Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ཨོ་བྷ་མ་དང་བོད་ཡིག

Posted on 2010-11-152010-11-15 By ཁ་བརྡ་ 93 Comments on བོད་ཀྱི་ཨོ་བྷ་མ་དང་བོད་ཡིག

14མདོ་འདུམ་ཚང་།

བོད་ནང་དུ། བོད་ཀྱི་སྐད་ཡིག་གི་གནད་དོན་ཐད། སློབ་ཕྲུག་ཚོས་ཞི་བའི་ངོ་རྒོལ་བྱས།
དགེ་རྒན་ཚོས་ས་ཡིག་བསྡུས་ནས་གཞུང་ལ་ཞུ་གཏུགས་བརྒྱབ། བོད་རིགས་ལས་བྱེད་རྒན་པ་ཚོས་གཞུང་ལ་བསམ་ཚུལ་བཤད།
བཙན་བྱོལ་དུ། མི་མང་རྣམས་བོད་ཀྱི་ཨོ་བྷ་མའི་ཁ་ལ་འཐོམས་ནས་ཡོད། འོན་ཀྱང་། བོད་ཀྱི་ཨོ་བྷ་མའི་ཁ་ནས་བོད་ཀྱི་སྐད་ཡིག་ཟེར་བ་དེ་ཐོན་མེད།
མ་འོངས་པའི་ལོ་ལྔའི་ནང་། བོད་ཀྱི་སྐད་ཡིག་གི་གནས་སྟངས་སླར་གསོ་བྱེད་ཀྱི་ཡིན་ཟེར་མཁན་གྱི་ཨོ་བྷ་མ་ཞིག་ང་ཚོར་མེད།
བཙན་བྱོལ་དུ། བོད་ཀྱི་སྐད་ཡིག་གི་གནས་སྟངས་དེ་ཉམས་ང་བ་ཞིག་ཡིན། དངོས་ཡོད་གནས་ཚུལ་འདི་གཟིགས་པའི་ཐོག་ནས།
འདིའི་ཐོག་ཕྱག་ལས་གནང་གི་ཡིན་ཟེར་མཁན་གྱི་ཨོ་བྷ་མ་ཞིག་ང་ཚོར་མེད། ང་ཚོའི་ཨོ་བྷ་མས་ང་ཧར་བ་སྒྲི་ནས་ཡིན། ང་ལ་ལག་འཁྱེར་འདི་ཡོད།
ཟེར་བ་ལྟ་བུ་ཞིག་མ་གཏོགས་ཟེར་རྒྱུ་མེད་པར་བསྡད་ཡོད། ད་དུང་། མཚམས་མཚམས་ལ། ང་ཚོའི་ཨོ་བྷ་མས་དབྱིན་ཡིག་དང་བོད་ཡིག་གི་ཐོག་ལ་རྩོམ་སྤེལ་གྱི་ཡོད།
འོན་ཀྱང་། ྐློག་མཁན་ལགས། བོད་ཀྱི་ཨོ་བྷ་མས་བོད་ཡིག་འབྲི་ྐློག་རང་རྐྱང་ཐུབ་བམ། ཨ་རིའི་ཨོ་བྷ་མས་འབྲི་ྐློག་རང་རྐྱང་ཐུབ་པས་མ་ཚད། དེབ་ཀྱང་བརྩམས་ཡོད།
བརྩམས་པ་དེ་ཚོ་ཡང་སྐད་གྲགས་ཆགས་ནས་ཡོད། འོ་ན། བོད་ཀྱི་ཨོ་བྷ་མ་ག་འདྲ་ཡིན་ན། བོད་ཀྱི་ཨོ་བྷ་མར་བོད་ཡིག་འབྲི་ྐློག་རང་རྐྱ་འཕར་བ་ཞིག་མེད།
མེད་པ་དེ་མཁྱེན་མཁན་ཉུང་ཤས་ཤིག་ཡིན། ཨ་རིར་སྡོད་མཁན་ཚོས། བོད་ཀྱི་ཨོ་བྷ་མའི་མི་གཤིས་དང་ཤེས་ཡོན་གཉིས་ཀར་རྒྱུས་ཡོད།
འོན་ཀྱང་། རྒྱ་གར་དུ་སྡོད་མཁན་ཚོ་ད་དུང་ཡང་བོད་ཀྱི་ཨོ་བྷ་མའི་གཏམ་བཤད་ལ་མགོ་འཁོར་ནས་ཡོད།

བོད་ཀྱི་ཨོ་བྷ་མས་བོད་ཡིག་འབྲི་ྐློག་རང་རྐྱ་མ་ཐུབ་ན་དེ་ལ་སྐྱོན་ཆེན་པོ་མེད། འོན་ཀྱང་། རང་རྐྱང་འཕར་བ་མེད་བཞིན་དུ་ཡོད་མདོག་སྟོན་པ་དེ་ཉེན་ཁ་ཆེན་པོ་ཞིག་ཡིན།
གནད་དོན་འདིའི་བརྒྱབ་ན། མི་གཤིས་བཅོས་མ་ཟེར་བ་དེ་ཡོད། མི་གཤིས་དྲང་པོ་མེད་པ་ལ་བརྟེན་ནས་རྫུན་བཤད་མཁན་ཨ་རིའི་སྲིད་འཛིན་ཚོའི་ཁྲོད་དུ་བྱུང་མྱོང་ཡོད།
སོ་སོའི་མིང་བརྒྱབ་ནས་བོད་ཡིག་ཐོག་རྩོམ་སྤེལ་བཞིན་པ་འདི་འཇིགས་སུ་རུང་བ་ཞིག་ཡིན། འདི་མི་གཤིས་ཀྱི་གནད་དོན་དང་འབྲེལ་བ་ཡོད།
ཆུང་ས་ནས་བོད་ཀྱི་ཨོ་བྷ་མས་སོ་སོའི་མིང་བརྒྱབ་ནས་བོད་ཡིག་ཐོག་རྩོམ་སྤེལ་རྒྱུའི་བློ་སྤོབས་ཡོད་ན། རྒྱ་ཆེ་ས་ནས་བོད་མི་མང་ལ་མགོ་སྐོར་གཏོང་ཐུབ་པའི་བློ་ཁོག་དེ་ཡོང་སྲིད།
བོད་མི་མང་ལ་རྫུན་བཤད་ཐུབ་པའི་ཧམ་པ་དེ་ཡང་ཡོང་སྲིད། ད་ཕན། བོད་ཀྱི་ཨོ་བྷ་མས་རང་གི་མིང་བརྒྱབ་ནས་བོད་ཡིག་ཐོག་རྩོམ་བཞི་སྤེལ་འདུག དེ་སྤེལ་ས་ཡང་བོད་ཀྱི་དུས་བབ་རེད་འདུག
རྩོམ་བཞི་བོའི་འབྲེལ་ཐག་འདི་ན་ཡོད།

1)བོད་གནས་ཀྱང་བོད་དོན་གྱི་ལས་འགུལ་གང་དུ་ཡོད།
2)འཛམ་གླིང་ནང་བོད་པའི་ངོ་རྒོལ་གྱི་ལས་འགུལ་རིང་ཤོས།
3)བཀའ་བློན་ཁྲི་བའི་འོས་བསྡུའི་བསྐྱར་བཅོས།
4)སྐྱོན་བརྗོད་བྱེད་རུང་བའི་བྱ་སྤྱོད།

བོད་མི་མང་གིས་ྐློག་རོགས་གནང་། འདི་ནི། ཁྱེད་ཀྱི་ཨོ་བྷ་མས་བོད་ཡིག་ཏུ་སྤེལ་བའི་རྩོམ་རེད།
བོད་ལྗོངས་ཞིབ་འཇུག་གི་དག་ཆ་འབྲི་མི་ཐུབ་མཁན་གྱི་ཨོ་བྷ་མ་དེས། བོད་ཡིག་རྩོམ་འདི་འདྲ་ཞིག་ཇི་ལྟར་བྲིས་བ་རེད།
བོད་ལྗོངས་ཞིབ་འཇུག་གི་དག་ཆ་འབྲི་མ་ཤེས་བ་དེ། བོད་ཀྱི་ཨོ་བྷ་མར་དངོས་སུ་བྱུང་བའི་ཉམས་མྱོང་ཞིག་ཡིན།
རྡ་ལམ་ས་ལར་སྡོད་མཁན་ཚོས། བོད་ཀྱི་ཨོ་བྷ་མར་བོད་ཡིག་གི་ཡིག་ཚད་ཞིག་གཏོང་རོགས།
ཡིག་ཚད་དཀའ་མོ་ཞིག་གཏོང་མི་དགོས། བོད་ལྗོངས་ཞིབ་འཇུག་གི་དག་ཆ་འབྲི་ཨེ་ཐུབ་ཀྱི་ཡིག་ཚད་ཞིག་གཏོང་རོགས།

བོད་ཀྱི་ཨོ་བྷ་མས་བོད་ཡིག་ལ་རྫུན་བཤད་པ་འདི་གཅིག་པོ་ག་ཡིན། བོད་ཀྱི་ཨོ་བྷ་མས་རྒྱ་ནག་གི་ཨོ་བྷ་མ་བྱེད་ཀྱི་ཡིན་ཞེས་ལབ་གླེང་བྱས་ཡོད།
དེའི་སྐོར་ནས། དབྱིན་ཡིག་གི་དྲ་བ་ཁག་ཏུ་བགྲོ་གླེང་འཁྲུག་པོ་བྱུང་། བགྲོ་གླེང་འཁྲུག་པོ་དེས་བོད་ཀྱི་ཨོ་བྷ་མ་ཁུ་སིམ་མེར་བཞག་ཡོད། བོད་ཡིག་ྐློག་མཁན་ཚོས་དེ་དག་མཁྱེན་ཡོད་དམ།
མཁྱེན་མེད་ན། འདི་ནས་ྐློགས།
འབྲེལ་ཐག་ཚང་མ་འདི་རུ་ཡོད།
1) འཇམ་ནོར་གྱི་རྩོམ།
2) བློ་སེང་གི་ལན།
3) བོད་ཀྱི་སྲིད་དོན་བསྐྱར་ཞིབ་དྲ་བའི་ཞིབ་འཇུག
ད་བསམ་བློ་གཏོང་དགོས་སའི་གནད་དོན་འདི་རེད། བོད་ནང་དུ། བོད་ཡིག་གསོན་པོ་དེ་སྐྱོབ་མཁན་གྱི་མི་རབས་ཤིག་ཡོང་བཞིན་ཡོད། བཙན་བྱོལ་དུ། བོད་ཡིག་ལ་རྫུན་བཤད་མཁན་གྱི་ཨོ་བྷ་མ་དང་དེའི་རྗེས་འབྲངས་ཀྱི་མི་རབས་ཤིག་ཡོང་གི་ཡོད།
བོད་མི་ཚོས་བོད་ཡིག་ལ་རྫུན་བཤད་མཁན་གྱི་ཨོ་བྷ་མ་ཞིག་དབུ་ལ་བཀུར་གི་ཡིན་ནམ།

རྩོམ་རིག

Post navigation

Previous Post: དྲ་ལམ་དུ་བོད་ཡིག་དག་མོ་འབྲི་གལ་ཆེ།
Next Post: ག་ཚོད་ཡོད།

Comments (93) on “བོད་ཀྱི་ཨོ་བྷ་མ་དང་བོད་ཡིག”

  1. དཔལ་དགྱེས་པ་རྡོ་རྗེ says:
    2010-11-15 at 1:02 pm

    བཀྲ་ཤིས་བདེ་ལེགས། །
    བརྟག་དཔྱོད་དྲི་རྩོམ་འདི་འདྲ་བ་བོད་ཀྱི་སྤྱི་ཚོགས་ལ་ཕན་བདེའི་ཐབས་སུ་བསམ་ནས་སྤེལ་བ་ལ་ཁ་བྲོ། །

  2. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-11-15 at 1:29 pm

    མདོ་འདུམ་ཚང་ལགས། ཁྱེད་ཀྱིས་བློ་སེང་གི་མིང་ཐོག་ནས་སྤེལ་བའི་བོད་ཡིག་གི་རྩོམ་ཡིག་དེ་དག་ཁོང་གིས་བྲིས་པ་མ་རེད་ཟེར་བཞིན་ཡོད་དམ།

  3. སྐྱབ་བཅོལ་བ། says:
    2010-11-15 at 1:36 pm

    xxxxxxxxxxxxxxxxxxxxx།

  4. སྐྱབ་བཅོལ་བ། says:
    2010-11-15 at 1:40 pm

    ཤེས་ཡོན་སྲིད་བྱུས་བོད་པས་ངོས་ལེན་མ་བྱས་ན་རྒྱ་ནག་གིས་ག་བ་ག་བ། ནམ་ཡང་ངོས་ལེན་མི་བྱེད་ཁོ་ཐག

  5. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-11-15 at 1:46 pm

    སྐུ་ཞབས་བློ་བཟང་སིང་གེ་དེ་ ཨི་རིའི་ཨོ་བྷ་མ་འདྲ་བོ་ཞིག་མིན་པའི་རེ་བ་དང་སྨོན་ལམ་འདེབས་གི་ཡོད
    ཨི་རིའི་ཨོ་བྷ་མའི་སྤྲེལ་ལད་དང་སྐད་ཆ་སྙན་པོ་རྐྱང་པ་མ་གཏོགས་མེད་པའི་རྒྱུ་མཚན་གྱིས་ ད་ལོ་གྲོས་ཚོགས་འོག་མའི་ཁོང་གི་ཕྱོགས་གཏོགས་ཚོའི་ཞབས་སྟེག་ཤོར་བ་རེད་ ད་དུང་ཁོང་ལ་འོས་འཕེན་མཁན་ཚོའི་གསར་འགྱུར་བརྒྱུད་ལམ་ཚོའི་ནང་སྐྱོན་བརྗོད་མང་པོ་བྱེད་གུ་འདུག

  6. ཀརྡོ་རབ་འབྱམས་པ་ says:
    2010-11-15 at 2:12 pm

    མཁས་དབང་བློ་སེང་ལགས་བོད་ཡིག་རང་རྐྱ་འཕེར་བ་འབྲི་མི་ཤེས་པ་དངོས་གནས་ཨ་ཡིན་ནམ།

  7. ཀླུ་སྨྱོན། says:
    2010-11-15 at 2:40 pm

    བློ་སེང་གིས་རྩོམ་ཡིག་དེ་དག་བོད་ཡིག་ཏུ་བྲིས་པ་མིན་པ་ཙམ་གྱིས་ངའི་སེམས་ནས་ཁོང་གི་གོ་གནས་དེ་མར་ཆག་འགྲོ་རྒྱུ་ཅང་མེད། རྒྱུ་མཚན་ནི་ད་བར་གྱི་བཀའ་བློན་དང་བཀའ་ཁྲི་ཚོའི་ཁྲོད་དུ་ཟམ་གདོང་ཚང་མ་གཏོགས་བོད་ཡིག་གིས་རྩོམ་ཡིག་སྤེལ་ཐུབ་མཁན་ཅང་ཡོད་ཚོད་མི་འདུག བཀྲས་མཐོང་བསྟན་རྣམ་གྱིས་ཅང་སྤེལ་ཡོད་དམ། ཚོགས་གཞོན་རྒྱ་རི་སྒྲོལ་མར་ཅང་ཡོད་དམ། ཡོད་སྲིད་ཀྱང་ངས་ཅང་མ་ཐོས། བོད་ཀྱི་རང་དབང་དང་རང་བཙན་གཉིས་དང་བློ་སེང་གི་བོད་ཡིག་ཤེས་ཚད་དང་འབྲེལ་བ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག ང་ཚོར་དགོས་པ་ནི་བློ་སེང་གི་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་ཤེས་ཡོན་དང་འབྲེལ་འདྲིས་འཛིན་སྐྱོང་གི་འཇོན་ཐང་། བོད་དོན་ཐད་བཅངས་པའི་ལྷག་བསམ། སྐྱག་རྫུན་དེ་ཙམ་མེད་པའི་མི་གཤིས་བཅས་ཡིན། དེ་ལས་གཞན་བློ་སེང་ཡང་འགྲོ་བ་མི་ཞིག་ཡིན་པས་སངས་རྒྱས་དང་བྱང་སེམས་ཚོ་ནང་བཞིན་ལྷད་མེད་དྭངས་གཙང་ཤེལ་གྱི་རིལ་བུ་ལྟ་བུ་ཞིག་ཡིན་པར་བསམས་ན་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། ཆབ་སྲིད་པ་ཞིག་ཡིན་ན་ཚད་གཞི་ག་འདྲ་ཞིག་རྒྱག་དགོས་མིན་གྱི་དཔེ་མཚོན་ང་ཚོར་མང་དྲགས་མེད་ན་ཉུང་སྐྱོན་ཞིག་གཏན་ནས་མེད། ཡིན་ན་ཡང་རྩོམ་ཡིག་དེ་དག་བློ་སེང་གིས་བོད་ཡིག་ཏུ་བྲིས་པ་ཞིག་ཡིན་ནམ་ཡང་ན་མི་གཉིས་པ་ཞིག་གིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་པ་གང་ཡིན་གྱི་གསལ་བཤད་ཅིག་ཡོད་ན་མང་མང་གི་དོགས་པ་སེལ་བར་ཕན་པར་འདོད་དོ།།

  8. མི་ says:
    2010-11-15 at 3:45 pm

    ངོ་མ་བློ་སེང་གི་རྩོམ་དེ་དག་གི་རྩོམ་གཤིས་ཁྱོན་ནས་འདྲ་གི་མི་འདུག མི་ཁ་ཤས་ཀྱིས་བྲིས་པ་འདྲ།
    བསམ་བློ་ཡང་བསྐྱར་གཏོང་དགོས་ས་རེད། ངའི་འོས་ཤོག་རིན་པོ་ཆེ་གཅིག་པོ་དེ་འཕྲོ་རླག་ལ་གཏོང་མི་ཉན།

  9. མི་ says:
    2010-11-15 at 3:46 pm

    བཀྲས་མཐོང་བསྟན་རྣམ་གྱིས་རྩོམ་ཡིག་བྲིས་ཡོད་པ་མཐོང་མ་སོང་། ཡིན་ནའང་བཙན་བྱོལ་ནང་་བོད་ཡིག་གི་གསར་འགྱུར་དུས་དེབ་སྟེ་ཤེས་བྱ་དུས་དེབ་འདོན་་མཁན་གྱི་གྲོས་སུ་ཁོང་འདུག དེ་ནི་ལོ་ངོ་སུམ་ཅུའི་གོང་རེད། ཁོང་གིས་བོད་ཡིག་ཀློག་གི་ཡོད་པ་ངས་ཐང་མང་པོར་གོ་མྱོང་། ཡག་པོ་ཀློག་ཐུབ་གི་འདུག

  10. མི་ says:
    2010-11-15 at 4:00 pm

    བསམ་བློ་གཞན་པ་ཞིག་འཁོར་སོང་། བློ་སེང་གིས་བྲིས་པ་རེད་ཟེར་བ་དཔར་སྐྲུན་ཁང་ཚད་ལྡན་ཞིག་གིས་དཔར་པའི་དབྱིན་ཡིག་གི་རྩོམ་དེབ་ཅིག་མཐོང་མ་སོང་། དེའི་ཕྱིར་ཁོའི་དབྱིན་ཡིག་གི་ཆུ་ཚད་ང་ཚོས་ངེས་འཛིན་བྱེད་པ་དེ་ཡང་ཧ་ཅང་མཐོ་དྲག་མེད་དམ།

  11. མདོ་འདུམ་ཚང་། says:
    2010-11-15 at 4:53 pm

    རྩོམ་ཐུང་ཐུང་འདི་མགོ་རུམ་ལ་བཅུག་ནས་འདུག་མཁན་ཚོའི་སླད་དུ་ཡིན།
    མ་འོངས་བའི་བཀའ་ཁྲི་དེ་བོད་ཡིག་ཤེས་མཁན་ཞིག་དགོས་ཀྱི་ཡོད་མེད་དེ་གནད་དོན་མ་རེད། མ་འོངས་བར་བཀའ་བློན་ཁྲི་བ་དེ་ཆུང་ས་ནས་སོ་སོར་མགོ་སྐོར་མི་གཏོང་མཁན་ཞིག་དགོས་རྒྱུ་དེ་རེད།
    རང་གི་སྐད་ཡིག་ལ་རྫུན་མི་བཤད་མཁན་ཞིག་དགོས་རྒྱུ་དེ་རེད། སོ་སོས་མ་བྲིས་བཞིན་དུ། སོ་སོའི་མིང་རྒྱག་པ་འདི་མ་རུང་བ་རེད། འདི་སྤྱོད་པ་མ་རུང་བ་རེད། ཆུང་ས་ནས་སྐྱག་རྫུན་གྱི་ལས་ལ་གོམས་ན།
    ཆེ་ས་ནས་ཆེན་པོ་ཆེན་པོ་དེ་ཚོ་འཕྲོ་བརླག་ལ་གཏོང་སྲིད། བློ་སེང་གིས་བོད་ཡིག་ཏུ་རྩོམ་བྲིས་ན་དེ་ལ་དགའ་རྒྱུ་ཅང་མེད། བློ་སེང་གིས་བོད་ཡིག་ཏུ་རྩོམ་མ་བྲིས་ན་ཡང་དེ་ལ་མི་དགའ་རྒྱུ་ཅང་མེད།
    བློ་སེང་གིས་མི་ཤེས་བ་དེ་ཤེས་ཁུལ་བྱས་ན། དེ་ལ་མི་དགའ། དེ་ལ་མཐའ་གཅིག་ཏུ་དགག་པ་ཡོད། མུ་མཐུད་དུ་དགག་པ་ཡོད།
    གང་ལྟར། ང་ལ་བཀའ་བློན་ཁྲི་བ་རང་གིས་རང་ལ་མགོ་སྐོར་གཏོང་མཁན་ཞིག་མི་དགོས།

  12. མདོ་འདུམ་ཚང་། says:
    2010-11-15 at 4:56 pm

    རྩོམ་ཐུང་འདི། བློ་བཟང་སེང་གེར་མ་དགའ་ནས་བྲིས་བ་ཞིག་མིན། དགའ་ནས་བྲིས་བ་ཞིག་ཀྱང་མིན།
    རྩོམ་ཐུང་འདི། དངོས་ཡོད་གང་ཡིན་པ་དེ་ངོ་འཕྲོད་པའི་སླད་དུ་བྲིས་བ་ཞིག་ཡིན།
    དངོས་ཡོད་དེ་ངོ་འཕྲོད་པའི་སླད་དུ། གོང་གི་བོད་ཡིག་གི་འབྲེལ་ཐག་དེ་ཚོར་གཟིགས།
    དབྱིན་ཡིག་གི་འབྲེལ་ཐག་དེ་ཚོར་གཟིགས། དེ་ནས་བརྟག་དཔྱད་ཞིབ་འཇུག་གནང་རོགས།
    གང་ཟག་ལ་དགའ་མི་དགའི་སྐད་ཆ་དེ་རྩོད་གཞི་མིན། གང་ཟག་གིས་གང་བྱས་བ་དང་དེའི་བྱས་ཉེས་དེ་ཚོ་རྩོད་གཞི་ཡིན།
    གླེང་དགོས་བའི་གནད་དོན་ཡིན། ངོ་འཕྲོད་དགོས་བའི་གནད་དོན་ཡིན།

  13. ཁ་ཕྱོགས་མེད says:
    2010-11-15 at 8:30 pm

    མདོ་འདུམ་ཚང་གིས་བཤད་པ་ལ་རྒྱབ་སྐྱོར་ཡོད།
    ཨ་ཁུ་ཀླུ་སྨྱོན་ལགས་བློ་སེང་གི་རྩོམ་ཡིག་དེ་དག་བོད་ཡིག་ཏུ་བྲིས་པ་ཡིན་མིན་ལ་ཁྱོད་ཀྱིས་ཁྱད་པར་ཆེན་པོ་མེད་ཅེས་བཤད་འདུག་འོན་ཀྱང་༸གོང་ས་མཆོག་གིས་གཙོས་བོད་མི་སྐྱབས་བཅོལ་ཚང་མས་དུས་གཅིག་མགྲིན་གཅིག་ཏུ་བོད་ནང་དུ་བོད་མིའི་ཆོས་དང་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་གོ་སྐབས་དང་ཐོབ་ཐང་ཡོད་པ་མ་རེད་ཅེས་དུས་རྒྱུན་དུ་རྒྱལ་སྤྱིའི་སྟེང་གླེང་གི་འདུག ད་དུང་བོད་ཀྱི་ཆོས་དང་རིག་གཞུང་ལ་འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་སྐྲུན་པའི་ནུས་པ་ཡོད་རབས་སོགས་བཤད་དང་བཞིན་འདུག དེས་ན་གལ་ཏེ་བློ་སེང་ལ་བཀའ་ཁྲི་ཐོབ་སོང་ན་རྒྱལ་སྤྱིའི་སྟེང་ཁོང་གིས་བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་གླེང་བའི་ནུས་པ་ཡོད་དམ་དེ་མེད་ན་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་མང་བོ་འགུག་པའི་འགག་རྩའི་ནུས་པ་བློ་སེང་གི་རྒྱུད་ན་ཉམས་ཡོད།
    རྒྱུ་མཚན་བོད་དོན་རྒྱབ་སྐྱོར་བ་མང་བོ་ཞིག་བོད་ཀྱི་ཆོས་དང་རིག་གཞུང་ལ་ཤ་ཞེན་བྱེད་མཁན་དག་ཡིན། བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་མེད་ན་ཁོང་ཚོས་མདུན་དུ་སྐད་ཆ་བཤད་པའི་བློ་སྤོབས་མེད་པ་ང་ཚོས་ཤེས་དགོས།

    ཡང་གཅིག་བཤད་ན་བློ་སེང་གི་མི་གཤིས་དང་གོམས་གཤིས་བོད་ཀྱི་སྤྱི་ཚོགས་ཁྲོད་རན་མིན་ཀྱང་མི་ཤེས། གཤམ་གྱི་བློ་སང་གིས་སྤེལ་བའི་རྩོམ་ཡིག་དེར་གཟིགས་དང་དེས་མདོ་དོན་སྙིང་བོ་གང་ཞིག་བསྟན་ཀྱི་ཡོད་པ་རེད། ཁོང་ལ་རྒྱལ་སྐྱོར་བྱེད་མཁན་ཚོས་ཁོང་གི་སྐད་ཆ་ཡང་སྙིང་ནང་དོན་ཡོད་མེད་བརྟག་དགོས། དེ་མིན་མ་འོངས་པར་ཁོང་བཀའ་ཁྲིར་འགྱུར་སོང་ན་ཁོང་གིས་སྐད་གཅིག་བཤད་ནའང་བོད་མི་ཚང་མའི་ཚབ་མཚོན་འགྲོ་རྒྱུ་ཡིན་པས་བསམ་བློ་ཐོངས།

    དུས་བབ་དྲ་ཐོག་ཏུ་བློ་སང་གིས། 《བོད་ཀྱི་མང་གཙོའི་ལམ་ལུགས་དར་འཕེལ་གྱི་མཚོན་རྟགས》། རྩོམ་ཡིག་འདིའི་བརྗོད་དོན་ངོ་མ་གང་ཞིག་མཚོན་གྱི་ཡོད་པ་རེད།
    ད་དུང་མང་མང་བོ་འབྲི་རྒྱུ་འདུག་རུང་དེ་རིང་དུས་ཚོད་མེད་ཡ།

  14. Rangzen Bhu says:
    2010-11-15 at 9:30 pm

    It is great piece of investigation and evaluation about Lobsang Sangay and his disability of Tibetan Language skill.

  15. གཅན་ཕུག་རོན། says:
    2010-11-16 at 12:03 am

    ངས་བལྟས་ན། བློ་བཟང་སེང་གེ་ཡི་རྩོམ་ཡིག་རྣམས་དབྱིན་ཇི་ལས་བོད་སྒྱུར་བྱས་པ་རེད་དྲན། ཁོང་ལ་བོད་ཡིག་གནས་ཚད་དེ་འདྲ་ཡོད་ཀྱི་མ་རེད། ཡིན་ནའང་། ང་ཚོར་དགོས་རྒྱུ་ནི་ཁོང་གི་སྲིད་དོན་གྱི་ལྟ་བ་དང་། ལྷག་བསམ། སྙིང་སྟོབས། འཇོབ་ཐང་བཅས་ཡིན་པ་ལས་ཁོང་བོད་ཡིག་རྩོམ་པ་པོ་ཞིག་ཡིན་དགོས་དོན་མེད། ལྷག་པར་དུ་དུས་རབས་འདི་དང་བཙན་བྱོལ་གྱི་གནས་སྐབས་འདིར་འདྲར་ཁོང་ནི་ང་ཚོ་བོད་པ་བཙན་བྱོལ་བའི་བཀའ་ཁྲིར་བསྡད་ན་ཤིན་ཏུ་འོས་པ་ཞིག་རེད། ང་ཚོས་ཁོང་ལ་གོ་སྐབས་ཞིག་ཕུལ་ཏེ་ག་འདྲ་ཞིག་འདུག་བལྟ་ཆོག་གི་རེད། དེར་རྩོད་པ་རྒྱག་དོན་མི་འདུག ང་རང་ཁོང་ལ་ཡིད་ཆེས་ཡོད། ཁོང་ནི་སྙིང་སྟོབས་དང་ཡིད་ཆེས་ཀྱི་ཁེངས་པའི་གཞོན་སྐྱེས་ཤིག་རེད། དེ་མིན་སྐྱོན་རྐྱང་འཚོལ་བསྡད་མཁན་ཞིག་གིས་ཁོང་གི་ཡོན་ཏན་ནམ་ཡང་མཐོང་ཐུབ་ཀྱི་མེད། འདི་ང་རང་སྒེར་གྱི་བསམ་ཚུལ་ཡིན།

  16. གངས་ཕྲུག says:
    2010-11-16 at 1:49 am

    ༄༎ དྲ་གྲོགས་ཚོའི་བརྗོད་སྟངས་ལ་བལྟས་པ་ཡིན་ན་ བཀའ་བློན་ཁྲི་པ་དེ་བོད་ཡིག་གི་རྩོམ་པ་པོ་ཞིག་དགོས་ཀྱི་ཡོད་པ་འདྲ། བློ་སེང་གིས་རྩོམ་ཡིག་བོད་ཡིག་ནང་བྲིས་དང་མ་བྲིས་ཀྱི་ཁྱད་པར་དེ་ཙམ་མེད་གཙོ་བོ་དེ་ནི་ཁོང་གི་ཁོང་གི་བོད་མི་རིགས་ལ་བཅངས་པའི་བརྩེ་བ་དང་སྙིང་སྟོབས་ལྷག་བསམ་ཤེས་འཇོན་ཆབ་སྲིད་ཀྱི་ལྟ་བ་དུས་རབས་དང་བཙན་བྱོལ་བའི་གནས་སྟངས་7གོང་ས་མཆོག་གི་དགོངས་པ་གང་ཡིན་པ་རྟོག་ཐུབ་མཁན་གྱི་གང་ཟག་ཞིག་རེད་འདུག་དང་མི་འདུག་ང་ཚོའི་ཁོང་གི་སྔ་ཕྱིའི་རྒྱུས་རིམ་དང་ཁོང་གི་གསུངས་བཤད་སྔ་ཕྱིའི་གནང་བའི་ནང་གི་བརྗོད་དོན་སོགས་ཀྱི་ཐོག་ལ་སྐྱོད་ཐོབ་ས་རེད་དང་མ་རེད་བསམ་བློ་གཏང་སྟེ་དཔྱད་ཞིབ་གནང་སྟེ་བཤད་དགོས་ཀྱི་ཡོད། གཙོ་བོ་དེ་བོད་མི་རིགས་ཀྱི་རྩ་དོན་ཐོག་ལ་ནུས་པ་སྟོན་ཐུབ་ས་རེད་དམ་མ་རེད་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ན་དགོས་པ་ཆེ་འོ། གཞན་གང་ཟག་གི་ཁོ་ནི་སྐོར་ལ་སྐྱོན་བརྗོད་བྱེད་ན་དགོས་པ་ཞིག་མ་མཐོང་།བོད་ཀྱི་བདེ་མཐའ་བསིལ་ཐོབ་ན་ང་ཚོའི་སྐད་ཡིག་ལ་རང་དབང་ཐོབ་ཀྱི་རེད། གོང་གི་དྲ་གྲོགས་ཁག་གཅིག་གི་བློ་སེང་གི་སྐད་ཡིག་སྐོར་ཚིག་གཅིག་གསུངས་མ་སོང་ཞེས་བཤད་པ་དེ་བདེན་པ་མ་རེད་ཁོང་གི་སྔ་ཕྱི་བར་གསུམ་གྱི་གསུངས་བཤད་ནང་དུ་བོད་སྐད་ཡིག་དེ་མི་རིགས་ཀྱི་རླ་སྲོག་ལྟ་བུ་རེད་ཞེས་དཔེ་མང་པོ་ཞིག་ཐོག་ནས་གསུངས་བཤད་གནང་བ་མང་པོ་ཞིག་འདུག་་ ང་ཚོའི་ཕྱོགས་མང་པོ་ཞིག་ལ་གཟིགས་ནས་བཤད་དགོས་ཀྱི་ཡོད་འདི་ནི་མི་རིགས་ཤིག་གི་རྩ་དོན་ལ་ཐུག་ཡོད་ཚང་མས་སེམས་ལྷོད་ལ་ཕེབས་ཏེ་འབྲི་རོགས་གནང་། ང་ཚོའི་རྩ་དོན་ཐོག་ལ་ཕན་པའི་ཕྱག་ལས་གནང་ཐོབ་ན་རང་བཞིན་གྱི་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ལ་རང་དབང་ཐོབ་ཀྱི་ཡིན་པ་སྨོན་མེད་རེད་འགག་རྩ་གཙོ་བོ་དེ་རེད་སྙམ།

  17. བནྡེ་སྐྱབས། says:
    2010-11-16 at 3:43 am

    དྲ་གྲོགས་སྐྱབས་བཅོལ་པ་ལགས། སྤྱིར་ང་རང་ཉིད་བོད་ཁྱིམ་སློབ་གྲྭ་ནས་ཐོན་པའི་སློབ་ཟུར་ཞིག་ཡིན། བོད་ཁྱིམ་དང་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་དེབ་དང་ཤེས་ཡོན་སློབ་གསོ། ཁྲིད་ཐབས་སོགས་ཀྱི་ཐད་ལ་ཞན་ཆ་མང་པོ་མཐོང་གི་ཡོད་མོད། ཁྱེད་ཀྱིས། བོད་ཡིག་སྲུང་སྐྱོབ་དགོས་ན་ཨ་མ་རྗེ་བཙུན་པདྨ་བརྗེ་བོ་རྒྱོབ།
    ཅེས་པའི་སྐད་ཆ་འདི་ཁྱེད་ཀྱི་ཚོར་བ་ཞིག་ལས་གནས་ལུགས་ཡོད་པའི་སྐད་ཆ་ཞིག་མ་རེད། མ་གཞི་ཨ་མ་རྗེ་བཙུན་པདྨ་མ་དེ་སྔོན་ནས་བོད་ཁྱིམ་འགན་འཛིན་ནས་རྒན་ཡོལ་ཞུས་ལོ་འགའ་ཤས་ཕྱིན་པ་རེད། དེ་ཁྱེད་ཀྱིས་ཧ་གོ་མི་འདུག་པས་དོན་ངོ་མར་སུ་ལ་སྐད་རྒྱག་གི་ཡོད། དེ་བཞིན་ཤེས་རིག་གིས་འཛིན་རིམ་བཅུ་གཉིས་པར་སློབ་ཚན་ཆ་ཚང་བོད་ཡིག་ཐོག་བསྒྱུར་ཡོད་རེད་ཟེར། ག་པར་ཡོད་རེད། ད་ལྟ་འཛིན་རིམ་བརྒྱ་པ་དང་དགུ་བ། བཅུ་བ་བཅས་ཀྱི་སློབ་དེབ་བསྒྲིག་ཆེད། ཤེས་རིག་གིས་ཆེད་དུ་ཡིག་སྒྱུར་སྡེ་ཚན་ཞིག་བཙུགས་ཏེ་ད་ལྟ་སློབ་ཚན་ཁག་ཅིག་བོད་སྒྱུར་བྱེད་མུས་ཡིན། རྗེས་ཕྱོགས་གནད་དོན་ག་རེའི་སྐོར་ནས་སྐད་ཆ་འདྲ་བཤད་འདོད་བྱུང་ཚེ་དོན་དངོས་ཀྱི་སྟེང་ནས་དབྱེ་ཞིབ་གང་ལེགས་བྱས་ཏེ་འབྲི་རྒྱུ་མ་བརྗེད་རོགས།

  18. བནྡེ་སྐྱབས། says:
    2010-11-16 at 4:27 am

    དྲ་གྲོགས་ཚོ། ཁྱེད་ཚོས་གོང་གི་རྩོམ་ཡིག་དང་འབྲེལ་ནས་བློ་སེང་གི་བོད་སྐད་ཡིག་གི་གནས་ཚད་དང་མི་གཞི། ལྷག་བསམ་སོགས་ཀྱི་ཐད་ནས་བསམ་ཚུལ་གང་མང་བརྗོད་འདུག རེད། ངས་ཀྱང་བློ་སེང་གི་གཏམ་བཤད་མང་པོར་ཉན་མྱོང་། གཏམ་བཤད་དེ་དག་ལས་ཁོང་གི་མི་གཞི་དང་བསམ་བློའི་ཁ་ཕྱོགས་ཤིག་མཐོང་ཐུབ་ཀྱང་། ལྷག་བསམ་ཟེར་བ་དེ་རྟོགས་དཀའ། ཁོ་རང་དོན་དངོས་དང་བརྒལ་ཏེ་སྐད་ཆ་བཤད་རྒྱུའི་གོམས་སྲོལ་ཞིག་ཡོད་རེད།
    ར་རང་ཉིད་ལ་མཚོན་ན། ད་ལྟའི་ཆར་བློ་སེང་ལས་བཀྲས་མཐོང་ལ་ཕྱོགས་མང་པོ་ཞིག་ནས་བཀའ་ཁྲིར་འོས་པ་མཐོང་གི་ཡོད། འོན་ཀྱང་བོད་ཀྱི་གནད་དོན་འདི་ལོ་བཞི་ལྔ་ཞིག་གི་ནང་སེལ་ཐུབ་མིན་དེར་སུ་ལའང་གདེང་ཚོད་ཡོད་ཁག་པོ་རེད། ད་ནས་རྩིས་པའི་ལོ་ལྔའི་རྗེས་སུ་༧གོང་ས་མཆོག་དགོངས་གྲངས་ག་ཚོད་རེད། ད་ལྟའི་བཀའ་ཁྲིའི་འོས་མི་གཞན་དེ་ཚོས་ལོ་ལྔའི་རྗེས་སུ་བོད་སྤྱི་ཚོགས་ལ་ལས་དོན་བསྒྲུབ་ཐུབ་བམ། ངས་ལོ་ཚད་ཀྱི་ཐད་ནས་བཤད་ཀྱི་ཡོད། སྤྱིར་བཀའ་ཁྲིའི་བཞུགས་ཁྲི་འདི་སྦྱོང་བརྡར་བྱེད་ས་ཞིག་མ་རེད་མོད། དོན་དངོས་ནི་༧གོང་ས་མཆོག་གི་བཀའ་བཀོད་ཡོད་པའི་སྐབས་འདིར། ལོ་གཞོན་ཞིག་གིས་འཁན་ཁུར་ན། ཚབས་ཆེ་བའི་ནོར་འཁྲུལ་ཡོང་དཀའ། གལ་སྲིད་ནོར་འཁྲུལ་རིགས་འབྱུང་ཚེ་༧ཁོང་གི་བཀའ་སློབ་ལམ་སྟོན་ཡོད་ཡོད་པ་རེད། ལོ་ལྔའི་ཉམས་མྱོང་ལས་རྗེས་ཕྱོགས་ལས་དོན་གང་གི་ཐད་ལའང་བསམ་བློའི་གོ་རྟོགས་ཤིག་དང་ཉམས་་མྱོང་ཞིག་རག་འགྲོ་གི་རེད། དེ་ནི་བསམ་བློ་གཏོང་སའི་གཞི་ཞིག་མིན་ནམ་སེམས།

  19. རྡོ་རྗེ་ངང་དཀར། says:
    2010-11-16 at 5:15 am

    བཀའ་ཁྲི་ཕེབས་མཁན་པ་བོད་ཡིག་རྩོམ་པ་པོ་ཞིག་དགོས་ན་ཧོར་གཙང་འཇིགས་མེད་དང་། བེ་རི་འཇིགས་མེད་དབང་རྒྱལ། ཀླུ་སྨྱོན་སོགས་སྲང་ལམ་ཁྱིའི་ལོ་རྒྱུས་ཚུན་ཆད་མཐོང་ཚད་དང་ཐོས་ཚད་ལ་རྩོམ་ཐར་ཐོར་རེ་བརྒྱབ་ནས་འཁྱམ་སྡོད་མཁན་གྱི་མི་འདི་དག་བཀའ་བློན་འདེམས་རན་ཐག་ཆོད་དེ། དེ་དག་བོད་ཡིག་གི་ཐོག་ནས་རྩོམ་པ་པོ་ཡིན་པའི་ཕྱིར།

  20. རྡོ་རྗེ་ངང་དཀར། says:
    2010-11-16 at 5:18 am

    ང་ནི་བོད་པའི་ཕྲག་དོག་དང་འགྲན་སེམས་ཀྱི་གདོན་འདྲེ་ནག་པོ་འདིས་གནའ་ནས་ད་བར་མི་བུ་སུ་ཞིག་ཀྱང་འབུར་དུ་ཐོན་མི་བཅུག་པར་འབུར་འཇོམས་བྱེད་པའི་སྔ་མོའི་ལོ་རྒྱུས་རིང་མོ་དག་དང་། ད་ཡོད་ཀྱི་གནས་སྟངས་སྐྱུར་མོ་འདི་དག་མཐོང་བ་དང་ཐོས་ཚེ། ཡིད་ཐང་ནང་ནས་ཆད་སོང་།

  21. བྱམས་པ་ says:
    2010-11-16 at 5:22 am

    མདོ་འདུམ་ཚང་། རྩོམ་ཡིག་དེ་དག་བློ་སེང་རང་ཉིད་ཀྱིས་བྲིས་མེད་པ་དེ་ཁྱེད་ཀྱིས་ཤེས་ཀྱིན་ཡོད་ལ་བོད་རིགས་ཀུན་གྱིས་ཤེས་ཀྱིན་ཡོད། འདི་ནི་གཞན་གྱིས་ཕབ་བསྒྱུར་བྱས་པ་ཞིག་ཡིན། འོན་ཀྱང་ཕབ་བསྒྱུར་སུས་བྱས་མིན་དེ་གསལ་ཁ་མིན་འདུག སྤྱིར་ཁོ་བོ་ལ་མཚོན་ན་སྔོན་དུ་བཤད་ཟིན་པ་བཞིན་བློ་སེང་ལགས་བཀའ་བློན་སྐབས་འདི་ལ་འོས་ཤིང་མཚམས་པ་་ཞིག་མིན་འདུག ཁོ་ངའི་མ་འོངས་པའི་བཀའ་ཁྲི་དེ་མིན། ངས་སྔོན་དུ་བཤད་པ་བཞིན་བཀའ་ཁྲིའི་ཞབས་སྟེགས་དེ་ཉམས་མྱོང་བསག་ས་ཞིག་མིན་པར་ཉམས་མྱོང་གང་བསགས་པ་དེ་བེད་སྤྱོད་གཏང་ས་ཞིག་ཡིན།

    འཇམ་དབྱངས་ནོར་བུས་བཀའ་ཁྲིའི་སྐོར་གྱི་རྩོམ་སྤེལ་སྐབས་ཐོག་མར་བློ་སེང་སྐོར་ལ་སྤེལ་ཡོད་ དེའི་ནང་བློ་སེང་སྐོར་ལ་བརྗོད་པ་ན་བརྗོད་གཞིའི་གཙོ་བོ་ནི། བློ་སེང་གིས་ཨ་རི་མངའ་སྡེ་ཝ་ཤིང་ཊན་ནང་དུ་ ༢༠༠༨ ལོར་བོད་དོན་དང་འབྲེལ་བའི་གཏམ་བཤད་བྱས་པ་ཁག་ཡིན། ཁོང་གི་གཏམ་བཤད་དེས་དབྱིན་ཡིག་ཤེས་མཁན་གྱི་བོད་རིགས་ཁྲོད་དུ་བགྲོ་གླེང་འཁྲུག་པོ་ཆགས་ཡོད། ཁོང་གིས་འདི་ལྟར་བཤད་ཡོད། བོད་ཀྱི་ཡུལ་ཁག་རྣམས་རྒྱ་ནག་གི་ཡུལ་ལུང་ཁག་ཏུ་ཟླ་བསྒྲིལ་བཏང་ནས་མཐར་མི་མང་གཅིག་མཚུངས་ཀྱི་ཐོབ་ཐང་རྩོད་རྒྱུ་དེ་ཡིན་ཞེས་བཤད་ཡོད། འདི་ནི་ངོ་མ་བཤད་ན་དབུ་མའི་ལམ་ལས་ཆེས་བརྒལ་བའི་ལངས་ཕྱོགས་ཤིག་ཡིན།
    ཁྱེད་ཀྱི་བཀའ་ཁྲིའི་ལངས་ཕྱོགས་ནི་འདི་ཡིན་ Sangay’s Middle Way: Tibetan Integration Into China ཁོང་གིས་ཐོབ་ཐང་རྩོདསྟངས་ནི་ཨ་རི་མི་རིགས་ནག་པོའི་ཐོབ་ཐང་རྩོད་སྟངས་ལྟར་ཡིན་པར་འགྲེལ་བཤད་ལན་མང་བྱེད་ཡོད།

  22. dorzin says:
    2010-11-16 at 8:35 am

    སྐྱབ་བཅོལ་བ་ནས། བོད་ཡིག་སྲུང་སྐྱོབ་དགོས་ན་ཨ་མ་རྗེ་བཙུན་པདྨ་བརྗེ་བོ་རྒྱོབ། ཞེས་པའི་ཐོག་ནས་མཆན་ཞིག་སྤེལ་འདུག་པ་དེ་ལྷག་བསམ་གྱིས་བྲིས་པ་ཡིན་ནམ་ཡང་ན་རང་ཉིད་སྒེར་གྱི་མཁོན་འཛིན་གྱིས་བྲིས་པ་ཡིན་ཞེས་ཐོག་མར་དྲི་བའི་ཚུལ་དུ་མཆན་ཞིག་མ་སྤེལ་ཀ་མེད་ཐུག་སོང་བས་དྲི་བར་ལན་ཡོད་པའི་རེ་བ་ཧ་ཅང་ཆེ།

  23. སྟག་སྨྱོན། says:
    2010-11-16 at 9:26 am

    མཆན་ཚང་མའི་ནང་ནས་བཀའ་ཁྲིའི་ཞབས་སྟེགས་འདི་ཉམས་མྱོང་བསགས་ས་མ་ཡིན་པར་ཉམས་མྱོང་བེད་སྤྱོད་གཏོང་ས་རེད་ཟེར་བ་ཇི་འདྲའི་སྐད་ཆ་བདེན་པ་དང་གལ་ཆེན་ཞིག་རེད་ཨང་། འོན་ཀྱང་བཀའ་ཁྲིའི་ཞབས་སྟེགས་འདི་མི་རྒན་ཉམས་མྱོང་ཅན་ཞིག་གིས་གང་འདོད་ལྟར་ལོ་ཤས་རྗེས་ནས་ཕར་འགྲོ་ཚུར་འོང་བྱེད་ཆོག་ཆོག་ཞིག་ཀྱང་ཨེ་ཡིན་ན།

  24. གཙང་ཁའི་བུ says:
    2010-11-16 at 11:21 am

    བཀའ་ཁྲི་ལ་བོད་ཡིག་ཤེས་ཚད་དེ་གལ་ཆེ་བ་ཞིག་མ་རེད། ང་ཚོ་ལ་བཀའ་ཁྲི་དེ་བོད་མི་དམངས་ཀྱི་བདེ་སྡུག་གི་ཅེད་དུ་དཀའ་ལས་རྒྱབ་ཐུབ་མཁན་ཞིག་དང་། བོད་སྐད་གཙང་མ་ཞིག་བཤད་ཐུབ་པའི་སྟེང་དུ་རྒྱལ་སྤྱིའི་ཤེས་ཡོན་ལྡན་ཐོག མི་སྣ་གྲགས་ཅན་ཚོས་དོ་སྣང་དང་གུས་བཀུར་ཐོབ་པ། དེ་བཞིན་ལོ་རྒྱུས་ནང་མིང་ངན་ཐ་ཤལ་དེ་འདྲའི་གོས་མེད་པ་ཞིག་ཡིན་ན་ཆོག སྔོན་མ་ལའང་བཀའ་ཁྲི་མང་པོ་ཞིག་ཕེབས་ཟིན་པ་རེད། དེ་ལ་གོང་མ་ལྷ་ནས་ཕེབས་པ་དང་། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཞིག་ཡོང་གི་མ་རེད་དོ། །

  25. ཀླུ་ཚང་། says:
    2010-11-16 at 11:38 am

    བཙན་བྱོལ་བོད་ཀྱི་བཀའ་ཁྲི་ནི། རྩོམ་འབྲི་ནས་ཆབ་སྲིད་རྩོད་མཁན་དེ་མིན་པ། ཆབ་སྲིད་ཀྱི་འཇོན་ཐང་ངོམ་ནས། རང་ཡུལ་སླར་གསོ་བྱེད་གནང་མཁན་དེ་རེད།
    སྤྱིར་བཏང་རྩོམ་འབྲི་བ་སོགས། རིགས་པའི་གནས་བཅུ་ཁག་ལ་མཁས་ན་བཟང་མོད། དེ་ལྟར་མ་བྱུང་ཡང་། ཆབ་སྲིད་འཐབ་རྩོད་པ་ཞིག་ལ་ཐབས་ཆག་འགྲོ་བའི་དུས་སྐབས་ཤིག་ཧ་ལམ་མེད་པ་རེད།

    གང་ཡིན་ཟེར་ན། བཀའ་ཤག་གི་ལས་དཀའ་བྱེད་དུས། དྲུང་ཆེ་ཡོད་པ་ལས། ཁོ་རང་མི་གཅིག་གཅིག་པུ་ལས་ཁུངས་ཤིག་གི་ནང་བཙུད་འགྲོ་གིན་མེད་པས་རེད། དེ་གཅིག་ཡིན།

    དེ་བཞིན་ཕྱོགས་ཞེན་དེ་ཁོག་པ་ནང་འཚང་ཡོང་དུས། མང་པོ་ཞིག་ལབ་དགོས་སྣང་མ་ཤར་མ་གཏོགས། རྒྱལ་ཁབ་གཞན་གྱི་སྲིད་བློན་དང་། སྲིད་འཛིན་དག་ལ་ལྟོས་དང་། ཚང་མ་རྩོམ་པ་པོ་རེད་འདུག་གམ།
    དོན་མེད་མི་ལ་ལབ་རྒྱུ་མ་རག་ནས་བོད་སྤྱི་བའི་ཞེ་སེམས་མ་དཀྲུག་ན་ཡག་རེད།
    གལ་སྲིད་དེ་འདྲ་ལབ་འདོད་ཡོད་ན། བོད་ལ་རང་དབང་གི་ཉི་མ་ཤར་རྗེས་ལབ་ཀྱང་འགྲིག་པ་རེད

    བློ་སེང་གིས་རྩོམ་འདི་ངས་བྲིས་ཡིན་ལབ་མི་འདུག་ལ། ངས་བྲིས་མིན་ཀྱང་ལབ་མི་འདུག
    དེར་བརྟེན། ཁོང་གིས་རྫུན་བཤད་པའི་གཞི་མེད་བསྐུལ་འདེབས་དེའང་འཇུག་གཞི་མེད་ལ།
    ཁོང་གི་ངོ་གདོང་དང་། ཁོང་གི་ནང་སྙིང་གང་འདྲས་ཡོད་མེད་ནི། རྡ་རམ་ས་ལའི་བགྲོ་གླེང་སྐབས་ཀྱི་གཏམ་བཤད་དག་ལ་གཟིགས་ན་ཤེས་ནུས་པ་རེད། མི་ངན་ཁག་ཅིག་གིས། ན་ཚ་ཁོག་ཏུ་མ་ཆུད་ནས། གང་བྱུང་ལབ་པ་ལས། མདོ་དོན། བཙན་བྱོལ་བོད་མིའི་དགའ་མོས་དང་། ཁོང་གི་མཁྱེན་ཡོན་གང་འདྲས་ཡོད་པ་དེ་གསལ་བོ་བྱུང་ཟིན་པ་རེད།

    ད་ལྷག་ཡོད་པ་ནི། ཁོང་གིས་སྤོབས་པ་དང་ང་རྒྱལ་གྱིས་བཤད་ཀྱིན་པའི་ལག་ལེན་ལ་རག་ལས་ཡོད་ལ།
    ཁོང་གིས་ང་ཚོ་ལམ་གང་འདྲས་ཞིག་ཁྲིད་ཐུབ་མིན་དེ་རེད།

  26. སྐྱབ་བཅོལ་བ། says:
    2010-11-16 at 3:02 pm

    Dorzinལགས། ངས་བྲིས་པ་འདི་བོད་པའི་རིག་གཞུང་འདི་མ་ཉམས་ན་བསམ་ནས་བྲིས་ཡིན།

  27. བསམ་གཞིགས། says:
    2010-11-16 at 6:25 pm

    ཁོ་རེ་མདོ་འདུམ་ཚང།

    ཉོན་ཨ། འགྲེལ་བཤད་མཐུང་མཐུང་ཞིག་བསྟེར་གོ 

    འོ་ན། བོད་ཡིག་མ་ཤེས་པ་དང་བོད་དོན་སྒྲུབ་ཐུབ་ཀྱི་མ་རེད་ཟེར་ན། བོད་ཡིག་ཤེས་ན་བོད་དོན་དང་བོད་ཡིག་ཐོག་ཕན་པ་ཆེན་པོ་སྒྲུབ་ཐུབ་ཀྱི་རེད་དམ། ཟམ་སྟོང་རིན་པོ་ཆེ་བོད་ཀྱི་ཆོས་དང་སྐད་ཡིག་ཡག་པོ་ཞེ་དྲག་འདུག ལོ་བརྒྱད་ནང་ལ་བོད་ཀྱི་སྐད་ཡིག་ཡར་རྒྱས་ཡོང་བའི་ལས་ཀ་ག་རེ་བྱས་སོང་ངམ། ཀྭ་ཡེ་ད་དུང་ཉོན་ཨ། རྒྱལ་བའི་སྐུ་སྲོག་འཕྲོག་མཁན་གྱི་ཤུགས་ལྡན་བ་དེ་ཚོ་བོད་ཡིག་ཡག་པོ་མིན་འདུག་གམ། བོད་དོན་ལ་ཕན་སོང་ངམ།

    རྒྱལ་བ་རིན་པོ་ཆེར་ཆ་བཞག་ན། སྐྱབས་མགོན་ཁོང་བོད་ཀྱི་སྐྱ་བོའི་རིག་གཞུང་དང་དེང་དུས་ཀྱི་རྩོམ་ཡིག་སོགས་ཀྱི་ཆུ་ཚད་མཐོན་པོ་མིན་རུང་། ཁོང་གིས་བོད་མིའི་འགོ་ཁྲིད་མ་ཐུབ་པ་མ་རེད་པ། དེ་བཞིན་ཁྱེད་ཀྱིས་བཤད་པ་བཞིན་བློ་སེང་བོད་ཡིག་ཡག་པོ་མེད་པ་ཙམ་གྱིས་བོད་དོན་སྒྲུབ་མ་ཐུབ་པ་མ་རེད་པ།

    ད་དུང་རྒྱལ་བ་རིན་པོ་ཆེས་དབྱིན་ཡིག་ནང་དེབ་བཅོ་ལྔ་ལྷག་བཏོན་གནང་འདུག ང་ཚོས་ཤེས་གསལ་རེད། ཁོང་གི་དབྱིན་ཇིའི་ཆུ་ཚད་དེ་དེབ་ཞིག་བཏོན་ཐུབ་པ་མེད། ཡིན་ནའི་འགྲིག་གི་འདུག ཁོང་གིས་མི་གཞན་བརྒྱུད་ནས་དེབ་དེ་དག་བྲིས་ཡོད་པ་དང་། དེའི་སྟེང་ཁོང་གི་མཚན་རྟགས་སྐྱོན་པ་འདི་འགྲིག་འདུག དོན་དངོས་བོད་དོན་དང་བོད་མི་དམངས་ལ་ཕན་གྱི་འདུག དེ་ལྟར་བསམ་ཚེ་སྐྱབས་མགོན་ཁོང་ལ་དད་པ་ཆེ་རུ་དང་གུས་ཞབས་ཆེ་རུ་འགྲོ་གི་འདུག་མ་གཏོགས་སྐྱོན་མཐོང་གི་མིན་འདུག

    དེ་བཞིན། བློ་སེང་གིས་དངོས་སམ་བརྒྱུད་ནས་སྐད་ཡིག་འདྲ་མིན་ནང་བོད་དོན་བཤད་པ་དེ་བསྟོད་འོས། ཁྱོད་ཀྱི་ཆལ་རྩོམ་འདི་དང་བློ་སེང་གི་བོད་དོན་དང་འབྲེལ་བའི་རྩོམ་ཡིག་དེ་ཚོ་བསྡུར་ན། ང་ཚོ་བོད་མ་རྣམས་ལ་གང་ཕན་པ་ཆེ་བ་འདུག རྒྱ་མ་འདེགས་དང་། བོད་མིང་ཐོགས་པ་ཁྱེད་ཀྱི་སྐད་ཆ་དེ་དག་བཙན་གནོན་འོག་གི་བོད་པ་རྣམས་ལ་བཤད་ན་སྙིང་ལ་ན་ཟུག་མི་རྒྱག་གམ།

    བསམ་བློ་གཏོང་དང་། ཞེ་བོ་གཅིག་ཡིན་མདོག་མདོག སྐད་ཆ་ཆེན་པོ་ཞེ་བོ་གཅིག་གི་ཐོག་ནས་མི་ལ་རྫིག་རྫིག་མ་གཏོང་རོགས། སྐད་ཆ་གང་བཤད་ནའའང་བབ་ས་འདི་སྐབས་དོན་བོད་དོན་དང་བོད་མིའི་ཁེ་ཕན་ལ་ལྟོས་ནས་ཤོད་རོགས།

     

  28. མདོ་འདུམ་ཚང་། says:
    2010-11-16 at 8:28 pm

    དྲ་གྲོགས་མང་པོས་རྩོམ་ཐུང་འདི་ལ་བསམ་ཚུལ་བཤད་འདུག དེ་ལ་རྗེས་སུ་ཡི་རངས་སོ།
    ད་ཉ་ཉོག་མང་པོ་བཤད་ནས་སྡོད་ཁོམ་མེད། རྡོག་རྡོག་དེ་ཚོ་བསྐྱར་བཤད་ཅིག་བྱེད་ཀྱི་ཡིན།
    དེ་གོ་ན་རྣ་བའི་བདུད་རྩི་བྱོས། མི་གོ་ན་མགོ་རུམ་ལ་བཅུག་ནས་གཉིད་ཁུག་རོགས་ཟེར་ཡ་ཡིན།
    དང་པོ།
    བློ་སེང་གིས་བོད་དུ་སྤེལ་བ་དེ་ཚོའི་ཐོག་ལ། ཁོ་རང་གི་མིང་བརྒྱབ་འདུག མིང་བརྒྱབ་པ་དེས་འབྲི་མཁན་ཁོང་ཡིན་ཟེར་གི་ཡོད་རེད།
    དེ་ཙམ་ཡང་མི་ཤེས་ན་ལྐུགས་པ་རེད། རྩོམ་གྱི་སྒང་ལ་མིང་བརྒྱབ་ཚར་བའི་རྗེས་ལ། ད་དུང་འདི་ངས་བྲིས་ཡིན་ཟེར་བའི་ཁ་སྣོན་སུས་འབྲི་གི་རེད། དེ་འདྲའི་འབྲི་སྲོལ་ཡང་ཡོད་མེད་གང་ཤེས།

    གཉིས།
    སོ་སོས་མ་བྲིས་བ་ཞིག་གི་སྒང་ལ་སོ་སོའི་མིང་བརྒྱབ་པ་དེ་རྫབ་ཆེན་རེད་ལབ་གི་ཡོད། རྫུན་མ་རེད་ཟེར་གི་ཡོད། རྫབ་ཆེན་གྱི་ལས་ཀ་དེ་རིགས་མཚམས་འཇོག་རོགས་ཟེར་གི་ཡོད།
    འོན་ཀྱང་། བློ་སེང་གིས་མཚམས་འཇོག་གི་མི་འདུག ད་དུང་ཡང་དེ་ལྟར་བྱེད་གི་འདུག བོད་མི་མང་ཡང་ལྐུགས་པ་མ་རེད་བ། ད་དུང་ཕྱོགས་གཞན་ཞིག་ནས་བསམ་ན།
    དེ་བོད་མི་མང་ལ་བརྙས་བཅོས་དང་མགོ་སྐོར་རེད་ཟེར་གི་ཡོད།

    གསུམ།
    འདི་རུ་བཀའ་བློན་ཁྲི་བའི་བོད་ཡིག་ཤེས་མི་ཤེས་རྩོད་ཀྱི་ཡོད་མ་རེད། བཀའ་བློན་ཁྲི་བ་རྫུན་མི་བཤད་མཁན་ཞིག་དགོས་ཀྱི་རེད་ལབ་གི་ཡོད། རྫུན་སྒང་མ་དེའི་རྐུབ་བརྡོལ་ཀྱིན་བརྡོལ་ཀྱིན་ད་དུང་རྫུན་གྱི་རུལ་མ་གཏོང་བ་དེ་འགྲིག་གི་མི་འདུག་ལབ་གི་ཡོད།
    ད་དུང་སྒང་དུ། བསམ་གཞིགས་ཟེར་མཁན་ཞིག་གིས། ༧གོང་ས་མཆོག་ཀྱང་དྲུད་ནས་སླེབས་འདུག ༧གོང་ས་མཆོག་ནས་བརྩམས་པ་རེད་ཟེར་བའི་དབྱིན་ཡིག་གི་དེབ་དེ་ཚོའི་སྒང་ན། རྩོམ་སྒྲིག་བྱེད་མཁན་གྱི་མིང་ཡོད་རེད།
    དེ་ཚོ་ལ་གཟིགས་རོགས། ལྐུགས་པའི་སྐད་ཆ་མ་བཤད་རོགས་གནང་།

  29. མདོ་འདུམ་ཚང་། says:
    2010-11-16 at 8:41 pm

    བློ་བཟང་སེང་གེ་བཀའ་ཁྲི་ཆགས་ན་འདྲ། མ་ཆགས་ན་འདྲ། དེ་དགའ་རྒྱུ་དང་མི་དགའ་རྒྱུ་གཉིས་ཀ་མེད།
    འོན་ཀྱང་། བློ་སེང་གི་རྫུན་གྱི་ལྒང་ཕུག་དེ་བརྟོལ་ཐག་ཆོད་བརྟོལ་གི་ཡིན། བོད་ཡིག་ལ་རྫུན་བཤད་མཁན་གྱི་བཀའ་ཁྲིའི་འོས་མི་ཞིག་ཡིན་པ་དེ་གསལ་བོ་བཟོ་གི་ཡིན།
    གནད་དོན་འདིའི་སྒང་ལ། བརྟག་དཔྱད་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་གི་ཡིན། བློ་སེང་ལ་བསྟོད་པའི་མཐེ་བོང་བསྒྲེངས་མཁན་ཚོས་ཀྱང་། གནས་ལུགས་ཀྱི་མཚོན་ཆ་འཁྱེར་ནས་བདེན་པའི་གཡུལ་སར་ཤོག
    བདེན་པའི་གཡུལ་ས་ནས། རྫུན་གྱི་གོ་ཁྲབ་གྱོན་མཁན་གྱི་དམག་དཔོན་བློ་སེང་དང་དེའི་རྗེས་འབྲངས་སྡར་མ་དག་ཚར་གཅོད་གི་ཡིན།

  30. འཇིགས་མེད་བཀྲ་་་་ཤིས། says:
    2010-11-16 at 10:05 pm

    བློ་བཟང་སེང་གེའི་བོད་ཡིག་གི་ཆུ་ཚད་ཞན་པ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་བོད་ཡིག་གི་རྩོམ་དེ་ཚོ་དབྱིན་ཡིག་ནས་བསྒྱུར་བར་ཐག་ཆོད་ཀྱང་དེ་བསྒྱུར་བ་ཡིན་པའི་གསལ་བཤད་མེད་པ་འདི་སྐྱོན་ཆེ།
    སྤྱིར་ཁོང་གི་བོད་ཡིག་ཆུ་ཚད་བཟང་ངན་ཙམ་གྱིས་བཀའ་ཁྲིར་འོས་མི་འོས་བཤད་དཀའ་ནའང། བོད་འདི་རྒྱ་དཀར་ནག་སོགས་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་གཞན་དང་ངོ་བོ་དབྱེར་མེད་དུ་མི་འགྱུར་བར། བོད་རང་གི་རྣམ་པ་འབུར་དོད་ཀྱིས་གནས་ཐབས་ཀྱི་ཕྱག་ལས་རྒྱ་ཆེན་པོ་ཞིག་བཀའ་ཁྲིས་གནང་དགོས་པས། དེ་ལ་བོད་རང་གི་སྐད་ཡིག་གིས་གཙོས་ཆོས་དང་རིག་གཞུང་གི་ཤེས་ཚད་གང་ལེགས་མེད་ན་དེའི་ཆེད་དུ་སྐད་ཆ་གང་བཤད་བཅོས་མ་ཞིག་ཏུ་འགྱུར་འགྲོ་བ་དང་ནུས་པ་ཐོན་པ་ཞིག་མ་འོང།
    གཞན་ཡང། ཁོང་གི་སྐད་ཆ་ལ་འུད་བརྗོད་ཀྱི་བཤད་སྟངས་མང་ཙམ་འདྲེས་པ་མཐོང་ཆོས་ཡིན་པས་འདི་ཡང་གཟབ་དགོས་ས་ཞིག་རེད་སྙམ།

  31. གཟུར་གནས། says:
    2010-11-16 at 10:11 pm

    འགྲིག་གི་མིན་ད’ུག་མདོ་འདུམ་ཚང་། ལྐུགས་རྟགས་མ་བྱེད། གོང་ལ་བསམ་གཞིགས་ཟེར་བ་ཞིག་གིས་བཤད་འདུག རྒྱལ་བ་ཚང་གིས་དེབ་མང་པོའི་སྟེང་ཁོང་གི་མཚན་སྐྱོན་ཡོད། རྩོམ་སྒྲིག་པའི་མཚན་མ་རེད། རྩོམ་པ་པོའི་མཚན་རེད། དེ་ལ་བརྫུན་རེད་ཅེས་བཤད་ན་འགྲོ་ས་མིན་འདུག

    ངས་དཔེ་བརྗོད་ཤིག་བསྟན་ཆོག ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཞུ་བའི་དེབ་འདི་རྒྱལ་བ་རིན་པོ་ཆེས་ལྗགས་རྩོམ་གནང་བ་རེད། ཡིན་ནའང་། སྣར་སྐྱིད་ངག་དབང་དོན་གྲུབ་ཞུ་བ་དེས་དེབ་འདི་ཁོང་གིས་བརྩམས་པ་ཡིན་གསུངས་སོང་། རྗེས་སུ་བརྩད་གཅོད་བཏང་དུས་དེ་ཡང་བདེན་པ་རེད་འདུག 

    དེ་བཞིན། བོད་ཀྱི་བླ་མ་མང་པོ་ཞིག་གི་ལྗགས་རྩོམ་གྱི་རྗེས་ལ། ཡི་གེ་བ་ནི། དགེ་སློང་ག་གེ་མོ་ཞིག་འོ་ཟེར་བ་འདི་མཐོང་མྱོང་ངམ། དེས་གང་བསྟན་གྱི་འདུག 

    ཨུ་ཚུགས་མ་བྱེད་པར། བརྟག་དཔྱད་གནང་རོགས། གཞན་ཞུ་ཡས་མེད། ཁ་བྲོ། 

  32. གཟུར་གནས། says:
    2010-11-16 at 11:21 pm

    ངས་སྔོན་ལ་མཆན་ཞིག་བཏབ་པ་ཡིན། བསུབ་འཚར་འདུག སྡུག་པ་གང་ཡང་བཤད་མེད། རྒྱུ་མཚན་དང་རིགས་པ་བཀོལ་ཡོད། ད་དུང་མུ་མཐུད་བཀོལ་གྱི་ཡིན། 

    ༡༽ ངེད་ཚོའི་བླ་མ་སྤུལ་སྐུ་མང་པོའི་གསུང་རྩོམ་ནང་ལ་ཡི་གེ་བ་ནི་ཞེས་པའི་ཚིག་གཅིག་ཡོང་གི་ཡོད། ད་དེ་རྩོམ་པ་པོ་བསྟན་གྱི་ཡོད་དམ། ཡང་ན། གསུང་རྩོམ་དེ་དག་ཀྱང་བརྫུན་རེད་ཟེར་དགོས་སམ། ཁྱོད་ཀློག་དང་། བླ་མ་མང་པོའི་གསུང་རྩོམ་གྱི་མཇུག་ལ་ཡི་གེ་བ་ཟེར་བ་ཞིག་མིན་འདུག་གམ། དེས་གང་བསྟན་གྱི་ཡོད་ཟེར་ན་རྩོམ་འདི་བརྒྱ་ཆ་བརྒྱ་ཐབ་པ་རྩོམ་པ་པོས་བྲིས་མེད་མ་བསྟན་གྱི་ཡོད།

    ༢༽   བློ་སེང་གིས་ཁ་ནས་ལབ། མི་གཞན་ཞིག་གིས་བྲིས་པ་དེ་བརྫུན་ལ་འགྲོ་གི་ཡོད་ན། རྒྱལ་བ་རིན་པོ་ཆེའི་གསུང་རྩོམ་མང་ཆེ་བ་དྭོགས་གཞི་མ་རེད་དམ། དེ་རྒྱལ་བ་ཁོང་གིས་བྲིས་པ་མ་རེད། རྒྱུ་མཚན་ནི་དེ་ལ་ཡི་གེ་བ་ཞིག་དང་དྲུང་ཡིག་ཞིག ཞུ་དག་གཏོང་མཁན་ཞིག་ཡོད། 

    ༣༽  བོད་ཡིག་སྤུས་ཚད་ཀྱིས་མི་ཞིག་གི་འཇོན་ཐང་དང་སྤུས་ཀ་བཏོན་ཐུབ་བམ། ཤུགས་ལྡན་རྒྱ་ལ་མགོ་བཏགས་མཁན་ཚོ་བོད་ཡིག་ཡག་པོ་འདུག་ག ཁྱོད་ཚོ་ཁོང་ཚོས་བྲིས་པའི་ཡིག་ཆ་དེ་དག་ཀློག་དང་། 

    ༤༽   གུང་ཐང་རིན་པོ་ཆེ་སྐུ་གོང་མ་དེ་མཇལ་མྱོང་ངམ། ཁོང་གི་བོད་ཡིག་ཆུ་ཚད་ཇི་འདྲ་ཡིན་མིན་ཤེས་སམ། འོ་ན་ཁོང་གི་གསུང་རྩོམ་དེ་དག་ད་བརྫུན་མ་ཡིན་པ་ཐལ། དེ་ལ་གཞན་གྱིས་འབྲི་རོགས་བྱས་ཡོད་པས་སོ། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱང་དེ་འདྲ་རེད། ཁོང་བོད་ཡིག་དག་པོ་ཞིག་འབྲི་ཐུབ་མཁན་མ་རེད་ཅེས་ཁོང་གི་ཉེ་ཁྲིས་པ་ཚོས་གསུངས།  ཡིན་ནའི་གསུང་རྩོམ་མང་པོ་ཡོད་པ་དང་དེ་དག་ཁོང་གི་མཚན་ཐོག་ལ་ཡོད། ད་དེ་དག་ཀྱང་བརྫུན་མ་རེད་དམ།

    སྐུ་མཁྱེན་དཔྱད་པ་གནང་རོགས། ཁ་བརྡ་ཚང་གིས་ཀྱང་མཆན་མ་ཀློག་གོང་ནས་མ་བསུབ་ན་ལེགས། ང་འདི་ལ་རྒྱུ་མཚན་དང་དཔང་པོ། རིགས་པ་བཏོན་གྱི་ཡོད་མ་གཏོགས། ཀླ་ཀློའི་སྤྱོད་པ་འཁྱེར་ནས། འདི་ལ་དོན་མེད་རྙོག་འདྲ་ཤོད་ཀྱི་མེད། གལ་ཏེ་བསུབ་དགོས་ན་རྒྱུ་མཚན་ཤོད་རོགས། དབྱེད་བྱེད་དང་འཐེན་ཁྱེར་མ་བྱེད་རོགས། ག་དུས་ཡིན་ནའང་། ཨ་མདོའི་མིང་ཞིག་མ་བྲིས་ན་རྩོམ་བྲིས་མ་ཆོག་པ་ལྟ་བུ་མ་བྱེད་རོགས།  

  33. རྡོ་རྗེ་ངང་དཀར། says:
    2010-11-17 at 12:44 am

    བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་ནང་གནའ་ནས་ད་བར་ཕྲ་དོག་གི་མུ་བུ་ནག་པོ་འདིས་ ལན་གྲངས་དུ་མར་བོད་ཀྱི་ཆོས་སྲིད་གཉིས་ཀ་ལ་གྱོང་གུན་དང་ཕམ་ཉེས་བཏང་ཟིན་པ་ཞིག་རེད། དེས་ན་མི་སུ་ཞིག་དབུ་འཕང་དགུང་ལ་རེག་པའི་སྐལ་བཟང་འཐོབ་ལ་ཉེ་བ་ན་དེ་དང་མཉམ་དུ་ཕྲག་དོག་གི་མི་བུ་ནག་རིལ་བ་དེ་སྒོ་དྲུང་དུ་སླེབས་ཚར་བ་རེད། དཔེར་མཚོན་ཙམ་ཞུ་ན་ཆོས་རྒྱལ་སྲོང་བཙན་སྐབས་རྒྱ་གཟའ་དང་བལ་གཟའི་གནས་ཚུལ། ཆོས་རྒྱལ་ཁྲི་སྲོང་སྐབས་བོན་བློན་དང་ཆོས་བློན་གྱི་ལོ་རྒྱུས། དེ་ནས་རིམ་བཞིན་ས་སྐྱའི་དཔོན་རབས་དང་ཕག་གྲུའི་དཔོན་རབས། གཙང་པ། རིན་སྤུང་། དེ་ནས་དགའ་ལྡན་ཕོ་བྲང་བཅས་བོད་ཀྱི་ཆུས་མ་ཤོར་བར་དང་། དེ་ནས་བཙན་བྱོལ་ནང་དུའང་དེ་དེ་བཞིན་གྱིས་ཕྲག་དོག་གི་མི་བུ་ནག་པོ་འདིས་རྐང་རྗེས་བཞག་མ་མྱོང་བའི་བོད་པའི་སྡོད་གནས་གཅིག་ཀྱང་མེད་པ་ལྟ་བུ་ཞིག་རེད། ད་ལན་ཡང་བློ་སེང་འོས་གཞི་མཐོ་ཤོས་ཀྱི་གྲལ་དུ་སླེབས་མ་ཐག་ཏུ་ཕྲག་དོག་གི་མི་བུ་ནག་རིལ་བ་དེ་སླེབས་ཚར་བ་ཙམ་མ་ཟད་ངུ་མ་དགོད་ཀྱི་སྒོ་ནས་མུ་ཅོར་གྱི་འཆལ་གཏམ་སྣ་ཚོགས་པ་ཞིག་བཤད་དང་ཤོད་བཞིན་པ་འདི་ལ་བློ་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་གཟིགས་དང་། ད་དུང་ཡང་ང་ཚོའི་གནས་སྟངས་ཇི་འདྲ་ཞིག་འདུག མངའ་བདག་ཁྲི་རལ་མན་ཆོད་ཀྱི་བོད་པའི་རྒྱལ་རབས་དང་ལོ་རྒྱུས་ལ་ལེགས་པར་གཟིགས་ནས་རྣོ་བསམ་ལེགས་པར་ཞིག་གཏོང་དང་། ཧ་ཅང་ངོ་ཚ་དགོས་པ་ཙམ་མ་ཚད་བློ་ཕམ་དགོས་པ་ཞིག་རེད། དེ་དག་ཐམས་ཅད་ཀྱི་རྩ་བ་ཕྲག་དོག་གི་མི་བུ་ནག་རིལ་བ་འདི་ཁོ་ན་ལ་ཐུག་པས་འདི་ཉིད་མྱུར་དུ་རྒྱང་འབུད་དུ་གཏོང་དགོས་པ་ལས་ད་དུང་འདི་ཉིད་བླ་མར་བསྟེན་མི་རུང་བ་ཞིག་ཡིན།
    སྤྱིར་ཏང་མི་སུ་ལའང་འདོད་མོས་མི་འདྲ་བ་རེ་ཡོང་སྲིད་པ་ཞིག་ཡིན། དེས་ན་གོང་དུ་བློ་སེང་ལ་དགག་པ་དང་སྐྱོན་འཛུགས་མཁན་དེ་དག་ལ་ཁོང་ལས་ལྷག་པའི་བཀའ་བློན་འོས་པ་གཞན་མཐོང་སྲིད་པ་ཞིག་རེད། འོན་ཀྱང་དེང་དུས་འཛམ་གླིང་འགྲོ་སྟངས་དང་འཇིག་རྟེན་མི་ལུགས་དང་མཐུན་པར་ཞིག་བྱེད་དེ་མི་གྲལ་དུ་སྙེད་འདོད་ན། ལོ་གཉིས་སྔོན་དུ་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཇོན་མེ་ཁན་ཁོང་གིས་དང་པོར་མང་གཙོ་ཚོགས་པའི་འོས་མི་བྷ་རཀ་ཨོ་བྷ་མ་ལ་ ཕྱོགས་གང་ཐད་ནས་ཀ་གཏད་དུ་ལང་ཡོད་ཀྱང་སྲིད་འཛིན་དུ་བྷ་རཀ་ཨོ་བྷ་མ་ཨ་རིའི་མང་ཚོགས་ཀྱི་བསྡམས་ཟིན་པའི་ཕྱི་ཉིན་ནས་ཇོན་མེ་ཁན་གྱི་ངའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་ལ་དགའ་བསུ་ཡོད་ཅེས་ཐོག་མའི་གཏམ་ཉིད་དུ་གསུངས་ཡོད་པ་ལས། དང་ཐོག་ནས་ཁོང་མི་འཇོན་པ་དང་མི་འགྲིགས་པ་ཞིག་གསུངས་མེད་པ་ཞིག་ཡིན། དེས་ན་བསྡམས་ཟིན་པའི་གང་ཟག་སུ་ཡིནའང་དེ་ལ་རྒྱབ་སྐྱོར་དང་གུས་རྩི་ཞུ་དགོས་པ་ལས་ཐོག་མ་ཉིད་ནས་འབུར་འཇོམས་དུ་གཏོང་མི་རུང་། ༧གོང་ས་མཆོག་གིས་ཀྱང་བཀའ་ཁྲིར་རྒན་གཞོན་དང་ཕོ་མོ། ཆོལ་ཁ་དང་ཆོས་ལུགས་སོགས་དབྱེ་བ་མེད་པར་བོད་མི་མང་ཚོགས་ཀྱིས་སུ་ལ་འོས་བླུབས་པ་ཡིན་ན་ཁོང་ཡང་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་གུས་བརྩི་ཡོད་ཅེས་གསུངས་ཡོད། སྤྱིར་ད་ལྟའི་སྐབས་བློ་སེང་ལ་འོས་འཕེན་མཁན་ཚོས་ཁོང་ལ་རེ་བ་ཞིག་བརྒྱབ་པ་ལས་མཐའ་གཅིག་ཏུ་ཁོང་སྐྱོན་རྩ་བ་ནས་མེད་པར་སངས་རྒྱས་ལྟ་བུ་ཞིག་ཏུ་འཛིན་གྱི་མེད་ལ། རླངས་འཁོར་ཁ་ལོ་བསྒྱུར་བ་ནམ་བཞིན་བོད་ཀྱི་རྩ་དོན་དང་བཙན་བྱོལ་གྱི་སྒྲིག་འཛུགས་འདི་གང་བྱས་ཁོང་གཅིག་པུ་ལ་ཐུག་ཡོད་པ་དེ་བས་ཀྱང་ངོས་འཛིན་བྱེད་ཀྱི་ཡོད་མ་རེད།
    དེས་ན་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་གང་ཟག་གཉིས་པ་ཞིག་གླེང་ཚེ་དེའི་སྐྱོན་དང་ཡོན་ཏན་གཉིས་མང་ཉུང་བསྡུར་ནས་བརྒྱ་ཆ་ལྔ་བཅུ་མཉམ་ན་མི་འབྲིང་པོའི་གྲས་དང་ཡོན་ཏན་བརྒྱ་ཆ་ལྔ་བཅུ་ལས་མང་ན་མི་བཟང་པོ་ཞིག་དང་། སྐྱོན་མང་ན་མི་སྡུག་པོ་ཞིག་ཏུ་བརྩི་དགོས་པ་ཞིག་རེད། ད་དུང་སྐྱོན་བརྗོད་མཁན་ཚོས་ལེགས་པར་བསམ་གཞིགས་བྱེད་དགོས་པ་ཞིག་ལ་བློ་སེང་ཁོང་ཉི་མ་ཤར་བ་སྦར་མོས་འགེབས་པའི་རེ་བ་བརྒྱབ་མཁན་ཞིག་མ་ཡིན་པར་ཤེས་དགོས། དེ་འདྲ་བྱེད་མཁན་ཞིག་བྱུང་ན་དེ་ནི་རིག་པ་གནལ་དུ་མི་གནས་པ་ཞིག་ཡིན་དགོས་ན་ཁོང་དེ་འདྲ་ཞིག་ཡིན་པ་ངོ་ལེན་ཐུབ་བམ། དེ་མིན་ན་གལ་ཏེ་ཁོང་བཀའ་ཁྲི་ཐོབ་ན་ཁོང་ལ་བོད་ཡིག་གི་ཆུ་ཚད་གང་འདྲ་ཡོད་མང་ཚོགས་ཀྱིས་ཤེས་ངེས་ཡིན་པས་གལ་ཏེ་ཁོང་ལ་བོད་ཡིག་གི་ཆུ་ཚད་མེད་བཞིན་དུ་ཁོས་རང་གི་མིང་ཐོག་ནས་བོད་ཡིག་གི་རྩོམ་སྤེལ་ནས་རང་གི་ཡིན་མདོག་གནང་མི་སྲིད་བ་ཞིག་རེད། དེས་ན་ད་དུང་རྩོམ་ཡིག་སྤེལ་བ་འདི་ཁོང་རང་ཉིད་ཀྱི་ཡིན་དང་མིན་ཁ་གསལ་མ་བྱུང་བར་དུ་སྒྲོ་འདོགས་སྐུར་འདེབས་ཀྱིས་མུ་ཅོར་སྣ་ཚོགས་པས་སྦྲ་མ་སྐྱུག་བྲོ་བ་རེ་མ་འཁྲབས་རོགས་གནོངས།

  34. སྐྱབ་བཅོལ་བ། says:
    2010-11-17 at 1:19 am

    དྲ་གྲོགས་ཚོ། ཨ་མ་རྗེ་བཙུན་པདྨས་བོད་ཡིག་མེད་པ་བཟོས་པ་དང་། རྒྱ་ནག་སྲི་གཞུང་གིས་བོད་ཡིག་མེད་པ་བཟོས་པ་འདི་གཉིས་ལ་ཁྱད་པར་ག་རེ་ཡོད་མེད་སྐོར་ལན་ཁ་གསལ་ཞིག་གནང་རོགས།

  35. བདེ་སྐྱིད་བཟང་བོ། says:
    2010-11-17 at 3:13 am

    རྒྱ་གཞུང་ལགས། མི་འགྱངས་པར་བཀའ་བློན་ཁྲི་པར་འདུག་པའི་མི་བུ་དེས་བོད་ཡིག་གི་ཆུ་ཚད་ཞན་ཚོད་འདུག གཞན་སྨྲས་མེད་རེད། ཐ་ན་བོད་རྩོམ་ཡག་པོ་ཞིག་ཀྱང་བྲིས་ཐུབ་ཀྱིན་མེད་པ་འདྲ། ཁོ་བཀའ་བློན་ཁྲི་པར་བསྡད་བའི་ཉིན་ནས་བཟུང་འདིར་ཕྱོགས་ལ་རྣ་བ་བླག་དགོས་རྒྱུ་མི་དགོས། ལོ་ལྔ་རིང། སེམས་བདེ་པར་བཞུགས་རོགས། དགྱ་ནག་ལགས།

  36. རྡོ་རྗེ་ནས། says:
    2010-11-17 at 3:42 am

    རྡོ་རྗེ་ངང་དཀར་གྱི་གསུང་དེ་ལ་འདོད་མོས་ཡོད། གང་ཡིན་ཟེར་ན་ང་ཚོས་བོད་མི་རྒན་པ་བཀའ་ཁྲི་ལངས་ན་ལོ་ཆུང་ཞིག་དགོས་ལོ་ལོན་ལ་གོ་རྟོགས་གསར་པ་དང་ལས་འགུལ་གསར་པ་མེད་པས་མི་འགྲིག ལོ་གཞོན་ལངས་ན་བོད་ཡིག་མི་ཤེས་པས་མི་འགྲིག བུ་མོ་ལངས་ན་བློ་རྩ་མི་བརྟན་པ་དང་གཡོ་སྒྱུ་ཆེ་བས་མི་འགྲིག གྲྭ་བཙུན་ལངས་ན་གྲྭ་པར་སྲིད་ཀྱི་ཉམས་མྱོང་མེད་པས་མི་འགྲིག འོ་ན་འགྲིག་མཁན་ཞིག་གང་ནས་བཙལ། བཙལ་ཡང་རྙེད་མི་སྲིད། རྙེད་ནའང་ཡང་ཡེ་ཡེ་མི་འགྲིག་མས་མས་མི་འགྲིག་ཟེར་རྒྱུ་གཏན་ཁེལ་རེད། དེ་ནི་འགྲན་སེམས་དང་ཕྲག་དོགས་ཁོ་ནའི་དབང་གིས་ཡིན་ལ། དེ་འདྲའི་བསམ་པས་བོད་ལ་ཕན་གནོད་ག་འདྲ་བྱུང་འདུག་སྔོན་གྱི་ལོ་རྒྱུས་དག་ཕྱི་མིག་རེ་གཟིགས་ག་འདྲ་འདུག

  37. གངས་ཕྲུག says:
    2010-11-17 at 4:24 am

    མཁས་དབང་བློ་བཟང་སེང་གེ་ལ་རྩོམ་རིགས་ཡོད་མེད་ཀྱི་ཞུ་དག་བྱེད་པོ་བདེ་སྐྱིད་བཟང་པོ་ལགས།
    ཁྱོད་ཀྱི་སུག་བྲིས་ལ་དྲི་བ་གཅིག་རང་འབྲི་ཆོག་པའི་བཀའ་འཁྲོལ་ཞུ་དང་འབྲེལ།
    དགྱ་ནག་ལགས། ཞེས་པ་འདི་ཅི་ལ་གོ་དགོས་སམ།

  38. གཅན་ཕུག་རོན། says:
    2010-11-17 at 7:08 am

    དྲ་གྲོགས་སྐྱབས་བཅོལ་བ་ལགས་སུ། ཁྱེད་ཀྱིས་མིག་དང་རྣ་བ་གཉིས་བཀབ་སྟེ་སྐད་ཆ་བཤད་ན། ལས་རྒྱུ་འབྲས་ཕར་ཞོག ཐ་ན་འཇིག་རྟེན་འགྲོ་ལུགས་དང་རྩ་བ་ནས་མཐུན་གྱི་ཡོད་མ་རེད། ཁྱེད་ཀྱིས་དོན་དངོས་མ་རྟོགས་པར་དེ་ལྟར་བཤད་ཀྱི་ཡོད་ན། ཐུགས་ཁེག་ཡོད་མ་རེད། ངས་ཁྱོད་ལ་ལམ་སྟོན་ཞིག་བྱེད། བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༠༢ གྱི་ཐོག་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་བཙན་བྱོལ་གྱི་བོད་ཁྱིམ་སློབ་གསོ་དང་། ཤེས་ཡོན་སྲིད་བྱུས་དང་དེའི་ལག་ལེན། དཀའ་ངལ་སོགས་ཞིབ་ཕྲར་གསུངས་འདུག་ལ། བཅར་འདྲིའི་ལེ་ཚན་དེ་མུ་འགོད་ཡིན་པ་རེད། ཁྱེད་ཀྱིས་དེར་བལྟ་ཆོག་གི་རེད། གལ་ཏེ་ཁྱེད་ཀྱི་ཤེས་བཞིན་དུ་དེ་ལྟར་བཤད་ཀྱི་ཡོད་ན། ཕན་ཐོགས་གང་ཡང་ཡོང་གི་མ་རེད། བོད་མི་ཤེས་ཡོན་ཅན་དང་དོ་སྣང་ཅན་རྣམས་ཁྱེད་ཀྱི་བསླུ་བྲིད་འོག་ཐེབས་ཀྱི་མ་རེད། ཁྱེད་ཀྱི་སྐད་ཆ་བཤད་སྟངས་དེར་བལྟས་ཡོང་དུས་ཁྱེད་རང་རྣམ་དཔྱོད་ཅན་ཞིག་མིན་པ་གསལ་པོར་ཤེས་ཐུབ་པས་རྩོད་པ་རྒྱག་དོན་མི་འདུག་མོད། ཨ་མ་ལགས་སུ་ཚད་ལས་བརྒལ་བའི་དམོད་མོ་བྱས་སྟབས་འདུག་མ་བཟོད་པར་བྲིས་པ་ཡིན། སྐད་ཆ་འདི་འདྲ་ཁྱེད་མ་གཏོགས་རྒྱ་གཞུང་གིས་ཀྱང་བཤད་ཀྱི་མ་རེད། དེ་ལས་བོད་མི་རིགས་ཀྱི་རྩ་དོན་དང་། རིག་གཞུང་ལ་སྨན་པའི་ལས་ཀ་བྱེད་ཐབས་ལ་འབད་རོགས། ཐུགས་རྗེ་ཆེ།

  39. རིག་ལྡན། says:
    2010-11-17 at 8:16 am

    བློ་བཟང་སེང་གེ་ལགས་ཀྱིས་བོད་ཡིག་སྟེང་རྩོམ་ཡིག་བྲིས་པ་དག་ཁོང་གི་ཡིན་མིན་ཐད་དོགས་པ་ཞིག་བྱེད་ཀྱིན་འདུག་མོད། རྩོམ་ཡིག་དེ་དག་ཁོང་གི་མིན་པ་དངོས་འབྲེལ་ཡིན། ཁུངས་ཐུབ་ཀྱི་བདེན་རྟགས་མང་པོ་ཡོད།
    རེ་རེ་བཞིན་བཤད་དགོས་ན་གླེང་ཆོག
    ཡིན་ཡང་ཁོང་གིས་བོད་ཡིག་ཤེས་མིན་དེ་རྩོད་པ་གལ་ཆེན་མ་རེད། གནད་དོན་ནི། རྩོམ་པ་པོ་རང་འགའ་བ་ཞིག་ལ་མཚོན་ནའང་རྩོམ་རྐུན་ཞེས་ཐེར་འདོན་བྱེད་པ་མ་ཟད། ནག་ཉེས་དང་ཚབས་ཆེན་དུ་བརྩི་བཞིན་ཡོད། བོད་མིའི་བཀའ་བློན་ཁྲི་བ་ཞིག་གིས་མི་མང་མགོ་བོ་རྨོངས་སུ་འཇུག་ཕྱིར་གཞན་གྱིས་བྲིས་པའི་རྩོམ་ཡིག་རང་གི་ཡིན་མདོག་མདོག་གིས་མི་མང་འཐོམ་དུ་བཅུད་ན་ཀུན་སྤྱོད་མ་དག་པའི་སྐྱོན་ཞིག་མཐོང་གིན་འདུག

    ཡིན་ཡང་བློ་བཟང་སེང་གེ་ལྟ་བུའི་མི་རྣམ་དཔྱོད་ཅན་མང་པོ་ཞིག་བོད་པས་བསྐྱེད་བསྲིང་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད། ཁོང་གི་སྐུ་ཚེ་བརྟན་པ་དང་། ཁོང་གི་བོད་མི་རིགས་ཆེད་བཏང་བའི་རྨི་ལམ་ཚང་མ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།

  40. སྐྱབ་བཅོལ་བ། says:
    2010-11-17 at 11:31 am

    གཅན་ཕུག་རོན་ལགས། ཨ་མ་རྗེ་བཙུན་པདྨ་ཟེར་བ xxxxxx དེས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་མིན་པའི་གཏམ་བཤད་བྱེད་མྱོང་ཡོད་དམ་མེད།
    བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་པ་དེར་ཁ་གཏད་ཆེ་ཤོས་སུ་ལངས་པ་རེད།
    འཛིན་རིམ་བཅུ་གཉིས་བར་གྱི་སློབ་ཚན་ཆ་ཚང་བ་བོད་ཡིག་ཐོག་གཏན་འབེབས་བྱས་པ་དེར་ལག་བསྟར་མི་བྱེད་མཁན་སུ་རེད།
    རྒྱ་ནག་སྲིད་གཞུང་གིས་བོད་ཡིག་གི་སློབ་ཚན་མེད་པ་པཟོས་པ་དེ་དང་ཨ་མ་རྗེ་བཙུན་པདྨས་བོད་ཡིག་གི་སློབ་ཚན་ལ་བཀག་འགོག་བྱས་པ་གཉིས་ལ་ཁྱད་པར་ག་རེ་འདུག

  41. ཧོར་བུ་ཡེ་ཤེས says:
    2010-11-17 at 11:38 am

    ཁྱོད་ཚོ་ལ་བཀའ་ཁྲི་བོད་ཡིག་ཐོག་རྩོམ་པ་པོ་ཞིག་ཡིན་དགོས་ན་ང་རང་ཚོའི་བཙན་བྱོལ་ནང་དུ་གསར་འབྱོར་བའི་ནང་ཆབ་སྲིད་ཀྱི་གོ་རྟོག་མེད་ཀྱང་བོད་རྩོམ་ཐོག་མིང་ཡོད་མཁན་མང་པོ་ཡོད་པ་རེད།དེ་འདྲ་ཞིག་ལ་བཀའ་ཁྲི་གནང་ཆུགས་ན་གང་འདྲ་འདུག།བོད་ཆབ་སྲིད་ཟུར་དུ་བཞག་ནས་རྩོམ་འདྲ་འབྲི་ནཡག་པོ་ཨེ་ཡོད།དེ་འདྲ་ཞིག་བྱུང་ན་ང་ཡང་བཀའ་ཁྲི་འོས་གཞི་ནང་འགྲོ་རྒྱུ་ཡིན།
    ངས་དྲུང་ཡིག་མོ་གསར་མཛེས་མ་ཞིག་ཟུར་དུ་བཞག་ནས་རྩོམ་འདི་འདྲ་བྲི་ས་རེད།

    འཛུམ་དམུལ་ཟླ་བའི་དཀྱིལ་འཁོར་བཞད་འདྲ་བར།།
    ནག་ཅིང་སྣུམ་པའི་སྐྲ་ལོས་ཕོ་སེམས་འཆིང་།།
    བདག་སེམས་ཀུ་མུད་ཁྱོད་ལ་ཕྱོགས་ཐེངས་རེར།།
    འདོད་པའི་ཆུ་ཐིག་དོར་རྟ་རླན་ལ་ལྟོས།།ཧཧཧཧཧཧཧཧཧཧ

  42. གངས་ཕྲུག says:
    2010-11-17 at 12:34 pm

    སྐྱབས་བཅོལ་བ་ལགས། བཟང་ལན་ངན་དང་ཇ་ལན་ཆུའི་འཇལ་མཁན་གྱི་བོད་མི་འདི་དག་ལ་ཞིབ་ཏུ་གཞིགས་ཚེ་བོད་མིའི་རང་ཆུས་ཤོར་བ་འདི་རྒྱུ་མཚན་དང་ལྡན་པ་ཞིག་རེད་སྙམ་པའི་ཡིད་ཆེས་གཏིང་ནས་རྙེད་ཀྱི་འདུག འདི་ལོར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཤིག་རྡ་ས་བོད་ཁྱིམ་དུ་འཚོགས་ཐུབ་པ་བྱུང་བ་འདི་ནི་ཅི་འདྲའི་རླབས་ཆེན་དང་ལོ་རྒྱུས་གཟི་བརྗིད་ལྡན་པ་ཞིག་རེད། དེ་ནི་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་དང་ཨ་མ་རྗེ་བཙུན་པད་མའི་ལྷག་བསམ་དང་སེམས་ཤུགས་ཡོད་ཚད་བཏོན་ཏེ་རྔུལ་ཆུའི་ཐིགས་པ་རེ་རེ་ནས་བསགས་པའི་དྭངས་གཙང་གི་མཚོ་མོ་ཞིག་སྟེ། བོད་ཀྱི་རྩ་དོན་གྱི་ལྗོང་བུ་ཆུང་ཆུང་འདི་དུས་ནམ་ཡང་སྐམ་དུ་མི་འཇུག་པའི་ནུས་སྟོབས་ལྡན་པ་ཞིག་གོ དེ་ལྟར་ཡིན་པར་བཙན་བྱོལ་ཙམ་མ་ཚད་གཞིས་བཞུགས་བོད་མི་རྣམས་ཀྱིས་ཀྱང་ངོས་འཛིན་གཙང་མ་ཞུ་བཞིན་ཡོད་པ་གླུ་མ་རིག་འཛིན་སྒྲོལ་མའི་གཞས་ཙམ་གྱིས་ཀྱང་གསལ་པོར་ཤེས་ཐུབ། གལ་ཏེ་བོད་ཕྲུག་ཁྱིམ་སྡེ་བཙུག་ཐུབ་མེད་ན་ ལོ་ན་ལྔ་བཅུ་མན་ཆོད་ཀྱི་བཙན་བྱོལ་བོད་པ་འདི་དག་ཕལ་ཆེ་བས་བོད་ཡིག་འབྲི་ཀློག་ཙམ་ཡང་མི་ཤེས་མཁན་གྱུར་ཟིན་པ་དང་། བོད་མི་ཉམས་ཐག་རྣམས་ནི་སློབ་གྲྭ་ཡང་འགྲིམས་མ་མྱོང་བར་ཞིག་དང་། འབྱོར་བ་ཅུང་ཟད་ཡོད་པ་དག་གིས་ཧིན་སྐད་དང་དབྱིན་སྐད་ཐར་ཐོར་རེ་བརྒྱག་སྟེ། བོད་མི་རྣལ་མ་ཞིག་རེད་ཟེར་ནའང་ངོས་འཛིན་ཞུ་དཀའ་བའི་གནས་སུ་གྱར་ཡོད་པ་ཤེས་དགོས། དེས་ན་ཨ་མ་རྗེ་བཙུན་པད་མ་ཁོང་ནི་ཆེས་བོད་གཞིས་བྱེས་ཡོངས་ལ་བཀའ་དྲིན་ཆེ་བ་སྟེ།

    བོད་པའི་རྩ་དོན་གྱི་སྲོག་མཁར་འཛུགས་མཁན།
    བོད་ཀྱི་ལོ་རྒྱུས་ཀྱི་རྡོ་རིང་བསླངས་མཁན།
    འཆི་ལ་ཉེ་བའི་བོད་ཀྱི་རིག་གཞུང་ལ་ཚེ་སྲོག་སྦྱིན་མཁན།
    བོད་ཕྲུག་ཉམས་ཐག་རྣམས་ལ་ཉེ་རིང་མེད་པའི་བྱམས་ལྡན་གྱི་ཨ་མ་ཞིག་ཡིན།

    དེ་འདྲ་བའི་མ་ཡུམ་ཁོང་གཏན་དགྲ་རྒྱ་མི་དམར་པོ་དང་སྦྲེལ་ནས་ཁྱད་པར་གསལ་བཤད་བྱེད་དགོས་ཞེས་པའི་མཆན་བུ་འདི་དང་འདི་འདྲ་བ་མང་དུ་མཐོང་ཚེ་ང་ནི་འཇིག་རྟེན་འདི་ལ་ཡི་ཐང་ཆད་སོང་ལ། ལྷག་པར་དུ་བོད་པའི་སྤྱི་ཚོགས་འདི་ལ་ཞེན་པ་གཏིང་ནས་ལོག་གི་འདུག འདི་ཡན་ཆོད་ཞོར་འཕྲོས་ཙམ་ཡིན།

    ཐོག་མར་ཁྱོད་རང་གི་བསམ་གཞིགས་གཅིག་གྱིས་དང་། ཕ་མ་གཉིས་མོས་ཀྱི་ཐོག་ནས་རང་གི་བུ་ཕྲུག་དེ་ཐོག་མར་སློབ་ཆུང་དུ་བསྐྱལ་བ་ནས་བཟུང་མཐར་གཙུག་ལག་སློབ་གཉེར་ཆེན་མོ་ཞིག་མ་ཐོན་གྱི་བར་དུ་ཡོད་ཚད་ཕྲུག་གུའི་ཆེད་དུ་བཏང་ནས་རེ་བ་ཡོད་ཚད་ཇི་འདྲ་ཞིག་བརྒྱབ་ཀྱི་ཡོད་པ་ནི། རང་ཉིད་ཀྱི་བུ་ཕྲུག་དེ་ཉིད་ཀྱི་མི་ཚེའི་འགྲོ་སྟངས་དང་མི་ཚེ་དཀའ་ཚེགས་མེད་པར་བསྐྱལ་ཐུབ་པའི་རེ་བ་སྙིང་ལ་བཅང་གི་ཡོད། དེས་ན་ད་ལྟའི་སྐབས་ང་ཚོ་རྒྱལ་ཁབ་གཞན་དང་གཞན་དུ་སྐྱབས་བཅོལ་ནས་འདུག་དགོས་པའི་དུས་སྐབས་ངན་པ་འདི་འདྲ་བའི་སྐབས་ཉེ་མཁོ་ཆེ་བའི་གཞན་སྐད་ཅིག་མ་ཤེས་ཚེ་ཐ་ན་རང་གི་མི་ཚེ་དཀའ་ཚེགས་མེད་པ་ཞིག་བསྐྱལ་ཐུབ་པ་དེའང་དཀའ་ཁག་གི་གནས་སུ་ལྷག་ཡོད། དེས་ན་ང་ཚོས་རིམ་པས་ཚན་རིག་དང་ཨང་རྩིས་སོགས་དེང་དུས་ཀྱི་ཤེས་ཡོན་ཡོད་ཚད་བོད་ཡིག་ཏུ་ཕབ་བསྒྱུར་བྱེད་དེ་ཟུར་སྦྱོང་དང་དཔེ་བལྟས་བྱ་ཡུལ་དུ་འཇོག་ནས་བོད་ཀྱི་སྐད་ཡིག་མི་ཉམས་པར་རིམ་བཞིན་གོང་འཕེལ་དང་ཡར་རྒྱས་སུ་འགྲོ་ཐབས་བྱེད་དགོས་པ་ལས། ཐད་ཀར་སློབ་ཚན་བརྗེ་པོ་བརྒྱབ་ནས་དབྱིན་སྐད་འབྲི་ཀློག་ཙམ་ལས་མི་ཤེས་པའི་སློབ་མཐར་ཕྱིན་པའི་སློབ་མ་དེས་གཞན་གྱི་རྒྱལ་ཁབ་དང་སྒེར་གྱི་བཟོ་གྲྭ་སོགས་སུ་ལས་ཀ་གཉེར་བ་ཕར་ཞོག རང་གཞུང་གི་ལས་ཁུང་ཆུང་ངུ་ཞིག་གི་ནང་དུ་ལས་བྱེད་ཚད་ལྡན་ཞིག་བྱེད་དགོས་ནའང་དཀའ་ཚེགས་ཆེན་པོར་གྱུར་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་ང་ཚོ་བཙན་བྱོལ་སྐྱབས་བཅོལ་བ་ཞིག་ཡིན་པའི་ངོས་ནས་ལས་ཀ་གང་དང་གང་བྱེད་ནའང་རྒྱལ་ཁབ་གཞན་ཞིག་ལ་བསྟེན་དགོས་པ་ལས་རང་ངོས་ནས་བྱེད་ཐུབ་པ་ཞིག་མིན། མཐའ་ན་གཏོང་ཡིག་གཅིག་སྐུར་དགོས་ནའང་དབྱིན་ཡིག་ཐོག་ཁ་བྱང་འབྲི་དགོས་པ་ལས་བོད་ཡིག་ཐོག་བྲིས་ན་མི་འགྲོ་བ་འདིས་ཕྱོགས་གང་ཐད་ནས་མི་གཞན་ལ་བརྟེན་དགོས་པར་ཤེས་དགོས། དེས་ན་བསམ་བློ་ཞིབ་མོར་གཏོང་དགོས་པ་ལས་རང་གར་ཁ་བདེ་པོ་ཞིག་དང་སྟབས་བདེ་པོ་ཞིག་གི་ཐོག་ནས་འཕོ་འགྱུར་གཏོང་ཆོག་ཆོག་ཅིག་མིན། ང་ཚོ་བོད་པའི་གཏམ་དཔེ་ལ་འཕྱི་བ་ཡིས་ཆུ་འབོག་པ་ལ། རང་ཉ་ལ་མཐོ་མཇལ་དགོས་ཞེས་པའི་དཔེ་ལྟར་ང་རང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིས་ཇི་ཙམ་ནུས་པ་དང་། ལྕོགས་པ་ཞིག འཚམས་པ་ཞིག་བྱེད་དགོས་པ་ལས་སྤོམས་བཤད་དང་སྟོང་བསམ་ཁོ་ནས་ཕན་ཐོག་མེད། ཁ་བཤད་ཆུའི་སྦུ་བ་ལ། ལག་ལེན་གསེར་གྱི་ཐིགས་པ་དགོས། ང་ཚོར་དགོས་རྒྱུར་བོད་རང་བཙན་དགོས་ལ། བོད་ཀྱི་སྐད་ཡིག་གིས་འཛམ་གླིང་ཁྱོན་ཀུན་ཁྱབ་པ་ཞིག་དགོས། འོན་ཀྱང་༧གོང་ས་མཆོག་གིས་དགོངས་བཞེད་དབུ་མའི་ལམ་དང་། ཨ་མ་རྗེ་བཙུན་པད་མའི་དགོངས་བཞེད་བོད་ཀྱི་ན་གཞོན་ཚོས་བོད་སྐད་གཙང་མ་ཞིག་དང་བོད་ཡིག་བརྡ་དག་དང་ལྡན་པའི་ཐོག་འབྲི་ཀློག་ཐུབ་པ་ཞིག་བྱུང་ན་ད་ལྟའི་སྐབས་མཐེ་མོའི་སྟེང་གི་མཐེ་མོ་ཞིག་རེད། དེས་ན་ཁ་ཚ་དགོས་གཏུག་གི་ང་ཚོས་བྱེད་དགོས་པ་ཞིག་དང་ཐུབ་པ་ཞིག་ནི། ཕ་མ་རྣམས་ཀྱི་རང་གི་བུ་ཕྲུག་རྣམས་བོད་ཀྱི་སློབ་གྲྭར་བཅུག་པ་དང་། བོད་ཀྱི་སྐད་ཡིག་ལ་དོ་སྣང་དགོས་པའི་བསླབ་བྱ་ཉིན་རེ་བཞིན་བརྒྱབ་པ། དེ་བཞིན་དུ་ཉིན་རེའི་འཚོ་བའི་ནང་སྐད་ར་མ་ལུག་དེ་འདྲ་བརྒྱབ་རྒྱུ་ལ་བཀག་འགོག་བྱེད་རྒྱུ། གཞུང་གི་ངོས་ནས་ད་ལྟར་ཡོད་པའི་བོད་ཀྱི་སློབ་ཚན་ཁག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ལ་བོད་ཀྱི་རིགས་གཞུང་ཐོག་ཤེས་ཡོན་གྱི་ཆུ་ཚད་ཡོད་པ། དེ་དག་མཐིལ་ཕྱིན་སྦྱོང་རྒྱུའི་དུས་ཚོད་དང་གོ་སྐབས་ཡོད་པ། ད་ལྟ་འཛིན་རིམ་བཅུ་གཉིས་ནང་སློབ་ཚན་གང་ཡོད་པ་དེ་ཉིད་ལ་འཐུས་ཤོར་མེད་པར་སློབ་སྦྱོང་ཚད་ལྡན་བྱེད་དེ་སློབ་མཐར་ཕྱིན་ཐུབ་པའི་ཐོག་ཕྱོགས་གང་ཐད་ནས་དབུ་འཛིན་དང་། དགེ་རྒན། ལས་བྱེད་བཅས་ནས་འབད་བརྩོན་གནང་རྒྱུ་བཅས་ཡིན། ངས་འདི་ལྟར་བཤད་ཚེ་ཁ་ཤས་ཀྱིས་ཁོ་རང་ལ་ལྟོ་གོས་གཉིས་ལས་གཞན་བོད་ཀྱི་མི་རིགས་དང་རིག་གཞུང་ཐོག་ལ་བསམ་བློ་གཏོང་གི་མི་འདུག་ཟེར་སྲིད་ཀྱང་ཁྱད་པར་གང་ཡང་མེད། ངས་ནི་གོམ་པ་རིམ་སྤོས་བྱེད་དགོས་པ་ལས་རང་བཙན་ཡོད་པའི་རྒྱལ་ཁབ་བཞིན་ང་ཚོས་གང་འདོད་བྱེད་ཐུབ་པ་ཞིག་ཏུ་ངོས་འཛིན་ཐུབ་ཀྱི་མེད།
    སྐྱབས་བཅོལ་བུ་ལགས། ད་ནས་བཟུང་དེ་འདྲ་བའི་གཏམ་བ་བཤད་རོགས། ཨ་མ་རྗེ་བཙུན་པད་མས་མི་ཚེ་གང་པོར་སྐུ་ལས་བསྐྱོནཔ་ལེགས་སོ་བསྔགས་བརྗོད་དང་ཐུགས་རྗེ་ལེགས་འབུལ་མེད་པར། དེ་ལས་ལྡོག་སྟེ་ཉེས་ཅན་པ་ཞིག་ཏུ་འཇོགས་པ་ནི་ཅི་འདྲ་མ་རུང་པ་དང་མི་འོས་པ་ཞིག་རེད།

  43. ཀླུ་ཚང་། says:
    2010-11-17 at 1:28 pm

    དུས་བབ་ནང་ལ་མཆན་བུ་འདི་འདྲ་ཞིག་འདུག དྲྭ་གྲོགས་ཚོས་དཔྱད་ཞིབ་གནང་དང་།

    ཁང་སང་ཉེ་ཆར་ལ་ཡ། བཀའ་ཁྲི་ཟམ་གདོང་རིན་པོ་སྦེལ་ཀོབ་ཏུ་ཕེབས་དུས། བོད་མི་ཞིག་གིས་དྲི་བ་འདི་འདྲ་ཞིག་ཞུས་འདུག

    ཁྱེད་སྤྱི་མཐུས་ཚོགས་གཙོ་བྱས་སྐབས་དེར། བཙན་བྱོལ་གཞུག་གི་བཀའ་བློན་ཁྲི་བ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རེད། ཁོང་གིས་སྐབས་དེར། བོད་གཞུང་གི་དངུལ་དངོས་འབུམ་དགུ་ཟོས་པའི་གནས་ཚུལ་ལྷག་ཡོད་པ་རེད། དེ་གང་འདྲས་རེད་དམ དངོས་གནས་རེད་བས། ཞེས་དྲིས་པ་ན།

    ཁོང་གིས་ཐོག་མ་ལན་མ་བརྒྱབ་པ་བཞུགས་ཡོད་པ་དང་། ཏོག་ཙམ་རྗེས་ནས། བོད་མི་གཞན་ཞིག་གིས། དྲི་བ་དེ་ལ་ངེས་པར་དུ་ལན་ཞིག་དགོས་པའི་ཞུ་བ་དང་བསྒྲགས། ཡང་སྐྱར་དྲི་བ་དེ་རང་དྲིས་ཡོད་པ་རེད།

    མཐའ་མ་དེར་ཁོང་གིས། དེ་ནི་ངས་ཞུ་ཐུབ་པའི་དྲི་བ་ཞིག་མ་རེད། བོད་གཞུང་གི་རྩིས་ཞིབ་ལས་ཁུངས་ལ་འདྲི་དགོས་རེད་ཅེས་གསུངས་འདུག

    དངོས་གནས་བྱས་ན་དེའི་སྐབས་ཀྱི་གནས་ཚུལ་གསལ་པོ་མཁྱེན་མཁན་ཞིག་ལ་ཟམ་གདོང་རིན་པོ་ལས་ལྷག་ཞིག་མེད་ལབ་ནའང་འགྲིག་པ་རེད། ཡིན་ནའང་ཁོང་གིས་འདི་འདྲ་ཞིག་གསུངས་ཡོད་འདུག

    གྲོགས་པོ་ཚོས་ལབ་ན། བཀའ་ལན་འདི་ལ་གནད་འགག་ཞིག་འདུག་གམ།
    ངས་འདིར་དངུལ་ཟོས་པ་རེད་ལབ་ཀྱིན་མེད་པ། ཁོང་གི་བཀའ་མོལ་འདི་འདྲ་ཞིག་དང་། མང་ཚོགས་ཀྱིས་དྲི་བ་འདི་འདྲ་དྲིས་འདུག་ཅེས་པ་དེ་ཡིན།

  44. བྱམས་པ་ says:
    2010-11-17 at 2:11 pm

    ཀླུ་ཚང་ལགས། ཁྱེད་ཀྱིས་འདི་ལྟར་བཀོད་པ་ཡག་བྱུང། སྦེལ་ཀོབ་ཏུ་བཀའ་ཁྲིའི་བགྲོ་གླེང་ཆེན་མོ་སྐབས་སུ་འོས་མི་བཞི་ཀ་ཡོད་པའི་སྐབས་ཤིག་ཏུ། གྲྭ་བ་གླ་རྒན་ཞིག་གིས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཀ་ཐོག་སྤྲུལ་སྐུའི་གནད་དོན་དང་འབྲེལ་ནས་བསམ་འཆར་ཞིག་བཤད་པ་ན་དེར་ཁོང་གིས་ལན་ལ། འདི་ནི་ཁོང་ལ་གཞི་མེད་ཀྱི་སྐྱོན་བརྗོད་པ་ཡིན། དེ་བདེན་པ་མ་རེད། དཔེར་ན་སྐུ་ངོ་བཀའ་ཟུར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་ཡང་དངུལ་ཟོས་པའི་སྐོར་གཅིག་སྤྱི་ཚོགས་ནང་གླེང་གིན་འདུག་པས་དེ་དག་བདེན་པ་མིན་པ་བཞིནྲརེད་ཅེས་གསུངས་བྱུང། ཁོ་བོས་བསམ་པར་ཁོ་རང་སྒེར་གྱིས་དེ་ལྟར་ཟ་མེད་པ་དེ་བདེན་པ་རེད་བསམ། ཡིན་ན་ཡང་རྩིས་ཁྲ་བྱུང་སོང་ཁ་མ་འདུམ་ནས་ཁ་གསལ་མ་བྱུང་བ་ནི་བདེན་པ་རེད། ཁོ་བོས་ཟམ་གདོང་བླ་མས་དེར་ལན་རྒྱག་འདོད་མེད་པའི་རྒྱུ་མཚན་མེད་པ་ནི་ཕྱོགས་གཅིག་ནས་བཀའ་ཁྲིའི་འོས་བསྡུ་འགྲོ་བཞིན་པའི་སྐབས་ཡིན་པ་མ་ཟད། ཁོང་ལྟ་བུའི་གང་ཟག་ཆེ་གེ་མོ་ཞིག་གིས་སྐད་ཆ་འདྲ་མིན་བཤད་ན་ཕྱོགས་གཉིས་ཀར་འཕོ་བསྒྱུར་ཆེན་པོ་འགྲོ་སྲིད་པས་ཡིན་སྙམ།

  45. སྦྲ་ནག་ཚང་། says:
    2010-11-17 at 4:34 pm

    བཀའ་ཁྲི་བློ་སེང་གི་སྐོར་ནས་དཔྱད་རྩོམ་དང་དོག་གཅོད་མང་པོ་གནང་འདུག་། ཐུགས་རྗེ་ཆེ་། དཔྱད་རྩོམ་འདི་དག་ནི་། རང་ཉིད་ཀྱི་མ་འོང་བས་བཀའ་ཁྲིའི་འདེམ་ཤོག་གཅིག་བུ་དེ། སུ་ལ་འབུལ་ཀྱིན་ཡིན་མིན་ཀྱི་་བློ་ཐག་གཅོད་པར་ཕན་ཐོག་ཆེ་བར་བསམ་། སྤྱིར་ན་ཁོང་ཡང་སངས་རྒྱས་མ་རེད་བོད་ཡིག་མི་ཤེས་ན་ཡང་ཤེས་འདོག་གིས་རྫུན་ཏོག་ཙམ་རེ་བཤད་པ་བདེན་མོད་།
    གོང་གི་འགྲོ་གླེང་དེ་དག་གིས། བདག་དོག་པ་དེ་སེལ་ཐུབ་མ་སོང་། ངའི་དོག་གཞི་དེ་བོད་ཡིག་དང་འབྲེལ་མེད་ཀྱང་། ཁྱོད་རྣམས་འདི་སྐོར་ན་བདག་ལ་བློ་ཐག་གཅོད་ཐབས་ཀྱི་དགོང་ཚུལ་རེ་གནང་རྒྱ་རེ་བ་ཡོད་།
    སྔོན་བློ་སེང་མཆོག་གིས་བཀའ་སློབ་ཞིག་གི་ནང་། “ང་རང་ཨ་རིའི་ནང་ཡིན་ཡང་སྐྱབས་བཅོལ་པས་ངོ་བོར་བསྡད་ཡོད་ལ་། ལགས་འཁྱེར་ཡང་རྒྱ་གར་གཞུང་གི་གནང་པས་ICསེར་པོ་དེ་མ་གཏོག་མེད་། དེས་སྟབས་ཀྱི་ང་རང་བལ་ཡུལ་འགྲོ་རྒྱུར་བལ་ཡུལ་གཞུང་གི་མཐོང་ཆེན་སྤྲད་མ་སོང་གསུང་སོང་།” འོ་ན། བློ་སེང་མཆོག་པེ་ཅིང་ལ་ཐེང་ཁ་ཤེས་ཕེབས་པ་ཡིན་གསུང་བ་དེ་། ལགས་ཁྱེར་ག་འདྲ་ཞིག་གི་ཐོགས་ནས་ཕེབས་པ་ཡིན། འདི་ལ་དོག་པ་ཙུང་ཙམ་འདུག་། འདིས་སྐོར་ནས་ཅུང་ཙམ་གསུང་དང་།

  46. ལ྄ྕམ་ཆུང་གཡུ་ལོ། says:
    2010-11-17 at 5:42 pm

    མདོ་འདུམ་ཚང་གིས་གསུང་བ་དེར་བསམ་བློ་དགོས་ས་མང་པོ་འདུག་་ང་ཚོས་བོད་ཡིག་ཤེས་པའི་རྩོམ་པ་པོ་ཞིག་དགོས་པ་རེད་ཟེར་གི་ཡོད་པ་མ་རེད་།ཡིན་ན་་སྤྱིར་བཏང་གིབོད་ཡིག་གི་་དག་ཆ་མི་ཤེས་པ་ཞིག་གིས་ད་སྐབས་ཀྱི་བཀའ་ཁྲིའི་གནད་འགག་འདིར་ཐོལ་བྱུང་དུ་བོད་ཡིག་ནང་རྩོམ་ཡིག་ཤར་མར་སྤེལ་ན་དེ་མི་གཤིས་ཀྱི་གནད་དོན་ཞིག་ཅི་ལ་མིན།ང་ཚོར་མཁོ་བ་བཀའ་ཁྲི་རྣལ་མ་ཞིག་ལས་སྲིད་འཚོང་བ་ཞིག་གཏན་ནས་མིན་ལ།་མ་འོངས་པའི་བཀའ་ཁྲི་དེ་ཆེས་གནད་འགག་གི་དུས་ཤིག་ལ་འཁེལ་རྒྱུ་ཡིན་པ་སྨོས་མེད་བཞིན་ང་ཚར་་ཚོད་ལྟ་བྱས་ནས་འདུག་པའི་དུས་ཚོད་མེད་།དེ་མིན་སྦྲ་ནག་ཚང་གི་བཤད་པ་དེའང་ཉན་ཤེས་ནི་ཞིག་གིས་ཉན་ན་བསམ་གཏོང་རྒྱུ་མང་པོ་འདུག་་བསམ་མཚམས་ང་ཚོས་དོན་དག་གང་ཡིན་ཡང་སྙིང་དོན་ཟབ་མོར་གོ་བ་མི་ལོན་པའང་མི་ལེན་པར་སོ་སོའི་སྒེར་གྱི་བསམ་བློའི་ཕྱོགས་ཞེན་གྱིས་འགྲོ་གི་འདུག་་གལ་སྲིད་ཚང་མས་བོད་ཀྱི་མ་འོངས་པར་བསམ་བློ་ཞིབ་མོ་གཏོང་གི་ཡོད་ན།ད་ལྟ་གཏོང་རན་དང་བཀའ་ཁྲི་མ་ནོར་བ་འདེམས་པའི་དུས་རེད།ང་ཚོ་ནམ་ཡང་ཁ་གཡང་ཞིག་གི་ཁྲོད་མགོ་ཉོག་མི་ཐེབས་པར་བསམ་བློ་ཞིབ་མོ་གཏོང་དགོས་།བཀའ་ཁྲི་འདེམས་ཁ་གཡང་སྒྲོག་ཙམ་མ་རེད་རང་མོས་ྶྙན་ངག་འབྲི་བ་བཞིན་མ་རེད།

  47. གཟུར་གནས། says:
    2010-11-17 at 6:28 pm

    གོང་ལ་བསྟན་འཛིན་རྣམ་རྒྱལ་གྱིས་དངུལ་ལྐོག་ཟ་བྱས་པའི་དྭོགས་འདྲི་ཞིག་བཏོན་འདུག དེ་ངས་ཏོག་ཙམ་རྒྱུས་ཡོད། འདིའི་སྐོར་ལེགས་ཤོས་འཇམ་དབྱངས་ནོར་བུ་དང་།  ལྷ་བཟང་ཚེ་རིང་།   བཀྲིས་ཚེ་རིང་གསུམ་གྱི་ཤེས་ཀྱི་རེད། རྙོག་འདྲ་འདི་སློང་མཁན་ཁོང་ཚོ་གསུམ་རེད། བསྟན་འཛིན་རྣམ་རྒྱལ་བཀའ་བློན་ཁྲི་པ་ཡིན་པའི་སྐབས་ལ། དམངས་གཙོ་ཟེར་བའི་ཚགས་པར་ཞིག་འདོན་གྱི་ཡོད། དེ་༡༩༩༠ནང་རེད། ཐེངས་གཅིག་ཚགས་པར་འདིའི་ནང་ལ་གཞུང་དངུལ་འབུམ་ཉི་བརྒྱ་ལྷག་ཆད་པའི་རྩོམ་བཏོན་པ་རེད། བྱས་ཙང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་ཡིན་པ་དང་དངུལ་འདི་འདྲ་མང་པོ་ཞིག་ཚང་གི་མེད་ཙང་སྤྱི་ཚོགས་ནང་སྐད་ཆ་མང་པོ་བྱུང་ནས་ཁོང་བཀའ་ཁྲི་ནས་དགོངས་པ་ཞུ་དགོས་ཐུག་པ་རེད།

    དངུལ་མ་ཚང་བ་བདེན་པ་རེད། བསྟན་འཛིན་རྣམ་རྒྱལ་གྱིས་ལྐོག་ཟ་བྱས་པ་བདེན་པ་མ་རེད། རྒྱུ་མཚན་ནི་བསྟན་འཛིན་རྣམ་རྒྱལ་གྱི་སྔོན་ལ་གཞུང་དངུལ་རྩིས་ཞིབ་དང་སྔོན་རྩིས་བཟོ་བའི་ལམ་ལུགས་ལེགས་པོ་དེ་འདྲ་མེད།  བསྟན་འཛིན་རྣམ་རྒྱལ་བཀའ་ཁྲིར་སླེབས་རྗེས་ཁོང་གིས་གཞུང་གི་དངུལ་རྩིས་ཞིབ་བྱེད་སྟངས་འདི་ནུབ་ཕྱོགས་པའི་ལམ་ལུགས་ལ་འགྱུར་བཅོས་བཏང་བ་རེད། དེར་བརྟེན་རྩིས་ཞིབ་ལམ་ལུགས་གསར་པ་འདི་མགོ་བཙུགས་པའི་ལོ་དང་པོ་དེར་དངུལ་མང་པོ་ཞིག་ཆད་པ་རེད། རྒྱུ་མཚན་གཙོ་བོ་འདི་བསྟན་འཛིན་རྣམ་རྒྱལ་གྱིས་བཀའ་ཤག་རྩིས་ལེན་མ་བྱས་པའི་གོང་ལ་རྩིས་ཞིབ་ཡག་པོ་མེད་ཅིང་། དེའི་སྐབས་ལ་བྱུང་གི་ནང་ལ་སླེབས་པའི་དངུལ་མང་པོ་ཞིག་སོང་གི་ཐོ་མེད། དེའི་སྟེང་བསྟན་འཛིན་རྣམ་རྒྱལ་གྱིས་བཀའ་ཤག་གི་ལས་ཀ་གསར་པ་མང་པོ་ཞིག་སྤེལ་བ་དང་། དེ་དག་ལ་འགྲོ་སོང་སྔོན་ནས་བཀར་གསོག་བྱ་རྒྱུ་མ་བྱུང་སྟབས་འགྲོ་སོང་འཕར་མ་རྣམས་ཆད་ལྷག་ནང་བཅུག་པ་རེད། དབྱིན་ཇིའི་སྐད་ལ་DEFICITཟེར་བ་འདི་རེད།

    རྗེས་མ་འཇམ་དབྱངས་ནོར་བུས་ཀྱང་དེའི་སྐོར་ལ་གསལ་བཤད་བྱས་ནས་བསྟན་འཛིན་རྣམ་རྒྱལ་ལགས་སུ་མ་ཉེས་ཁ་གཡོག་བྱས་པར་ནོངས་པ་ཕུལ་འདུག ཞིབ་ཕྲ་འཇམ་དབྱངས་ནོར་བུའི་ཟིན་བྲིས་ཐོག་ཕེབས་ནས་བཀའ་ཁྲིའི་སྐོར་ལ་སྤེལ་བའི་རྩོམ་གཉིས་པ་དེ་ལ་གཟིགས་དང་།

    མདོར་ན་བསྟན་འཛིན་རྣམ་རྒྱལ་གྱི་བཀའ་འདྲིན་ལ་བརྟེན་ནས་བོད་གཞུང་ལ་རྩིས་ཕྲའི་ལམ་ལུགས་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཁག་དང་མཚུངས་པ་ཞིག་བཙུགས་ཐུབ་ཡོད་ཅིང་། དེ་ཁོང་གི་བྱས་རྗེས་མང་པོའི་ནང་ནས་གཅིག་རེད། ང་རང་སྒེར་གྱི་ངོས་ནས་བལྟས་ན།  བཙན་བྱོལ་ནང་གི་ནང་ནས་རླབས་ཆེན་གྱི་སྐྱེ་བུ་གཅིག་ནི་བསྟན་འཛིན་རྣམ་རྒྱལ་རེད།  རྒྱུ་མཚན་ནི།

    ༡༽  རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་ལ་གདན་འདྲེན་མཁན་དང་པོ་ཁོང་རེད།
    ༢༽   ཨ་རིའི་བོད་ཀྱི་ལས་འགུལ་ལས་ཁུངས་འཛུགས་མཁན་ཁོང་རེད།
    ༣༽   ཨ་རིའི་བོད་ཀྱི་དོན་གཅོད་ཁང་པ་ཉོ་མཁན་ཁོང་རེད། དེ་བོད་གཞུང་གིས་དོན་གཅོད་རང་བདག་བྱུང་བ་དེ་དང་པོ་རེད།
    ༤༽  རྒྱལ་བ་རིན་པོ་ཆེ་ལ་ཨ་རིའི་བགྲོས་ཚོགས་ཀྱི་གསུངས་བཤད་དང་པོ་དེ་གྲ་སྒྲིག་བྱེད་མཁན་ཁོང་རེད།
    ༥༽   ཤེས་བྱ་དུས་དེབ་དང་གཞོན་ལྷན་བཙུགས་མཁན་ནང་ཁོང་གལ་ཆེའི་མི་སྣ་རེད།
    ༦ ༽   ཨ་རི་ལ་བོད་མི་སྐྱབས་བཅོལ་བ་སྟོང་གཅིག་གི་བཀའ་ཁྲོལ་ཐོབ་མཁན་ཁོང་རེད། དེའི་བཀའ་དྲིན་ལ་བརྟེན་ནས་བོད་མི་ཚོར་ཕན་པ་ཆེན་པོ་བྱུང་ཡོད།

    ལྷག་པར་དུ། རྒྱལ་བ་རིན་པོ་ཆེ་ལ་ངོ་ལྐོག་མེད་པར་ཆབ་སྲིད་ཐོག་ནོར་འཁྲུལ་ཡོང་སྐབས་ལྷག་བསམ་གྱི་ཐོག་ནས་བསམ་འཆར་འབུལ་ཐུབ་མཁན་ཁོང་རེད། དཔེར་ན། བསྟན་འཛིན་རྣམ་རྒྱལ་གྱིས་རྒྱལ་བ་རིན་པོ་ཆེ་ལ་སི་ཀྲན་སི་སྦག་གི་གསུང་བཤད་དེ་ནོར་འཁྲུལ་ཆེན་པོ་ཡིན་པ་དང་དེ་གང་མགྱོགས་ཕྱིར་འཐེན་གནང་དགོས་པའི་རེ་བ་ཞུ་མཁན་ཡང་ཁོང་གཅིག་རེད། རྗེས་སུ་གོང་ས་མཆོག་གིས་སི་ཀྲན་སི་སྦག་གི་གསུང་བཤད་འདི་རྩིས་མེད་བཏང་བ་ཡིན་གསུངས།

    ཁོང་གི་བྱས་རྗེས་ངོ་མ་རླབས་ཆེན་རེད། ཡིན་ནའི་ང་རང་ད་རེས་ཀྱི་བཀའ་བློན་ཁྲི་པའི་རྒྱབ་སྐྱོར་འདི་བློ་བཟང་སེང་གེ་ལ་ཞུའོ། ང་ཚོ་ལ་མི་རབས་གསར་པའི་དབུ་ཁྲིད་དགོས་ཀྱི་འདུག རྒྱལ་བ་རིན་པོ་ཆེ་སྐུ་ཚེའི་མཐའ་ལ་སླེབས་ཡོད། མི་རབས་གསར་པའི་དབུ་ཁྲིད་རླབས་ཆེན་ཅན་འགའ་ཤས་འཐོན་ན་མི་རིགས་འདིའི་
    འཐབ་བརྩོད་གནས་པར་ཕན་པ་ཆེ། ཕྱིར་སྐྱོད་ཀྱི་ལམ་བར་ལ་བྲིས་པ་ཡིན། ཡིག་ནོར་བྱུང་ན་དགོངས་པ་དག་པ་ཡོང་བ་མཁྱེན།

  48. བྱམས་པ་ says:
    2010-11-17 at 10:42 pm

    གཟུར་གནས་ལགས། གསལ་བཤད་གནང་བ་ལེགས་བྱུང། དེ་མ་གཏོགས་ཟམ་གདོང་བླ་མས་བཀའ་ལན་མ་སྐྱོན་པ་དེའི་རྐྱེན་གྱིས་སྤྱི་ཚོགས་ནང་དུ་དཀྲོག་གཏམ་གསར་པ་ཞིག་བཟོ་མ་ངེས་པ་མིན་འདུག བཀའ་ཁྲི་བསྟན་འཛིན་རྣམ་རྒྱལ་གྱིས་བོད་སྤྱི་པར་བྱས་རྗེས་ཧ་ལས་པ་བཞག་ཡོད་བཞིན་དུ་ད་དུང་འགའ་ཤས་ཀྱིས་ཐུགས་རྗེས་ལེགས་གསོལ་འབུལ་རྒྱུའི་ཚབ་ཏུ་མི་དཀའ་ལ་ཞ་ནག་ཞིག་གཡོག་པ་ནི་ང་ཚོ་བོད་པ་ཚང་གིས་ལས་ངན་ཡིན་པར་སྙམ། འཇམ་དབྱངས་ནོར་བུའི་དྲ་རྒྱའི་ནང་དུ་རྩོམ་འདི་ལྟར་སྤེལ་ཡོད། བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་ཡིན་པའི་སྐབས་སུ་དམངས་གཙོ་ཚགས་པར་ནང་དུ་དངུལ་འབུམ་མང་པོ་མ་ཚང་བའི་གནས་ཚུལ་ཞིག་བཀོད་ཡོད། དེའི་རྗེས་སུ་ཆུ་བཞི་སྒང་དྲུག་གི་མི་སྣ་མཐོ་བ་གཉིས་ཀྱིད་དེའི་སྐབས་སུ་སྤྱི་ཚོགས་ནང་ལོག་བཤད་དཀྲོག་གཏམ་སྣ་ཚོགས་ཤིག་སྤེལ་ནས་ད་ལྟ་སྤྱི་ཚོགས་ནང་གླེང་གཞི་འདི་ལྷག་པ་རེད་ཅེས་བཀོད་འདུག འོ་ན་དྲི་བ་ནི། མི་སྣ་དེ་དག་སུ་ཡིན་ནམ། ཟེར་བ་འདི་ཡིན། སྤྱིར་དེའི་ཚེ་ཆུ་སྒང་གི་སྒྲིག་འཛུགས་གསར་རྙིང་དབར་འཐབ་རྩོད་ཀྱི་མེ་ལྕེ་འབར་བའི་སྐབས་འཁེལ་བས་གཅིག་བྱས་ན་དེའི་རྐེྱན་གྱིས་ཡིན་ཡང་སྲིད།

  49. གངས་ཕྲུག says:
    2010-11-18 at 3:48 am

    ༄༎ དྲ་གྲོགས་མང་པོ་ཞིག་གི་དངོས་ཡོད་ཀྱི་གནས་ཚུལ་མང་པོ་ཞིག་གསུངས་འདུག་དེ་དཔེ་ཡག་པོ་རེད་སྙམ།་ དངོས་གནས་རེད་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ནི་མི་སྣ་བྱས་རྗེས་ཅན་ཞིག་རེད་དེ་ནང་བཞིན་ཁོང་དང་འདྲ་བའི་མི་རབས་རྒན་པ་དག་གི་དཀའ་དྲིན་གྱི་ང་ཚོའི་མང་གཙོ་འདི་བྱུང་པ་ཞིག་རེད་སྙམ།གཙོ་བོ་དེ་གོང་ས་མཆོག་གི་ཐུགས་རྗེའི་འོག་བྱུང་བ་ཡིན་པ་ཚང་མས་དགོངས་མངའ་རེད། ལྷག་པར་དུ་རྒན་རབས་རྣམ་པས་སྐུ་ལས་རྒྱབ་སྟེ་འབྲས་བུ་བྱུང་པ་ཡིན་པ་བོད་མི་ཡོངས་ཀྱི་ཤེས་ཀྱི་ཡོད་རེད། ད་ལྟའི་ཆར་མི་རབས་གཞོན་པ་རྣམ་ལ་རྩིས་སྤྲོད་ཀྱི་དུས་ལ་སླེབས་ཡོད་པ་དངོས་ཡོད་རེད་སྙམ། ང་ཚོའི་ཚིག་རྩོབ་སོགས་བྱེད་མི་རུང་།

  50. སྟག་མའི་མེ་ཏོག says:
    2010-11-18 at 5:21 am

    བཀའ་ཁྲི་ནི་བོད་མི་དམངས་ཀྱི་དབང་པོ་ལྔ་ལྟ་བུའི་མི་སྣ་ཞིག་ཡིན་པས། ཕྱོགས་ཞེན་གྱི་རྣམ་པ་རྩ་བ་ནས་དོར་ཏེ། བོད་དང་བོད་མི། སོ་སོ་རང་ལ་ཡང་འགན་ཁྱེར་བའི་ཐོག་ནས་མི་སྣ་ཡག་པོ་ཞིག་འདེམས་དགོས་ལ། ལོ་རྒྱུས་ནང་དཔལ་འབྱོར་ཐོག་རྙོག་གྲ་དང༌། འཁོན་ཐོགས་ལབ་གླེང་མེད་པའི་མི་སྣ་གཙང་མ། འཇོན་ཐང་ཅན་དེ་རིགས་དགོས་རྒྱུ་གལ་ཆེན་རེད།

  51. སྟག་མའི་མེ་ཏོག says:
    2010-11-18 at 5:23 am

    གང་ལྟར་མི་སྣ་གཙང་མ་ཞིག་བཀའ་ཁྲིར་འདེམས་རོགས། དེ་མིན་རྐུན་པོ་ཡང་བསྐྱར་གདན་འདྲེན་ཞུས་པ་རང་རེད།

  52. སྟག་མའི་མེ་ཏོག says:
    2010-11-18 at 5:28 am

    གོང་གི་མཆན་བུ་དག་ལ་བལྟས་ན། ངོ་མ་རྙོག་གྲ་འདུག ཉེས་པ་མེད་ཅེས། དག་འབུད་བྱེད་དགོས་པའི་མི་སྣ་རེ་གཉིས་བཀའ་ཁྲིར་སླེབས་ཡོད་པ་འདྲ།

  53. སྐྱབ་བཅོལ་བ། says:
    2010-11-18 at 6:12 am

    འོ་ད་ངས་གཅིག་བཤད། ཟམ་གདོང་རིན་པོ་ཆེ་མཆོག་གིས་ལོ་ ༡༠ རིང་དཀའ་ལས་བརྒྱབ་སྟེ་བོད་གཞུང་གི་རྩིས་ཁྲ་གཙང་མ་ཟོས་ཡོད་པ་དེ་སླར་ཡང་ནག་པོ་བཟོ་འདོད་ཡོད་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་ལ་འཇོག་དགོས་པ་རེད།
    ཉེ་ཆར་དྷ་རམ་ས་ལར་བཀའ་ཁྲིའི་བགྲོ་གླེང་ཆེན་མོའི་སྐབས་སུ་འབུམ་ ༩ དྲི་བར་ལན་མ་ཐེབས་པར་བརྟེན་བཀྲས་མཐོང་གདོང་པ་དམར་པོ་ཆགས་སོང་། རྒྱ་རི་སྒྲོལ་མས་སྒོང་སྒོང་ཞིག་བྱེད་ཀྱི་འདུག

  54. སྐྱབ་བཅོལ་བ། says:
    2010-11-18 at 6:20 am

    བློ་བཟང་་སེང་གེ་ལ་གཞན་པའི་རེ་བ་མེད་པའི་དབང་དུ་བྱས་ན་ཡང་བོད་གཞུང་གི་རྩིས་ཁྲ་ནག་པོ་མི་བཟོ་ཐག་ཆོད་ཡིན། དེ་ལ་ཡིད་ཆེས་གཙང་མ་ཡོད། རྒྱ་རི་དང་བཀྲས་མཐོང་ཚང་གཉིས་ཇི་ཞིག་བྱས་ཡོད་མེད་ད་ཚང་མས་ཤེས་ཀྱི་རེད། ད་ཁོང་ཚོ་ཡིད་ཆེས་མེད་ཡ།

  55. སྟག་སྨྱོན། says:
    2010-11-18 at 6:32 am

    བློ་བཟང་སེང་གེ་བཀའ་ཁྲིའི་འོས་གཞིར་སླེབས་པར་དགའ་བ་དང་སེམས་ཁྲལ་གཉིས་ཀ་ཡོད། ཁོང་ལ་དབུ་ཁྲིད་ཅིག་གི་ཉམས་མྱོང་ཉིན་གཅིག་ལའང་མེད་པ་འདི་སེམས་ཁྲལ་ཆེ་ཤོས་རེད། ཁོ་ལ་ཉམས་མྱོང་འདང་ངེས་མེད་པ་གསལ་བོ་རེད། ཁོས་ཞན་སྐྱོན་འདི་ངོས་ཟིན་ནས་རྒན་པ་ཚོར་སློབ་སྟོན་པར་བསྟེན་པ་སོགས་གང་ལྟར་ཁོ་རང་གི་མི་འདང་ས་འདི་གང་འདྲ་བྱས་ནས་ཁ་གསབ་བྱེད་དགོས་མིན་བསམ་བློ་ནན་ཏན་གཏོང་གི་ཡོད་ན་འགྲིག་པ་རེད། དེ་མིན་བཀའ་ཁྲིའི་ལས་འགན་དེའང་རྩོམ་ཡིག་འགྲིག་པོ་ཞིག་འབྲི་བ་ནང་བཞིན་ལས་སླ་བོ་བརྩིས་ཀི་ཡོད་ན་ཁོས་བཀའ་ཁྲི་མི་འཇོན་པ་ཐག་ཆད་ཚར་བ་རེད།
    གང་ལྟར་སྔོན་འགྲོའི་འོས་བསྡུའི་རྒྱལ་ཁ་ཆེ་ཤོས་རྒྱ་རི་ལྟ་བུ་བླ་མ་ཞིག་མ་སླེབས་པ་ཡག་པོ་ཆགས་རེད། བླ་མ་ཚོས་འགྲོ་སོང་དང་དཀའ་ལས་མ་བརྒྱབ་པར་ཆོས་ཟབ་མོ་བཤད་ནས་མི་མང་གི་སེམས་པ་བསྒྱུར་ནས་ལུས་ངག་ཡིད་གསུམ་དབང་དུ་བསྒྱུར་རྒྱུ་དེ་ཡིན་པ་ལས། རང་གི་རྗེས་འབྲང་གི་མདུན་ལམ་དང་འཚོ་བོ་སོགས་ཀྱི་འགན་ཁུར་ནས་དེ་ཐོག་ལས་ཀ་བྱེད་རྒྱུའི་གོམས་གཤིས་ཡོད་མ་རེད།

    ཆབ་སྲིད་པ་བློ་སེང་ལྟ་བུ་ཡིན་ཁོ་རང་གིས་ལས་ཀ་གང་འདྲ་བྱེད་ཀྱི་འདུག་ལྟ་རྒྱུ་ལས་གཞན་ལྟ་དགོས་ས་ཡོད་མ་རེད། བྱས་ཙང་ཁོ་རང་གིས་ཀྱང་རང་གི་ཆབ་སྲིད་ཀྱི་འདུན་ལམ་ཆེད། མི་མང་ལ་མིག་སྟོན་རྒྱུ་ཡོད་པའི་ལས་ཀ་དང་མི་མང་དགའ་སྤྱད་ཀྱི་ལས་ཀ་ཞིག་བྱེད་ཨེ་ཐུབ་དགོས་ཐུག་གི་རེད། དེ་མ་ཐུབ་ན་ཁོ་རང་གི་ཆབ་སྲིད་ཀྱི་མདུན་ལམ་ཤི་ཚར་བ་རེད། བླ་མ་ཚོ་དེ་འདྲ་མ་རེད། མི་མང་ལ་ཕན་ཕོགས་པའི་ལས་ཀ་གང་ཡང་ལས་མ་ཐུབ་ནའང་ཕྱི་མ་ལ་ཕན་གི་ཡོད་མདོག་མདོག་བྱས་ནས་འདུག་ཆོག་གི་རེད།

  56. སྟག་སྨྱོན། says:
    2010-11-18 at 6:32 am

    བློ་བཟང་སེང་གེ་བཀའ་ཁྲིའི་འོས་གཞིར་སླེབས་པར་དགའ་བ་དང་སེམས་ཁྲལ་གཉིས་ཀ་ཡོད། ཁོང་ལ་དབུ་ཁྲིད་ཅིག་གི་ཉམས་མྱོང་ཉིན་གཅིག་ལའང་མེད་པ་འདི་སེམས་ཁྲལ་ཆེ་ཤོས་རེད། ཁོ་ལ་ཉམས་མྱོང་འདང་ངེས་མེད་པ་གསལ་བོ་རེད། ཁོས་ཞན་སྐྱོན་འདི་ངོས་ཟིན་ནས་རྒན་པ་ཚོར་སློབ་སྟོན་པར་བསྟེན་པ་སོགས་གང་ལྟར་ཁོ་རང་གི་མི་འདང་ས་འདི་གང་འདྲ་བྱས་ནས་ཁ་གསབ་བྱེད་དགོས་མིན་བསམ་བློ་ནན་ཏན་གཏོང་གི་ཡོད་ན་འགྲིག་པ་རེད། དེ་མིན་བཀའ་ཁྲིའི་ལས་འགན་དེའང་རྩོམ་ཡིག་འགྲིག་པོ་ཞིག་འབྲི་བ་ནང་བཞིན་ལས་སླ་བོ་བརྩིས་ཀི་ཡོད་ན་ཁོས་བཀའ་ཁྲི་མི་འཇོན་པ་ཐག་ཆད་ཚར་བ་རེད།
    གང་ལྟར་སྔོན་འགྲོའི་འོས་བསྡུའི་རྒྱལ་ཁ་ཆེ་ཤོས་རྒྱ་རི་ལྟ་བུ་བླ་མ་ཞིག་མ་སླེབས་པ་ཡག་པོ་ཆགས་རེད། བླ་མ་ཚོས་འགྲོ་སོང་དང་དཀའ་ལས་མ་བརྒྱབ་པར་ཆོས་ཟབ་མོ་བཤད་ནས་མི་མང་གི་སེམས་པ་བསྒྱུར་ནས་ལུས་ངག་ཡིད་གསུམ་དབང་དུ་བསྒྱུར་རྒྱུ་དེ་ཡིན་པ་ལས། རང་གི་རྗེས་འབྲང་གི་མདུན་ལམ་དང་འཚོ་བོ་སོགས་ཀྱི་འགན་ཁུར་ནས་དེ་ཐོག་ལས་ཀ་བྱེད་རྒྱུའི་གོམས་གཤིས་ཡོད་མ་རེད།

    ཆབ་སྲིད་པ་བློ་སེང་ལྟ་བུ་ཡིན་ཁོ་རང་གིས་ལས་ཀ་གང་འདྲ་བྱེད་ཀྱི་འདུག་ལྟ་རྒྱུ་ལས་གཞན་ལྟ་དགོས་ས་ཡོད་མ་རེད། བྱས་ཙང་ཁོ་རང་གིས་ཀྱང་རང་གི་ཆབ་སྲིད་ཀྱི་འདུན་ལམ་ཆེད། མི་མང་ལ་མིག་སྟོན་རྒྱུ་ཡོད་པའི་ལས་ཀ་དང་མི་མང་དགའ་སྤྱད་ཀྱི་ལས་ཀ་ཞིག་བྱེད་ཨེ་ཐུབ་དགོས་ཐུག་གི་རེད། དེ་མ་ཐུབ་ན་ཁོ་རང་གི་ཆབ་སྲིད་ཀྱི་མདུན་ལམ་ཤི་ཚར་བ་རེད། བླ་མ་ཚོ་དེ་འདྲ་མ་རེད། མི་མང་ལ་ཕན་ཕོགས་པའི་ལས་ཀ་གང་ཡང་ལས་མ་ཐུབ་ནའང་ཕྱི་མ་ལ་ཕན་གི་ཡོད་མདོག་མདོག་བྱས་ནས་འདུག་ཆོག་གི་རེད།

  57. གྲོགས་པོ། says:
    2010-11-18 at 7:57 am

    ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས་་ ཀྱིས་་བོད་ཀྱི་དུས་བབ་སྟེང་།
    (བློ་བཟང་སེང་གེ་ལགས་ཀྱིས་ “ངས་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད།” ཅེས་པ་ཞིག་གསུང་མྱོང་འདུག་མོད་དེ་ནི་གད་མོ་ཁོ་ནའི་དོན་དུ་ཡིན་འདུག འདིའི་སྐོར་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཀྱང་གླེང་སློང་གནང་ཡོད་ཅིང་རྗེས་སུ་ཁོང་གཉིས་བློ་ཁ་ཡོངས་སུ་འཆམས་ཤིང་། འཇམ་དབྱངས་ནོར་བུ་ལགས་ཀྱིས་བློ་བཟང་སེང་གེ་ལགས་ཀྱིས་གད་མོའི་གཏམ་དེ་དངོས་དོན་ལ་བརྩིས་ནས་གང་བྱུང་བཤད་པར་ཡོངས་གྲགས་ཐོག་དགོངས་སེལ་ཞུས་ཡོད།)
    བློ་བཟང་སེངྒེ་ཡི་ལན་དུ།
    འཇམ་དབྱངས་ནོར་པུས།

    བདུན་ཕྲག་གཅིག་སྔོན་ལ་བློ་བཟང་སེངྒེ་ཡིས་ང་ལ་ཞལ་པར་བཏང་ནས་བཤད་བརྒྱུར། ཉེ་ལམ་ངས་ཁོང་གི་བསྐོར་ནས་ཤུགས་ཆེར་གླེངས་ཡོད་པའི་(བསླེབ་ལ་ཉེ་བའི་བཀའ་ཁྲིའི་འོས་བསྡུ)ཞེས་པའི་རྩམ་ཆོས་ཤིག་བྲིས་ཡོད་པ་དེ་ལ་མོས་མཐུན་མེད་ཚུལ་བརྗོད་བྱུང་།བློ་བཟང་ལགས་ཀྱིས་གསུངས་རྒྱུར་ཁོས་Woodrow Wilson གཏམ་བཤད་སྐབས་སུ་(ང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་)ཟེར་ནས་སྐད་ཆ་ཞིག་བཤད་པའང་དྲན་གྱི་མི་འདུག་ཟེར། ད་དུང་ཁོས་ཚོགས་ཐོག་དེར་ཕེབས་ཡོད་མཁན་ཁོང་གི་གྲོགས་པོ་Dr. S.T, ལ། སྐབས་དེར་
    ངས་སྐད་ཆ་དེ་འདྲ་བཤད་བྱུང་ངམ་ཞེས་དྲིས་མོ་དེའི་ཀྱང་དྲན་གྱི་མི་འདུག་ཞེས་ལབ་བྱུང་ཟེར། བློ་བཟང་ལགས་ཀྱིས་ད་དུང་གཏམ་བཤད་དེའི་ནང་ག་རེ་བཤད་ཡོད་པ་ཚང་མ་སྒྲ་འཇུགས་བྱས་ཡོད་པས། དེའི་དཔར་བཤུས་ཤིག་ལག་ཏུ་འེ་ཡོང་བལྟ་ཟེར། ངས་ཁོང་ལ་དེ་འདྲ་ཞིག་རག་ན་ང་ཚོས་དེའི་ཕྱོགས་ནས་རྩོད་པ་བྱེད་
    མ་དགོས་པར་ལས་སླ་བོར་གནད་དོན་དེ་གསལ་བོ་ཆགས་ཀྱི་རེད་ཞེས་ལབ་ཡིན།
    དེ་ལྟར་ཡུན་རིང་ཞིག་ལ་ངེད་གཉིས་ཀྱིས་ཁ་པར་ནང་ཁ་བརྡ་བྱས་ནའང་གང་ཅིའི་ཐད་ནས་མོས་མཐུན་བྱུང་མ་སོང་།
    ད་དུང་ངས་ཁོང་ལ་ཁྱེད་རང་གིས་ངའི་Blogནང་མཆན་དང་དགག་རྒྱག་ཅི་རིགས་བཀོད་ཡོད་པ་ཚང་མ་དཀྲམ་རྒྱུ་ཡིན་ཞེས་ལབ་ཡོད།
    ཁོ་རང་གིས་གང་མགྱོག་མགྱོག་གི་ཡིག་ལན་དེ་ལ་ང་དགའ་བོ་བྱུང་།ཡིན་ན་ཡང་ངས་ཁོང་ལ་དགོངས་དག་ཅིག་བྱས་ཡིན། གང་ཡིིན་ཟེར་ན་ངས་གནད་དོན་འདི་ཡང་སྐྱར་སྤྱི་ཚོགས་ནང་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ལ། ངའི་རྩོམ་ཡིག་འདིས་ཐོག་ནས་ཁྱེད་ལ་ཁེ་ཕན་དང་རྒྱལ་ཁ་ཅི་ཡང་སྤྲོད་ཐུབ་མ་སོང་། ་་་་་་་་་་་་་་ ་་་་་་་་་་་་་་་་་་་

  58. རྡོ་རྗེ་ངང་དཀར། says:
    2010-11-18 at 8:51 am

    དྲ་གྲོགས་རྣམས་ལ་རེ་བསྐུལ་ཞིག
    དཔལ་ན་ལེནྡྲའི་གཙུག་ལག་ཁང་དང་བི་ཊ་མ་ཤི་ལིའི་གཙུག་ལ་ཁང་ཞེས་རྒྱ་གར་གྱི་གནའ་བོའི་མཐོ་སློབ་ཁང་ཆེན་མོ་གཉིས་ཡོད་པར་ང་ཚོའི་རྒྱལ་རབས་དང་ཆོས་འབྱུང་ཁག་དག་ལས་ཡོངས་སུ་གྲགས་ན། ད་ལྟའི་སྐབས་བི་ཊ་མ་ཤི་ལིའི་གཙུག་ལག་ཁང་དེ་ཉིད་དེང་དུས་ཀྱི་རྒྱ་གར་མངའ་སྡེ་གང་དང་ས་ཆ་གང་ལ་ངོས་འཛིན་བཞིན་ཡོད་པ་དང་། དེའི་རྨང་ཤུལ་འདྲ་མཇལ་རྒྱུ་ཡོད་མེད་ཤེས་མཁན་ཡོད་ན་གསལ་བཤད་ཅིག་ཅི་ནས་ཀྱང་གནང་རོགས་ཞུ།

  59. དཔལྡན་རྡོ་རྗེ། says:
    2010-11-18 at 8:54 am

    Dr. Lobsang Sangay on Situation in Tibet – Senate Foreign Relations Subcommittee.

  60. དཔལྡན་རྡོ་རྗེ། says:
    2010-11-18 at 8:55 am

    http://www.youtube.com

  61. བཟང་པོ་ says:
    2010-11-19 at 12:19 am

    ཁྱེད་རྣམས་པས་གསུང་སྟངས་ལ་གཟིགས་ན། བཀའ་བློན་ཁྲི་པ་དེ་བོད་ཡིག་མཁས་པ་ཞིག་དང་བོད་ཡིག་ཐོག་རྩོམ་ཡག་པོ་ཞིག་དགོས་ཀྱི་ཡོད་པ་འདྲ། དེ་ལྟར་ཡིན་ན་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་སོགས་བཀའ་བློན་ཁྲི་པར་བཞག་ཀྱང་ཆོག །ངས་བསམ་པར་བཀའ་བློན་ཁྲི་པ་དེ་གང་སྤྱིའི་ཐོག་ཤེས་འཇོན་གཉིས་འཛོམས་དང་དམིགས་བསལ་གྱི་མཛམ་གླིང་གི་གནས་སྟངས་མཁས་དབང་བློ་བཟང་སེང་གེ་ནང་བཞིན་དགོས་ཀྱི་ཡོད། ང་རང་ཚོས་བོད་ཀྱི་འཐབ་རྩོད་དེ་འཛམ་གླིང་གི་གནས་སྟངས་ལ་གཞིགས་ནས་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན། མ་ཚད་པའི་བཀའ་བློན་ཁྲི་པ་དེ་ལ་ད་བར་ནག་ཉེས་གང་ཡང་མེད་པ་ཞིག་དགོས་ཀྱི་ཡོད། བསྟན་འཛིན་རྣམ་རྒྱལ་ནག་ཉེས་ཡོད་པ་ཚང་མས་མཁྱེན་གསལ་རེད། མི་ནག་ཉེས་ཅན་ཞིག་བཀའ་བློན་ཁྲི་པ་ཞིག་བཀོད་པ་ཡིན་ན། བོད་མི་ས་ཡ་དྲུག་གི་ཞབས་འདྲེན་དང་བོད་པའི་མི་རྫོགས་པ་ཡིན་པ་འདྲ་ཞེས་རྒྱ་ནག་གཞུང་གི་ལྟད་མོ་བལྟས་ནས་བསྡད་ཡོད། ཁོང་སྔོན་མ་བཀའ་བློན་གྱི་གོ་སྣེ་དེ་བཟུང་ནས་ལས་དོན་ཆེན་པོ་བོད་བསྟན་པ་ཆབ་སྲིད་ཆེད་གང་ཡང་གྲུབ་མ་ཐུབ། ད་ཆ་ཟམ་གདོང་བླ་མས་ཀྱང་བོད་གཞུང་གི་བརྩི་ཁྲ་སྐམ་པོ་ཙམ་མ་གཏོགས་བོད་བསྟན་པ་ཆབ་སྲིད་ཀྱི་ལས་དོན་ཆེན་པོ་གང་ཡང་གྲུབ་མ་ཐུབ། དེར་མ་ཚད་དེང་སང་ཁོང་གིས་བོད་དེ་རང་བཙན་ཡིན་པ་ཁོང་ལ་ཤོད་རྒྱུ་གང་ཡང་མེད་གསུང་བཞིན་ཡོད། མཁས་དབང་བློ་བཟང་སེང་གེ་མཆོག་གི་བོད་དེ་སྔར་རང་བཙན་ཡིན་པའི་ཁུངས་ཕྱི་རྒྱལ་མི་སྣ་དང་ཚོགས་ཆེན་ཁག་ལ་ཐེངས་མང་པོ་བཤད་ཡོད། །ཐུགས་རྗེ་ཆེ། །

  62. ངག་དབང་ནོར་བུ། says:
    2010-11-19 at 10:31 am

    ༄༅། །འདིར་ལས་མེད་ཤ་ཅིག་ཞིག་འཛོམས་ནས་ཆོ་ཡོད་ལ་མེད་ལ་ཀྱི་གནད་འགག་ཐོག་བགྲོ་གླེང་གནང་གི་འདུག་པ་གཅིག་ནས་ཡག་པོ་རེད། གཉིས་ནས་དཀྲུགས་ཤིང་གི་གནས་སུ་འགྱུར་ཉེན་ཆེ། གནད་དོན་གཙོ་བོ་ནི་བཀའ་བློན་ཁྲི་པར་བོད་ཡིག་འབྲི་ཀློག་རང་སྐྱ་ཕེར་པ་ཞིག་དགོས་དང་མ་དགོས་རེད། རང་སྐྱ་ཕེར་པ་ཞིག་བྱུང་ན་རྩེ་སྤྲ་ཨང་ཀི་དང་པོ་རེད། རང་སྐྱ་ཕེར་པ་རང་མེད་པ་ཡིན་ཡང་དེ་ཙམ་གྱི་ཧ་ལས་རྒྱུ་གང་ཡང་མེད། གང་ལྟར་སུ་ཞིག་ཕེབས་ཀྱི་ཡོད་ན་ཡང་དེ་ལ་དེང་དུས་ཀྱི་ཤེས་ཡོན་རྒྱལ་སྤྱིའི་གནས་སྟངས་བོད་ཀྱི་རྒྱལ་རབས་ཆོས་འབྱུང་སོགས་མཁྱེན་མཁན་ཞིག་དང་ལྷག་པར་དུ་རང་ཉིད་ཀྱི་ཀླད་པ་དཀྲུགས་རྒྱུའི་ཀླད་པ་དགོས་རྒྱུ་དེ་གལ་འགང་ཆེ་ཤོས་ཡིན་པ་མངོན་། གང་ལ་ཞེ་ན། བོད་ཡིག་མེད་ན་བོད་དྲུང་དང་དབྱིན་ཡིག་མེད་ན་དབྱིན་དྲུང་སོགས་ང་ཚོས་བཀའ་ཤག་ཁྱབ་ཁོངས་ལས་ཁུང་ཚང་མར་དྲུང་ཆེ་རེ་རེ་ཡོད་པས་ཁོང་རྣམ་པའི་འགན་འཁུར་ངེད་ཀྱང་གལ་ཏེ་བཀའ་ཁྲིར་ཕེབས་པའི་གང་ཟག་དེར་ཀླད་པ་དཀྲུགས་རྒྱུའི་ཀླད་དེ་མེད་ན་སུ་ལ་ཡང་ཀླད་པའི་ཀླད་དྲུང་ཡོང་ཐབས་མེད་པས་དེང་དུས་ཀྱི་ཀླད་ལྡན་ཞིག་དགོས་གལ་ཆེ།

  63. སྟག་སྨྱོན། says:
    2010-11-19 at 10:45 am

    བློ་བཟང་སེང་གེར་རྒྱབ་སྐྱོར་བྱེད་ཀྱི་་ཡོད། འོན་ཀྱང་ཁོང་ལ་རྒྱབ་སྐྱོར་བྱེད་ཆེད་གཞན་པ་ཚོ་ནག་པོ་བཟོ་ཨེ་ཐུབ་ལྟ་གི་མེད། དེ་ནི་དྲང་པོ་མ་རེད། བཀྲས་མཐོང་ལ་དངུལ་གྱི་གླེང་རྙོག་ཅིག་བྱུང་བ་བདེན་པ་རེད། ཡིན་ཡང་རྙོག་དེས་བཀྲས་མཐོང་མི་ནག་པོ་གཅིག་ཡིན་པ་མཚོན་གི་མེད་པར། དེ་ལས་ལྡོག་ཏེ་ཁོང་གིས་ལས་ཀ་ཆེན་པོ་དང་གནས་སྟངས་སྣ་ཚོགས་ནང་ཕྱག་ལས་གནང་མྱོང་བ་མཚོན་པ་རེད། བཀྲས་མཐོང་གིས་མི་ཚེ་ཧྲིལ་བོར་ཆོལ་ཁ་དང་ཆོས་ལུགས། སྒེར་ནད་དང་ཁྱིམ་རྒྱུད་སོགས་ཀྱི་རྙོགས་དྲའི་སྐྱག་དྲི་ཆེན་པོས་རྒྱངས་པའི་བོད་མིའི་སྤྱི་ཚོགས་ཀྱི་རྒྱུ་མ་རིང་པོ་ཁུག་ཀྱོག་ཁུག་ཀྱོག་ཚང་མ་རྒྱུད་ནས་ཡོང་མྱོང་མཁན་གྱི་ཆབ་སྲིད་པ་གཤའ་མ་ཞིག་ཡིན་ཕྱིར། རྙོག་གླེང་དེ་ཙམ་མི་ཡོང་བ་མི་སྲིད་པ་ཞིག་རེད།
    བློ་བཟང་སེང་གེར་དེ་འདྲའི་རྙོག་གླེང་བྱུང་མེད་པ་ཕྱོགས་གཅིག་ནས་ཡག་རྟགས་མ་རེད། གང་ཡིན་ཟེར་ན་ཁོས་རང་ལོ་ང་བཅུ་ཟིན་ཟིན་བར་དུ་ལས་ཀ་གང་ཡང་བྱས་མྱོང་མེད་པ་མཚོན་གྱི་ཡོད་རེད། ལས་དོན་གང་ཡང་མ་ལས་ན་རྙོག་དྲ་གང་ཡང་ཡོང་ཤེས་ཀི་མ་རེད། བྱས་ཙང་ང་ཚོ་ད་དུང་བློ་བཟང་སེང་གེར་ཆ་རྒྱུས་ཡོད་མ་རེད། ཁོང་ལ་རྙོག་གླེང་ག་རེ་ཡོང་མིན་གཞི་ནས་འགོ་འཛུགས་ཏེ་ལྟ་རྒྱུ་རེད། ད་བར་དུ་ཁོ་རང་སློབ་གྲྭ་ཡག་པོར་འགྲོ་རྒྱུའི་གོ་སྐབས་ཐོབ་མྱོང་བ་དང་། སློབ་སྦྱོང་གི་སྦྱང་འབྲས་ཀྱང་མི་དམན་པ་ཐོབ་པའི་སློབ་ཕྲུག་གཏམ་བཤད་ཡག་པོ་གནང་ཐུབ་མཁན་ཞིག་ཡིན་པ་ལས། གཞན་ང་ཚོས་ཁོའི་སྐོར་གང་ཡང་ཤེས་ཀྱི་ཡོད་པ་མ་རེད།

  64. སྦྲ་ནག་ཚང་། says:
    2010-11-19 at 12:02 pm

    ངའི་དོག་པ་དེར་སུ་ཞིག་གིས་ཀྱང་འབྲེལ་བཤད་མི་གནང་བ་ག་རེ་ཡིན་ན།

    བློ་སེང་གིས་ཁོང་ལ་རྒྱ་གར་གྱི་སྐྱབས་བཅོལ་ལགས་འཁྱེར་སེར་བོ་མ་གཏོག་མེད་གསུང་ཡོད་ལ་། སྐྱབས་བཅོལ་ལགས་འཁྱེར་སེར་བོ་དེས་ཐོག་ནས་རྒྱ་ནང་ལ་ཐེང་ཁ་ཤེས་ག་འདྲ་སུ་ཕེབས་པ་རེད་། ངས་ཤེས་འདོད་པ་ནི་། ཁོང་གི་ང་ཚོར་གསུང་པས་སྐད་ཆ་དག་གི་ནང་དུ་། ཁ་བཤད་དང་ལགས་ལེན་མི་འདྲ་བ་མང་པོ་ཡོད་པ་དེ་གནད་འགག་རེད་།

  65. སྦྲ་ནག་ཚང་། says:
    2010-11-19 at 12:14 pm

    འོ་དུང་ཁ་སྣོན་ཞིག་རྒྱག།
    ཉེ་སྔོན་ཟམ་གདོང་རིན་པོ་མེ་ནེ་སོ་ཏྲར་ཕེབས་སྐབས་། མང་ཚོགས་ཀྱི་ཕྲོད་ནས་།
    བློ་སེང་པེ་ཅིང་ལ་སོང་བ་དེ་བོད་གཞུང་དང་སྐུ་སྒེར་གང་རུང་ནས་མཆོག་མཆན་ཡོད་དམ་། ཞེས་དྲིས་བ་ཞིག་དྲིས་སོང་། འདི་ལན་ནི་། ཡོད་ན་ཡོད་དང་། མེད་ན་མེད་། ཞེས་ཚིགས་རྐང་གཅིག་ལས་མི་དགོས་མོད་། ཟམ་གདོང་རིན་པོ་ཆེ་ཡི་སྐར་མ་ཉི་ཤུའི་རིང་ཚད་ཅན་གྱིས་འབྲེལ་བཤད་རིང་མོ་ཞིག་གནར་ནས་། མཐའ་དོན་དེར་། ཡོད་མེད་ཀྱི་གསལ་ཁ་གང་ཡང་མེད་པ་གསུང་འདུག། འདི་དྲ་གྲོགས་དག་གིས་གཟིགས་ན་ག་རེ་ཡིན་ན། དོན་དངོས་སུ་། བཀའ་ཤག་དང་སྐུ་སྒེར་གང་རུང་གི་མཆོག་མཆན་ཡོད་ན་། ལན་དེ་ལས་སླ་བོ་ཡིན། དེ་གཉིས་གང་རུང་ནས་མཆོག་མཆན་མེད་ཙང་་ཟམ་གདོང་རིན་པོ་ཆེ་ཡི་མེད་གསུང་མ་ཐུབ་པར་། ལན་ཨ་རིང་རྒྱ་རིང་དེ་གསུང་བ་རེད་།

  66. གཅན་ཕུག་རོན། says:
    2010-11-19 at 1:20 pm

    སྐྱབས་བཅོལ་བ་ལགས། ཁྱེད་ཀྱིས་བཤད་པ་དེ་བདེན་པ་རེད། ཨ་མ་རྗེ་བཙུན་པདྨས་ཤེས་ཡོན་སྲིད་བྱུས་ཁས་ལེན་གནང་ཡོད་མ་རེད། ཡིན་ནའང་། ཁོང་གིས་ཁས་ལེན་མ་གནང་བའི་རྒྱུ་མཚན་གང་ལ་ཐུག་ཡོད། ཚོད་ཚོད་ལ་སྐད་ཆ་མ་བཤད་རོགས། ངས་བལྟས་ན་ཁྱེད་རང་སློབ་གྲྭ་འགྲོ་མྱོང་མཁན་ཞིག་མ་རེད།༼གནས་སྟངས་ཤེས་ཀྱི་མི་འདུག ༽ གལ་ཏེ་ཡིན་ན། སྐད་ཆ་དེ་འདྲ་བཤད་སྲིད་ཀྱི་མ་རེད། ཁྱེད་ཀྱིས་ཤེས་རིག་སྐད་ཆ་དྲིས་ན་ཆོག་གི ཀློག་དེབ་ཚང་མ་བསྒྱུར་ཚར་ཡོད་དམ་མེད། ཡོད་ན་ཇི་ལྟར་བསྒྱུར་ཡོད། སུས་བསྒྱུར་ཡོད། བསྒྱུར་སྟངས་ཇི་འདྲ་རེད། རེ་རེ་བཞིན་སྟོན་ཞོག ཤེས་རིག་གི་ཀློག་དེབ་བསྒྱུར་མཁན་ཚོ་ངས་མ་བཤད་ཀྱང་ཁྱེད་ཀྱིས་མཁྱེན་གསལ་རེད། གལ་ཏེ། ཀློག་དེབ་ཚད་ལོངས་པ་ཞིག་བསྒྱུར་ཡོད་ན། མི་གཞན་དང་བོད་གཞུང་གིས་སྐུལ་སློང་མ་བྱས་ཀྱང་ཨ་མ་ལགས་་དང་བོད་ཁྱིམ་གྱིས་དང་བླངས་ཐོག་ལག་བསྟར་གནང་གི་རེད། དཔེ་མཚོན་དུ། དེང་སྐབས་བོད་ཁྱིམ་དུ་འཛིན་རིམ་ལྔ་བའི་བར་བོད་ཡིག་རྐྱང་པ་སློབ་ཀྱི་ཡོད་པ་དེའང་བོད་ཁྱིམ་ནས་ཐོག་མར་མགོ་འཛུགས་བྱས་པ་ལས་དེར་ཤེས་རིག་གིས་ལམ་སྟོན་སོགས་ཅི་ཡང་གནང་མེད། དེ་ཤེས་པར་གྱིས། ཤེས་རིག་གིས་འཛིན་རིམ་བཅུ་གཉིས་བར་གྱི་ཀློག་དེབ་ཚད་ལོངས་བ་ཞིག་བསྒྱུར་ཡོད་ཚེ། ཨ་མ་ལགས་དང་བོད་ཁྱིམ་གྱིས་ཏན་ཏན་ལག་ལེན་བསྟར་ངེས་རེད། དེ་མིན་ཀློག་དེབ་ཁུངས་འཁྱོལ་ལ་འཁྱོལ་བ་དེ་འདྲ་བསྒྱུར་ན། བོད་ཕྲུག་སྟོང་ཕྲུག་ཁྲི་ཕྲག་གི་མདུན་ལམ་འཕྲོ་བརླག་ཙམ་དུ་མ་ཟད། ཕྱིས་སུ་འགྱོད་པའི་རྒྱུ་རུ་འགྲོ་སྲིད། དེའི་སྟབས་ཀྱིས། ངས་ཤེས་ཡོན་སྲིད་བྱུས་ཟེར་བ་ཡག་པོ་མི་འདུག་ལབ་ཀྱི་མེད་ཀྱང་། ད་ལྟའི་ཀློག་དེབ་ཁུངས་མི་འཁྱོལ་བ་དེ་འདྲ་ལག་བསྟར་བྱས་ཚེ་བོད་ཕྲུག་སྟོང་ཕྲག་མང་པོར་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་། སློབ་ཕྲུག་དེ་དག་དགོན་པའི་ནང་གི་གྲྭ་བ་དང་མི་མཚུངས་ལ། ཁོང་ཚོས་སྤྱི་ཚོགས་འདྲ་མིན་ནང་རང་གི་ནུས་པར་བརྟེན་ནས་འཚོ་བ་བསྐྱལ་དགོས་ཀྱི་ཡོད་ལ། དེ་ལས་ཀྱང་བོད་དོན་དང་འཛམ་གླིང་ནང་ཕན་པའི་དུས་རབས་ཉེར་གཅིག་པའི་ཤེས་ཡོན་པ་ཞིག་དགོས་བྱ་དགོས་པ་ལས། དུས་ནས་དུས་སུ་ལགས་སོ་ལགས་སོ་ཞུས་ཏེ་མཐའ་མི་འཁྱོལ་བའི་སྲིད་བྱུས་དེ་ལག་བསྟར་བྱེད་བཅུག་ན་ཅི་ལ་འགྲིག ངའི་གསལ་བཤད་འདིས་ཁྱོད་ལ་གོ་བ་ཞིག་རྙེད་ཐུབ་པའི་རེ་བ་ཡོད། དེ་མིན་ང་ལ་ཐབས་ཤེས་གཞན་མེད། ཐུགས་རྗེ་ཆེ།

  67. བདེ་སྐྱིད་བཟང་བོ། says:
    2010-11-20 at 2:19 am

    གངས་ཕྲུག་དང་རིན་ཆེན་གཉིས་ལ་ཆེས་མཐའ་མའི་ལན་དུ།

    སྔ་དགོང་བརྡ་དག་བློ་བ་ཁད་ཀྱིས་ཟུངས།།
    ཁོམ་དུས་ལྷ་ཆབ་སྦྱིན་པའི་ཞབས་ལ་གཏུགས།།
    མི་འགྱངས་རྒྱ་དང་དགྱ་ཡི་དབྱེ་བ་གསལ།།
    ངང་གིས་དོགས་པ་ཡོད་ཚད་གྲོལ་ངེས་ཡིན།།

  68. སྣང་གསལ། says:
    2010-11-22 at 12:17 am

    བོད་ཡིག་ནང་རྩོམ་ཡིག་འབྲི་ཐུབ་ཀྱི་མེད་ན་མ་བྲིས་ན་ཆོག
    གོང་གི་བློ་སེང་གི་རྩོམ་དེ་ཚོ་སྒྱུར་ཡིག་རེད་འདུག
    དེ་དག་རང་གིས་བོད་ཡིག་ནང་བྲེས་པ་ཡིན་ཁུལ་བྱས་པ་ནི་བཟང་སྤྱོད་དང་འགལ་པ་རེད།

  69. དབུ་མའི་ལམ། says:
    2010-11-24 at 10:23 am

    བློ་སེང་བོད་ཡིག་ཤེས་ཚད་མཐོན་པོ་མེད་པ་རྒྱ་གར་དུ་སྐྱབས་བཅོལ་སློབ་གྲྭ་ནང་ནས་ཐོན་པ་སྤྱི་མཚུངས་རེད། གཞི་རིམ་སློབ་གྲྭ་ནས་གསར་དུ་ཕེབས་བོད་ཕྲུག་བརྒྱ་ཆ་༩༩རྩོམ་རྒྱག་རྒྱུ་ཕར་ཞོག་བོད་ཡིག་འབྲི་ཀློག་ཚད་ལྡན་མེད་ཀུན་གསལ་རེད། བློ་སེང་ལ་དམིགས་བསལ་གྱི་བོད་ཡིག་མཁས་པོ་མེད་པ་ཟུར་བལྟས་ལེབ་མཐོང་རེད། དེ་མཚུངས་བྐརས་མཐོང་བསྟན་རྣམ་ལགས་ཀྱིས་ཀློག་ཤེས་ཙམ་ལས་རྩོམ་རྒྱག་རྒྱུ་ཕར་ཞད་ཡིན་པ་ང་ཚོས་ཤེས། རྒྱ་རི་སྒྲོལ་མས་བོད་ཡིག་ཀློག་ཤེས་ཀྱི་མ་རེདལ་ཀློག་སར་བལྟོས་དང་མགོ་རྐུབ་ལ་སྦྱར་། རྐུབ་མགོ་ལ་སྦྱར་ཏེ་གོ་རྒྱུ་ཚོར་རྒྱུ་མེད་པ་དེ་འདྲ་ཀློག་གི་རེད། སྐབས་རེར་མི་མང་ནང་ཡི་གེ་ཀློག་དགོས་ཐུག་བདུན་པྲག་ཁ་ཤས་མགོ་རྐུབ་སྦྱར་སྟངས་སྦྱོང་དགོས་ཀྱི་ཡོད་འདུག། བཀྲ་ཤིས་དབང་འདུས་ཀྱིས་བོད་ཡིག་ཀློག་བཟང་པོ་མེད་ཀྱང་ཀློག་ཤེས་ཙམ་རེད། བློ་བཟང་སྦྱིན་པ་དང་བསོད་ནམས་སྟོབས་རྒྱལ་གཉིས་དྲུང་ཆེའི་འགན་རྒྱུན་རིང་བླངས་སྟབས་བོད་ཡིག་ཅུང་དྲགས་པའི་རེ་བ་རྒྱག་ཆོག འོན་ཀྱང་ཁོང་གཉིས་རྩོམ་པ་པོ་མིན་པ་ཤེས་གསལ་ཡིན། ང་ཚོའི་སྤྱི་ཚོགས་འདིའི་ནང་གི་བཀའ་ཁྲིའི་འོས་གཞི་ ༦ པོ་ནས་བློ་སེང་ལས་དྲགས་པའི་བོད་ཡིག་མཁས་ཅན་རྩོམ་པ་པོ་ཞིག་སུ་འདུག རྒྱལ་ཁབ་སྤྱི་མཚུངས་ལྟར་ང་ཚོའི་སྲིད་བློན་གྱིས་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིན་ཤེས་མིན་ལ་མ་ལྟོས་པར་དེ་དག་གི་དྲུང་ཡིག་རེ་འཇོག་དགོས་པ་ཕྱི་བལྟས་ནང་གསལ་ཡིན། བཀའ་ཁྲི་ཟམ་གདོང་ནས་ཀྱང་སྒེར་དྲུང་། ཚིག་ཐོ་འགོད་མཁན་བསྐོ་བཞག་གིས་ཁོ་ཚོས་གཏན་འབེབས་བྱེད་པ་ལས་བཀའ་ཁྲི་རང་གིས་བརྩམས་ལུགས་མེད། གྲོས་ཚོགས་སུ་ལན་འདེབས་ཐམས་ཆད་དྲུང་ཆེ་ཚོས་གྲ་སྒྲིག་བྱས་ཏེ་གསུང་གི་ཡོད་པ་ལས་བཀའ་ཁྲིར་ཐམས་ཅད་མཁྱེན་པ་ལྡན་ཡོད་པས་མིན་པ་ཤེས་དགོས།

  70. དབུ་མའི་ལམ། says:
    2010-11-24 at 10:39 am

    རྒྱ་ནག་ལ་འགྲོ་དུས་རྒྱ་མིས་སྤྲད་པའི་ལག་འཁྱེར་བེད་སྤྱོད་གཏོང་ཡོད་འགྲོ་བསམ་གྱི་འདུག ང་ཚོའི་སྐུ་ཚབ་ཚང་མ་ཕྱི་རྒྱལ་མི་སེར་གྱི་ལག་འཁྱེར་ཡོད་པ་ཤ་སྟག་མིན། དེ་འདྲ་སོང་ཙང་བློ་སེང་ལ་ཕྱི་རྒྱལ་མི་སེར་གྱིལག་འཁྱེར་མེད་ཚེ་དེ་འདྲ་བྱས་ཏེ་ཕྱིན་ཡོད་རྒྱུ་རེད། དེ་ལ་ཡ་མཚན་རྒྱུ་གང་ཡང་མི་འདུག དེང་སང་ལག་འཁྱེར་རགས་མ་རགས་ཙམ་རེད་མ་གཏོགས་བོད་དུ་འགྲོ་རྐྱང་འགྲོ་བཞིན་པ་འདི་འགོག་ཐབས་མེད་པ་ཞིག་རེད། རང་ཡུལ་ཐེངས་གཅིག་མཐོང་ན་མི་འགྲོ་མཁན་སུ་ཡོད། ཕྲན་ལ་ལག་འཁྱེར་ཞིག་ཐོབ་ཚེ་འགྲོ་རྐྱང་འགྲོ་རྒྱུ་ཡིན། དེ་ལ་སྒྲོ་སྤུ་གང་ཡང་འདོགས་རྒྱུ་འདུག་གམ། ཁྱེད་རང་བོད་དུ་འགྲོ་འདོད་མེད་དམ། འགྲོ་ཐུབ་མ་ཐུབ་དེ་ཐབས་ཤེས་བཟངད་ངན་ལ་རགས་ལས་སྟབས་ཀཅིག་བྱས་ན་ཁྱེད་རང་འཆལ་གཏམ་འདྲ་བཤད་པ་ལས་ཐབས་ཟད་དེ་འདྲ་ཡིན་རྒྱུ་རེད།

  71. སྦྲ་ནག་ཚང་། says:
    2010-11-25 at 10:23 am

    བློ་སེང་གི་ཁ་བཤད་དང་ལགས་ལེན་འགལ་བ་འདུག་། ཟེར་བ་དེ་ཡིན། བོད་ཡིག་མི་ཤེས་བཞིན་ཤེས་འདོག་བྱེད་པ་དེ་འགལ་བ་གཅིག་རེད་། ང་ཚོའི་སྐུ་ཚབས་ཚོ་ཆ་རྐྱེན་དེས་ཐོག་ནས་འགྲོ་དགོས་བར་བོད་གཞུང་སྒེར་གཉིས་ཀྱི་མུས་འཐུན་ཡོད་པ་རེད་། བློ་སེང་གི་རྒྱ་ནག་གཞུང་གི་ཕྱི་སྡོད་རང་མིའི་ལགས་ཁྱེར་བཟུང་ནས་པེ་ཅིང་ལ་སོང་བ་དེས་དོན་གྱིས་ཁོ་རང་རྒྱའི་མངའ་ཁོང་གི་མི་སེར་ཞིག་ཏུ་ཁས་བླང་བ་རེད་། དེ་ནི་ཁོ་མིའི་སྒེར་བས་ཐག་བཅད་ཞིག་ཡིན་མོད་། འདིར་བཤད་འདོད་པ་ནི་། ཁོས་ང་ལ་རྒྱ་གར་གྱི་པ་སེ་སེར་བོ་མ་གཏོག་མེད་།
    དེསསྟབས་ཀྱི་ང་རང་བལ་ཡུལ་ཡང་འགྲོ་ཐུབ་མ་སོང་ཞེས་ཁ་བཤདདང་་ལེན་འགལ་བ་སྟོན་པ་འདི་གནད་འགག་རེད་། བོད་ཡིག་ཤེས་མི་གནད་འགག་མི་འདུག། མི་ཤེས་ན་དྲུང་ཡིག་བཞག་པ་མཐུས་མོད། མི་ཤེས་ན་ཡང་ཤེས་འདོག་བྱེད་པ་འདི་གནད་འགག་རེད་། རྩ་བས་བློ་སེང་གི་ཤེས་ཡོན་ཆེན་པ་གང་ཡོད་། ཧེ་ཝུར་གྱི་ཟུར་སློབ་ཞིག་་བྱས་ནས་བསྡད་པ་དེར་ཁྱི་མིང་ལ་སེངྒེ་བཏག་གི་ཡོད་པ་རེད་

  72. ལྷ་སྨོན་པ། says:
    2010-11-26 at 2:11 pm

    གནད་དོན་ཆུང་ཙག་ཁ་ཤས་ཀྱི་ཐོག་ལ་བགྲོ་གླེང་དང་དཀྲོག་གཏམ་གང་མང་སྤེལ་བཞིན་འདུག བློ་བཟང་སེང་གེས་རྩོམ་ཡིག་དབྱིན་ཡིག་ནང་བྲིས་པ་མང་པོ་མཐོང་མྱོང་ལ། ད་ལོ་བོད་ཀྱི་དུས་བབ་ནང་ཁོང་གིས་བྲིས་པའི་རྩོམ་ཡིག་མང་པོ་ཞིག་ཀྱང་མཐོང་སོང་། དེ་དག་ནི་ནང་དོན་ཕུན་སུམ་ཚོགས་པ་རྐྱང་རེད་འདུག རྩོམ་ཡིག་དེ་དག་ཚང་མ་དབྱིན་ཡིག་ནང་ཕ་ཡུལ་དྲ་རྒྱ་སོགས་སུ་བཀོད་འདུག་པས། བློ་བཟང་སེང་གེས་དབྱིན་ཡིག་ཐོག་བྲིས་ནས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན་པ་ཕལ་ཆེར་ཁ་ཚོན་བཅད་ནས་བཤད་ཆོག་པ་ཞིག་རེད། འོན་ཀྱང་རྩོམ་ཡིག་ཟེར་བ་དེའི་ནང་དོན་གྱི་ཐོག་ནས་མི་མང་ལ་ག་རེ་ལམ་སྟོན་བྱེད་ཀྱི་འདུག་དེ་གལ་ཆེན་པོར་ལྟ་དགོས་པ་མ་རེད་དམ། ད་ལྟ་ང་ཚོས་ལྟ་དགོས་པ་དེ་རྩོམ་ཡིག་དེ་དག་ལ་རིན་ཐང་འདུག་གམ་མི་འདུག དེ་ལྟ་དགོས་པ་རེད། རིན་ཐང་ཡོད་ན་འགྲིག་པ་རེད། རྩོམ་ཡིག་དེ་དག་ལ་རིན་ཐང་མེད་ན་དེ་ལ་བསམ་བློ་གཏོང་དགོས་པ་ཞིག་རེད། བཀའ་ཁྲིའི་འོས་གཞིའི་ཞིག་གི་ཆབ་སྲིད་ཀྱི་གནས་ཚད་དང་བསམ་བློའི་གནས་ཚད་མཚོན་གྱི་ཡོད་པ་རེད།

    རྩོམ་ཡིག་གི་ནང་དོན་གལ་ཆེན་པོ་དང་ཕུན་སུམ་ཚོགས་པ་ཡོད་ན་གཞན་སུས་བསྒྱུར་དང་མ་བསྒྱུར་དེ་གནད་འགགས་ཆེན་པོ་དེ་ཙམ་མ་རེད། སྒྱུར་མཁན་གྱིས་མིང་མ་བྲིས་པ་དེ་སྒྱུར་མཁན་ཁོ་རང་གིས་འདོད་མོས་ཡིན་པ་ལས། དེ་བློ་བཟང་སེང་གེའི་མི་གཞི་དང་འབྲེལ་བ་ཡོད་དམ། དཔེར་ན་༧གོང་ས་མཆོག་གི་བཀའ་རྩོམ་སྐད་གྲགས་ཅན་དབྱིན་ཡིག་ནང་དེབ་མང་པོ་ཡོད་པ་དེ་དག དོན་དངོས་རེ་རེ་བཞིན་༧གོང་ས་མཆོག་གིས་བརྩམས་གནང་བ་ཞིག་རེད་དམ། འདི་དག་ཀྱང་གསུང་བསྒྱུར་དང་དྲུང་ཡིག་ཚོས་༧གོང་ས་མཆོག་གི་དགོངས་གཞི་དང་གསུང་བཤད་གལ་ཆེན་ཁག་བྲིས་པ་ཞིག་མིན་ནམ་བསམ་ཡོད། འོན་ཀྱང་གཞན་ལ་མེད་པའི་ནང་དོན་གལ་ཆེན་པོ་དེ་དག་༧གོང་ས་མཆོག་གི་ཡིན་སྟབས་དེ་༧གོང་ས་མཆོག་གིས་བརྩམས་གནང་བ་མ་རེད་ཅེས་སུས་བཤད་ཐུབ་ཀྱི་རེད། གནད་དོན་འདི་འདྲ་མང་པོ་ཡོང་གི་རེད།

    འོན་ཀྱང་བློ་བཟང་སེང་གེ་བོད་ཡིག་གཏན་ནས་མི་ཤེས་མཁན་ཞིག་རེད་ཟེར་བ་དེ་ཡང་བདེན་པ་གཏན་ནས་མ་རེད། ཁ་ཤས་ཀྱིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ཤེས་བྱ་དུས་དེབ་ཐོག་མ་བཏོན་པ་རེད་ཟེར། དེའི་ཤུགས་ཀྱིས་ཁོང་བོད་ཡིག་ཐོག་རྩོམ་པ་པོ་རེད་ཟེར་གྱི་ཡོད་པ་འདྲ། ངས་བལྟས་ན་འདི་ཡང་དེ་དང་གཅིག་པ་རེད་བསམ་གྱི་འདུག བསྟན་འཛིན་རྣམ་རྒྱལ་གྱི་ལོ་རྒྱུས་ལ་བལྟས་ན་ལོ་༢༥ ཐོག་ནས་ཨ་རི་ལ་སོང་འདུག བོད་ཡིག་མཁས་པ་ཞིག་གང་ནས་སྦྱངས་པ་རེད། འཇམ་དབྱངས་ནོར་བུས་རྩོམ་སྒྲིག་བྱས་པ་དང་། དམངས་གཙོ་ཚགས་པར་ནང་བཀྲས་མཐོང་བསྟན་རྣམ་ཀྱིས་བོད་གཞུང་གི་དངུལ་ལྐོག་ཟ་བྱས་ཚུལ་མང་པོ་བོད་ཡིག་ནང་བྲིས་ཡོད། དོན་དངོས་ཐོག་འཇམ་དབྱངས་ནོར་བུས་བོད་ཡིག་ཀློག་ཤེས་པ་ཙམ་ལས་གཏན་ནས་འབྲི་མི་ཤེས་ཀྱང་། ཁོ་རང་གི་བསམ་ཚུལ་བཤད་ནས་མི་གཞན་ལ་འབྲི་བཅུག་པ་རེད། འོན་ཀྱང་རྩོམ་སྒྲིག་པའི་མིང་ཁོ་རང་བྲིས་ཡོད་པ་རེད། འདི་ཡང་དཔེ་མཚོན་ཞིག་མ་རེད་དམ། རྩོམ་དེ་དག་འཇམ་དབྱངས་ནོར་བུའི་མ་རེད་ཅེས་སུས་བཤད་ཐུབ།

    འཇམ་དབྱངས་ནོར་བུས་སྔོན་མ་ཕོ་སར་ཡིན་པའི་སྤུན་མཆེད་ཀྱི་བསམ་བློ་མ་བཏང་བར་ཨ་མྱེས་རྨ་ཆེན་ཚོགས་པ་ལ་སྔོན་མ་བཀའ་ཤག་ནས་ལོ་རེ་ཧིན་སྒོར་འབུམ་རེ་སྤྲད་བཞིན་པ་དེ་དག་བསྟན་འཛིན་རྣམ་རྒྱལ་བཀའ་ཁྲི་ཡིན་པའི་སྐབས་བཀག་པར་བརྟེན་མ་དགའ་ནས་སྤུན་མཆེད་ཀྱི་ངོ་ལ་མ་བལྟས་པར་དངོས་ཡོད་གནས་ཚུལ་བརྗོད་པ་རེད། ད་ལྟའི་ཆར་འཇམ་དབྱངས་ནོར་བུའི་ཨ་མ་བཀྲས་མཐོང་ཚང་གི་ཡིན་པར་བརྟེན་ན་ཚ་ཆུང་ཙག་རྙིང་པ་དེ་གཡུགས་ནས་གཉེན་ཉེའི་ངོ་ལ་བལྟས་ནས་བློ་བཟང་སེང་གེ་ལ་རྒོལ་བའི་ཕྱོགས་རིས་ཀྱི་རྩོམ་འཆལ་མང་པོ་ཞིག་སྤེལ་བ་རེད།

    སྤྱིར་འཇམ་དབྱངས་ནོར་བུ་ལ་མཚོན་ན་བསྔགས་འོས་པའི་དོན་དག་གཅིག་ཡོད་པ་ནི། བོད་རང་བཙན་ཡིན་པའི་སྒྲུབ་བྱེད་ཡིག་ཆ་དང་འདྲ་པར་གལ་ཆེན་མང་པོ་ཞིག་ཕྱོགས་བསྒྲིགས་གནང་ཡོད་ལ། དབྱིན་ཡིག་ཐོག་རྩོམ་ཡིག་འབྲི་སྐབས་སྤུས་ཚད་ཡག་པོ་ཡོད་པ་དེ་ཡིན། མི་གཞི་དང་འཇོན་ཐང་གི་ཐོག་ནས་བཤད་ན་ཁོངས་མ་འཁྱོལ་བ་རྐྱང་པ་ལས་གང་ཡང་མེད་པས། ཁོང་གི་ཁོངས་མ་འཁྱོལ་བ་རེ་ཟུང་ཞིག་ངས་གཤམ་དུ་ངོ་སྤྲོད་བྱེད་རྒྱུ་ཡིན།

    ༡༽ སློབ་གྲྭ་ཁོངས་མ་འཁྱོལ་བར་འཛིན་གྲྭ་༡༢ ལས་སློབ་གྲྭར་མ་སོང་བར་མཚམས་འཇོག་བྱས་ཡོད།
    ༢༽ གློ་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས་ཙམ་བྱས་ཀྱང་ཁོངས་འཁྱོལ་བ་ཞིག་བྱེད་ཐུབ་མེད།
    ༣༽ གཞོན་ནུའི་སྒྲིག་འཛུགས་ཀྱི་ནང་དུ་ལས་ཀ་བྱས་ཀྱང་མཐའ་མ་ཁོངས་འཁྱོལ་མེད།
    ༤༽ བོད་ཀྱི་ཟློས་གར་གྱི་དབུ་འཛིན་བྱས་ཀྱང་ཁོངས་མ་འཁྱོལ་བར་རྩ་དགོངས་ཞུས་ཡོད།
    ༥༽ ཨ་མྱེས་རྨ་ཆེན་ཞེས་པའི་ཚོགས་པ་ཞིག་བཙུགས་ཀྱང་ལོ་རེ་གཉིས་ཤིག་ལས་མཐའ་མ་འཁྱོངས་པར་བཀྲ་ཤིས་ཚེ་རིང་ཁོ་ནའི་སྐེ་ཐོག་ཏུ་བཞག་ཡོད།
    ༦༽ དམངས་གཙོ་གསར་ཤོག་ཟེར་བ་ཞིག་འདོན་འགྲེམས་བྱས་ཀྱང་ལོ་རེ་ཟུང་ལ་གསར་འགྱུར་གྱི་མཇུག་ཏུ་ཁོ་རང་གིས་བསམ་ཚུལ་བྲིས་ནས་སྐབས་རེ་ཁྲིམས་དཔོན་ཡིན་པའི་བཟོ་འདྲ་པོ་དང། སྐབས་རེ་ཁྲིམས་རྩོད་པ་ཡིན་པའི་བཟོ་འདྲ་པོ་བྱས་ནས་ཨ་གསར་གང་འཚམས་བྱས་ཀྱང་། ལོ་རེ་ཟུང་ལས་མཐའ་མ་འཁྱོལ་བར་ངན་ཁག་སྤྱི་ཚོགས་ལ་གཡོགས་ནས་སྒོ་བརྒྱབ་ཡོད།
    ༧༽ ཆུང་ས་ནས་བཤད་ན་ཁོང་གི་པ་ལགས་རྡོ་རྗེ་གླིང་དུ་ཡོད་ཀྱང་དེ་དང་མ་འགྲིག་པར་འབྲེལ་བ་གང་ཡང་མེད་པར་གྱུར་ཡོད།

    གནད་དོན་འདི་དག་གི་ཐོག་ནས་བཤད་ན་འཇམ་དབྱངས་ནོར་བུས་བློ་བཟང་སེང་གེ་ལ་སྐུར་འདེབས་འདྲ་མིན་བྱེད་བཞིན་པ་ནི། ཁོ་རང་གི་སྤུན་མཆེད་བསྟན་འཛིན་རྣམ་རྒྱལ་འོས་ཤོག་འཐོབ་ཆེད་ཁོ་ནར་དམིགས་ནས་ཕྱོགས་རིས་དང་ཞེན་ཁོག་བྱས་པ་ལས། བོད་སྤྱི་པའི་རྩ་དོན་གྱི་ཆེད་དུ་མ་རེད་ལ། བོད་རང་བཙན་གྱི་དོན་དུ་གཏན་ནས་མ་རེད།

    འཇམ་དབྱངས་ནོར་བུ་ལ་འགྱུར་བ་མེད་པ་གཅིག་ཡོད་པ་ནི། ༧གོང་ས་མཆོག་དང་བོད་གཞུང་ལ་སྐུར་འདེབས་ཀྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ་རེད། དེ་མ་གཏོགས་ཁོ་ལ་རྒྱུན་འཁྱོངས་ཐུབ་པའི་བྱ་པ་གཅིག་ཀྱང་བྱུང་མྱོང་མེད། འཇམ་ནོར་སྐོར་མང་པོ་བཤད་དགོས་དོན་མེད་པས་འཕྲོས་བཤད་དུ་སོང་བར་དྲ་གྲོགས་རྣམས་ལ་དགོངས་སེལ་ཞུ།

    མཐའ་དོན་བློ་བཟང་སེང་གེ་དང་འབྲེལ་བའི་གནད་དོན་ཁ་ཤས་བྲིས་ནས་མཇུག་བསྡུ་རྒྱུ་ཡིན། ཁ་ཤས་ཀྱིས་བློ་བཟང་སེང་གེས་བཀའ་བློན་ཁྲི་པ་བྱེད་རྒྱུ་དེ་སྔ་དྲགས་འདུག་ཟེར། དེ་བས་བཀའ་བློན་ལས་རོགས་ཀྱི་འགན་ཁུར་ལོ་ལྔ་བྱས་པའི་རྗེས་སུ་བཀའ་ཁྲི་བྱས་ན་འོས་འཚམས་འདུག་ཅེས་བརྗོད་འདུག གནད་དོན་དེའི་ཐད་ང་ལ་ལྟ་ཚུལ་མི་འདྲ་བ་ཞིག་ཡོད། བློ་བཟང་སེང་གེ་ལ་བཀའ་ཁྲིའི་འོས་ཐོབ་ན་ཡག་ཤོས་རེད། བཀའ་བློན་ཁྲི་པ་བྱེད་དགོས་པ་རེད། གལ་སྲིད་མ་ཐོབ་ན་བཀའ་བློན་གཏན་ནས་བྱེད་ཀྱི་ཡོད་པ་མ་རེད། གངས་ཅན་སྐྱིད་གཤོངས་ཀྱི་ན་ཚ་དེ་འགོས་ནས། ཚོན་མདོག་དཀར་གསེར་དམར་ལྗང་གང་རུང་ཞིག་ཆགས་སོང་ན་བློ་བཟང་སེང་གེ་ལ་ནུས་པ་གང་ཡང་ཡོད་པ་མ་རེད། སྐབས་དེ་དུས་བློ་བཟང་སེང་གེ་ཡང་ཁ་ཁོག་མི་མཚུངས་པའི་མི་འཁུམས་ཐོ་ཞིག་ཆགས་པ་ལས། ད་ལྟ་ལྟ་བུའི་བློ་སྤོབས་དེ་གཏན་ནས་ཡོད་ཀྱི་མ་རེད། དེ་བས་བཀའ་ཁྲི་ཡིན་ན་རང་ཉིད་ལ་དབང་ཚད་ཡོད་པས་མང་ཆེ་བ་ཞིག་བསམ་བློའི་ནང་དུ་ཡོད་པ་བཞིན་བྱེད་ཆོག་གི་རེད། དེ་འདྲ་མ་བྱུང་ན་མི་ཞིག་གི་བཀོད་བྱུས་སྟངས་འཛིན་གྱི་འོག་ནས་བསྡད་ན་ད་ལྟའི་དྭངས་གཙང་གི་ཀླད་པ་དེ་འཕྲོ་བརླག་འགྲོ་གི་རེད། དེ་བས་ད་ལྟའི་ལས་ཀ་དེ་མུ་མཐུད་ནས་བྱེད་དགོས་པ་རེད། གངས་སྐྱིད་དུ་ཡོང་རྒྱུ་ཡོད་པ་མ་རེད།།

  73. བྱམས་པ་ says:
    2010-11-27 at 1:32 pm

    ཁོ་བོས་མ་འོངས་འོས་བསྡུ་སྐབས་སུ། རྒྱ་ནག་གི་ཨོ་བྷ་མ་ཞིག་བསྐོས་པ་ལས་བོད་ཀྱི་ཁི་ལིན་ཊན་ཞིག་བསྐོ་ན་འདོད། ཨོ་བྷ་མ་ཡི་མདོག་སྐྱ་ཨ་རིའི་ནང་ལ་མངོན་ཡོང་གིན། ད་ནི་ང་ཚོ་བོད་ལ་བྷིལ་ ཁི་ལིན་ཊན་ལྟ་བུ་ཞུག་དགོས་ཀྱི་འདུག

  74. རྟ་བདུན་དབང་བོ། says:
    2010-12-01 at 12:32 pm

    ཡང་ང་ཚོའི་སྒྱུ་མའི་ཨོ་བྷ་མ་བློ་བཟང་སེང་གེས་བཀའ་ཁྲིའི་རྐུབ་སྟེགས་ཁོ་ནའི་ཆེད་ཀ་རྡོ་སྒང་གསུམ་ཕྱིན་སྟེ་བོད་མི་དང་རྡ་སའི་བོད་མིར་དབར་ལ་ཕན་ཚུན་དཀྲུག་ཤིང་སྐད་ཆ་འགའ་བཤད་ཀྱི་འདུག དཔེར་ན་རྡ་རམ་ས་ལའི་བོད་མིས་ཀ་རྡོ་སྒང་གསུམ་གྱི་བོད་མིར་༼ཏ་རེ་ཏོ་རེ་༽ཆོ་མེད་རེད་ཞེས་བཤད་ཀྱི་ཡོད་ད་རེས་ཏ་རེ་ཏོ་རེ་བཤད་མཁན་ཞིག་བཀའ་ཁྲི་ལངས་ཡོད་ཅེས་བཤད་སོང་། གུས་པ་རྡ་སར་ལོ་ངོ་བཅོ་ལྔ་ལྷག་ཙམ་མི་ཚེ་བསྐྱལ་བ་ཡིན་ཡིན་ནའང་ཀ་རྡོ་སྒང་གསུམ་གྱི་བོད་མི་དེ་ཚོ་ཏ་རེ་ཏོ་རེ་རེད་ཞེས་པའི་སྐད་ཆ་ཞིག་རྣ་བར་རྩ་བ་ནས་ཐོས་མྱོང་མེད། བློ་བཟང་སེང་གེའི་འོས་ཤོག་ཡོང་ཁུངས་ཁག་ནི་སློབ་མཐོ་སློབ་ཀྱི་གཞོན་ནུ་ཀླད་སྟོང་པ་འགའ་དང་། ཕྱོགས་རིས་ཀྱིས་སྨྱོས་པའི་གདན་ས་ཁག་གི་གྲྭ་བཙུན་འགའ་དང་། དེ་མིན་ད་དུང་བླུན་པོ་ཆུ་གར་ཁྲིད་དང་རྒྱུ་དཔལ་འབྱོར་གྱིས་བླུས་པ་དག་ཡིན། དང་པོ་ནི། མཐོ་སློབ་ཀྱི་གཞོན་ནུ་རང་གཞུང་རྒྱུ་མངའ་མེད་པའི་ཀླད་སྟོང་བ་འགའ་ཨ་རིའི་སྲིད་འཛིན་ཨོ་བྷ་མར་དབྱིངས་ཞུགས་པའི་སྐབས་དང་བསྟུན་ནས་བློ་བཟང་སེང་གེས་བོད་ཀྱི་ཨོ་བྷ་མ་བྱེད་རྒྱུ་ཡིན་ཞེས་ལབ་དུས་ཁོང་ཚོས་བརྟགས་དཔྱད་སྤུ་ཙམ་ཡང་མེད་པར་རང་གི་རིན་བྲལ་གྱི་འོས་དེ་ཆུས་ཟོད་དུ་བཏང་ཡོད། གཉིས་པ་ནི། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་༼༼བར་ལམ་ཞིག་ནས་ང་ལ་དེའི་ ཐོག་དམིགས་བསལ་གྱིས་ཚོར་སྣང་ཆེན་པོ་བྱུང་། ཉེ་ཆར་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ ཤོག་གསལ་བསྒྲགས་གནང་བ་རེད། དེའི་སྐབས་གདན་ས་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་སོང་། དེའི་སྐབས་ཡ་མཚན་པོ་དང་ཧང་སང་དགོས་པ་བྱུང་། གྲྭ་པ་ཚོས་འདི་འདྲ་གནང་གི་ཡོད་པ་རེད་དམ། དེ་འདྲ་བྱས་པ་ཡིན་ན་ནམ་རྒྱུན་ང་ཚོས་གྲྭ་པས་ཆབ་སྲིད་ནང་ཆ་ཤས་ལེན་དགོས་པ་རེད་ཅེས་བཤད་སྡོད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱི་ཡོད་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡི་ཡོད་པའི་ངེས་པ་མི་འདུག་སྙམ་པའི་ཞེད་སྣང་འདྲ་བྱུང་སོང་། ངས་དེ་རིང་ནང་ཚགས་བྱས་ཏེ། ང་རང་ལ་ཚོར་སྣང་བྱུང་བ་དེ་ཞུས་པ་ཡིན་༽༽འདི་གསལ་བཤད་བྱེད་ཐུབ།
    གསུམ་པ་ནི། ཁོ་བར་རྒྱབ་སྐྱོར་བྱེད་མཁན་དག་གིས་མ་གཞི་བློ་སེང་ལ་རྒྱལ་ཁ་ཐོབ་པ་ཡིན་ནའང་སྒྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་ཕན་ཐོག་གང་ཡང་ཡོད་མ་རེད་ཡིན་ནའང་འདི་ང་ཚོང་རེད་ཅེས་བཤད་ཀྱི་འདུག ད་དུང་རྒྱུ་བཏང་བའི་གནས་ཚུལ་འགའ་ཤས་འདུག ཡང་འགའ་རེ་བློ་སེང་ཡག་པོ་ཡོད་རེད་ཟེར་གྱི་འདུག་བྱས་ཙང་ངས་ཁོང་བླུགས་པ་ཡིན་ཟེར་གྱི་འདུག
    ད་བྱས་ན་ང་ཚོས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  75. རྟ་བདུན་དབང་བོ། says:
    2010-12-01 at 10:16 pm

    ཡང་ང་ཚོའི་སྒྱུ་མའི་ཨོ་བྷ་མ་བློ་བཟང་སེང་གེས་བཀའ་ཁྲིའི་རྐུབ་སྟེགས་ཁོ་ནའི་ཆེད་ཀ་རྡོ་སྒང་གསུམ་ཕྱིན་སྟེ་བོད་མི་དང་རྡ་སའི་བོད་མིར་དབར་ལ་ཕན་ཚུན་དཀྲུག་ཤིང་སྐད་ཆ་འགའ་བཤད་ཀྱི་འདུག དཔེར་ན་རྡ་རམ་ས་ལའི་བོད་མིས་ཀ་རྡོ་སྒང་གསུམ་གྱི་བོད་མིར་༼ཏ་རེ་ཏོ་རེ་༽ཆོ་མེད་རེད་ཞེས་བཤད་ཀྱི་ཡོད་ད་རེས་ཏ་རེ་ཏོ་རེ་བཤད་མཁན་ཞིག་བཀའ་ཁྲི་ལངས་ཡོད་ཅེས་བཤད་སོང་། གུས་པ་རྡ་སར་ལོ་ངོ་བཅོ་ལྔ་ལྷག་ཙམ་མི་ཚེ་བསྐྱལ་བ་ཡིན་ཡིན་ནའང་ཀ་རྡོ་སྒང་གསུམ་གྱི་བོད་མི་དེ་ཚོ་ཏ་རེ་ཏོ་རེ་རེད་ཞེས་པའི་སྐད་ཆ་ཞིག་རྣ་བར་རྩ་བ་ནས་ཐོས་མྱོང་མེད། བློ་བཟང་སེང་གེའི་འོས་ཤོག་ཡོང་ཁུངས་ཁག་ནི་སློབ་མཐོ་སློབ་ཀྱི་གཞོན་ནུ་ཀླད་སྟོང་པ་འགའ་དང་། ཕྱོགས་རིས་ཀྱིས་སྨྱོས་པའི་གདན་ས་ཁག་གི་གྲྭ་བཙུན་འགའ་དང་། དེ་མིན་ད་དུང་བླུན་པོ་ཆུ་གར་ཁྲིད་དང་རྒྱུ་དཔལ་འབྱོར་གྱིས་བླུས་པ་དག་ཡིན། དང་པོ་ནི། མཐོ་སློབ་ཀྱི་གཞོན་ནུ་རང་གཞུང་རྒྱུ་མངའ་མེད་པའི་ཀླད་སྟོང་བ་འགའ་ཨ་རིའི་སྲིད་འཛིན་ཨོ་བྷ་མར་དབྱིངས་ཞུགས་པའི་སྐབས་དང་བསྟུན་ནས་བློ་བཟང་སེང་གེས་བོད་ཀྱི་ཨོ་བྷ་མ་བྱེད་རྒྱུ་ཡིན་ཞེས་ལབ་དུས་ཁོང་ཚོས་བརྟགས་དཔྱད་སྤུ་ཙམ་ཡང་མེད་པར་རང་གི་རིན་བྲལ་གྱི་འོས་དེ་ཆུས་ཟོད་དུ་བཏང་ཡོད། གཉིས་པ་ནི། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་༼༼བར་ལམ་ཞིག་ནས་ང་ལ་དེའི་ ཐོག་དམིགས་བསལ་གྱིས་ཚོར་སྣང་ཆེན་པོ་བྱུང་། ཉེ་ཆར་དབུས་སྤྱི་ཁྱབ་འོས་བསྡུ་ལྷན་ཁང་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ ཤོག་གསལ་བསྒྲགས་གནང་བ་རེད། དེའི་སྐབས་གདན་ས་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་འགྲོས་དེ་གོ་སོང་། དེའི་སྐབས་ཡ་མཚན་པོ་དང་ཧང་སང་དགོས་པ་བྱུང་། གྲྭ་པ་ཚོས་འདི་འདྲ་གནང་གི་ཡོད་པ་རེད་དམ། དེ་འདྲ་བྱས་པ་ཡིན་ན་ནམ་རྒྱུན་ང་ཚོས་གྲྭ་པས་ཆབ་སྲིད་ནང་ཆ་ཤས་ལེན་དགོས་པ་རེད་ཅེས་བཤད་སྡོད་པ་དེ་ཆོས་སྲིད་ཟུང་འབྲེལ་ཆགས་ཀྱི་ཡོད་དང་། ཆོས་འགལ་རིང་ལུགས་ཤིག་ཆགས་འགྲོ་ཡི་ཡོད་པའི་ངེས་པ་མི་འདུག་སྙམ་པའི་ཞེད་སྣང་འདྲ་བྱུང་སོང་། ངས་དེ་རིང་ནང་ཚགས་བྱས་ཏེ། ང་རང་ལ་ཚོར་སྣང་བྱུང་བ་དེ་ཞུས་པ་ཡིན་༽༽འདི་གསལ་བཤད་བྱེད་ཐུབ།
    གསུམ་པ་ནི། ཁོ་བར་རྒྱབ་སྐྱོར་བྱེད་མཁན་དག་གིས་མ་གཞི་བློ་སེང་ལ་རྒྱལ་ཁ་ཐོབ་པ་ཡིན་ནའང་སྒྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་ཕན་ཐོག་གང་ཡང་ཡོད་མ་རེད་ཡིན་ནའང་འདི་ང་ཚོང་རེད་ཅེས་བཤད་ཀྱི་འདུག ད་དུང་རྒྱུ་བཏང་བའི་གནས་ཚུལ་འགའ་ཤས་འདུག ཡང་འགའ་རེ་བློ་སེང་ཡག་པོ་ཡོད་རེད་ཟེར་གྱི་འདུག་བྱས་ཙང་ངས་ཁོང་བླུགས་པ་ཡིན་ཟེར་གྱི་འདུག
    ད་བྱས་ན་ང་ཚོའི་འོས་ཤོག་འཕྲོག་བརླག་གཏོང་མི་ཉན།

  76. Choksum says:
    2010-12-02 at 4:37 pm

    Lobsang Sangay said he wants to be Obama of China not Tibet.

  77. ཀརྨ་ཡེ་ཤེས། says:
    2010-12-03 at 7:55 pm

    ཡ་ངས་དེ་རིང་གོ་སྐབས་འདི་བཟུང་ནས་བསམ་ཚུལ་ཁ་ཤས་ཞིག་ཞུ་འདོད་བྱུང་།
    གོང་འཁོད་ཀྱི་པར་རིས་འདི་གཉིས་མ་འོང་བོད་ཀྱི་བཀའ་བློན་ཁྲི་བའི་འོས་མིར་ནང་ཞུགས་ནས་དེང་སང་འཛམ་བུ་གླིང་གི་འགྲོ་སྟངས་ལྟར་ངས་འཇོན་རབས་དང་ངས་ཤེས་རབས་སོགས་རང་ཉིད་རང་གིས་སྒྲོགས་པའི་དུས་ཚོད་ཞིག་རེད། ཚང་མས་མཁྱེན་བཞིན་དུ་ང་ཚོའི་བོད་ཀྱི་གཤིས་ཀ་རུ་རང་ཉིད་རང་གིས་སྒྲོགས་པ་ཕར་ཞོག་མི་གཞན་གྱིས་གང་ཟག་དེ་ཉིད་ཀྱི་ཁྱད་ཆོས་དང་ཡོན་ཏན་སོགས་བསྒྲགས་ནའང་དེ་ལ་འཚེར་སྣང་དང་རང་ཉིད་དམན་ས་བཟུང་ཞིང་གཞན་གྱི་ཡོན་ཏན་སོགས་ཁྱབ་བསྒྲགས་སོགས་བྱེད་ནས་བཀའ་གདམས་པའི་དགེ་བའི་གཤེས་གཉེན་རྣམས་ཀྱིས་གསུངས་པ་ལྟར། བདག་ཉིད་བྲན་གྱི་ཐ་མ་ལྟར། ཀུན་ལ་བྱ་བ་བྱེད་པར་ཤོག གསུངས་པའི་ནང་ཆོས་ཀྱི་ཚིག་དུམ་འདི་གཉིས་ཉམས་ལེན་ལ་གཏུགས་ནས་བསྡད་ཀྱི་ཡོད།
    ལར་ནི་བཤད་ཚད་ཐམས་ཅད་བདེན་པ་མིན་གསུངས་པ་ལྟར་ཁ་ནས་བཤད་ཚད་ཐམས་ཅད་བདེན་པར་ཡིན་ན། སངས་རྒྱས་ཀྱིས་མི་དགེ་བཅུ་ཞེས་ལུས་ངག་ཡིད་གསུམ་གྱི་ཐོག་ཏུ་ནང་ཚན་ངག་གི་མི་དགེ་བ་བཞི་ལས་རྫུན་ཞེས་གཅིག་ཏུ་བགྲངས་ནས་བཞག་གནང་པའི་དཀའ་ལས་དེ་འདྲ་མི་དགོས་སྙམ། མ་ཟད་དེང་སང་རང་ཉིད་ཀྱི་འཐོབ་དང་སྐད་གྲགས་ཁེ་གསང་སོགས་ཡོད་ན་ལམ་སེང་ངས་འཇོན་རབ་དང་ཤེས་རབ་སོགས་རང་གི་ཆེད་དུ་རང་ཉིད་སྒྲོགས་ནས་ས་ཕྱོགས་གང་སར་རྫུན་གྱི་འཁོར་ལོ་བསྐོར་ནས་ཁྦ་ཏ་གཡེར་བས་གཟི་བ་ནང་བཞིན་ངོ་ཚས་བྲལ་བའི་མི་མང་དཀྱུས་མ་འགོ་སྐོར་བསླུ་བྲིད་བྱེད་པ་འདི་ཧ་ཅང་ཐབས་རྡུག་ཞིག་རེད།
    མ་འོང་བོད་ཀྱི་བཀའ་བློན་ཁྲི་བ་རུ་ཕོ་མོ་དང་། སྐྱ་སེར་རྒན་གཞོན་གང་ལའང་མ་གཏོས་པར་དང་པོ་ནས་མེད་དུ་མི་རུང་བར་མི་གཞི་བཟང་པོ་ཞིག་དགོས་རྒྱུ་ཧ་ཅང་ནས་གལ་ཆེན་པོ་ཞིག་ཡིན། དེ་ནས་ཆོལ་ཁ་དང་ཆོས་ལུགས་ཀྱིས་མ་སླད་པར་ང་ཚོའི་བོད་རིགས་ཡོངས་ལ་སྙིང་ནས་གཅེས་པའི་ལྷག་བསམ་དང་དེས་དྲངས་པའི་སེམས་ཤུགས་བཅས་ཡིན། གལ་ཆེན་པོ་མེད་དུ་མི་རུང་བ་ཞིག་ལ་རྒྱལ་གཅེས་སོགས་དང་མ་ཟད་རང་རེའི་བཙན་བྱོལ་བོད་གཞུང་འདི་ལ་ཉམས་མྱོང་ཡོད་པ་ཞིག་དང་དེ་དང་ཆབས་གཅིག་ཏུ་བོད་ཀྱི་རིགས་གཞུང་གི་སྲོག་རྩ་བོད་ཡིག་དབུ་ཅན་དབུ་མེད་སོགས་འབྲི་འདོན་ལ་ཐོགས་པ་མེད་པ་ཞིག་དགོས་པ་དེ་བས་ཀྱང་གལ་ཆེར་མཐོང་།
    མདོར་བསྡུས་པའི་སྒོ་ནས་ཞུས་ན་གོང་འཁོད་ཀྱི་འོས་མི་གཉིས་པོ་གང་རུང་ཞིག་མ་འོང་པའི་སཀའ་བློན་ཁྲི་བ་རུ་ཡོངས་གཏན་ཁེལ་བས་གུས་པས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་མེད་པར་བློ་གཟུ་་བོར་གནས་ནས་ལྟས་ན་ད་ལྟའི་བཀའ་བློན་ཁྲི་བ་དེ་བློ་བཟང་སེང་གེ་ལགས་ལ་རན་མི་འདུག་སྙམ།
    ཁོང་གནས་སྐབས་བཀའ་བློན་ཁྲི་བས་གདམས་པའི་བཀའ་བློན་དཔེར་ན་ཕྱི་དྲིལ་བཀའ་བློན་འདྲའམ་སྤྱི་འཐུས་གང་རུང་ཞིག་འོས་པ་འདུག། ད་ལྟའི་བཀའ་བློན་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་པ་འདུག།

  78. འབུམ་དྲུག་ཚེ་རིང says:
    2010-12-03 at 8:22 pm

    སྐུ་ཞབས་ལྷ་བཟང་ཚེ་རིང་ལགས་ཀྱིས་བློ་སེང་གིས་༼ང་རྒྱག་ནག་གི་ཨོ་བྷ་མ་བྱེད་ཀི་ཡིན༽་ཞེས་པའི་སྐོར་ལ་སྤྲིངས་ཡིག་ཅིག ཕ་ཡུལ་དྲ་རྒྱ་ལས་དྲངས།
    ཡིན་ནའང་། ངའི་སྦ་ཁུག་ནང་གི་འོས་ཤོག་དྲུག་ཅུ་པའི་གཏོར་མ་དེ་ད་ལྟ་བློ་བཟང་སེང་གེ་ཡིས་ཁ་ནང་ལ་འཕེན་པའི་གྲ་སྒྲིག་ཡོད། ལྷ་བཟང་ལགས་ཀྱིས་སྔོན་ཆད་ཅིག་ལ་རྒྱ་གར་ས་ཐོག་ལ་གཅིན་པ་གཏོང་ཡ་ལའང་སེར་སྣ་ཡོང་གི་འདུག་ལབ་ཡོད་ཚོད། ད་ནི་མགྲོན་ཁང་ཆེན་པོ་ཞིག་གི་རྫི་བོ་བྱེད་བཞིན་བློ་སེང་ལ་འུར་ཆ་གཡུག་ན འུམ་འུམ་ ཆི་འདྲ་རེད་གོ།

    Comment on the current discussion regarding Lobsang Sangay’s remark
    Dear Editors,

    This has reference to the current discussion regarding Lobsang Sangay’s remark about him wanting to become the “Obama of China.” It is thanks to Jamyang Norbu that the public have been made aware of the fundamental flaw in this remark.

    African-Americans are involved in a civil rights movement; a movement for equal rights in a country they love and respect. But; the struggle of the Tibetan people is different. Tibetans are struggling for national, political freedom from foreign invasion and occupation of their country. The two are not the same.

    Lobsang Sangay made a mistake in making this comparison in two completely unrelated situations. However; this is not the problem. We all make mistakes. The problem, as I see it, is that he is not willing to accept his mistake. He lacks not just experience. He does not have the honesty and the courage to accept his mistake. And; in order to avoid having to admit that he had made a mistake he went on to state that his “Chinese Obama” comment “was a joke and not meant to be taken seriously.”

    Now here is the real problem that no one has commented on. Is the issue of Tibet’s future something to be joked about? We are facing a systematic campaign of GENOCIDE – both against our culture and religion as well as our nation. Is this something to be joked about? We are engaged in a struggle for freedom – indeed – for survival. Yes; a struggle for survival with time running out on us. Is this something to be joked about?

    Lobsang Sangay should admit that he made a mistake. What is more; he should accept that he lacks the necessary experience to head a government with the responsibility for a nation’s survival.

    Lhasang Tsering
    EXILE HOUSE
    McLeod Ganj
    Dharamshala
    H.P. 176219
    INDIA

  79. བཙན་བྱོལ་བ་ says:
    2010-12-03 at 9:38 pm

    ལྷ་བཟང་ཚེ་རིང་གིས་འདི་ལྟར་བྲིས་འདུག
    འཇམ་དབྱངས་ནོར་བུ་ཡིས་བློ་བཟང་སེང་གེ་ཡིས་ཁོང་རྒྱ་ནག་གི་ཨོ་སྦ་མ་བྱེད་འདོད་ཡོད་ཅེས་པའི་གཏམ་བཤད་འདི་མི་མང་ལ་གསལ་སྟོན་བྱེད་པ་ལ་ཐུགས་རྗེ་ཆེ། འདིས་མི་མང་ལ་ཁོང་གི་གཏམ་བཤད་ནང་གི་སྐྱོན་ཆ་ཡོད་པ་ཤེས་སུ་འཇུག

    ཨ་རི་མི་རིགས་ནག་པོས་ཐོབ་ཐང་གི་རྩོད་པའི་ལས་འགུལ་ནང་ཞུགས་པ་དང། རང་གིས་གཅེས་པའི་ཨ་རིའི་ལུང་པའི་ནང་དུ་ཐོབ་ཐང་རྩོད་བཞིན་ཡོད། ཡིན་ན་ཡང། ང་ཚོ་བོད་ཀྱི་འཐབ་རྩོད་དེ་དེ་དང་མི་འདྲ་བ་ཡིན། བོད་མིའི་འཐབ་རྩོད་ནི་རྒྱལ་ཁབ་གཞན་གྱིས་དབང་བསྒྱུར་ལས་གྲོལ་ནས་ཆབ་སྲིད་དང་རྒྱལ་ཁབ་ཀྱི་རང་དབང་ཐོབ་ཐབས་བྱེད་པ་དེ་ཡིན་པས་དེ་གཉིས་མི་འདྲ།

    བློ་བཟང་སེང་གེ་ཡིས་འབྲེལ་བ་གཏན་ནས་་མེད་པའི་གནད་དོན་དེ་གཉིས་མཚུངས་བསྡུར་བྱས་པ་ནི་ཁོང་གི་ནོར་འཁྲུལ་ཡིན། ཡིན་ན་ཡང་དེ་ལ་གནད་འགག་དེ་ཙམ་མེད། ནོར་འཁྲུལ་ནི་སུ་ལ་ཡང་ཡོང་སྲིད་པ་ཡིན། སྐྱོན་ཆ་ནི། ཁོང་གིས་རང་གི་ནོར་འཁྲུལ་ལ་ངོས་ལེན་གཏན་ནས་མི་བྱེད་པ་དེ་རེད། འདིས་ང་བསྟན་ཅེ་ན། ཁོང་ལ་འགོ་ཁྲིད་ཀྱི་ཉམས་མྱོང་ཞན་པ་མ་ཟད། དྲང་བདེན་མེད་པ་དང། རང་སྐྱོན་ངོས་ལེན་བྱེད་ཐུབ་པའི་ནུས་པ་མེད་པ་བསྟན། རང་སྐྱོན་དེ་ལས་གྲོལ་བའི་ཕྱིར་དུ་ཁོང་གིས་རང་གི་ཨོ་སྦོ་མའི་གཏམ་བཤད་དེ་འཆོབ་སླངས་པ་ཙམ་ཡིན་གྱི་གནད་འགག་ཆེན་པོ་མིན་ཟེར་ཡོད།

    གཞན་སུ་གཅིག་གིས་ཀྱང་གནད་དོན་མ་གླེང་བའི་ཁོང་གི་སྐྱོན་ཆ་ནི་འདི་ཡིན། ང་ཚོ་བོད་ཀྱི་མའོངས་གནད་དོན་དེ་འཆོབ་སླང་ཡས་ཀྱི་གནད་དོན་ཅིག་ཨེ་ཡིན་ནམ། ང་ཚོ་བོད་ཀྱི་ནང་དུ་རིག་གཞུང་དང་སྐད་ཡིག ཐ་ན་མི་རིགས་བཅས་ལ་ཡང་འཆར་གཞི་ལྡན་པའི་ཐོག་ནས་གཏོར་བཤིག་ཐེབས་བཞིན་ཡོད། གནད་དོན་འདི་འཆོབ་སླང་ཡས་ཀྱི་གནད་དོན་ཅིག་ཨེ་རེད། ང་ཚོ་འཚོ་ཐབས་ཀྱི་ཆེད་དུ་རང་དབང་རྩོད་བཞིན་ཡོད། དེ་ཡང་དུས་ཚོད་རྫོགས་འགྲོ་བཞིན་ཡོད། གནད་དོན་འདི་འཆོབ་སློང་ཡས་གཅིག་རེད་འདུག་གམ།

    དེས་ན་བློ་སེང་ཁྱེད་ཀྱིས་རང་སྐྱོན་ངོས་ལེན་བྱེད་དགོས། དེས་མ་ཚད། ཁྱེད་ལ་འཆི་སོན་ལ་ཐུག་པའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱེད་ཐུབ་པའི་ཉམས་མྱོང་མེད་པ་ཡང་ངོས་ལེན་བྱེད་དགོས།

    ལྷ་བཟང་ཚེ་རིང་གིས། དྷ་ས་ནས།

  80. རྟ་བདུན་དབང་བོ། says:
    2010-12-04 at 9:18 am

    ལྷ་བཟང་ལགས་ཀྱི་དངོས་ཡོད་ཀྱི་རྒྱུ་མཚན་ལྡན་པའི་མདའ་མོ་ཞིག་འཕངས་འདུག

  81. རྟ་བདུན་དབང་བོ། says:
    2010-12-06 at 12:23 am

    དྲ་བདག་ལགས་སྐུ་ཁམས་བཟང་ཁྱེད་ཚོས་མཆན་གཞན་པ་དེ་ཚོ་སྒོ་མི་རྒྱབ་པར་འདི་༼”ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན”༽གཅིག་པོ་སྒོ་རྒྱབ་འདུག་རྒྱུ་མཚན་གང་ཡིན་མིན་གསལ་པོ་ཞིག་གསུང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

  82. སྐྱབས་བཅོལ་བ། says:
    2010-12-06 at 2:27 am

    རྒྱལ་རྒྱུར་ཅིག རྒྱལ་གྱུར་ཅིག། བློ་བཟང་སེངྒེ་རྒྱལ་གྱུར་ཅིག
    ཕམ་གྱུར་ཅིག ཕམ་གྱུར་ཅིག རྐུན་མའི་ཤོག་ཁག་ཕམ་གྱུར་ཅིག

  83. སྟག་སྨྱོན། says:
    2010-12-06 at 5:13 am

    ངས་ད་ནས་བློ་བཟང་སེང་གེར་འོས་ལྡུག་གི་མིན་པ་རང་ཐག་བཅད་པ་ཡིན། རྒྱུ་མཚན་ཁོ་སྤྱི་ཚོགས་ཁྱབ་བསྒྲགས་བྱུང་ནས་ཟླ་བ་ཁ་ཤས་ལས་འགྲོ་གི་མེད་ནའང་། དེའི་རིང་ནོར་ཅན་གྱི་སྐད་ཆ་གང་མང་བཤད་ཡོང་གི་འདུག མི་བབ་ཆགས་པོ་དང་རུས་རྐང་ལ་ཞག་རྩི་ཡོད་མཁན་ཞིག་མ་རེད། ཉེ་དུས་ཁོས་ང་དཔུང་སྒྲུག་ཏུ་ཡོང་པ་ཡིན་ཟེར་ནས་མངོན་གསལ་བཤད་འདུག བོད་མིའི་ནང་ཁུལ་ལ་དཔུང་ཁག་མ་འདྲ་བ་མང་པོ་ཡོད་པར་བརྩི་མཁན་དང་དཔུང་སྒྲིག་དགོས་པ་གལ་ཆེན་པོ་བརྩི་མཁན་ཞིག་བཀའ་ཁྲིར་སླེབས་རྒྱུའི་འོས་ཆོས་དང་པོ་དེ་མ་ཚང་བ་རེད། གཉིས་པ། བློ་བཟང་སངས་རྒྱས་ལ་ད་ལམ་བཀའ་ཁྲི་མ་ཐོབ་ན་ཐེ་ཝན་གྱི་ཉོས་ནས་ཁྲིད་འགྲོ་གི་རེད་ཟེར་བའི་གཏམ་འཆལ་ཞིག་ཀྱང་བར་ལམ་སྤྱི་ཚོགས་ནང་ཁུ་སིམ་སིམ་ཁྱབ་ཡོང་གི་འདུག ་་་་་་་་ང་རྒྱ་ནག་གི་ཨོ་བྷ་མ་བྱེད་ཀྱི་ཡིན་ཟེར་བ་དེ་ཡང་བསམ་བློ་གཏོང་རིན་ཡོད་པ་ཞིག་རེད།

  84. སྟག་སྨྱོན། says:
    2010-12-06 at 5:22 am

    བློ་བཟང་སེང་གེ་ནི་རང་ཉིད་ཁྱབ་བསྒྲགས་བྱེད་རྒྱུར་གོ་སྐབས་འཚོལ་མཁས་པའི་མི་ཁྲམ་པ་མགོ་བདེ་ཞིག་རེད། བློ་བཟང་སེང་གེ་སྐད་གྲགས་ཆེ་ཤོས་ཆགས་པ་ཡང་ཁོ་རང་མཁས་དྲགས་ནས་མ་ཡིན་པར། བཀའ་ཁྲིའི་འོས་འདེམས་ཀྱི་གོ་སྐབས་དང་མཉམ་དུ་འདི་ཨོ་བྷ་མ་དང་ཨོ་བྷ་མའི་འབོད་ཚིག་འགྱུར་བཅོས་ཟེར་བ་གཉིས་སྤྱད་ནས་བྱུང་བ་རེད། དེ་སྔོན་བློ་བཟང་སེང་གེ་ཟེར་བའི་མཁས་དབང་ཞིག་ཡོད་པ་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་གི་ཤེས་ཀྱི་ཡོད་མ་རེད། བཀའ་ཁྲིའི་ཁྱབ་བསྒྲགས་དང་མཉམ་དང་ཁོ་ལ་མཁས་དབང་གི་མིང་དང་ཁྱབ་བསྒྲགས་ཆེན་པོ་བྱུང་བ་རེད།

  85. རྟ་བདུན་དབང་བོ། says:
    2010-12-06 at 6:33 am

    ལྷ་བཟང་ལགས་རྒས་པོ་ཉམས་མྱོང་ཅན་དེ་སྡོམ་ཚིག་༼ཁྱེད་ལ་འཆི་སོན་ལ་ཐུག་པའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱེད་ཐུབ་པའི་ཉམས་མྱོང་མེད་པ་ཡང་ངོས་ལེན་བྱེད་དགོས། ༽གནས་ལ་འཁེལ་འདི་རྒྱབ་འདུག
    བོད་མི་རིགས་ཀྱི་དོན་དུ་ཁ་ཡོད་ལག་ཡོད་ལས་དོན་སྒྲུབ་ཐུབ་མཁན་གྱི་གང་ཟག་དག་བལྐལ་བའི་བར་རྒྱས་རྒྱུར་གྱུར་ཅིག རང་གི་རྐུབ་སྟེགས་དོན་དུ་མི་མང་མགོ་སྐོར་གཏོང་མཁན་ད་དུས་ཡིན་ཚིག་སྔ་ཕྱི་རྒྱབ་འགལ་དཔེ་ན་༼ཕྱོགས་གཅིག་ནས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་མར་བཅག་དགོས་རེད་ཞེས་དང་ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་རྣམས་ཀྱི་ཨ་སྒོར་སྟོང་ཕྲག་རེ་སྤྲོད་དགོས་རེད་ཞེས་པ་ ༽ལྟ་བུ་ཤོད་མཁན་དེ་དག་བསྐལ་བའི་བར་དུ་ཕམ་རྒྱུར་གྱུར་ཅིག་་་་་་་་་་་་་་་་་་་་་་་

  86. རྟ་བདུན་དབང་བོ། says:
    2010-12-06 at 6:42 am

    ལྷ་བཟང་ལགས་རྒས་པོ་ཉམས་མྱོང་ཅན་དེས་སྡོམ་ཚིག་༼ཁྱེད་ལ་འཆི་སོན་ལ་ཐུག་པའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བྱེད་ཐུབ་པའི་ཉམས་མྱོང་མེད་པ་ཡང་ངོས་ལེན་བྱེད་དགོས། ༽གནས་ལ་འཁེལ་བ་འདི་རྒྱབ་འདུག

    བོད་མི་རིགས་ཀྱི་དོན་དུ་ཁ་ཡོད་ལག་ཡོད་ལས་དོན་སྒྲུབ་ཐུབ་མཁན་གྱི་གང་ཟག་དག་བལྐལ་བའི་བར་དུ་རྒྱས་རྒྱུར་གྱུར་ཅིག རང་གི་རྐུབ་སྟེགས་དོན་དུ་མི་མང་མགོ་སྐོར་གཏོང་མཁན་ད་དུང་ག་དུས་ཡིན་ནའང་ཚིག་སྔ་ཕྱི་རྒྱབ་འགལ་དཔེ་ན་༼ཕྱོགས་གཅིག་ནས་རང་བཙན་ལག་དེབ་ཀྱི་དཔྱ་དངུལ་མར་བཅག་དགོས་རེད་ཞེས་དང་ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་རྣམས་ཀྱི་ཨ་སྒོར་སྟོང་ཕྲག་རེ་སྤྲོད་དགོས་རེད་ཞེས་པ་ ༽ལྟ་བུ་ཤོད་མཁན་དེ་དག་བསྐལ་བའི་བར་དུ་ཕམ་རྒྱུར་གྱུར་ཅིག་་་་་་་་་་་་་་་་་་་་་་་

  87. མཆོག་གསུམ། says:
    2010-12-07 at 6:12 pm

    བཀའ་ཁྲི་ལ་བློ་བཟང་སེང་གེ་ལྟ་བུ་ཞིག་སླེབས་པ་ཡིན་ན་བོད་མི་མང་དང་བོད་རྩ་དོན་བོད་གཞུང་བཅས་ལ་གནོད་རྐྱོན་ཆེན་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག། གང་ལ་ཞེས་ན་ཁོ་རང་ནི་རང་འདོད་ཆེན་པོ་དང་སྤྱི་ཚོགས་ནང་ཕན་དཀྲུགས་མཁན་ཞིག་གི་མི་རེད།དེ་ག་རེ་བྱས་ནས་ལབ་ཀྱི་ཡོད་ཟེར་ན་གུས་ས་གནས་བྷོ་སོ་ཊོན་དུ་གནས་སྡོད་ཡིན་ཤེས་ཀྱི་ཡོད། གལ་ཆེ་ཞིག་ལ་བློ་སེང་ལ་ཧར་ལྦརཌ གཙུག་ལག་ཁང་ནས་ཁོེང་ལ་རྒྱ་མི་སློབ་ཕྲུག་དང་རྒྱ་མི་མཁས་དབང་བཅས་ཀྱི་མཉམ་དུ་བགྲོ་གླེང་ཆེད་འགྲོ་གྲོན་གནང་ཀྱི་ཡོད་ཟེར་ཁོ་རང་ཀྱི་ལབ་པ་ཚར་མང་པོ་གོ་མྱུང་ ཡིན་ནའང་ཕྱི་ལོ་༢༠༠༣།༢༠༠༤ ནང་༸གོང་ས་མཆོག་ཨ་རིར་ཞབས་སོར་འཁོད་སྐབས་སུ་བློ་བཟང་སེང་གེའི་༸གོང་ས་མཆོག་ལ་བགྲོ་གླེང་ཀྱི་ཆེད་དུ་འགྲོ་གྲོན་གནང་རོགས་བཅས་ཞུ་ནས་ཨ་རི་དོན་ཁང་ནས་ཨ་སྒོར་སུམ་སྟོང་ལྷག་ཙམ་ཞིག་བློ་བཟང་སེང་གེ་ལ་སྤྲད་ཡོད་རེད་ཟེར་སྐབས་དེར་དོན་ཁང་གསུང་ཡོད་ མ་ཟད་ཁོ་རང་ཀྱི་དྭང་བླངས་དཔྱ་ཁྲལ་ལག་དེབ་ལ་ཡང་རྐྱོན་འདུག གང་ལ་ཞེས་ན་ཁོ་རང་ཕྱི་ལོ་༡༩༩༥ལོར་ཨ་རིར་སློབ་སྦྱོང་ལ་སླེབས་པ་རེད་ དཔྱ་ཁྲལ་སྒྲིག་གཞི་ལྟར་ཕྱི་ལོ་༡༩༩༦ནས་ཟུང་ཨ་སྒོར་སྤྲོད་དགོས་ཀྱི་ཡོད་པ་རེད་། ཡིན་ནའང་ཕྱི་ལོ་༡༩༩༦།༡༡༩༧བཅས་ཀྱི་དཔྱ་ཁྲལ་འདི་རྒྱ་གར་རུ་ཧིན་སྒོར་སྤྲད་འདུག་པའི་བཙན་བྱོལ་གཞུང་ལ་མགོ་འཁོར་བཏང་བ་རེད་བསམ་གྱི་ཡོད། སྔོན་ཕ་ཡུལ་གྱི་དྲ་ལམ་ནང་དང་ས་གནས་ས་ཐོག་མང་པོ་ཞིག་ལ་ཁོ་རང་གི་ང་བོད་པའི་སྤ་སེ་འཁྱེར་ནས་ཡར་འགྲོ་མ་འགྲོ་བྱེད་ཀྱི་ཡོད་བཅས་ལབ་འདུག་པ་ནི་བོད་པའི་སྤ་སེའམ་རྒྱ་གར་གྱི་ལག་གསེར་པོ་འདི་རེད།འདི་མ་འཁྱེར་རང་འཁྱེར་རེད་གང་ལ་ཞེས་ན་ཧར་ལྦརཌགཙུག་ལག་ཁང་དུ་སློབ་ཡོན་ཡིན་ཙང་ཨ་རིའི་ལག་འཁྱེར་འཁྱེར་རྒྱུའི་བདག་དབང་མེད་རེད་གལ་སྲིད་འདི་དྲ་མེད་ན་ཁོའི་སྔོན་ལེན་བྱེད་ཟིན་གྱི་རེད།བདག་དབང་ཡོད་རིག་ལ་ཁེ་སང་ལེན་ཞིག་རེད་ཨ་རིའི་དངུལ་ཁང་ནས་བུ་ལོན་གཡར་ནས་སྡོད་ཁང་དང་སྣུམ་འཁོར་སོགས་ཉོ་ཟིན་པ་རེད་འདི་གུས་པས་ཁོ་ལ་མིག་ཚ་ནས་ལབ་ཀྱི་མེད་འདི་དྲ་མ་ལབ་ན་དམངས་ཀྱི་ཧ་དགོས་དོན་རྟོགས་ཡོང་ཚེད་དུ་ལབ་ཀྱི་ཡོདོ།
    མ་ཟད་མ་འོང་པར་ཁོ་རང་རྒྱ་ནག་ཨོ་བྷ་མ་བྱེད་ཀྱི་ཡིན་བཅས་བརྗོད་པ་འདི་ནི་དབུ་མའི་ལམ་ནས་རང་སྲིད་རང་སྐྱོངས་མིན་པར་རྒྱ་དམར་གྱི་མཉམ་དུ་བོད་འདི་ཆིག་སྒྲིལ་བཏོང་རྒྱུའི་ཆ་ཤས་ཟུང་ནས་ཁོ་རང་རྒྱ་ནག་གམ་རྒྱ་དམར་གྱི་སྲིན་འཛིན་བྱེད་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་པ་གསལ་སྟོན་གྱི་ཡོད་པ་དེ་བོད་མི་ཚང་མའི་ཧ་གོ་བྱེད་དགོས་པའམ་གནས་ལུགས་རྟོགས་དགོས་པ་ནི་ཤིན་ཏུ་འགལ་ཆེ་ཡིན་བསམ་ནས་རྒྱུས་མངའ་ཡོད་པའི་ངང་ནས་བཤད་ཀྱི་ཡོད། ཧ་གོ་ནས་གཡང་ལ་མཆོང་ན་རང་ཤི་རྒྱབ་པ་རེད་བསམ་གྱི་ཡོད། ས་གནས་གཅིག་ཏུ་གནས་སྡོད་ཀྱི་ཆ་ནས་གནས་ལུགས་ཇི་མ་ཇི་བཞིན་ཧ་གོ་དོན་རྟོགས་པའི་ཐོག་ནས་དེ་རིང་དེར་བློ་བཟང་སེང་གེ་ཡི་བྱ་བ་སྤྱོད་པ་འདི་བཤད་འདོད་བྱུང་མ་རྟོག་པའི་ཕ་གཞིས་བུ་ཐོག་ནས་མཁོན་སེམས་ཡོད་པ་གང་ཡང་མིན་པ་མཁྱེཻན།

  88. བདུད་ནག་བུ་ནས་ says:
    2010-12-14 at 10:50 am

    མཁས་དབང་བློ་བཟང་ལགས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

  89. རྨིག་སྒྲ། says:
    2010-12-14 at 11:39 pm

    ང་ཡང་ད་ལྟ་བློ་བཟང་སེང་གེ་ལགས་བཀའ་ཁྲི་བྱེད་རྒྱུར་མོས་འདུན་རྩ་བ་ནས་མེད།
    གཞུང་ལ་ཞབས་ཞུས་ན་རྗེས་སུ་ཁོང་རང་ཡིན་ད་ཡིན།

  90. ཀརྡོ་རབ་འབྱམས་པ་ says:
    2010-12-15 at 3:21 am

    མཁས་དབང་བློ་སེང་ལགས་བཀའ་ཁྲི་གནང་རྒྱུ་ཅུང་སྔ་དྲགས་པ་མིན་ནམ། །?།

  91. རྨིག་སྒྲ། says:
    2010-12-15 at 4:37 am

    བློ་བཟང་སེང་གེ་ལགས་ད་ལྟ་བཀའ་ཁྲིར་ལངས་རྒྱུ་དངོས་གནས་སྔ་དྲགས་འདུག

  92. རྟ་བདུན་དབང་བོ། says:
    2010-12-15 at 11:57 am

    སྔ་ཕྱི་རྒྱབ་འགལ་བཤད་མཁན་དེ་ལ་༼འདི་མ་འཁྱེར་རང་འཁྱེར་ རེད་གང་ལ་ཞེས་ན་ཧར་ལྦརཌགཙུག་ལག་ཁང་དུ་སློབ་ཡོན་ཡིན་ཙང་ཨ་རིའི་ལག་འཁྱེར་ འཁྱེར་རྒྱུའི་བདག་དབང་མེད་རེད་གལ་སྲིད་འདི་དྲ་མེད་ན་ཁོའི་སྔོན་ལེན་བྱེད་ ཟིན་གྱི་རེད།༽མཆོག་གསུམ་ནས་དྲན་སྐུལ་ཞིག་བཏང་འདུག

  93. རྨིག་སྒྲ། says:
    2010-12-15 at 10:49 pm

    ང་ནི་བློ་བཟང་སེང་གེ་བཀའ་ཁྲིར་བདམས་པ་ཡིན་ན་ཞེས་ནི་རེད། ན་ནིངས་གྲོས་ཚོགས་ནང་ལ་དཔུང་ཁག་བསྒྲིགས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པ་དགྲ་དགའ་སྙིང་སྡུག་བཟོས་སོང། ད་ལོ་བཀའ་ཁྲི་དཔུང་ཁག་སྒྲིག་མཁན་ཞིག་འདེམས་པ་ཡིན་ན། ན་ནིངས་ཀྱི་གནས་ཚུལ་ལྟར་ཡོང་རྒྱུར་ངེས་པས། ང་ཚོས་བསམ་བློ་་་་་་་་་་་་་་་་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme