Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནོར་གླིང་མཐོ་སློབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར།

Posted on 2010-11-05 By དབང་ཕྱུག་ 6 Comments on ནོར་གླིང་མཐོ་སློབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར།

རྒྱ་ཆེའི་ཤེས་ཡོན་སྨྲ་བའི་སྡེ་ལ་ཞུ་རྒྱུ།

འདི་གའི་མཐོ་རིམ་སློབ་གྲྭའི་འོད་ཐིག་ཅེས་པའི་ཚགས་པར་འདི་ནི། དུས་ཚིགས་རང་བཞིན་ཅན་གྱི་ཚགས་པར་ཞིག་ཡིན་པ་དང་། ད་ལོ་ནས་བཟུང་སྐབས་ལྔ་བའི་མཐོ་རིམ་སློབ་གཉེར་ཡོངས་ཀྱིས་འགན་ལེན་བྱས་ཏེ་མུ་མཐུད་དུ་འདོན་སྤེལ་བྱེད་རྩིས་ཡོད་ན། རྒྱ་ཆེའི་བོད་ཕྱི་ནང་གི་རྩོམ་འབྲི་བ་བོ་དག་གིས་རྣམ་པ་འདྲ་མིན་གྱི་སྒོ་ནས་རྩོམ་ཡིག་གང་མང་བསྐུར་རྒྱུའི་རེ་བ་ཆེ། སྤྱིར་ཕྱི་སྡོད་བོད་མི་ཚོའི་རྩོམ་སྟེགས་འདྲ་བོའི་འདིའི་སྟེང་ན་ཡང་། རྩོམ་ཡིག་ཡིན་མིན་གང་རུང་གིས་བཟུང་བའི་དྲ་དེབ་ཚགས་གསུམ་ཁ་དར་ཡོད་ན་ཡང་། རྩོམ་ཡིག་མང་ཆེ་བ་སྤུས་ཀ་བསམ་ན་སྐྱོ་བ་སྐྱེ་བ་དང་། ཡིག་ནོར་མཐོང་ན་སྙིང་ན་བའི་ཚད་དུ་སོང་འདུག་པས། ང་ཚོའི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་སུ་འགྲོ་བའི་ལམ་ག་རྦད་དེ་བཀག་ཡོད། དེ་བས་ང་ཚོའི་རེ་བ་ནི་ནང་གི་བརྩམས་ཆོས་དང་ཕྱི་ཡི་ཇུས་འགོད་ཡོད་ཚད་ཚད་ལྡན་ཞིག་ཡོང་ཐུབ་ན་ཅི་མ་རུང་སྙམ་གྱིན་ཡོད་མོད། དེ་ནི་གཙོ་བོ་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་གི་སྤུས་ཀར་རག་ལས་ཡོད་ན། རྩོམ་པ་པོ་དག་གིས་དགག་གཞག་གི་སྙིང་སྟོབས་ཅན་དང་སྒྱུ་རྩལ་གྱི་མཛེས་པ་ཅན། འགན་འཁྲིའི་འདུ་ཤེས་ཅན་སོགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་ཡིག་གང་མང་ཞིག་ངེད་རྩོམ་སྒྲིག་ཁང་དུ་བསྐུར་བར་སྙིང་ནས་རེ་འབོད་བྱེད་ཀྱིན་ཡོད།
འདོན་ཐེངས་འདི། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་དྲན་ཁྱད་པར་ཅན་དང་སྟབས་བསྟུན་ནས་འདོན་སྤེལ་བྱེད་གཏན་ཁེལ་ཡོད་ན། རྩོམ་ཡིག་སྐུར་མཁན་དག་གིས་གང་མགྱོགས་ཅི་མྱུར་གྱིས་བསྐུར་རྒྱུ་མི་བརྗེད་རྒྱུ་མཁྱེན།

སྦྲག་ཁང་བརྒྱུད་རྩོམ་བསྐུར་སའི་ཁ་བྱང་།

Norbulingka Institue College Publishing

P.O Sidhpur- 176057

Dharamsala Distt, Kangra P.H. India

གློག་འཕྲིན་བརྒྱུད་རྩོམ་ཡིག་བསྐུར་སའི་ཁ་བྱང་། dorjekls@ymail.com

09805282533/09816952464

ཞེས་འོད་ཐིག་ཚགས་པར་རྩོམ་སྒྲིག་ཁང་ནས།

གསལ་བསྒྲགས།

Post navigation

Previous Post: སྤྱི་ལོ་༢༠༡༠ནས་༢༠༢༠ བར་གྱི་མཚོ་སྔོན་སློབ་གསོའི་བཅོས་བསྒྱུར་འཆར་འགོད་རྩ་གནད་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཁག་བཞི།
Next Post: མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ། གཉིས་པ།

Comments (6) on “ནོར་གླིང་མཐོ་སློབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར།”

  1. མི་ནག་མདུང་ཐུང་། says:
    2010-11-05 at 10:57 pm

    ༼ཡིག་ནོར་མཐོང་ན་སྙིང་ན་བའི་ཚད་དུ་སོང་འདུག༽ཅེས་གཞན་ལ་དམའ་ཕབ་ནས། དོན་ལ་གསལ་བསྒྲགས་ནང་ན་ཡིག་ནོར་འདུག སློབ་གྲྭའི་ཁ་བྱང་དབྱིན་ཡིག་གིས་བྲིས་པ་དེའི་ནང་ནའང་ཡིག་ནོར་འདུག

    མཐོ་སློབ་འདི་ཚོས་ད་མི་ཉན་ཡ།

  2. མེ་ཏོག་དཀར་པོ། says:
    2010-11-05 at 11:05 pm

    མ་བརྩམས་པ་ནི་མཆོག་ཡིན་གྱིས། །
    བརྩམས་ནས་ལྡོག་པར་མི་བྱ་འོ། །
    རེ་ཌྷའགའ་བའི་དངོས་པོ་མ་གནང་བར་མ་མཐུད་འདོན་སྤེལ་གནང་ཐུབ་ན་ལེགས་སོ་ཡོད།

  3. གངས་ཕྲུག says:
    2010-11-05 at 11:46 pm

    གལ་སྲིད་ཁྱོད་ཚོ་མཐོ་སློབ་པ་དང་ཤེས་ཡོན་ཅན་ངོ་མ་ཞིག་ཡིན་ཚེ་ཁད་ཡངས་པའི་སྒོ་ནས་ཕུག་རྒྱང་རིང་དུ་ལྟ་བ་ལས་གཞན་ལ་དམའ་འབེབ་ཏན་ནས་བྱེད་མི་ཉན། ཤེས་སོང་ངམ།

  4. གཡག་རྒོད། says:
    2010-11-08 at 3:06 am

    གཞན་ལ་ལྟ་བའི་མིག་ཡོད་ཀྱང༌། རང་ལ་ལྟ་བའི་མེ་ལོང་དགོས་ཞེས་མཁས་པ་སྔ་མ་དག་གིས་བཀའ་སློབ་ལམ་སྟོན་འདི་ག་ཚོད་ཀྱི་བདེན་གཏམ་ཡིན་པར་ཚོར་སྣང་ཆེན་པོ་ཞིག་སྟེར་བྱུང༌། ལར་ནས་སློབ་ཕྲུག་ལ་སློབ་ཕྲུག་ཡིན་པར་འདུ་ཤེས་ཀྱི་ཐོག་ནས་གཞན་ལ་བཤད་པ་དང་བསྒྲགས་པ་བྱེད་རྒྱུ་ནི་སློབ་ཕྲུག་གི་གོ་སར་མཁོ་བའི་ཁྱད་ཆོས་གཅིག་རེད། ག་ཚོད་ཀྱིས་ཁེངས་དྲེག་དང་ང་རྒྱལ་བྱས་ན་དེའི་ཚད་ཀྱིས་བློ་རྒྱ་བསྐྱེད་པར་བར་བགེགས་ཆེན་པོ་ཐེབས་ཀྱི་ཡོད། བཙན་བྱོལ་སྤྱི་ཚོགས་ནང་ཡིག་ནོར་དང་སྐྱོན་ཆ་མེད་པའི་དྲ་དེབ་ཚགས་གསུམ་གཅིག་ཀྱང་བསྟན་རྒྱུ་མེད་ཅེས་བཤད་ན་ཕལ་ཆེར་ཧམ་བཤད་རང་ཆགས་མི་སྲིད། ལོ་ཤས་གོང་དུ་ངེད་ཚང་གི་རྩོམ་པ་པོའི་མིང་ཡོད་པའི་ཆབ་བྲག་ཕོ་ཉས་བཙན་བྱོལ་སྤྱི་ཚོགས་ནང་རྩོམ་པ་པོ་རྣམས་ཐེབས་ཆགས་ཡིན་ལ། བརྩམས་ཆོས་རྣམས་ཀྱང་ཐེབས་ཆགས་ཞིག་ལས་མེད་བཅས་བཤད་མྱོང་ཡོད། དེར་བརྟེན་འོད་ཐིག་དུས་དེབ་ཡང་དེའི་ཁྲོད་ནས་ཚད་དམའ་ཤོས་གཅིག་ཡིན། འདི་ནི་བཙན་བྱོལ་ནང་གི་བོད་ཡིག་གི་ལས་དབང་ཙམ་ཡིན་སྟབས་ང་ཚོས་སྡང་ནོངས་བྱེད་དགོས་དོན་མེད་སྙམ།

  5. ལ་སྟོད་བུ། says:
    2010-11-08 at 3:50 am

    ནོར་གླིང་མཐོ་སློབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར།
    ཅེས་པའི་ནང་དུ་གཞན་ལ་རེ་བ་ཞིག་བཅོལ་འོན་ཀྱང་དམོད་ཚིག་ཀྱང་སྒྲགས་འདུག་པས།
    དེས་ན་གོང་གི་མཆན་འགོད་པ་རྣམས་ཀྱི་བསམ་ཚུལ་གཅིག་མཚུངས་ལྟར་ངོས་ནས་ཀྱང་བསམ་ཚུལ་མ་ཞུས་ཐབས་མེད་བྱུང་སོང།
    ཁྱེད་རྣམས་ནས་གཞན་ལ་ཤོད་པར་རང་ངོས་ནས་སྤུས་ཀ་ལེགས་པོ་ཞིག་བྱེད་དགོས་དེ་མིན་གཞན་ལྟའི་མིག་གཅིག་པོས་འགྲིག་གི་མི་འདུག
    དཔེར་ན།་ཁྱེད་ནས་བྲིས་པའི་རྩོམ་གྱི་བརྡ་བསྐུལ་ཉུང་ཉུང་དེ་ལའང་ཡིག་ནོར་དང་འབྲི་ཚུལ་སོགས་གང་ནས་ཀྱང་མ་འོས་པ་དང་མ་དག་པ་སོགས་ཀྱང་འདུག་པ་འདི་ལྟར།

    (སྤྱིར་ཕྱི་སྡོད་བོད་མི་ཚོའི་རྩོམ་སྟེགས་འདྲ་བོའི་འདིའི་སྟེང་ན་ཡང་།)
    ཚིག་སྦྱོར་འབྲི་སྟངས་དང་ཚིག་བརྗོད་སྟངས་སོགས་གང་ནས་ཀྱང་མི་འགྲིག་པ་ཞིག་ཏུ་མཐོང།
    བརྗོད་སྟངས་དེ་རིགས་ནི་རྒྱ་ནག་གིས་བརྗོད་ཚུལ་ཞིག་སྟེ།
    བཙན་བྱོལ་བོད་མིར་ཕྱིར་སྡོད་བོད་རིགས་སྤུན་ཟླ་ཞེས་ལྷ་སའི་རླུང་འཕྲིན་ནས་ལོག་ཕེབས་དགོས་ཀྱིས་སྣེ་བསུའི་བརྗོད་ཚུལ་ཞིག་རེད།
    ང་ཚོས་ནམ་ཡང་ཕྱིར་སྡོད་མི་ཞེས་མི་བརྗོད་ཅིང་བཙན་བྱོལ་བོད་མི་ཞེས་བརྗོད་དགོས་པ་རྒྱུ་མཚན་སྣེ་མང་གིས་ཤེས་ཐུབ།
    དེ་ནས་འཇུག་གི་[འདྲ་བོའི་འདི་ཡི་སྟེང་ནས]་ཞེས་འབྲེལ་སྒྲ་གཉིས་སྦྱོར་དགོས་པའི་རྒྱུ་མཚན་མེད་པ་དང་གོ་རྒྱུ་ཡང་ཅང་མི་འདུག

  6. གཡག་རྒོད། says:
    2010-11-09 at 5:22 am

    ཚིག་ཕྲེང་ཉུང་ལ། ཡིག་ནོར་མང་བའི་གསལ་བསྒྲགས་ཐུང་ཐུང་འདི་ལྟ་བུ་མིག་འོག་དུ་མཐོང་དུས་དངོས་གནས་སྙིང་ན་དགོས་པ་རང་རེད་འདུག མཐོ་སློབ་ཅིག་གི་མིང་འོག་ནས་དང༌། ལྷག་པར་ཡིག་ནོར་མཐོང་ན་སྙིང་ན་བའི་ཚད་དུ་སོང་འདུག་ཅེས་གཞན་ལ་ཁ་དཔེ་སྒྲོག་མཁན་ཞིག་གི་ངོ་ནས་བཤད་ན་རྐུན་མས་རྐུ་མ་འཚོལ་བའི་གཏམ་རྒྱུད་དེ་གསལ་ལེ་ལེ་བྱས་ནས་དྲན་དབང་དུ་འཆར་བཅུགས་བྱུང༌།
    གཤམ་དུ་ངས་ཁྱེད་ཅག་གི་གསལ་བསྒྲགས་ཐུང་ཐུང་དེའི་ནང་ཐད་ཀར་མཐོང་བའི་ནོར་འཁྲུལ་ཉུང་ཤས་ཤིག་མཛུ་སྟོན་ཞུ་རྒྱུ་ལགས་ན་དེ་དོན་ཉེས་པ་ལ་ཉེས་པ་མཐོང་སྟེ་ཕྱིན་ཆད་སྤང་བླང་གི་འཇུག་ལྡོག་མ་ནོར་བར་བྱེད་རྒྱུའི་རེ་བ་ཞུ་རྒྱུ་ཡིན།

    ༡ ཁྱེད་རྣམ་པས་བཀོལ་སྤྱོད་ཆེ་བའི་དྲ་ལམ་བརྒྱུད་ནས་རྒྱ་ཆེའི་རྩོམ་པ་པོ་རྣམས་ལ་དེ་གའི་མཐོ་སློབ་ཀྱི་སློབ་མའི་ཚགས་དེབ་ཐོག་འགོད་རྒྱུའི་རྩོམ་སྐུལ་ཞུ་བཞིན་ཡོད་སྟབས། འགོ་བརྗོད་དེ་ཡང་ནོར་གླིང་མཐོ་སློབ་ཀྱི་རྩོམ་བསྡུའི་བརྡ་སྦྱོར་ཞེས་བཀོད་པ་ལས་ནོར་གླིང་མཐོ་སློབ་ཀྱི་རྩོམ་སྐུལ་གསལ་བསྒྲགས་ཞེས་བྲིས་ན་གོ་རྒྱ་ཆེ་བ་ཡོད།

    ༢ དུས་ཚིགས་རང་བཞིན་ཅན་གྱི་ཚགས་པར་ཞིག་ཡིན་པ་དང༌། ཞེས་པ་ལས་དུས་མཚམས་ངེས་ཅན་ནང་འདོན་སྤེལ་བྱེད་བཞིན་པའི་ཚགས་པར་ཞིག་ཡིན་པ་དང༌། ཞེས་བྲིས་ན་བཟང༌། དེ་མིན་དུས་ཚིགས་རང་བཞིན་ཅན། ཆུ་ཚོད་རང་བཞིན་ཅན། ཟླ་བ་དང་གཟའ་འཁོར་རང་བཞིན་ཅན། ལོ་རང་བཞིན་ཅན་ཟེར་བ་སོགས་གོ་རྒྱུ་ཅང་ཨེ་ཡོད་སྙམ།

    ༣ སྐབས་ལྔ་བའི་མཐོ་རིམ་སློབ་གཉེར་བ་ཞེས་པ་ལས་སྐབས་ལྔ་པའི་མཐོ་རིམ་སློབ་གཉེར་ཞེས་པ་ཡིག་བྲིས་ན་ལེགས་པ་ཡོད། འདིར་རྟགས་མཚུངས་ལས་བརྗོད་བདེ་འོས་བབས་ཆེ་བ་ཡོད་པས་ཡིན། ང་ཚོའི་གྲངས་གའི་ནང་ནས་ཀྱང་ལྔ་པ་དང༌། དྲུག་པ། བདུན་པ་ཟེར་བ་ལས་ལྔ་བ། དྲུག་བ། བདུན་པ་ཞེས་འབོད་ཀྱིན་མེད།

    ༤ སྐབས་ལྔ་བའི་མཐོ་རིམ་གྱི་སློབ་གཉེར་བ་ཡོངས་ནས་ཞེས་པ་ལས་སྐབས་ལྔ་པའི་སློབ་གཉེར་བ་ཡོངས་ནས་ཞེས་ཐད་བྲིས་བྱས་ན་མཛེས་པ་ཡོད། འགོ་བརྗོད་ནང་ནོར་གླིང་མཐོ་སློབ་ཅེས་བྲིས་ཟིན་ཡོད་སྟབས་དངོས་གཞིའི་ནང་ཚིག་རྙོག་མང་པོ་བྲིས་དགོས་མ་མཆིས།

    ༥ རྒྱ་ཆེའི་བོད་ཕྱི་ནང་གི་རྩོམ་འབྲི་བ་པོ་དག་གིས་ཞེས་པ་ལས་བོད་ཕྱི་ནང་གི་རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱིས་ཞེས་བྲིས་ན་སྡེབ་སྦྱོར་ཉན་པ་ཡོད་སྙམ།

    ༦ ཕྱི་སྡོད་བོད་མི་ཞེས་པའི་ཚིག་འདི་རྒྱ་འདྲེ་གུང་ཁྲན་གྱིས་ང་ཚོའི་གཞུང་ལ་ཆེད་དུ་གཉེར་ནས་བཀོལ་སྤྱོད་བྱེད་བཞིན་པའི་ཆབ་སྲིད་ཀྱི་ཚིག་ཅིག་ཡིན་སྟབས་ང་ཚོས་ནམ་ཡང་བེད་སྤྱོད་བྱེད་རྒྱུ་མེད། དེ་ལས་ལྡོག་ནས་ང་ཚོས་བོད་རང་དབང་མ་འཐོབ་བར་བཙན་བྱོལ་བོད་མི་དང༌། ཡང་ན། བཙན་བྱོལ་སྤྱི་ཚོགས་ནང་ཞེས་ཚིག་འདི་དག་ཡང་ནས་བསྐྱར་དུ་བེད་སྤྱོད་གཏོང་དགོས།

    ༧ ཡིག་ནོར་མཐོང་ན་སྙིང་ན་བའི་ཚད་དུ་སོང་འདུག་ཅེས་དང༌། ང་ཚོའི་རྩོམ་ཡིག་འཕེལ་རྒྱས་དུ་འགྲོ་བའི་ལམ་ག་རྦད་དེ་བཀག་ཡོད། ཅེས་སོགས་རྩོམ་འབྲིའི་གཤོག་རླབས་མ་རྒྱས་པའི་སློབ་གཉེར་བ་ཁྱུ་ཚོགས་ཤིག་གི་རྩོམ་སྐུལ་གསལ་བསྒྲགས་འདི་ལྟ་བུའི་ནང་དེ་་འདྲ་བྲིས་ན་ལེགས་པོ་མེད་ལ། ད་དུང་ཁྱེད་ཅག་གིས་བོད་ཕྱི་ནང་གཉིས་ཀའི་རྒྱལ་ཡོངས་རྩོམ་པ་པོ་རྣམས་ལ་ཆེད་སྐུལ་རྩོམ་ཡིག་གསལ་བརྡ་སྤེལ་བཞིན་པར་བརྟེན། གུས་ཞབས་དང་དམའ་ས་ནན་བཟུང་དགོས་པ་མ་ཟད། ཁེངས་དྲེག་དང་ང་རྒྱལ་གྱི་རྣམ་པ་མ་ཐོན་པ་བྱེད་ཐུབ་ཚེ་རྩོམ་ཡིག་གི་ཞལ་འདེབས་ཀྱང་དེ་ལས་དཔག་པའི་གྲུབ་འབྲས་ཡོད་ཆོག་སྙམ།

    ༨ Institue ཡི་གེ་འདི་འདྲ་ཞིག་དབྱིན་ཡིག་ནང་ཕལ་ཆེར་མེད་སྙམ། Institute ཞེས་པ་འདི་ཡིན་པ་འདྲ། མཐོ་སློབ་པ་ཞིག་ཡིན་པའི་ཆ་ནས་ཆུང་རྩག་རིགས་ལའང་ནོར་འཁྲུལ་མ་ཤོར་བར་ཡིད་གཟབ་དགོས་མཐོང༌།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme