Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་ནང་བྱིས་བ་གཉིས་བཙལ་གི་ཡོད།

Posted on 2010-11-102010-11-10 By ཁ་བརྡ་ 16 Comments on ཨ་རིའི་ནང་བྱིས་བ་གཉིས་བཙལ་གི་ཡོད།

ལྷག་དཀར་དོ་དམ་པས།

བདག་གིས་ལོ་བཅོ་ལྔའི་འོག་གི་བྱིས་བ། བོད་ཡིག་་ཀློག་འདོན་ཡག་པོ་ཐུབ་པའི་ཐོག
ཁམས་ཀྱི་ཡུལ་སྐད་གང་རུང་གཙང་མར་བཤད་ཐུབ་མཁན་ཞིག་དང་། གཞན་ཡང་དབུས་སྐད་གཙང་མར་བཤད་ཐུབ་མཁན་ཞིག་བཙལ་གི་ཡོད། ན་ནིང་ལོ་གཅིག་གི་གོང་དེར་ང་ཚོས་བྱིས་སྒྲུང་བསྡུ་ལེན་གྱི་གསལ་བསྒྲགས་ཤིག་བྱས་པས།
ང་ཚོར་བྱིས་སྒྲུང་གང་མང་ཞིག་འབྱོར་དང་འབྱོར་བཞིན་ཡོད་པའི་ནང་ནས། རེ་ཟུང་ཞིག་སྒྲིག་སྦྱོར་གྱིས་ལས་འཆར་དུ་བཀོད་ནས། ད་ལྟ་ལས་རིམ་གང་འཚམས་ཤིག་གྲུབ་ཟིན།
ད་དུང་མུ་མཐུད་དུ་སྒྲིག་སྦྱོར་བྱེད་བཞིན་པ་ཡིན། བོད་སྐད་ཐད་ནས། ང་ཚོར་ཨམ་སྐད་གཙང་མ་བཤད་ཐུབ་མཁན་གྱི་བྱིས་བ་འགའ་རག་སོང་མོད། ཁམས་སྐད་དང་དབུས་སྐད་གཉིས་བཤད་ཐུབ་མཁན་གྱི་བྱིས་བ་རག་མ་སོང་། དེའི་རྐྱེན་གྱིས།
ཁ་བརྡ་དྲ་བ་བརྒྱུད་ནས། ཕ་མ་དང་དགེ་སློབ། དྲ་གྲོགས་དག་ལ་འབོད་སྐུལ་དུ།
ང་ཚོ་ལྷག་དཀར་དམ་བཅའི་ཕ་སྐད་གཙང་མ་རྒྱུད་འཛིན་གྱི་ལས་རིམ་ནང་།
བོད་ཡིག་ཡག་པོ་ཀློག་་ཐུབ་པའི་ཁར། ཁམས་ཀྱི་ཡུལ་སྐད་གང་རུང་ཞིག་གཙང་མར་བཤད་ཐུབ་མཁན་ཞིག་དང་། དབུས་སྐད་གཙང་མ་བཤད་ཐུབ་མཁན་ཞིག་བཙལ་གིན་ཡོད་པས། དེ་དོན་དགོང་འཇགས་ཡོང་བར་ཞུ།
ལས་འཆར་གྲུབ་རྗེས། དུས་ཚོད་ལ་དཔག་པའི་ལག་དངུལ་ཏོག་ཙམ་ཡང་འབུལ་རྒྱུ་ཡིན་པ་མ་ཟད།
ད་དུང་ལས་འཆར་རྗེས་མ་དག་གི་ནང་ལ་མུ་མཐུད་དུ་ཕྱག་ལས་གནད་འདོད་ཡོད་ཚེ།
ངེད་ཚོའི་ངོས་ནས་གོ་སྐབས་འབུལ་རྒྱུ་ཡིན།
དོ་བདག་བྱིས་བ་ང་ཚོའི་སྒྲིག་སྦྱོར་ཁང་དུ་ཕེབས་མི་དགོས་བར་ཁ་པར་གྱི་ལམ་ནས་སྒྲ་ལེན་བྱེད་གི་ཡིན།
གལ་ཏེ་འདིར་བྱང་ཀེ་ལོ་ཕོ་ཉའི་ནང་བཞུགས་མཁན་ཡིན་ཚེ་སྒྲ་ལེན་ཁང་དུ་ཕེབས་ན་ལེགས།
ང་ཚོའི་འབྲེལ་གཏུགས་ཁ་བྱང་གཤམ་གསལ།

ཁ་པར་ཨང་གྲང་ ༥༡༠ ༢༣༠ ༨༡༥༢ ཡིན་ལ་།
དྲ་འཕྲིན་། iamtibetan@gmail.com
ངེད་ཚོའི་དྲ་བ།http://iamtibetan.wordpress.com/

གསལ་བསྒྲགས།

Post navigation

Previous Post: ཧི་མ་ལའི་རི་རྩེ་ནས་བླ་མས་ཀི་རྒྱབ་པ།
Next Post: “གློག་བརྙན་ལབ་དུས། བུ་གཅིག་པོས་འཁྲབ་རྒྱུ་ཞིག་མ་རེད།”

Comments (16) on “ཨ་རིའི་ནང་བྱིས་བ་གཉིས་བཙལ་གི་ཡོད།”

  1. ཀླུ་སྨྱོན། says:
    2010-11-10 at 8:50 pm

    ཀེ་ལོ་ཕོ་ཉ་ཞེས་པ་འདི་ནི་སྔོན་ཆད་མ་མཐོང་བའི་མིང་ཚིག་གསར་པ་དང་རྙིང་པ་ཞིག་ཟུང་འབྲེལ་ལས་གྲུབ་པ་ཞིག་རེད། རྒྱ་མི་ཚོས་ཅ་ཀི་ཧྥོར་ནི་ཡ་ཞེས་དང་ལྷག་དཀར་ཚང་གིས་ཀེ་ལོ་ཕོ་ཉ་ཞེས་པ་གཉིས་ཀྱི་གང་ཞིག་ས་ཆ་དེའི་མིང་ངོ་མ་དང་ཐག་ཉེ་གི་ཡོད་དམ། ངས་བསམས་ན་ཁ་ལི་ཧྥོར་ནིས་ཡ་Californiaཞེས་བྲིས་ན་ལེགས།

  2. གཅན་བཟོད་རྒྱམ། says:
    2010-11-10 at 11:05 pm

    ང་ཡང་ཁྱོས་ལྟར་དང་སྤྱིར་ནས་བོད་སྐད་ཀྱིས་གཞན་སྐད་འབྲི་དུས་གཞན་སྐད་དེའི་སྒྲ་ཇི་ཡོང་ཐུབ་པའི་ཡི་གེ་ཞིག་ང་ཚོར་སྔ་མོ་ནས་ཡོད་ན། ཅིའི་ཕྱིར་སྒྲ་ངོ་མ་བོ་དེ་མི་འབྲི་བར་དཀྱོག་དཀྱོག་གནང་གིན་ཡོད་ན། རྒྱ་ཡིག་གིས་ནི་སྒྲ་མི་ཐོན་པ་མང་པོ་ཡོད་པས་དང་ཅི་ལྟར་འབྲི་མིན་དེ་ལྟར་ཡང་། རང་རེའི་བོད་ཀྱིས་ནི་གཞན་སྒྲ་རང་ཡིག་གིས་འབྲི་དུས་གཞན་སྒྲ་ངོ་མ་འབྲི་ཐུབ་ལ་དེ་ལྟར་དུ་བྲིས་བཟང་བར་འདོད།

  3. སྟག་སྨྱོན། says:
    2010-11-11 at 6:28 pm

    ལྷག་དཀར་གྱི་ཕྱིའི་རྣམ་པར་དགའ་བསུ་ཞུ་འོས་པ་འདུག་མོད། ཕུགས་ཀྱི་དམིགས་ཡུལ་ལ་ནམ་ཡང་རྒྱབ་སྐྱོར་མེད། དང་པོ་ལས་དོན་འདི་བོད་ནང་བརྩམས་པ་དང་མིང་དེ་ཡང་བོད་ནང་གི་གནས་སྟངས་དང་འགྲིག་པ་ཞིག་བཏགས་པ་ཞིག་ཡིན་ཚོད་འདུག བྱས་ཙང་ཁྱེད་ཚོས་ཆེད་དུ་བོད་ནང་གི་ལས་འགུལ་དག་ལད་ཟློས་བྱེད་དགོས་ཡོད་མ་རེད། བོད་ནང་གི་ལས་འགུལ་དེ་ཚོ་xxxxxxxxx་ལག་པ་འཆང་ཁུལ་གྱིས་ཆབ་སྲིད་རྐྱང་བའི་ངོ་བོར་བསྒྱུར་དེ། ཕྱི་ལོག་ནས་ཟིང་ཟིང་མང་པོ་བྱས་རྗེས་བོད་ནང་ལས་དོན་དེ་སྤེལ་མི་ཐུབ་པ་ཆགས་འགྲོ་གི་འདུག མ་ཟད་འབྲེལ་ཡོད་མི་སྣ་གལ་ཆེན་ཚོར་xxxxxxxx་ལག་འབྲེལ་ཡོད་ལུགས་ཉེས་པ་གཡོག་ཏེ་འཛིན་བཟུང་བཙོན་འཇུག་བྱེད་བདེ་བོ་ཆགས་འགྲོ་གི་འདུག ཁྱེད་ཚོས་ཕྱི་ལོག་གི་ཁོར་ཡུག་དང་མཐུན་པའི་ལས་འགུལ་ཞིག་བརྩམས་དགོས་པ་དང་། དེ་ལ་མིང་ཡང་གསར་བ་ཞིག་འདོགད་འོས་པ་ལས། བོད་ནང་མི་ཚོར་སེམས་ནག་བྱེད་བཞིན་པ་ཉེས་པ་ཆེན་པོ་མཐོང་གི་འདུག
    གཞན་ཁྱེད་ཚོས་རྫུན་ཁྲབ་ཀྱི་ཡོད་པ་ལས། དོན་གྱིས་བོད་ཡིག་ལ་ཁྱད་གསོད་རྩེད་སྤྱད་བྱས་འདུག དཔེར་ན་ཁྱེད་དྲ་རྒྱ་ནང་སྔོ་ཚལ་གྱི་མིང་བོད་ཡིག་ནང་བྲིས་པ་ Banana ལ་”ངང་ལགས”ཞེས་ས་ཡང་འཇུག་ཅན་བྲིས་འདུག དོན་གྱི་ངང་ལག་ཅེས་ལག་པའི་ལག་འབྲི་དགོས་པ་མ་རེད་དམ། འདི་དཔེ་མཚོན་ལས་ཚང་མ་འབྲི་ལོང་མ་བྱུང་། ཁྱེད་ཚོས་གཟབ་ནན་བྱེད་རྒྱུ་གལ་ཆེན་པོ་མཐོང་གི་འདུག xxxx

  4. སྟག་སྨྱོན། says:
    2010-11-11 at 6:42 pm

    ཁྱེད་ཚོས་ཙོང་རིལ་རིལ་དེའི་མིང་ལའང་ཙོང་རེས་ཡིན་ན་ཅིག་བྲིས་བཞག ཙོང་རིལ་མ་རེད་པས། xxxxxx

  5. ཚངས་དབྱངས། says:
    2010-11-11 at 8:05 pm

    ཀེ་ལོ་ཕོ་ཉ་ཟེར་བ་འདི་ངོ་མ་ཡག་པོ་འདུག ཚང་མས་ཀློག་བདེ་བ། ཡིད་ལ་འཇགས་བདེ་བ། དེ་གཉིས་ཀ་སྐད་ཡིག་ཞིག་གསོན་པོར་སྡོད་ཐུབ་མིན་གྱི་གནད་འགག་རེད། དེ་མིན་ལོག་ཡིག་དང་སྟུག་ཡིག་མང་པོ་བཀོལ་ནས་ཁ་ནས་ཀློག་ན་ཀློག་མི་བདེ། ཡི་གེ་བྲིས་ན་འབྲི་མི་བདེ་བ་ཤ་སྟག་རེད། 

    དཔེར་ན་་ཁ་ལི་ཧྥོར་ནིས་ཡ་ཟེར་བ་འདི་ཁྱད་མཚར་ཞིག་འདུག དེ་ལས་ཀེ་ལོ་ཕོ་ཉ་ཟེར་ན་མ་འགྲིག་པ་མིན་འདུག

    ངས་ཁྱོད་ལ་སྒྲུང་ཞིག་བཤད་འདོད། སྔོན་མ་རྒྱལ་བ་རིན་པོ་ཆེ་ཨ་རིའི་ནང་ལ་བོད་ཡིག་ཐོག་གསུང་བཤད་ཤིག་ལྗགས་སྒྲོག་གནང་སྐབས། གསུང་བཤད་དེའི་སྟེང་གྱི་་ཕྱི་རྒྱལ་གྱི་མིང་ཚིག་ཚང་མའི་སྟེང་ལ་ཕྱག་གིས་དབྱིན་ཡིག་བྲིས་འདུག རྒྱུ་མཚན་ནི་གསུང་བཤད་འབྲི་མཁན་གྱིས་བོད་ཡིག་ནང་ཕྱི་རྒྱལ་གྱི་མིང་བྲིས་པ་དེ་དག་ཀློག་མཁྱེན་གྱི་མིན་འདུག་གསུངས།

    དེ་བདེན་པ་རེད། ང་ཚོས་ཐབས་ཤེས་སྣ་ཚོགས་བཏོན་ནས་བོད་ཡིག་དེ་དག་ཀློག་ཐུབ་པ་བཟོ་དགོས། ངའི་བསམ་འཆར་ལ་ངེས་ཚོས་བསམ་བློ་ཡག་པོ་ཞིག་བཏང་ནས་བོད་ཡིག་ནང་ཕྱི་རྒྱལ་གྱི་མིང་དེ་དག་ཀློག་བདེ་རུ་གཏོང་བ་དང་གཅིག་འགྱུར་བཟོ་ཐུབ་ན་ལེགས། དཔེར་ན་གཤམ་གྱི་མིང་ཚིག་རྣམས་ལ་དཔྱད་པ་གནང་རོགས།

    ༡༽ ནེའུ་ཡོག New York
    ༢༽ཝ་ཤིང་ཀྲོན།
    ༣༽གསན་ཕ་རན་སི་ཁོ། San Franscisco
    ༤༽ཤི་ཀ་ཀོ། Chicago
    ༥༽ཀྲག་སེ། Texas
    ༦༽ཝེ་སི་ཀོན་སི། wesconsin
    ༧༽སེ་ཀྲེལ།   Seattle ལྟ་བུ།

    གང་ཟག་མིང་ལ།

    བྱོར་ཇི།
    མེ་རི།
    གསེར་མིག་ཐ།
    ཨོ་སྦར་མ།
    ནན་ཟེར།
    རི་ཆར་དྲི།
    སྦ་རག་དྲི།
    ཨེན་ཇི་ལི་ནར།
    ལྗོན།
    ལིན་ཐར།
    སྦིལ།
    ཤོ་འཛིན་ནེ་དཀར།

    ཨ་ཀྲུ་ཡུ་ཐིང་ཁ། 

  6. ཚངས་དབྱངས། says:
    2010-11-11 at 8:08 pm

    བཅོས། ཨ་ཀྲུ་ཡུ་ཐིང་ཁ་ཟེར་བ་འདི། ཝ་ཀྲུ་ཡུ་ཐིང་ཁ་ ལ་བཅོས་རོགས།

  7. གཞོན་ནུ་ཟླ་མེད། says:
    2010-11-11 at 8:12 pm

    དགོན་པ་གྲྭ་ཚང་གི་དགེ་བསྐོས་དེ་ཚོ་བཙན་ན་ཡག རྗེས་མ་ང་དགེ་བསྐོས་ལ་འཁེལ་ན་དགེ་འདུན་འདུས་པ་རྒྱ་མཚོ་གཅུམ་ཐུབ་ཀྱི་མ་རེད། དེ་བས་ན་སྟག་སྨྱོན་ལ་ད་ལྟ་ནས་ཞུ་བ་ཕུལ་རྒྱུ་ཡིན། རྗེས་མ་ངའི་ཚབ་ལ་ཚོགས་ཆེན་དགེ་བསྐོས་གནང་རོགས། ཧཧཧ

  8. Ogyend says:
    2010-11-11 at 10:25 pm

    སྟག་སྨྱོན་གྱིས་དངོས་གནས་རྒྱུ་མཚན་ལྡན་པའི་དགོངས་འཆར་ཞིག་བཀོད་གནང་འདུག་པས་ངས་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། བོད་ནང་ནས་རང་གི་རིག་གཞུང་རྒྱུན་གནས་ཀྱི་ཆེད་དུ་ཐབས་ཤེས་དངོས་ཤུགས་རྒྱུད་གསུམ་ནས་ལས་འགུལ་ཧ་ལས་པ་སྤེལ་གྱི་ཡོད་པ་ང་ཚོར་མཐོང་ཆོས་སུ་ཡོད་ན་ངེད་རྣམས་ཀྱི་དེ་དག་ལ་རྗེས་སུ་ཡིད་རངས་ཞུ་བ་ལས་དེ་ཚོར་གནོད་པ་མི་ཡོང་བ་ཞིག་བྱ་དགོས་པ་ཤིན་ཏུ་ནས་གལ་ཆེ་བ་ཡིན། ཁོང་གི་མཚན་ལ་སྟག་སྨྱོན་ཟེར་བ་ལས་དོན་ངོ་མར་བོད་ཀྱི་མི་རིགས་ལ་ཞེན་དང་ལ་རྒྱ་ཡོད་པའི་མི་ཞིག་ཡིན་ཚོད་འདུག སྐབས་རེ་མི་འགའ་ཤས་བཤད་རྒྱུར་ཡིད་འཕྲོག་ཐུབ་པ་ཡོད་ནའང་དོན་དུ་རང་མགོ་མ་ཐོན་པར་ཕྱི་རྒྱལ་བའི་རྐུབ་ལ་རྒྱུགས་སྡོད་མཁན་དེ་འདྲ་ནི་མིན་སྲིད། འདི་ལྟར་མིན་ན་ཁོང་གི་དགོངས་འཆར་ལ་ངས་ཕྱག་འབུལ་རྒྱུ་ལས་ལྷག་མེད། བཀའ་དྲིན་ཆེ། དགོངས་དག

  9. གངས་དཀར་ལྷ་མོ། says:
    2010-11-11 at 11:53 pm

    སྟག་སྨྱོན།

    ཁྱོད་ཀྱི་བཤད་པའི་སྐད་ཆ་མགོ་མཇུག་ཚང་མ་ཁྱོ་ག་ཞིག་གིས་ཤོད་རྒྱུའི་སྐད་ཆ་མ་རེད་སྙམ། བོད་ནང་ལ་བོད་མི་ཚོས་རང་གི་མི་རིགས་སྲུང་སྐྱོབ་སླད་རང་སྲོག་ཀྱང་བློས་གཏོང་གིས་ལས་འགུལ་སྤེལ་བ་དེར་ཕྱི་ནས་བརྒྱབ་སྐྱོར་ཐོག་ཁོང་ཚོའི་རྗེས་སུ་བསྙེགས་ནས་འཐབ་བརྩོད་རྒྱུན་ཁྱོང་བྱེད་པ་འདི་ལེགས་སོ་སྦྱིན་འོས་པ། ཡི་རངས་བྱེད་འོས་པ། དེ་ལ་རྒྱབ་སྐྱོར་བྱེད་འོས་པ་ལས། དེ་ལ་དགག་པ་བརྒྱབ་པ་ནི་ཆེས་མ་འོས། 

    བོད་ནང་གི་མི་རྣམས་ལ་མཚོན་ན། ང་ཚོས་ཁོང་ཚོའི་ལས་འགུལ་ལ་བརྒྱབ་སྐྱོར་བྱེད་མཚམས་འཇོག་པའི་ཉིན་མོ་དེར་ཁོང་ཚོ་ཡང་རེ་བ་བཅོལ་ས་མེད་པར་འགྱུར། ད་ལྟ་བྱེས་ལ་ཡོད་པའི་ལྷག་དཀར་ཚོགས་པས་འདི་ལྟར་ཐུགས་འཁུར་གནང་ནས་བོད་ཀྱི་ལྷག་དཀར་ལས་འགུལ་སྤེལ་བར་སྙིང་ནས་ཐུགས་རྗེ་ཆེ། རྒྱབ་སྐྱོར་ཡོད། བོད་ནང་ནས་ཤེས་ན། ཁོང་ཚོ་ལ་སྔར་ལས་ལྷག་པའི་སེམས་ཤུགས་སྦྱིན་ངེས།

    ང་རང་རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་དེ་བཞིན་བོད་ཀྱི་ས་གནས་་འགའ་ཤས་ལ་ཕྱིན་པ་ཡིན། བོད་ནང་གི་སློབ་མ་རྣམས་ཀྱིས་ཆེས་དགའ་སའི་གཞས་མ་གཅིག་ནི་བསྟན་འཛིན་ཀུན་གསལ་རེད་འདུག དགོངས་མོ་ཞིག་ཟ་ཁང་ཞིག་གི་ནང་ལ་ཁོང་གི་གླུ་གཞས་དེ་བརྙན་སྡེར་ནང་ནས་སྟོན་སྐབས། ཟ་ཁང་དེའི་ནང་གི་བོད་པ་ལོ་གཞོན་མང་པོས་ཐལ་མོ་རྡེབ་པ་དང་། བོད་པ་གཞན་རྣམས་ལ་ལྟོས་དང་ཨ་རིའི་ནང་ལ་འཚར་ལོངས་བྱུང་བའི་བོད་པའི་བུ་མོ་ཆུང་ཆུང་དེས་བོད་སྐད་ཀྱི་ཐོག་ལ་གཞས་འདི་འདྲ་ལེན་གྱི་འདུག འདི་མཐོང་དུས་བོད་མི་དམངས་ལ་རེ་བ་འདུག་ཟེར་ནས་ངུ་བཞིན་འདུག 

    རྡོག་རྡོག་འདི་བོད་ཀྱི་འཐབ་བརྩོད་འདི་ཕྱི་ནང་བོད་མི་ཟུང་འབྲེལ་ཐོག་སྤེལ་གྱི་ཡོད་ལ་སྟོབས་ཤུགས་དེ་མེད་པར་འགྱུར་ན་ངེད་ཚོའི་དམིགས་ཡུལ་རྩ་བ་ནས་སྒྲུབ་མི་ཐུབ། བྱས་ཙང་ཕྱི་ནས་བོད་ཀྱི་ལས་འགུལ་སྤེལ་བར་རྒྱབ་སྐྱོར་དང་མཐུན་སྒྲིལ་བྱེད་དགོས་ཀྱི་འདུག སྟག་སྨྱོན་ཁྱེད་ཀྱི་ཤོད་སྟངས་འདིས་ཕྱི་ནང་བོད་མི་ཁ་བྲལ་གཏོང་བའི་སྐྱོན་བྱེད། 

    འོ་རྡོག་རྡོག་འདི་ཡིན།

  10. སྦྲ་ནག་ཚང་། says:
    2010-11-12 at 3:06 pm

    “ཕྱི་ལོག་གི་ཁ་བྲལ་རིང་ལུགས་པ་ཚོས་” ཚིག་འདིའི་རིགས་འཛེམས་མེད་དུ་བེད་སྤྱད་གཏོང་བར་རྩོམ་བསྒྲིགས་ཚོག་ཆུང་གིས་ཚོད་འཛིན་བྱས་ན་ཡག་ས་རེད་།

  11. སྟག་སྨྱོན། says:
    2010-11-13 at 4:40 am

    བཙན་བྱོལ་སྤྱི་ཚོགས་ནང་ཁ་བྲལ་བ་མང་པོ་ཡོད་རེད། ཁོ་ཚོ་རྒྱ་བོད་ཁ་བྲལ་གཏོང་མཁན་མ་རེད། བོད་མི་ནང་ཁུལ་ཁ་བྲལ་གཏོང་མཁན་ཚོ་རེད། ཆོལ་ཁའི་བར་ལ་རྙོག་དྲ་བཟོ་མཁན་གྱི་ཆོལ་གསུམ་ཁ་བྲལ་བ་ཚོ་ནི་གསུམ་བྲལ་བ་རེད། བོད་ཀྱི་ཆོས་རྒྱུད་བཞིའི་བར་ལ་འགལ་ཟླ་བཟོ་མཁན་གྱི་ཆོས་ལུགས་ཁ་བྲལ་བ་ཚོ་ནི་བཞི་བྲལ་བ་ཟེར་གྱི་ཡོད། ངས་སྐྱོན་བཤད་ས་གོང་གི་ནང་ཁུལ་གཏོར་མཁན་གྱི་གསུམ་བྲལ་བ་དང་བཞི་བྲལ་བ་ཚོར་བཤད་ཀྱི་ཡོད།

  12. རྡོ་རྗེ། says:
    2010-11-13 at 2:41 pm

    གསུམ་བྲལ་བཞི་བྲལ་ངས་ཧ་མི་གོ ལྷག་དཀར་གྱི་འགུལ་ལས་རྗེས་སུ་ཡི་རང་ཡོད།

  13. སྟག་སྨྱོན། says:
    2010-11-13 at 3:30 pm

    ཆོལ་ཁ་གསུམ་དཀྲུགས་མཁན་རྣམས་གསུམ་བྲལ་བ་རེད། ཆོས་རྒྱུད་བཞི་དཀྲུགས་མཁན་རྣམས་བཞི་བྲལ་བ་རེད། སྟབས་བདེའི་ཆེད་གསུམ་བྲལ་དང་བཞིན་བྲལ་ཟེར་བ་རེད།
    ལྷག་དཀར་ལ་རྒྱབ་སྐྱོར་མེད། ཙོང་རིལ་ལ་ཙོང་རིས་ཡིན་ན་ཅིག་བྲིས་འདུག ངང་ལག་ལ་ངང་ལགས་ཀྱིས་ཤིང་ཏོག་ལའང་ཞེ་ས་བརྒྱག་གི་འདུག

  14. ཧོར་བུ་ཡེ་ཤེས says:
    2010-11-14 at 9:26 am

    ཆོལ་གསུམ་གྱི་་སྐད་ཤེས་མཁན་བོད་ཁྱིམ་ནང་ཡོད་རྒྱུ་རེད།ཁྱེད་ཚོས་དེ་ཡི་ནང་འབྲེལ་བ་བྱས་མེད་པས།

  15. ཤ་རུས་གཅིག་པ། says:
    2010-11-14 at 12:11 pm

    ལྷག་དཀར་ཚང་ལ་རྒྱབ་སྐྱོར་ཡོད་འོན་ཀྱང་རྗེས་མ་ནས་བོད་ཀྱི་སྐད་ཡིག་དང་མཐུན་པའི་མིང་ཚིགས་དག་བད་སྤྱོད་བྱ་ཐབས་ལ་བརྩོན་རྒྱུ་ནི་སྐབས་བབས་ཀྱི་འོས་འགན་ཡིན་པར་མཐོང་།

  16. མཁས་བཙུན། says:
    2011-07-04 at 10:53 am

    སྟག་སྨྱོན་གྱིས་གོ་རྒྱུ་ཏོག་ཙམ་ཡོད་པའི་སྐད་ཆ་ཞིག་བཤད་འདུག འོན་ཀྱང་གངས་དཀར་ལྷ་མོའི་ལམ་སྟོན་ལ་ཡིད་འཐད་ནས་བློ་འགྱུར་བ་འདྲ། གང་ལྟར་ཚང་མས་སེམས་འཁུར་གནང་བ་རེད། ངོ་མ་བཤད་ན་ལྷག་དཀར་དམ་བཅའི་དྲ་རྒྱ་དེ་མི་གཅིག་གིས་བདག་གཉེར་བྱེད་ཀྱི་ཡོད་པ་འདྲ། ཁོང་གིས་སེམས་ཤུགས་ཀྱིས་གནང་བ་ཡིན་པས་བོད་ཡིག་མ་དག་ཀྱང་ལས་འགུལ་དེ་སྤེལ་བར་བསྔགས་བརྗོད་ཡོད། དག་ཆ་སོགས་ལ་དོ་སྣང་ཡོང་བའི་རེ་བ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme