Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼མཇུག་མཐའི་སློབ་ཐུན་གཅིག ༽ གླེང་བ། བོད་འགྱུར་མ།

Posted on 2010-11-05 By དབང་ཕྱུག་ 1 Comment on ༼མཇུག་མཐའི་སློབ་ཐུན་གཅིག ༽ གླེང་བ། བོད་འགྱུར་མ།

རྟ་ནག་སྐལ་བཟང་ལུང་རིགས།

མཇུག་མཐའི་སློབ་ཐུན་གཅིག་གི་རྒྱབ་ལྗོངས།

སྤྱི་ལོ ༡༨༧༠ ལོའི་ཟླ་བདུན་པར་ཧྤ་རན་སི་དང་འཇར་མན་གཉིས་ཀྱིས་དམག་འཁྲུགས་བསླངས། ཟླ་དགུ་བའི་ནང་ཧྥ་རན་སིའི་དམག་དཔུང་གཡུལ་ལས་རབ་ཏུ་ཕམ་ཏེ་ན་ཕོ་ལོན་སྐྱེ་ཕྲེང་གསུམ་པ་གསོན་བཟུང་ཐེབས།(ན་ཕོ་ལོན་སྐྱེ་ཕྲེང་གསུམ་པ། ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་གཉིས་པའི་སྲིད་བློན། ཧྥ་རན་སི་བཙན་རྒྱལ་རིང་ལུགས་ཀྱི་སྐབས་གཉིས་པའི་རྒྱལ་བོ། ན་པོ་ལོན་སྐྱེ་ཕྲེང་དང་བོའི་ཡང་ཚ།___སྒྱུར་མཁན་གྱི་མཆན) འཇར་ མན་ཕུའུ་ལུའུ་ཧྲི་དམག་དཔུང་ཤར་སྐྱོད་ཀྱིས་ཧྥ་རན་སིའི་ཨ་ཨར་ས་སི་ས་ཁུལ་དུ་ དཔུང་འཇུག་དྲག་པོ་བགྱིས་ཏེ། ལོ་ལིན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་སུམ་ཆའི་གཅིག་གི་ས་ཁུལ་བདག་ཏུ་བཟུང་། སྐབས་འདིར་ཧྥ་རན་སི་ལ་མཚོན་ནས་བཤད་ན། རང་སྲུང་དམག་ཇུས་ལ་ཡང་འགྱུར་བ་བྱུང་སོང་བར་མ་ཟད། ཁ་གཏད་ཀྱི་ཕུའུ་ལུའུ་ཧྲིའི་དམག་དཔུང་གིས་གསོད་སྲེག་འཕྲོག་གསུམ་བགྱིས་པས། ཧྥ་རན་སིའི་མི་དམངས་དག་སྡང་སེམས་མཉམ་སྐྱེས་དང་། དགྲ་འགོག་ཕར་རྒོལ་ཀྱི་ལས་ལ་བརྩོན་བཞིན་ཡོད། ༼མཇུག་མཐའི་སློབ་ཐུན་གཅིག་༽གི་སྒྲུང་ཐུང་འདིས་འདི་ལྟར་བཤད་བཞིན་ཡོད་དེ། དགྲ་ལག་ཏུ་ཤོར་བའི་ཨ་ཨར་སིའི་ས་ཁུལ་གྱི་སློབ་གྲྭ་ཞིག་ལ་ཧྥ་རན་སིའི་སྐད་ཡིག་ གཏན་འགོག་དང་དེའི་ཚབ་ཏུ་འཇར་མན་གྱི་སྐད་ཡིག་མ་གཏོགས་བཀོལ་མི་ཆོག་པ་བཟོས་ པའི་བརྗོད་བྱ་བརྒྱུད་ནས། ཧྥ་རན་སིའི་སྐད་ཡིག་གི་མཇུག་མཐའི་སློབ་ཚན་གཅིག་གི་སྣང་ཚུལ་དང་། སློབ་ཕྲུག་ཧྥོ་ལང་ཧྲི་དང་། ཧྥ་རན་སིའི་སྐད་ཡིག་གི་དགེ་རྒན་སྐུ་ཞབས་ཧན་མེར་གྱི་སྣང་བརྙན་དང་ཉམས་འགྱུར་ མངོན་པར་མཚོན་ཡོད་ལ། ཧྥ་རན་སིའི་མི་དམངས་ཀྱིས་རང་གི་རྒྱལ་ཁབ་ལ་བཅངས་པའི་རྒྱལ་ཞེན་གྱི་བསམ་བློ་དང་བརྩེ་བ་ཟབ་མོའང་མངོན་པར་མཚོན་ཡོད་པ་ཡིན་ནོ།།

བརྩམས་ཆོས་ཀྱི་དགོངས་དོན་གཙོ་བོ།

ཨ་ ཨར་སི་ཞིང་ཆེན་གྱི་སློབ་བུ་ཧྥོ་ལང་ཧྲིས་ཆེས་མཐའ་མཇུག་གི་ཧྥ་རན་སིའི་སྐད་ ཡིག་གི་སློབ་ཁྲིད་ལ་ཉན་རྗེས་ཀྱི་མཐོང་མྱོང་ཐོས་གསུམ་བརྒྱུད་ནས། མི་རིགས་གཞན་ཞིག་གི་བཙན་འཛུལ་གྱིས་མི་རིགས་གཅིག་གྱུར་བྱེད་པའི་བསམ་སྦྱོར་ ངན་པ་དང་། དགྲ་ལག་ཏུ་ཤོར་བའི་རང་ཉིད་ཀྱི་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་མངོན་པར་མཚོན་ ཡོད། མེས་ རྒྱལ་གྱི་རང་དབང་བརྩོན་ལེན་དང་བཅིངས་འགྲོལ་གྱི་འདུ་ཤེས་སྲ་བརྟན་དུ་བགྱིས་ ཏེ། ཧྥ་རན་སིའི་མི་དམངས་ཀྱི་རླབས་ཆེ་བའི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་། དགེ་རྒན་ཧན་མེར་གྱི་སེམས་ཁོང་ན་དྲག་ཏུ་འཕྱུར་གྱིན་པའི་རྒྱལ་ཞེན་གྱི་སྙིང་ སྟོབས་དང་། དཀྱེལ་ཡངས་པའི་བསམ་བློའི་དགོངས་དོན་ཡང་མཚོན་པ་ཡིན་ནོ།།

ནང་དོན་བསྡུས་བཤད།

༼མཇུག་མཐའི་སློབ་ཐུན་གཅིག༽གིས་ཕུའུ་ཧྥ་དམག་འཁྲུགས་རྗེས་སུ་གནོད་འཚེ་ཕོག་པའི་ཨ་ཨར་ས་སིའི་གྲོང་གསེབ་ཅིག་གི་སློབ་ཆུང་ཞིག་དང་། མེས་རྒྱལ་དང་གཏན་དུ་ཁ་གྱེས་པའི་ཧྥ་རན་སིའི་སྐད་ཡིག་གི་མཇུག་མཐའི་སློབ་ཚན་གཅིག་གི་རྣམ་པ་ཞིབ་འབྲི་བགྱིས་ཡོད། བྱིས་བློའི་དྲི་མ་དག་མེད་པའི་སློབ་བུ་ཞིག་གི་རང་རྣམ་དང་ཁོའི་སེམས་ཁམས་ཀྱི་འགུལ་སྐྱོད་ཞིབ་འབྲི་བྱས་པ་བརྒྱུད། མི་ རིགས་གཞན་ཞིག་གིས་མི་རིགས་གཅིག་གྱུར་བྱ་འདོད་ཀྱི་བསམ་སྦྱོར་ངན་པས་བསླངས་ པའི་ཧྥ་རན་སིའི་མི་དམངས་ཀྱི་སེམས་སྡུག་དང་། རང་ཉིད་ཀྱི་མེས་རྒྱལ་ལ་དགའ་བའི་བརྕེ་འདང་བཅས་མངོན་པར་མཚོན་ཡོད་པའོ།།

བརྩམས་ ཆོས་ཀྱི་བརྗོད་བྱ་ཆུང་ནའང་། སྙིང་སྟོབས་བཅུད་ལེན་དང་། རྣམ་པ་ཞིབ་འབྲི། བརྗོད་དོན་གཙོ་བོ་སྔོག་འདོན་གྱི་རིན་ཐང་ཤིན་ཏུ་ནས་གཏིང་ཟབ་པ་ཡོད། སྤྱིར་ བཏང་གི་དགེ་རྒན་དཀྱུས་མ་ཞིག་དང་། རྒྱལ་གཅེས་ཤེས་ཡོན་པ་ཞིག་གི་དཔེ་མཚོན་ཡིན་པའི་ཡིན་སློབ་ཁྲིད་དགེ་རྒན་སྐུ་ ཞབས་ཧན་མར་གྱི་སྣང་བརྙན་གསོན་ཉམས་ལྡན་པར་བཞེངས་སྐྲུན་བྱས་ཡོད་པ་དེའོ།།

སློབ་ ཚན་འདི་སྔ་མོ་ཞིག་ནས་རྒྱལ་ཁབ་མང་བོ་ཞིག་གི་སྐད་དུ་འགྱུར་ཚར་ཞིང་། རྒྱ་ནག་གིས་ཀྱང་རང་ཡིག་ཏུ་བསྒྱུར་ནས་སྐད་ཡིག་སློབ་ཚན་ཁྲོད་དུ་བདམས་ནས་ཡོད་ དོ།། (བོད་ཡིག་ཏུའང་བསྒྱུར་ནས་ནས་བོད་ནང་གི་སློབ་ཚན་དག་ཏུ་མཐོང་རྒྱུ་ཡོད། སྒྱུར་མཁན་གྱི་མཆན)

༼མཇུག་མཐའི་སློབ་ཐུན་གཅིག༽རྩོམ་པའི་དུས་ནི་ཕུའུ་ཧྥ་གཡུལ་འགྱེད་མཇུག་སྒྲིལ་བའི་ལོ་གཉིས་པ་སྟེ། སྤྱི་ལོ(1873)རེད། དགྲ་ ལག་ཏུ་ཤོར་བའི་ཧྥ་རན་སིའི་ཨ་ཨར་ས་སི་ཞིང་ཆེན་ཞིག་གི་སློབ་ཆུང་དེར་ཧྥ་རན་ སིའི་སྐད་ཡིག་བཀོལ་སྤྱོད་མི་ཆོག་མ་བཟོས་ཤིང་། དེའི་ཚབ་ཏུ་འཇར་མན་གྱི་སྐད་ཡིག་དབང་ཤུགས་ཀྱིས་བཀོལ་བ་བརྩམས་ཆོས་འདིའི་ བརྗོད་དོན་གཙོ་བོར་བཟུང་ཡོད། ཧྥ་རན་སིའི་སྐད་ཡིག་གི་མཇུག་མཐའི་སློབ་ཐུན་གཅིག་གི་རྣམ་པ་བརྒྱུད་ནས་སློབ་ བུ་ཧྥོ་ལང་ཧྲི་དང་། དགེ་རྒན་ཧན་མེར་གྱི་དཔེ་མཚོན་སྣང་བརྙན། ད་དུང་ཧྥ་རན་སིའི་མི་དམངས་ཀྱིས་རང་གི་རྒྱལ་ཁབ་ལ་བཅངས་ནས་ཡོད་པའི་བརྩེ་སེམས་དང་རྒྱལ་གཅེས་ཀྱི་བསམ་བློ་མངོན་པར་མཚོན་ཡོད་དོ།།

གནད་དོན་དབྱེ་ཞིབ།

སློབ་ཚན་ཁྲོད་དུ་དགེ་རྒན་ཧན་མེར་གྱིས་བཤད་དོན། “རྒྱལ་ཁབ་སྟོར་ཞིང་བརླགས་ཏེ་བྲན་གཡོག་ཏུ་གྱུར་པའི་མི་རིགས་ཤིག་ལ་མཚོན་ན། རང་ཉིད་ཀྱི་སྐད་ཡིག་དམ་དུ་བཅངས་ཤིང་བསྡམས་ནས་ཡོད་ཚེ། ཁྲི་མུན་སྒོ་མོ་འབྱེད་བྱེད་ཀྱི་ལྡེ་མིག་ལག་ཏུ་ལྡན་པ་དང་འདྲའོ།།”ཞེས་ པའི་ཚིག་དུམ་འདིས་གཏིང་ཟབ་པའི་གནས་ལུགས་ཅི་ཞིག་སྦས་ཡོད་དམ། ཁྱོད་ཀྱིས་རང་ཉིད་ཀྱི་སྐད་ཡིག་ལ་ངོས་འཛིན་གསར་བ་གང་འདྲ་ཞིག་ཐོབ་སོང་ངམ།

དུམ་ཚན་འདིས་ཕྱོགས་ཁ་ཤས་ཀྱི་ནང་དོན་མཚོན་པར་བགྱིས་ཡོད་པ་སྟེ། དང་བོ། མི་ རིགས་ཀྱི་སྐད་ཡིག་ནི་མི་རིགས་མཚོན་བྱེད་ཀྱི་བརྡ་རྟགས་འབའ་ཞིག་སྟེ། རྒྱལ་ཁབ་སྟོར་ཞིང་བརླགས་པའི་མི་རིགས་ཤིག་ལ་མཚོན་ན། གལ་སྲིད་རང་ཉིད་ཀྱི་སྐད་ཡིག་འཆད་པ་དང་། རང་ཉིད་ཀྱི་རིག་གཞུང་འཛིན་པ་བཅས་རྒྱུན་བསྲིངས་ནས་ཡོད་ཚེ། དོན་དངོས་ཀྱིས་ད་དུང་མི་རིགས་དེ་ཉིད་གཏན་ནས་ཉམས་མེད་པ་མཚོན་པ་ཡིན་ནོ།། ད་དུང་མི་རིགས་དེའི་འདས་མ་ད་གསུམ་མུ་མཐུད་དུ་འཚོ་ཐུབ་པའི་རྟགས་མཚན་མངོན་པ་ཡིན་ནོ།།

གལ་སྲིད་རང་ཉིད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པ་སྟོར་ཞིང་བརླགས་པའི་དུས་ནམ་བྱུང་ན། ས་སྒང་སྟེང་གི་མི་རིགས་ཤིག་ཕལ་ཆེར་རྨེག་མེད་དུ་འགྲོ་བའི་ཉེར་བསྡོགས་བརྕམས་པ་ཡིན་ནོ།།

གཉིས་པ། མི་རིགས་སྐད་ཡིག་ལ་ད་དུང་མི་རིགས་ཤིག་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་ཟད་མི་ཤེས་པ་ཡོད་པ་ཡིན། མི་ རིགས་ཤིག་ལོ་ངོ་སྟོང་ཕྲག་དུ་མའི་འཚོ་བར་མཉམ་གནས་ཁྲོད་བཀོལ་བའི་སྐད་ཡིག་ལ་ མིའི་རིོགས་ཀྱིས་ཡུམ་སྐད་ཅེས་འབོད་ཅིང་། དེས་མི་རིགས་དེའི་རིག་གཞུང་གི་ངོ་བོ་མཚོན་པར་མ་ཟད། མི་རིགས་ཤིག་སྐྱེད་ཅིང་བསྲིངས་པ་ལའང་ནུས་པ་བླ་མེད་གདོན་ཐུབ་པ་ཡིན་ནོ།།

རྒྱལ་ ཁབ་སྟོར་ཞིང་བརླགས་པའི་མི་རིགས་ཤིག་ལ་མཚོན་ན། རང་ཉིད་ཀྱི་སྐད་ཡིག་དམ་དུ་བཅང་ཤིང་བསྡམ་པ་དང་། ཐུན་མིན་གྱི་རིག་གཞུང་དག་བསྲུང་ཞིང་བསྐྱབ་པར་ཅི་དྲག་གིས་བརྟུན་པ་བསྐྱེད་ཚེ། དེ་ལ་མི་རིགས་དེའི་མི་དམངས་བར་གྱི་བརྩེ་བ་དང་དགའ་བ་བསྐལ་བརྒྱའི་བར་དུ་གནས་ཐུབ་པའི་ནུས་ཤུགས་ཟད་དུ་མེད་པ་ཡོད་པ་ཡིན་ནོ།།

མི་རིགས་གཞན་ཞིག་གིས་མི་རིགས་གཅིག་གྱུར་བྱ་འདོད་དང་། མི་ རིགས་ནང་དཀྲུག་བྱ་བསམ་གྱི་གདུག་རྩུབ་ཇི་ལྟར་བཀོལ་ནའང་། མི་རིགས་རང་གི་སྐད་ཡིག་ལ་མི་རིགས་མཐུན་སྒྲིལ་མདུན་སྐྱོད་ཀྱི་སྟོབས་ཤུགས་ མངའ་བ་ཡིན་ནོ།།

བཙན་ འཛུལ་བས་དེ་ལྟ་བུའི་མི་རིགས་ཀྱི་ལུས་སེམས་གཉིས་ལས་སྔ་མ་བྲན་དུ་བཀོལ་ཐུབ་ ཀྱང་། ཕྱི་མ་བྲན་དུ་བྱེད་པའི་རེ་བ་ནམ་ཡང་མེད་པ་ཡིན། སྐད་ཡིག་ལ་དེ་ལྟའི་འཛད་དུ་མེད་པའི་མི་མངོན་པའི་སྟོབས་ཤུགས་ཤིག་ལྡན་རྐྱེན། འཇར་མན་ཕོའུ་ལུའུ་ཧྲིའི་དམག་དཔུང་གིས་ཨ་ཨར་སི་ཞིང་ཆེན་དང་། ལོ་ལིན་ཡོངས་སུ་བདག་ཏུ་བཟུང་རྗེས། གློ་རྡེག་ཏུ་ས་གནས་དེ་གའི་སློབ་གྲྭ་དག་ཏུ་ཧྥ་རན་སིའི་སྐད་ཡིག་བཙན་འགོག་མཛད་ ཅིང་། དེའི་ཚབ་ཏུ་འཇར་མན་གྱི་སྐད་ཡིག་བསླབ་དགོས་པའི་ཐ་ཚིག་བསྒྲགས་ཡོང་བ་རེད་དོ།།

དེ་དང་མཚུངས་པར། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བར། ཉི་ཧོང་བཙན་རྒྱལ་རིང་ལུགས་པས་རང་རྒྱལ་གྱི(རྒྱ་ནག་གི)ཤར་ཕྱོགས་ཀྱི་ཞིང་ཆེན་གསུམ་བདག་ཏུ་བཟུང་རྗེས་ལྷག་ལུས་མེད་པར་ཉི་ཧོང་གི་སྐད་ཡིག་སློབ་ཁྲིད་བཀོལ་ཡོང་བ་ཡིན་ནོ།། ཁོ་ ཚོ་ཐུན་མོང་གི་དམིགས་འདུན་གཅིག་སྟེ། དམག་དཔུང་གིས་ས་ཆ་གང་ག་བདག་ཏུ་བཟུང་རྗེས་གཞི་ནས་མི་རིགས་དེའི་རིག་གཞུང་ལ་ བཙན་འཛུལ་དང་གཏོར་བརླགས་བྱས་ཡོང་བ་ཡིན་ནོ།།

འདི་ ལྟར་བཤད་ན་འགྲིག་སྟེ། མི་རིགས་ཤིག་དམག་དཔུང་གིས་བཙན་འཛུལ་གྱིས་བདག་ཏུ་བཟུང་བ་ནི། བཙན་འཛུལ་དངོས་གནས་པ་མིན་ཏེ། མི་རིགས་དེའི་རིག་གཞུང་རྨེག་མེད་བཟོ་བའི་ཉེར་བསྡོགས་བརྩམས་དང་རྩོམ་བཞིན་པ་ ནི་བཙན་འཛུལ་དང་དབང་སྡུད་དངོས་གནས་པ་དེ་ཡིན་ནོ།།

http://baike.baidu.com/view/361768.htmརྒྱ་ཡིག་གི་དྲ་ཚིགས་འདི་ལས་བཤུས་ཏེ་བསྒྱུར།

སྒྱུར་མཁན་གྱི་སྐད་ཆ། བོད་འགྱུར་མ་འདི་ཉེ་ཆར་བོད་ནང་དུ་ལག་བསྟར་བགྱིས་པའི་སྲིད་ཇུས་དང་འབྲེལ་ཡོད་ཅིག་རེད་བསམས་ཏེ། བོད་སྒྱུར་གྱི་འགན་ཙམ་བླངས་པ་ཡིན། འདི་ལས་མི་རིགས་གཞན་དག་གིས་རང་ཉིད་ཀྱི་སྐད་ཡིག་ལ་བཟུང་བའི་འདུ་ཤེས་ཤིག་རྟོགས་ཐུབ་རྒྱུར་ཕན་རླབས་ཆེ་འདུག་སྙམ་པ་ཞིག་བྱུང་ངོ་།།

འགྱུར་རྩོམ།

Post navigation

Previous Post: ལྷ་མོ་མཚོའི་འབོད་སྐུལ་ཞིག
Next Post: འཆི་ཁ་མའི་འཕག་འཚག

Comment (1) on “༼མཇུག་མཐའི་སློབ་ཐུན་གཅིག ༽ གླེང་བ། བོད་འགྱུར་མ།”

  1. yeshe says:
    2010-11-05 at 1:22 pm

    ངས་སྒྲུང་ཐུང་འདི་ལོ་ངོ་ཉུ་ཤུའི་སྔོན་ལ་ཕྱི་གླིང་བའི་སྒྲུང་ཐུང་ཕྱོགས་བསྒྲིགས་ཞེས་པའི་དེབ་ཅིག་ལས་བཀླགས་པ་ཡིན་ཞིང་བྲོ་བ་དཔེ་མེད་བྱུང་། དེབ་དེའི་ནང་དུ་མགུལ་རྒྱན་བོར་བ། བོང་བུ་སྐྱ་བོ། སྐར་ཚོམ། བདག་གི་ཁུ་བོ་ཡུས་ལི་སོགས་ཡོད་པ་ཡང་དྲན་གི མོའོ་པོ་སང་གི་བདག་གི་ཁུ་བོ་ཡུས་ལོ་དང་ཏུའུ་ཏེའི་སྐར་ཚོམ་གཉིས་ནི་ངོ་མ་འགྲན་ཟླ་བྲལ་བའི་སྒྲུང་ཐུང་གཉིས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme