Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་སྲིད་ཟུང་འབྲེལ་ཆགས་ཀྱིན་འགྲོ་ཡོད་དང་ཆོས་འགལ་རང་ལུགས་ཤིག་ཆགས་འགྲོ་ཡོད་ངེས་པ་མི་འདུག

Posted on 2010-11-292010-11-29 By ཁ་བརྡ་ 23 Comments on ཆོས་སྲིད་ཟུང་འབྲེལ་ཆགས་ཀྱིན་འགྲོ་ཡོད་དང་ཆོས་འགལ་རང་ལུགས་ཤིག་ཆགས་འགྲོ་ཡོད་ངེས་པ་མི་འདུག

ལོ་ལོན་ནས།

༡༡ཚེས་༡༥ཉིན་གདན་ས་སེར་ར་བླ་སྤྱིའི་ཚོགས་ཁང་དུ།

ཆབ་སྲིད་ནང་ཆ་ཤས་ལེན་པའི་སྐབས་ལ་ཁྱིམ་པ་དང་མི་འདྲ་བར་རབ་བྱུང་ཡིན་པའི་འདུ་ཤེས་གསལ་བོ་ཞིག་མེད་པ་ཡིན་ན།སྐྱེས་བུ་ཕལ་བ་ཉོན་མོངས་རག་པའི་དབང་དུ་སོང་བ་དེ་ཚོས་བྱེད་སྟངས་ནང་བཞིན་བྱས་ནས་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད།དེ་འདྲ་བྱས་ནས་ཕེབས་པ་ཡིན་ན་རྗེས་མ་གྲྭ་ཚོགས་ཆེན་པོ་ཡོད་པའི་གདན་ས་དེ་ཚོ་ཆབ་སྲིད་པ་ཚོས་བེད་སྤྱོད་གཏོང་རྒྱུའི་ལག་ཆ་ཆགས་བསྡད་པ།ཆབ་སྲིད་པ་ཚོས་འོས་ཤོག་ལེན་སའི་མཛོད་འདྲ་བོ་བྱས་བསྡད་པ།ནུབ་ཕྱོགས་པའི་སྐད་ལ་ལབ་སྲོལ་ཞིག་ཡོད་པ་དེ་votebankའོས་ཤོག་གི་མཛོད་དེ་འདྲ་རབ་བྱུང་གི་སྡེ་ཡི་ནང་ཆགས་སོང་བ་ཡིན་ན།ཏན་ཏན་ཞབས་འདྲེན་ཆེན་པོ་རེད་བསམ་བསྡད་ཡོད།ཆོས་དང་མ་མཐུན་པ།འདུལ་བ་དང་མ་མཐུན་པ།ཡ་རབས་བཟང་སྤྱོད་དང་མ་མཐུན་པ།དགེ་འདུན་པའི་ནང་ཁྲིམས་དང་མ་མཐུན་པ།རབ་ཏུ་བྱུང་བའི་བཅས་ཁྲིམས་དང་མ་མཐུན་པ་བཅས་ཆགས་འགྲོ་རྒྱུའི་ཉེན་ཁ་ཡོད་པ་རེད།དེ་འདྲ་སོང་བ་ཡིན་ཙང་རབ་ཏུ་བྱུང་བ་དེ་ཚོས་རབ་ཏུ་བྱུང་བའི་འདུ་ཤེས་མ་དོར་བའི་ཐོག་ནས་འོས་ཤིང་འཚམས་པའི་སྤྱི་ཚོགས་དང་ཆབ་སྲིད་ནང་ཆ་ཤས་བཞེས་སྟངས་དེ་མཐའ་གཉིས་སུ་མ་ལྷུང་བ་གནང་དགོས་དེ་གལ་ཆེན་པོ་ཞེ་དྲག་རེད།བར་ལམ་ཞིག་ནས་དེའི་སྐོར་ང་ལ་དམིགས་བསལ་ཚོར་སྣང་ཆེན་པོ་ཞིག་བྱུང་།

ཉེ་ཆར་རང་ང་མར་ཡོང་ཁར་དབུས་འོས་བསྡུ་སྤྱི་ཁྱབ་ལྷག་ཁང་གིས་སྤྱི་འཐུས་དང་བཀའ་བློན་ཁྲི་བའི་འོས་ཤོག་གསལ་བསྒྲགས་བྱས་པ་རེད།དེའི་སྐབས་ལ་གདན་ས་ཁག་གི་འོས་ཤོག་འཕེན་སྟངས་ཀྱི་འགྲོས་ཏེ་ཅིག་གོ་སོང་།སྐབས་དེར་ཡ་མཚན་པོ་འདྲ་བོ་དང་ཅུང་ཧང་སང་དགོས་པ་འདྲ་བོ་ཞིགགྲྭ་བ་ཚོས་དེ་འདྲ་གནང་གི་ཡོད་པ་རེད་པེ་བསམ་བསམ་འདྲ་བོ་བྱུང་།དེ་འདྲ་བྱས་པ་ན་གྲྭ་ཚོས་ཆབ་སྲིད་ནང་ཆ་ཤས་བཞེས་དགོས་པ་རེད་ཅེས་ང་ཚོས་རྒྱུན་ལྡན་བཤད་བསྡད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱིན་འགྲོ་ཡོད་དང་ཆོས་འགལ་རང་ལུགས་ཤིག་ཆགས་འགྲོ་ཡོད་ངེས་པ་མི་འདུག་བསམས་ན་ཞེད་སྣང་འདྲ་བོ་བྱུང་སོང་།དེ་ངས་ནང་ཚག་བྱས་ནས་ང་ལ་ཚོར་སྣང་གང་བྱུང་བ་དེ་འདིར་ཞུས་པ་ཡིན།

རྩོམ་རིག

Post navigation

Previous Post: དགའ་ལྡན་ལྔ་མཆོད་ལ་ཕུལ་བའི་ཀུན་བཟང་མཆོད་སྤྲིན།
Next Post: ༸རྒྱལ་བ་རིན་པོ་ཆེ། ཁྱེད་ཀྱི་སྐུ་ཚེ་བརྟན་པར་ཤོག

Comments (23) on “ཆོས་སྲིད་ཟུང་འབྲེལ་ཆགས་ཀྱིན་འགྲོ་ཡོད་དང་ཆོས་འགལ་རང་ལུགས་ཤིག་ཆགས་འགྲོ་ཡོད་ངེས་པ་མི་འདུག”

  1. སྐྱབས་བཅོལ་བ། says:
    2010-11-29 at 11:57 am

    ཆབ་སྲིད་ཡིན་པ་ཡིན་ན་ཡང་རེད། ཆོས་ལུགས་ཡིན་པ་ཡིན་ན་ཡང་། གདན་སའི་གྲ་པ་ལས་སྤྱང་གྲུང་འཛོམས་པ་ཞིག་སུ་ཡང་མེད། གདན་སའི་གྲ་ལས་མཁས་པ་ཞིག་སུ་ཡང་མེད། གདན་ཁག་གིས་འོས་ཤོག་བླུགས་
    པ་ནི་ཧ་ཅང་གི་ཡག་པོ་རེད། བཀྲ་ཤིས་བདེ་ལེགས་ཡོད། ལྷག་པར་ཀརྨ་ཆོས་འཕེལ་དགེ་ལུགསས་སྤྱི་འཐུས་ཨང་ ༢ པར་སླེབས་པ་ནི་དངོས་གནས་གཟི་བརྗིད་རེད།

  2. ལོ་ལོན། says:
    2010-11-29 at 12:46 pm

    ཁ་བརྡའི་ཁྱིམ་བདག་། ཨ་རིའི་གུང་སེང་གི་ཉིན་གཉིས་ཀྱི་འཕྲོར་བདུན་འཇུག་གི་ཉིན་གཉིས་བཅས་། ཉིན་གྲངས་བཞི་འདི་རང་ལ་། གསོལ་ཆང་མཆོད་རྒྱུ་མང་སོང་མ་རེད་པ་། ཁ་བརྡའི་རྩོམ་ཡིག་འོག་མ་དག་གི་མགོ་རྟགས་དང་རྒྱབ་ལྗོངས་ར་གཟི་བ་ནང་བཞིན་འདུག། ཨ་ལ་རྩེད་མོ་ཡིན། འོན་ཀྱང་རྩོམ་རྙོང་བ་དག་དྲ་དངོས་ནས་ཡར་ཀྱོག་མར་ཀྱོག་བྱས་འདུག།

  3. དཔལ་དགྱེས་པ་རྡོ་རྗེ says:
    2010-11-29 at 12:53 pm

    དངོས་ནས་སེམས་སྐྱོ་དགོས་པ་ཞིག་འདི་ན་འདུག ཆོས་ལ་གཏན་ནས་སྡིག་བསགས་ཟེར་བ་དེ་རེད་ཡ། ། ཨ་ཁ་ཁ།
    http://www.facebook.com/video/video.php?v=474426906528&oid=168138669870900

  4. རྡོ་རྗེ། says:
    2010-11-29 at 1:00 pm

    གྲྭ་ས་ཁག་ནས་འོས་བླུགས་སྟངས་མ་འགྲིག་ཟེར་བ་ནི་ཁྱོད་རང་གི་འདོད་མོས་ཡོད་པའི་མི་དེ་ལ་མ་བླུགས་པས་རེད་ཟེར་བ་འདྲ་བོ་འདུག གྲྭ་སའི་གྲྭ་པ་དག་ལ་སོ་སོའི་བློ་འདོད་ཡོད་པའི་མི་ལ་འོས་བླུགས་པའི་ཐོབ་ཐང་མེད་པ་རེད་པས། གཞན་གྱིས་བཀོད་སྒྲིག་འོག་ཉན་མ་སོང་ཟེར་བ་ཨི་ཡིན། བོད་མིའི་རང་དབང་གི་འཐབ་རྩོད་ལ་གྲྭ་སའི་གྲྭ་པ་དག་གི་མ་འཇོན་ན་ཁྱོད་ལྟ་བུ་ཕྱོགས་རིས་དང་འཐེན་འཁྱེར་ཅན་དག་གིས་འཇོན་ས་འདུག་པས། བསམ་གཞིག་ཡག་པོ་གྱིས་་ཨ།

  5. ཚྭ་སྒང་ཕོ་ཉ། says:
    2010-11-29 at 1:10 pm

    ནང་ཚག་བྱས་ནས་བཤད་ཀྱི་ཡོད་ཟེར་དུས་ཡོངས་གྲགས་བྱེད་རྒྱུ་མེད་པའི་དོན་ཡིན་ན་གྲོགས་པོ་ལོ་ལོན་ཁྱེད་ཀྱིས་བྱས་པ་བསམ་བློ་མ་སྨིན་པའི་བྱེད་སྟངས་འདྲ་པོ་ཞིག་བྱས་འདུག། ཟམ་གདོང་གི་ཁོ་པ་ཧང་སང་སོང་ཟེར་དོན་གང་ཡིན་ནམ། ངས་བསམ་ཚུལ་བྱས་ན་དེ་ནི་འདིར་ལོའི་ལོ་སྟོད་གྲོས་ཚོགས་སུ་གནས་ཚུལ་ཆུང་ཆུང་ཞིག་གི་དོན་དུ་མངོན་གསལ་དོད་པོའི་ཐོག་ཞེན་ཁོག་གི་སྐད་ཆ་མང་པོ་བཤད་མཁན་དེ་དག་ཡང་སྐྱར་སྐབས་བཅུ་བཞི་པའི་སྤྱི་མཐུས་ཀྱི་སྔོན་འགྲོ་འོས་འདེམས་སྐབས་འོས་ཤོག་མཐོན་པོ་སླེབ་ཡོད་པར་ཧང་སང་སོང་ཟེར་ཀྱི་ཡོད་པ་ཞིག་གོ་ཡི་འདུག། དེ་ལ་བཤད་ཀྱི་ཡོད་པ་དངོས་གནས་ཡིན་ན་དེ་ནི་གདན་ས་ཁག་གཅིག་པུ་མིན་པར་སྐྱ་སེར་དབྱེར་མེད་དང་ཆོལ་ཁ་དབྱེར་མེད་ཐོག་ལ་བཤད་དགོས་པ་ཞིག་རེད་སྙམ། རྒྱུ་མཚན་ནི་དེའི་སྐབས་སྤྱི་མཐུས་ལྷན་ཚོགས་ནང་ཞེན་ཁོག་གི་སྐད་ཆ་བཤད་མཁན་དང་དེ་དག་ལ་རྒྱབ་སྐྱོར་བྱེད་མཁན།
    དགྲ་དགའ་གཉན་སྡུགས་ཀྱི་གནས་ཚུལ་དེའི་རྐྱེན་རྩ་ལྟ་བུ་སློང་མཁན་གྱི་མི་སྣ་དེ་དག་སྤྱི་མཐུན་ལྷན་ཚོགས་སུ་ད་ལྟ་ཡང་སྡད་ཡོད་ལ་སྔོན་འགྲོའི་འོས་འདེམས་སྐབས་ཀྱང་དེ་དག་ཚང་མ་ཆོལ་ཁ་སོ་སོས་འོས་འདེམས་བྱས་ནས་དེ་དག་འོས་གྲངས་མཐོན་པོ་སླེབ་པ་ཤ་ཏག་མ་ཡིན་ནམ།

  6. རྭ་འཕྲིན་བཟང་ says:
    2010-11-29 at 1:33 pm

    ལོ་ལོན་ནི་མ་ངོ་མ་རང་རེད་། མགོ་འཇུག་མེད་པའི་སྐད་ཆ་ཅིག་དྲ་ཐོག་བཀོད་དེ། ་ད་དུང་ནང་ཚག་ཡིན་ཁུལ་གྱི་དྲ་ཐོག་བཀོད་པ་ནི་ངོ་མ་ལོ་ལོན་ནང་གི་ཀླད་མེད་ཞིག་གིས་ཧོན་གཏམ་ལས་གཉིས་སུ་མ་མཆིས་།

  7. བྱ་རྒོད་རྒྱལ་པོ། says:
    2010-11-29 at 1:39 pm

    དགེ་ལུགས་སྤྱི་འཐུས་འོས་མི་ཁག་ནི། རོང་བོ་བློ་བཟང་སྙན་གྲགས་ལ་འོས་གྲངས་ ༡༢༢༨ ། ཨ་ཀྲུག་ཚེ་བརྟན་ལ་འོས་གྲངས་ ༡༢༢༨། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལ་འོས་གྲངས་ ༨༠༡། དགེ་བཤེས་བློ་བཟང་ལ་འོས་གྲངས་ ༥༢༩། འཁྲུངས་གསར་རིན་པོ་ཆེ་བསྟན་འཛིན་དཔལ་ལྡན་འོས་གྲངས་ ༣༩༣། དགེ་བཤེས་བསྟན་འཛིན་དར་རྒྱས་ལ་འོས་གྲངས་ ༢༧༠། དགེ་བཤེས་ཕུར་བུ་བསམ་འགྲུབ་ལ་འོས་གྲངས་ ༢༡༦། དཔལ་ལྡན་ཆོས་གྲགས་ལ་འོས་གྲངས་ ༡༩༣། དགེ་བཤེས་གྲགས་པ་བསྟན་འཛིན་བདེ་མཆོག་འོས་གྲངས་ ༡༣༥། བློ་བཟང་ཕན་བདེ་ལ་འོས་གྲངས་ ༨༤ བཅས་རེད།

  8. ཀརྡོ་རབ་འབྱམས་པ་ says:
    2010-11-29 at 5:45 pm

    ཆོས་སྲིད་ཟུང་འབྲེལ་ཆགས་ཀྱིན་འགྲོ་ཡོད་དང་ཆོས་འགལ་རང་ལུགས་ཤིག་ཆགས་འགྲོ་ཡོད་ངེས་པ་མི་འདུག
    ཆོས་སྲིད་ཟུང་འབྲེལ་ཆགས་ཀྱིན་ཡོད་འགྲོ་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡོད། ངེས་པ་མི་འདུག
    ཡིག་བཅོས་རྗེས་ལ། རང་བློར་འཆར་བ་ནི།
    བཀའ་ཁྲིའི་འོས་འགན་ཡོད་པའི་གཏམ་ཞིག་ལ་ཆ་འཇོག་བྱ་དགོས་ངེས་འདུག་སྙམ། ཆོས་བྱེད་དགེ་འདུན་པ་ཚོས་འོས་སྡུག་དངོས་གཞིའི་སྐབས་ལ་དགོངས་པ་བསྐྱར་བཞེས་གནོངས་རོགས་ཞུ། དགེ་འཕེལ། །

  9. ཚ་ཕྲུག་རྒྱལ says:
    2010-11-29 at 7:44 pm

    གདན་ས་ཁག་ལ་འདི་ལོ་བཀའ་སྤྱིའི་སྔོན་འགྲོ་འོས་འདེམས་སྐབས་སུ་དྲང་ཚུབ་དང་མ་ལྡན་པ་
    ཞིག་བྱུང་ཚུལ་བཤད་འདུག། ཆོས་དང་མ་མཐུན་པ་སོགས་མ་མཐུན་པ་མང་པོ་ཞིག་གསུང་འདུག་ཀྱང་
    དེ་དག་རྫིག་རྫིག་དང་ཚབ་ཆེན་གྱི་བྱས་ཉེས་གྱི་རྣམ་གྲངས་ཡིན་ཚུལ་ངྲངས་པ་འདྲ་ དེ་མཁས་པས་གསུང་གི་རྣམ་པ་རྩ་བ་ནས་ཡོད་མ་རེད། ཆོས་དང་མ་མཐུན་པ་ཞེས་ཚིག་རྐང་དེ་ཉིད་ཀྱི་ནང་དོན་ལས་གཞན་མ་མཐུན་པ་འོག་མ་རྣམས་ལ་དམིགས་གསལ་གྱི་གོ་དོན་མེད་ཁར་སྒྲ་འདས་ཅན་ཡང་རེད། དམིགས་ཀ་བཤད་འདོད་པ་ནི་གོང་གསལ།
    དེ་འདྲ་བྱས་པ་ན་གྲྭ་ཚོས་ཆབ་སྲིད་ནང་ཆ་ཤས་བཞེས་་དགོས་པ་རེད་ཅེས་ང་ཚོས་རྒྱུན་ལྡན་བཤད་བསྡད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱིན་འགྲོ་ཡོད་དང་ཆོས་འགལ་རང་ལུགས་ཤིག་ཆགས་འགྲོ་ཡོད་ངེས་པ་མི་འདུག་ཅེས་ དེ་སྒྲ་འཇུག་ཡུལ་གསལ་ཁ་རྩ་བ་ནས་མི་འདུག། གྲྭ་པས་སྐབས་དེར་ཚུལ་དང་མ་མཐུན་པའི་བྱ་བ་ག་རེ་བྱས་ཡོད་མེད་ཆ་ཤས་ཙམ་ཡང་མ་གསུང་པར་མུན་ནག་མདའ་འཕོན་དེ་འདྲ་བྱེད་དགོས་དོན་ག་རེ་ཡིན་ནམ། གལ་སྲིད་གྲྭ་པས་ཆོལ་ཀ་དང་ཆོས་ལུགས་ལ་ཤོག་རེས་འདུག་བཤད་ཀྱི་ཡོད་ཚེ་་སྐབས་དེར་དགེ་ལུགས་སྤྱི་འཐུས་སྔོན་འགྲོ་ནང་སྐུ་ཉིད་ཨང་དང་པོ་ རི་འབོ་བློ་བཟང་སྙན་གྲགས་ཨང་གཉིས་པ་རེད་འདུག་པས་ཁྱོད་རྣམ་ཚོ་ཆོས་ལུགས་ཀྱི་ཤོག་ཞེན་པ་ཞིག་རེད་དམ། ཆོལ་ཀའི་སྤྱི་འཐུས་སྔོན་འགྲོ་སྐབས་སུ་མདོ་སྟོད་ཀྱི་འོས་གཞི་ནང་འགྱུར་བ་ཤུགས་ཆེན་འདུག། དབུས་གཙང་དང་མདོ་སྨད་གཉིས་ཀྱི་ནང་མང་ཆེ་བ་རང་འཇགས་སླེབས་འདུག་པས་གདན་ས་ཁག་གི་ཐོན་འཁྱེར་བྱས་པ་དང་མ་དྲང་བའི་རྒྱུ་མཚན་གཏི་འབྲུ་ཙམ་ཡང་མི་འདུག། ལ་ནི་གྲྭ་བཙུན་གྱིས་འོས་འདེམས་ནང་མཉམ་ཞུགས་གནང་དང་མ་གནང་དེར་ཆོས་སྲིད་ཟུང་འབྲེལ་ཡོད་མེད་ཀྱི་ཁྱད་པར་དེའི་ཀྱང་མ་རེད། འཛམ་བུ་གླིང་དུ་མང་གཙོ་ཡི་རྒྱལ་ཁབ་ནང་
    འོས་འདེམས་ནི་གཞི་རྩའི་འགྲོ་བ་མི་ཡི་ཁེ་དབང་ཞིག་ཡིན་ལ་དེར་སྐྱ་སེར་དང་ཕོ་མོ་རྒན་གཞོན་མཐོ་དམན་སོགས་རིགས་ཀྱི་ཁྱད་པར་མེད་ལ་དེ་དག་ལ་དགོས་ཆོས་དང་བཟང་སྤྱོད་ཀྱི་ཁྱད་པར་ཡང་མེད། དེ་ནི་འགྲོ་བ་མི་སྤྱིར་རན་པའི་འཇིག་རྟེན་པའི་བྱ་བ་ཞིག་ཡིན་ལ་ ཆོས་ཕྱོགས་ཀྱི་བྱ་བ་ཞིག་མ་རེད།
    སྐྱོར་དང་སྐུལ་མ་ག་འདྲ་ཞིག་གནང་ཡང་ཅིག་མཚུངས་རང་ཡིན་པས་གྲaམ་གཞི་བོད་མི ༏༏༏༏༏༏༏

  10. ༙ཚྭ་ཕྲུག་རྒྱལ says:
    2010-11-29 at 9:39 pm

    གོང་དུ་ངས་འབྲི་མཚམས་མ་རྫོགས་གོང་གློག་ལས་མཛུབ་མནན་ནོར་
    ནས་ཤོར་སོང་བས་དགོངས་འགལ་མེད་པ་ཞུ།
    ༼མུར་མཐུད་ནས་ཕྲོས་ལྷག་༽
    སྐྱ་སེར་དང་ཕོ་མོ་རྒན་གཞོན་ཚང་མས་འོས་སྡུར་ལས་རིགས་སུ་
    རང་ཉིད་མི་སུ་ཞིག་ལ་རྒྱབ་སྐྱོར་གྱི་དྲི་སྒྲགས་དང་སྦྱངས་བཤད་མངོན་
    གསལ་དང་མངོན་གསལ་མ་ཡིན་པ་གང་ཅི་ཐད་ཅིག་མཚུངས་རང་ཡིན།
    མ་གཞི་བོད་ཀྱི་མང་གཙོ་འདིར་མི་རྣམས་ཀྱིས་མཐོང་ཚུལ་མི་མཐུན་པ་
    མང་ཡོད། མང་གཙོ་ཡི་ལམ་ཁར་ཕྱོགས་བཞིན་པ་ཞིག་ལས་མང་གཙོ་
    ཚད་དང་ལྡན་པ་ཞིག་ད་དུང་ཆགས་མེད་ལ་མང་གཙོ་ཡི་རིང་ཐང་ཡང་ད་དུང་དོན་སྙིང་རྟོགས་མེད། དེར་འབྱུང་རྐྱེན་གཙོ་བོ་ནི་མི་རིགས་འདིར་ལྷ་ཆོས་ལ་རྨོངས་ཞེན་ཆེ་བ་
    དང་རང་ཉིད་སྤྱི་ཚོགས་ཀྱི་འགན་འཁུར་དེ་ཙམ་ལེན་མི་ཐུབ་པ་མ་ཟད་མི་རིགས་ཀྱི་བླ་སྲོག་དང་དགོས་འཁོར་གྱི་དམིགས་ཡུལ་ངེས་གཏན་
    མེད་ཁར་སྤྱིར་མཐུན་མོང་བའི་རིག་གནས་ལ་མཐོང་རྒྱ་དང་འཐོས་རྒྱ་ཆུང་བའི་རང་ཞེན་བདན་ཆེན་པར་དེས་ལེན། ནམ་ཞིག་བླ་ཆེན་དང་མི་ཆེན་གྱིས་སྣ་འདྲེན་འོག་ནས་མ་ཐར་བར་དུ་
    མི་རིགས་འདིར་འབྱུར་བ་དེ་ཙམ་འགྲོ་མི་སྲིད་དོ།

  11. བཙན་བྱོལ་བ་ says:
    2010-11-30 at 3:07 am

    གནས་ཚུལ་འདི་ལྟར་བཀོད་པ་ཡག་བྱུང་ཟེར་རྒྱུ་ཡིན། གདན་ས་ཁག་གི་འོས་བསྡུའི་ལམ་ལུགས་དེ་དྲང་བདེན་ཞིག་ཡོང་གིན་མེད་པ་ནི་ཟམ་གདོང་ཟླ་བ་མ་ཙན་མ་ཟད། ༧གོང་ས་མཆོག་གིས་ཀྱང་ནན་ཆེར་གསུངས་ཡོད། འོན་ཀྱང། གདན་ས་ཁག་གི་གྲྭ་བའི་སྤྱི་ཚོགས་ནི་ཕྱི་ནས་བལྟས་ན་ཞི་ཞིང་དུལ་བ། ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱིས་དུས་འདའ་བ་སོགས་ཡོད་ཀྱང། དོན་དག་གནད་འགག་གཅིག་ལ་ཐུག་སྐབས། ལམ་སེང་ཆོལ་ཁའི་མིང་འཁྱེར་ནས་འགྲེལ་བཤད་ལོག་པ་རྒྱག་པ་སོགས་ལམ་ལུགས་ངན་པ་ཞེ་དྲག་ཡོད། མཚམས་རེས་མི་སྐྱ་ལས་བྱ་ལུགས་སྡུག་ག་ཡོད། སྤྱིར་གྲྭ་བས་དེ་ལྟར་བྱེད་པ་དང་མི་སྐྱ་བྱེད་པ་གཉིས་འདྲ་ཡང། ཁྱད་པར་ནི་གྲྭ་པ་ནི་དུས་རྟག་ཏུ་བདག་འཛིན་མ་རིག་པ་དང་ཉོན་མོངས་དུག་གསུམ་ལ་ཁ་གཏད་གཅག་མཁན་ཞིག་ཡིན་པ་མ་ཟད། གཞན་ལ་དེ་ལྟར་འཇུག་དགོས་པའི་བསྐུལ་མ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ཚབ་ཆེ་ཆུང་གི་ཁྱད་པར་ཡོད། གལ་སྲིད་གང་ཟག་ཆེ་གེ་མོ་ཡིན་ན་ཡང་འདྲ་ ཡང་ན་དཀྱུས་མ་ཞིག་ཡིན་ན་ཡང་འདྲ། ཁོང་གིས་ཆབ་སྲིད་དང་འབྲེལ་བའི་གཏམ་བཤད་གཅིག་བྱེད་པ་ན་ལམ་སེང་འགྲེལ་བཤད་འདི་ལྟར་བྱེད་ཀྱིན་ཡོད། ཁོང་ཆོལ་ཁ་དེ་དང་དེ་ཡིན་པའི་ཆ་ནས་དེ་ལྟར་བཤད་པ་རེད་ཟེར་ནས་འགྲེལ་བ་མ་གཏོགས། ཁོང་གིས་གང་བཤད་པའི་གཏམ་བཤད་ལ་གཙོ་བོ་མི་འཛིན་པར། གང་ཟག་ལ་རྟོན་ནས་འགྲེལ་བ་ནི། ནམ་རྒྱུན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་ནས་དུས་རྟག་ཏུ་རྩོད་པ་རྩོད་པ་དང་ཡོངས་སུ་འགལ་གྱིན་ཡོད། ལམ་ལུགས་དེ་ཡག་པོ་མིན་པ་ཤེས་ན་ཡང། དེ་ལ་བསྒྱུར་བཅོས་གཏོང་ཐུབ་ཀྱིན་མེད།

  12. ཟླ་བ་ཆོས་འཛོམས། says:
    2010-11-30 at 3:31 am

    ལོ་ལོན་གྱིས་བཀོད་པའི་རྩོམ་ཐུང་འདི་ནི་རྩ་ཆེན་པོ་རེད།འདི་བཀའ་ཁྲི་ཟམ་གདོང་ཆེན་པོ་ཆེས་ཐེངས་འདིའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་ཐད་ལྷོ་ཕྱོགས་སེ་རར་མི་དམངས་སྟོང་ཕྲག་འཛོམས་སར་གསུངས་པ་རེད།གསར་འགྱུར་འདི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཀྱང་བསྒྲགས་སོང་།འདི་ནི་བཀའ་ཁྲི་ཟམ་གདོང་ཆེན་པོ་ཆེས་ང་ཚོའི་འཕྲལ་ཕུགས་རྒྱང་གསུམ་དང་ལྷག་པར་དུ་གདན་ས་ཁག་གི་ཆེ་མཐོང་དང་མཚན་སྙན་ལ་དམིགས་ནས་གསུངས་པ་ཞིག་རེད་སྙམ།འདི་ལ་ང་ཚོ་ཚང་མས་དོན་མེད་ཚིག་མཚོན་འདེབས་རེས་མི་བྱེད་པར་དོན་ལ་བསམ་རྒྱུ་གལ་ཆེན་པོ་རེད།
    ལོ་ལོན་ལགས།ཐུགས་རྗེ་ཆེ།འདི་ཚོ་ང་ཚོས་ཤེས་དགོས་པའི་དོན་ཏག་རེད།འདི་ལ་བརྟེན་ནས་ང་ཚོ་ལ་ལྟ་སྟངས་གསར་བ་དང་བསམ་བློ་གསར་བ་གཏོང་དགོས་པའི་གཞི་རྟེན་ཞིག་གནང་སོང་།
    ཡང་སྐྱར་ལོ་ལོན་ལ་ཐུགས་རྗེ་ཆེ་ཞུ།

  13. རྟ་བདུན་དབང་བོ། says:
    2010-11-30 at 4:48 am

    རང་ལུགས་མེད་པའི་གདན་ས་ཁག་གི་གྲ་པས་ད་ལོའི་འོས་བླུགས་བཏང་ལ་བལྟས་ན་བོད་དེ་འགྱེལ་ས་དེ་ནས་ནམ་ཡང་ཡར་ལངས་ཐུབ་ས་མ་རེད་སྙམ།

  14. སྐྱབས་བཅོལ་བ། says:
    2010-11-30 at 9:33 am

    གྲྭ་སའི་གྲ་པས་འོས་བླུགས་སྟངས་ལ་གཟི་བརྗིད་ཆེན་པོ་འདུག དགེ་ལུགས་སྤྱི་འཐུས་སྔོན་འགྲོའི་འོས་ཁོངས་སུ་ ཨང་པོ་༡ ཟམ་གདོང་རིན་པོ་ཆེ། གཉིས་པ་ཚོགས་ཟུར་ཀརྨ་ཆོས་འཕེལ་སླེབས་ཡོད་པ་རེད། འོན་ཀྱང་ཁོང་གཉིས་དགོངས་པ་ཞུས་ཏེ་རིན་པོ་ཆེ་བགྲེས་ཡོལ་དུ་ཕེབས། ཚོགས་ཟུར་སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་ནི་ཆོས་ལུགས་བཀའ་བརྒྱུད་པ་ཡིན་ཙང་བཀའ་བརྒྱུད་འོས་ཁོངས་སུ་བཞུགས་པ་རེད། ད་ལྟའི་ཆར་བཙན་བྱོན་ཁྲོད་ན་མི་འདི་གཉིས་ལས་ལྷག་ཅིག་སུ་ཡང་མེད་ལ། བོད་དོན་བདེན་མཐའ་གསལ་དགོས་ན་མི་ཁོང་གཉིས་འདྲ་བོ་ཞིག་དགོས་ཡག་རེད། གནད་དོན་དེ་རི་དགེ་ལུགས་པས་ཤེས་ཡག་རེད།
    གཞན་པ་མི་འཁྱམས། ཟོག་པོ། སྤྲུལ་རྫུན། བོད་དོན་ལ་སེམས་ཤུགས་མེད་མཁན་གང་མང་ཞིག་དྲ་ཐོག་འདིར་སླེབས་འདུག་པར་བརྟེན་དེ་ཚོའི་ཁ་ལ་ཉན་རྒྱུ་ཡོད་མ་རེད།

  15. བཙན་བྱོལ་བ་ says:
    2010-11-30 at 10:22 am

    ངའི་དོགས་པ་དང་རྣམ་རྟོག་ལ་ཤར་བ་ནི། ཀརྨ་ཆོས་འཕེལ་དགེ་ལུགས་སྤྱི་འཐུས་ཁོངས་སུ་གློ་བུར་དུ་ཡོང་དགོས་དོན་ཅི་ཡིན་ནམ། དེ་ལ་ཁྱེད་རྣམས་ཀྱིས་ལན་ཨེ་ཐོབ། ངའི་བསམ་པར་དྲི་བ་འདི་ཁོང་གིས་སྔར་སྤྱི་འཐུས་གྲོས་ཚོགས་ཀྱི་གཏམ་བཤད་དང་འབྲེལ་བ་ཆེན་པོ་ཡོད་པ་བཤད་མ་དགོས་པ་ཡིན།

  16. སྐྱབས་བཅོལ་བ། says:
    2010-11-30 at 11:41 am

    གདན་ས་གསུམ་གཏན་དུ་རྒྱལ་གྱུར་ཅིག རི་བོ་དགེ་ལུགས་པ་གཏན་ཏུ་རྒྱལ་གྱུར་ཅིག བོད་ཆོས་བརྒྱུད་ཡོངས་རྫོགས་གཏན་ཏུ་རྒྱལ་གྱུར་ཅིག

  17. dzi says:
    2010-11-30 at 2:59 pm

    ཟམ་གདོང་རིན་པོ་ཆེ་སྐུ་སྒེར་གྱི་གསུང་ཡིན་ན་དབྱུག་ཤོགས། བཀའ་ཁྲིའི་གསུང་ཡིན་ན་ཞབས་འདྲེན་འདོམ་པ་གང་ཞུས་འདུག གདན་སའི་དགེ་འདུན་པས་འོས་སུ་ལ་བླུག་མ་བླུག་རང་དབང་མ་རེད་དམ། བཀའ་ཁྲི་ཞིག་གི་ངོས་ནས་མི་འདི་ལ་འོས་བླུག་པ་འགྲིག་མི་འདུག་ཟེར་ན་ག་རེ་ཟེར་བ་རེད། མང་གཙོ་ག་བར་སོང༌། རང་དབང་ག་བར་སོང༌། མི་འདི་འོས་བླུག་དགོས་རེད་ཟེར་བའི་གཞན་གྱི་བཀོད་བྱུས་འོག་མ་སོང་བ་གལ་ཆེན་པོ་རེད་ཅེས་གསུང་བཞིན་དུ་མི་འདི་ལ་འོས་བླུག་ན་འགྲིག་གི་མ་རེད་གསུང་ན་དེ་ཡང་བཀོད་བྱུས་བྱས་པ་མ་རེད་དམ། སྐད་ཅ་དེ་དགྲ་དགའ་གཉེན་སྡུག་ཆེན་པོ་ཆགས་འདུག བོད་ནང་རྒྱ་མིས་བེད་སྤྱོད་བཏང་འདུག གྲྭ་པ་ཚང་མ་ཆབ་སྲིད་པ་ཡིན་པ་གྲྭ་པ་ཚད་ལྡན་ཞིག་མེད་པར་ཁོང་རང་ཚོའི་མགོ་ཁྲིད་ཀྱིས་བཤད་འདུག་ཅེས་བརྗོད་འདུག དེས་བོད་གཞིས་བྱེས་གཉིས་བར་གྱི་ཡིད་ཆེས་དང༌དམ་ཚིག་སེམས་ཤུགས་བཅས་ཉམས་ཆག་བཏང་འདུག འགན་མ་ཁུར་བའི་སྐད་ཅ་དེ་འདྲ་དཔེ་སྲིད་ཀྱི་མ་རེད།

  18. རྟ་བདུན་དབང་བོ། says:
    2010-11-30 at 10:43 pm

    གདན་སའི་གྲྭ་བཙུན་ཕལ་མོ་ཆེས་འོས་ཤོག་གི་རིན་ཐང་ཙམ་ཡང་མི་ཤེས་པར་བླ་མས་འཛུབ་མོ་་གང་བསྟན་ཤར་ཟེར་བ་ལྟར་རང་གི་འོས་ཤོག་དེ་མི་གཞན་གྱི་ལག་ན་ཡོད།
    དེ་མིན་ན་ཐུག་པ་ར་བཟི་བ་ཀརྨ་ཆོས་འཕེལ་དགེ་ལུགས་པའི་སྤྱི་འཐུས་ཀྱི་འོས་མིར་གང་འདྲ་སླེབས་པ་རེད་དམ།

  19. བཙན་བྱོལ་བ་ says:
    2010-11-30 at 11:41 pm

    གདན་ས་ཁག་གི་འོས་བླུགས་སྟངས་ཡག་པོ་མིན་འདུག་ཟེར་བའི་སྐད་ཆ་འདི་ད་ལོ་སྔོན་འགྲོའི་འོས་བསྡུ་མ་བླུགས་པའི་གོང་ནས་༧གོང་ས་མཆོག་གིས་གསུངས་ཡོད། བྱས་ཙང་རྒྱུ་མཚན་ཆེན་པོ་ཡོད། འདི་ནི་ཀརྨ་ཆོས་འཕེལ་གཅིག་པུའི་གནད་དོན་མ་རེད། འདི་ནི་ཆོལ་ཁ་ཆོས་ལུགས་གཉིས་ཀའི་འོས་བསྡུའི་ལམ་ལུགས་ཐོག་ལ་གདན་ས་ཁག་གིས་བྱེད་སྟངས་འགྲིག་གི་མི་འདུག་ཟེར་བ་དེ་རེད། བྱས་ཙང་གཡུང་དྲུང་རྒྱལ་མཚན་དང། འཇུ་ཆེན་བུ་མོ་སོགས་སྐབས་འདིར་སླར་ཡང་སླེབས་པ་དེ་ཡང་གྲྭ་བའི་འདུ་ཤེས་ཡག་པོ་འཛིན་མུ་ཐུབ་པའི་ཐོག་ནས་འོས་བླུགས་པ་ཡིན་པར་གསལ་པོ་བསྟན་ཡོད། སྟབས་ཡག་ནས་སྐབས་འདིར་ཨུ་རྒྱན་སྟོབས་རྒྱལ་དང་། བསོད་ནམས་སྟོབས་རྒྱལ་གཉིས་དགོངས་པ་རང་ཞུས་བྱས་པ་རེད་མ་གཏོགས་དེ་མིན་ཁོངགཉིས་ཀྱང་ཨང་རིམ་བཅུཡི་ནང་དུ་སླེབས་རྒྱུ་ཡིན་པ་གསལ་པོ་རེད། བྱས་ཙང་གདན་ས་ཁག་གི་ནང་དུ་འཐེན་འཁྱེར་གྱི་ལྟ་བ་ཤུགས་ཆེན་པོ་ཡོད་པ་མ་ཟད། འཛུབ་མོ་གང་བསྟན་ཤར་ཟེར་བའི་ལམ་ལུགས་དེ་ཆོས་དང་མཐུན་པའི་ཐོག་ལ་འཁྱེར་རྒྱུའི་ཚབ་ཏུ་འོས་བསྡུའི་ཐོག་ཏུ་འཁྱེར་བ་ནི་ཤིན་ཏུ་ནས་མི་འགྲིག་པ་ཡིན། སྤྱིར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཁོངས་སུ་མི་སུ་བླུགས་མིན་དེ་སོ་སོའི་རང་དབང་ཡིན་ཀྱང་བོད་སྤྱི་པ་དང་སོ་སོའི་ཆོལ་ཁ་གཉིས་ཀྱི་ནང་ནས་བོད་སྤྱི་ལ་རྩ་ཆེ་བ་བརྩི་དགོས་པ་ཡིན། དེ་མིན་ཆོལ་ཁ་ཆོས་ལུགས་ཀྱི་ལམ་ལུགས་དེ་བོད་སྤྱི་ལ་གནོད་སྐྱོན་ཐེབས་ཀྱིན་འདུག་ན་དེ་བསྒྱུར་བཅོས་གཏོང་ཆོག་པ་ཡིན། དེ་ལ་སྤྱི་འཐུས་གྲོས་ཚོགས་ནས་བསམས་གཞིག་བྱེད་དགོས་པ་ཡིན། ཀརྨ་ཆོས་འཕེལ་ཁྱོད་རང་ད་ལོ་སླར་ཡང་སྤྱི་འཐུས་འཁེལ་བ་ཡིན་ན་དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་རྒྱུའི་ཚབ་ཏུ་འོས་བསྡུའི་ལམ་ལུགས་བསྐྱར་ཞིབ་ཀྱི་གྲོས་གཞི་ཞིག་གཏོན་ན་གང་འདྲ་འདུག

  20. བཟོད་པ་ལྷ་རྩེ་ says:
    2010-12-02 at 5:27 am

    གདན་ས་ཁག་གི་འོས་ཡག་པོ་བླུག་མེད་པའི་གནས་ཚུལ་དེ་ལ་དཔྱད་ཞིབ་བྱས་པ་ཡིན་ན་གདན་ས་ཙམ་མ་ཡིན་པ་གྲྭ་ཚོགས་ཆེ་སའི་ཚོགས་པ་ཁག་ལ་སྐྱོན་དེ་ཡོད་པ་གསལ་པོ་ཆགས་ཡོད་གང་ལགས་ཞེ་ན། ་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་དགེ་ལུགས་སྤྱི་འཐུས་དང་རྙིང་མའི་སྤྱི་འཐུས་དེ་བཞིན་བཀའ་རྒྱུད་སྤྱི་འཐུས་སུ་སླེབས་པ་མ་ཟད། བོན་པོ་སྤྱི་འཐུས་དགེ་བཤེས་གཡུ་གྲུང་རྒྱལ་མཚན་དགེ་ལུགས་སྤྱི་འཐུས་དང་བོན་པོ་སྤྱི་འཐུས་གཉིས་སུ་སླེབས་ཡོད་པས་དེ་དག་གྲྭ་བ་དག་གི་འོས་ཤོག་ལས་མི་སྐྱ་སུ་ཞིག་གི་ཡང་འདེམས་མེད་པ་ཁ་གསལ་པོ་རེད། བྱས་གཙང་དེར་བསམ་བློ་ཡག་པོ་བཏང་བ་ཡིན་ན་བཞེད་སྣང་སྐྱེས་ཡས་རང་མ་རེད་དམ།

  21. བཟོད་པ་ལྷ་རྩེ་ says:
    2010-12-02 at 5:28 am

    གདན་ས་ཁག་གི་འོས་ཡག་པོ་བླུག་མེད་པའི་གནས་ཚུལ་དེ་ལ་དཔྱད་ཞིབ་བྱས་པ་ཡིན་ན་གདན་ས་ཙམ་མ་ཡིན་པ་གྲྭ་ཚོགས་ཆེ་སའི་ཚོགས་པ་ཁག་ལ་སྐྱོན་དེ་ཡོད་པ་གསལ་པོ་ཆགས་ཡོད་གང་ལགས་ཞེ་ན། ་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་དགེ་ལུགས་སྤྱི་འཐུས་དང་རྙིང་མའི་སྤྱི་འཐུས་དེ་བཞིན་བཀའ་རྒྱུད་སྤྱི་འཐུས་སུ་སླེབས་པ་མ་ཟད། བོན་པོ་སྤྱི་འཐུས་དགེ་བཤེས་གཡུ་གྲུང་རྒྱལ་མཚན་དགེ་ལུགས་སྤྱི་འཐུས་དང་བོན་པོ་སྤྱི་འཐུས་གཉིས་སུ་སླེབས་ཡོད་པས་དེ་དག་གྲྭ་བ་དག་གི་འོས་ཤོག་ལས་མི་སྐྱ་སུ་ཞིག་གི་ཡང་འདེམས་མེད་པ་ཁ་གསལ་པོ་རེད། བྱས་གཙང་དེར་བསམ་བློ་ཡག་པོ་བཏང་བ་ཡིན་ན་བཞེད་སྣང་སྐྱེས་ཡས་རང་མ་རེད་དམ།་

  22. ལྷ་སྨོན་པ། says:
    2010-12-02 at 10:29 am

    འོས་ཤོག་ཡག་པོ་བླུགས་དང་མ་བླུགས་དེ་རང་ཉིད་ཀྱི་འདོད་མོས་ཡོད་པའི་མི་སླེབས་དང་མ་སླེབས་ལ་བལྟས་ན་དེ་ལ་མང་གཙོའི་གོམས་གཤིས་སྤུ་རྩེ་ཙམ་མེད་པའི་རྟགས་རེད། མི་མང་གིས་འདོད་མོས་ཡོད་པ་དེ་ལ་རྒྱལ་ཁ་ཐོབ་རྒྱུ་ལས། འདོད་མོས་མེད་ས་ཞིག་ལ་རྒྱལ་ཁ་ཐོབ་མི་སྲིད་པ་རེད། དེར་བརྟེན་རང་ཉིད་ཀྱི་སྣང་བར་མི་འགྲོ་ས་ཞིག་ལ་འོས་ཐོབ་པའི་རྗེས་སུ་འོས་ཤོག་བླུགས་སྟངས་ཡག་པོ་མ་རེད་ཅེས་བཤད་པ་དེ། ཟམ་གདོང་བླ་མར་མང་གཙོའི་གོམས་གཤིས་ཆུང་བའི་སྐྱོན་བསྟན་པ་རེད། དཔེར་ན་འོས་བླུག་རྒྱུའི་ཐོབ་ཐང་ཡོད་མཁན་མང་པོ་ཡོད་པ་དང་། ཆ་ཤས་ལེན་མཁན་ཉུང་ངུ་ལས་མ་བྱུང་ན་དེ་མི་མང་གི་སྐྱོན་རེད།

    གཞན་འོས་ཤོག་བླུགས་ནས་གང་ཟག་ཅིག་ལ་རྒྱལ་ཁ་ཐོབ་པར་མ་འདོད་ནས་འོས་ཤོག་བླུག་སྟངས་ཀྱི་སྐྱོན་རེད་ཅེས་བཙན་བྱོལ་བོད་མིའི་དབང་འཛིན་པ་ཆེ་ཤོས་བཀའ་བློན་ཁྲི་པའི་ཁ་ནས་ཐོན་པ་དེ་ཞབས་འདྲེན་རང་རེད། གལ་སྲིད་དབང་འཛིན་པའི་ཐུགས་ལ་མི་འཕྲོད་པ་ཞིག་ལ་འོས་ཤོག་གི་རྒྱལ་ཁ་ཐོབ་པ་དེ་འོས་འཕེན་སྟངས་མ་འགྲིག་པ་རེད་ཅེས་བཤད་ན། མང་གཙོ་ཕྱིར་བསྡུ་བྱས་ནས་དབང་འཛིན་པ་ཚོས་རྡོ་ལག་བརྒྱུད་ལྟ་བུ་བྱས་ནས་རང་ཉིད་ཀྱིས་གང་ལབ་པར་ཉན་མཁན་རྐྱང་རྐྱང་བསྐོ་དགོས་པ་རེད། གཞན་ཐབས་ཤེས་ག་རེ་ཡོད།

  23. བློ་བཟང་ཆོས་འཕེལ says:
    2010-12-04 at 1:37 pm

    དེང་སྐབས་དངོས་ཡོད་ཀྱི་གནས་ཚུལ་ལ་མ་བལྟས་པར་ཁོང་གི་འགྲིགས་ཀྱི་མི་འདུག་ཅེས་ནོར་བ་ཐམས་ཅད་གཞན་ངོར་ཁོ་ནར་གཡུགས་མཁན་ཇེ་མང་དང་ཇེ་མང་རེད། དོན་ངོ་མར་མི་འགྲིགས་མཁན་དེ་འགྲིགས་ཀྱི་མི་འདུག་བརྗོད་མཁན་དེ་ཚོ་རེད་འདུག འོས་ཤོག་འཕེན་དུས་ཀྱང་རང་དང་རང་གི་འདོད་པའི་ཕྱོགས་གཏོགས་ལ་འོས་མ་འཕེན་ཚེ། འོས་བླུགས་ཤེས་ཀྱི་མི་འདུག་བརྗོད་ཀྱི་རེད། དེ་བཞིན་གྲྭ་པ་ལ་ཐོབ་ཐང་གཉིས་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་དེ་ཚོ་ཡང་། རང་གི་འདོད་དོན་གྱི་ལམ་བུ་བཀག་པར་བརྟེན་དེ་ལྟར་བརྗོད་པ་ཞིག་རེད་སྙམ། དོན་དངོས་ཐོག་སྐྱོན་བརྗོད་དེ་༧གོང་ས་མཆོག་ལ་བྱེད་པ་ཞིག་རེད་དྲན་གྱི་ཡོད། རྒྱུ་མཚན་ནི། གྲྭ་པ་ལ་ཐོབ་ཐང་དེ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤེས་དབྱིངས་གཟིགས་ཀྱི་སྒོ་ནས་གནང་བ་ཞིག་ཡིན་པ་ལས། གྲྭ་པས་ཐོབ་ཐང་རྩོད་ནས་བྱུང་བ་ཞིག་མིན་པས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme