ་རེད། ཆུ་ཐུར་དུ་འབབ་པ། མེ་གྱེན་དུ་འབར་བ། རླུང་ཕྱོགས་མེད་དུ་གཡོ་བ་སོགས་ནི། རང་བཞིན་གྱི་ཁ་ཕྱོགས་རེད། སྲོག་ལྡན་རིགས་ལས། མིའི་འགྲོ་བ་འདི་ལ་བསམ་གཞིགས་ཀྱི་ཚོར་བ་ཟབ་པས་རྙོག་འཛིངས་ཀྱང་མང་དུ་ཕྱིན་ནས། རང་རང་གི་རིགས་རུས་ལ་དུང་བ་ཟབ་ཅིང་། བསམ་བློའི་ལྟ་བ་ལ་མཐོངས་རྩིས་ཆེ་བའི་གཤིས་སྤྱོད་ཅིག་ངང་གིས་བྱུང་ཞིང་། བྱུང་བ་ལྟར་འཐད་ལྡན་དང་རྒྱུ་མཚན་ཡོད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།

དཔྱད་རྩོམ།

Post navigation

Previous Post: ཁུང་ཙི་ཞི་བདེ་རྟཌ་མ་དང་ནོ་སྦེལ་ཞི་བདེ་རྟཌ་མ།
Next Post: གཞིས་ཀྱི་སློབ་ཆེན་སློབ་མ་སྐོར་གིས་བཀའ་ཁྲིའི་དོན་ལ་ཕུལ་བའི་སྙན་ཞུ།

Comments (7) on “རང་དོན་རང་གིས་བྱེད། རང་ཉིད་རང་གི་མགོན།”

  1. ཀརྡོ་རབ་འབྱམས་པ་ says:
    2010-12-09 at 3:57 am

    བདག་ཉིད་བདག་གི་མགོན་ཡིན་གྱི། །
    གཞན་ན་སུ་ཞིག་མགོན་དུ་འགྱུར། །
    ཞེས་དང་།
    བདག་ཉིད་བདག་གི་མགོན་ཡང་ཡིན། །
    བདག་ཉིད་བདག་གི་དགྲ་ཡང་ཡིན། །
    ལེགས་དང་ཉེས་པ་བྱས་པ་ལ། །
    བདག་ཉིད་བདག་གི་དཔང་པོ་ཡིན། །
    ཞེས་པ་ལྟ་བུ་ཞིག་དྲན་པའི་ཡུལ་དུ་འདུག

  2. ཀརྡོ་རབ་འབྱམས་པ་ says:
    2010-12-09 at 3:59 am

    བོད་མི་བོད་མིའི་མགོན་ཡིན་གྱི། །
    གཞན་ན་སུ་ཞིག་མགོན་དུ་འགྱུར། །

  3. དབང་འདུས། says:
    2010-12-09 at 6:32 am

    ༄།། ཁྱེད་རང་གིས་བཤད་པ་མང་ཆེ་བར་ངོས་ལེན་ཡོད། ཡིན་ནའང་བོད་མི་རིགས་སྤྱིའི་བསམ་ཚུལ་ལ་སྐྱོན་བརྗོད་བྱས་པ་དེ་ཁྱེད་རང་ལ་ཕར་འཁོར་འདུག རྒྱུ་མཚན་གང་རེད་ཟེར་ན། བོད་མི་ཕལ་ཆེ་བའི་བསམ་ཚུལ་ལ་༧གོང་ས་མཆོག་གཅིག་པུར་བློས་འཁེལ་དང་ཡིད་ཆེས་བྱས་ནས་ཁོང་བཞུགས་ན་འགྲིག་པ་རེད། ཁོང་མེད་ན་ཚར་བ་རེད་ཅེས་བསམ་ཡོད། ཁྱོད་རང་ཡང་དེའི་རྗེས་སུ་སྙེགས་འདུག སྔོན་ནས་ད་ལྟའི་བར་དུ་བོད་ཀྱི་གནད་དོན་མང་པོ་ཞིག་མི་གཅིག་ལ་བློས་འཁེལ་དང་ཡིད་ཆེས་བྱས་ནས་ཡར་རྒྱས་སོང་མེད། སྤྱིར་བཏང་༧གོང་ས་མཆོག་ལྟ་བུའི་སྐྱེས་བུ་ཁྱད་པར་བ་ཞིག་འཛམ་གླིང་འདིར་མེད་ཅེས་བརྗོད་ན་ལོས་འགྲིག འོན་ཀྱང་ང་ཚོས་མི་གཅིག་ལ་རེ་བ་རྒྱབ་ནས་སྡོད་རྒྱུ་དེ་ངེས་པར་འདོར་དགོས་པ་རེད།

  4. རྔ་བ་རྒྱལ་ཁམས་པ། says:
    2010-12-12 at 9:49 pm

    དབང་འདུས་ལགས། ངས་༧གོང་ས་མཆོག་མ་བཞུགས་པའི་ཉིན་མོ་ནས་ང་ཚར་བ་རེད། རྩ་བ་ནས་བསམ་གི་མེད། ཁོང་སྐུ་མ་བཞུགས་ན་ང་ཚོར་དཀའ་ངལ་མང་བོ་ཞིག་འབྱུང་ངེས་ཡིན་པ་གསལ་བོ་རེད། དེ་བས་ཁོང་བཞུགས་རུང་མ་བཞུགས་རུང་། ང་ཚོས་རང་རང་ས་ནས་རང་ཚུགས་མ་འཆོར་བའི་ངང་ཤུགས་རྒྱག་དགོས་པ་རེད། གལ་སྲིད་༧གོང་ས་མཆོག་གཅིག་པུས་ང་ཚོའི་དོན་དག་འགྲུབ་ཐུབ་རྒྱུ་ཞིག་ཡིན་ན། ང་ཚོ་སྐྱབས་བཅོལ་ཡོང་དགོས་ཆགས་ཀྱི་མ་རེད། ང་ཚོ་ལ་༧གོམ་ས་མཆོག་དང་། ནང་བའི་ཆོས་ལུགས་ཤིན་ཏུ་གལ་ཆེ། དེ་དག་ལས་ང་ཚོ་གཅིག་སྒྲིལ་གྱི་སྟོབས་ཤུགས་ཤིག་དང་། འཇིག་རྟེན་འདིའི་དཀའ་སྡུག་མང་བོ་ཞིག་ལ་གདོང་ལེན་གྱི་ནུས་ཤུགས་འབྱུང་གི་ཡོད། འོན་ཏེ་དེ་གཅིག་པུ་ལ་ཡིད་ཆེས་རེ་བཞག་བྱས་པ་གཅིག་པུས་ཡོང་གི་མ་རེད། རང་རང་གིས་ཤུགས་རྒྱག་དགོས་པ་རེད། གྲྭ་བ་ཚོས་ཆོས་ལུགས་སློབ་ཞོར་ལ་ཤུགས་རྒྱོབས། ཁྱིམ་པ་ཚོས་རང་ཁྱིམ་སྐྲུན་ཞོརར་ལ་ཤུགས་རྒྱོབས། བྱིས་པ་ཚོས་རྩེད་མོ་རྩེད་ཞོར་ལ་ཤུགས་རྒྱོབས། མི་མང་རང་རང་ས་ནས་བརྟན་པོ་ཆགས་ན། སྲིད་གཞུང་ཞིག་སྲ་བརྟན་བཟོ་རྒྱུར་དཀའ་ཚེགས་ཆེན་པོ་ཞིག་མེད་པར་འདོད།

  5. རྔ་བ་རྒྱལ་ཁམས་པ། says:
    2010-12-12 at 9:51 pm

    ཀ་རམ་པ་ཕེབས་ནས་ཐུགས་སྨོན་གནང་བ་བཀའ་དྲིན་ཆེ།

  6. རྒྱ་གར་རྨ་བྱ། says:
    2010-12-29 at 5:25 am

    ཡག་པོ་གསུངས་འདུག བཤད་པ་གང་ཡང་མེད། ང་ཚོ་བོད་མི་རྣམས་གཞན་བརྟེན་གྱི་བསམ་པའི་རྒྱ་ལས་ཐར་ཏེ། རང་ནུས་ཀྱིས་འཇོན་མཚམས་དེ་ནས་༸རྒྱལ་བའི་བཀའ་ཡང་ངང་གིས་འགྲུབ་ཡོང་བ་ཞིག་ཡིན་པར་སེམས།

  7. འདྲེ་ལག་རིང་། says:
    2011-01-12 at 6:16 am

    བསམ་ཤེས་ན་འདང་རྒྱག་ཡོད་སའི་སྐད་ཆ་བཤད་ཡོད་གི
    གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྐང་ཆ་ཟེར་དེ་འདི་ལས་ལྷག་ཟིག་ཡོད་རྒྱུ་མ་རེད།
    མི་མཐུང་དུ་དཔྱད་གཏམ་སྤེལ་བའི་རེ་བ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme