Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་ནང་དུ་རང་སྣང་གང་ཤར་རེད་དམ།

Posted on 2010-11-042010-11-04 By དབང་ཕྱུག་ 12 Comments on བཙན་བྱོལ་ནང་དུ་རང་སྣང་གང་ཤར་རེད་དམ།

སོག་ཤོད་དར་རྒྱས།

ཉེ་ཆར་བོད་ནང་དུ་སློབ་ཕྲུག་ཚོས་རྒྱ་ནག་གཞུང་ལ་ཞུ་འབོད་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ནས། མཐོ་རྒྱ་མིའི་ཞིང་ཆེན་གྱི་དཔོན་པོ་ཡང་ས་གནས་རང་ལ་ཡོང་དགོས་པ་ཞིག་བཟོས་ནས་སྐད་ཡིག་གི་ཐོབ་ཐང་བརྩད་པ་རེད། བཙན་བྱོལ་ནང་དུའང་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་ལྟ་བུ་ཐེངས་ཁ་ཤས་བྱས་པ་རེད། དེ་དག་ནི་རྣམ་འགྱུར་སྟོན་ཆེད་ཙམ་རེད།དོན་ངོ་མའི་རྒྱབ་སྐྱོར་ཞིག་ཆགས་ཀྱི་ཡོད་མེད་བཤད་ཁག་པོ་རེད།གང་ཡིན་ཟེར་ན།བཙན་བྱོལ་ནང་དུ་རང་དབང་ཡོད་སྟབས།སྐད་ཡིག་དང་རིག་གཞུང་སོགས་ཀྱི་ཐོག་ལ་མི་འབོར་ལ་དཔག་པའི་ཚད་གཞི་ཞིག་ལ་སླེབས་དགོས་ངེས་ཡིན་ཡང་ད་ལྟ་གང་ཞིག་ལ་སླེབས་ཡོད་མེད་དང་། གང་ཞིག་ཏུ་ཁ་ཕྱོགས་འགྱུར་བཞིན་པ་སྒེར་སོ་སོ་ལ་མཛུབ་མོ་འཛུགས་རྒྱུ་རེད།

གནད་དོན་དེའི་སྐོར་བོད་ནང་ནས་དགེ་རྒན་ངོ་ཤེས་པ་ཞིག་གིས་འདི་ལྟར་ལབ་ཀྱི་འདུགབཙན་བྱོལ་ནང་གི་དྲ་རྒྱ་འགའ་ཤས་ནང་ཁྱད་མཚར་དེ་འདྲ་བྲིས་འདུགདོན་ངོ་མ་ནི།ལོ་སྔོན་མ་ནས་རྒྱ་ནག་སློབ་གསོ་པུའུ་ཟེར་བས་ཁྲིམས་ལུགས་གསར་པ་ཞིག་བཟོས་ཏེ།གྲངས་ཉུང་མི་རིགས་ས་ཁུལ་ནས་སོ་སོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་གཞན་གྱི་སློབ་ཚན་མཐའ་དག་རྒྱ་ཡིག་ནང་འཁྲིད་དགོས་པའི་གྲོས་གཞི་བཏོན་པ་ལྟར།སློབ་གྲྭ་སོ་སོར་སོང་ནས་གྲོས་འགོ་འདོན་ཁུལ་ཙམ་བྱེད་སྐབས་བོད་ཁུལ་གྱི་ས་ཁུལ་མང་པོ་ཞིག་གིས་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད་ན་ཡང་།ཡུལ་ལུང་བྱེ་བྲག་པ་རེ་འགས་དེ་ལ་མོས་མཐུན་བྱས་ཡོད་པ་རེད།ད་ལོ་ཁྲིམས་ཡིག་དངོས་སུ་བསྒྲགས་ཏེ་ལོ་ལྔའི་ནང་ཚུན་དུ་སློབ་དེབ་མཐའ་དག་ངེས་པར་དུ་བསྒྱུར་དགོས་པར་བྱས་སྟབས། རིམ་བཞིན་ཞུ་འབོད་ཁྲོམ་སྐོར་གྱི་ལས་འགུལ་དེ་དག་བྱུང་བའི་སྐོར་བཤད་ཀྱི་འདུག

ད་དུང་ཁོང་གིས།བཙན་བྱོལ་ནང་དུ་འཇམ་ཐིང་ངེར་བསྡད་པ་བློ་ཕམ་བྱུང་། མར་མེའི་ཁྲོམ་སྐོར་ཟེར་བ་སོགས་ནི་རྣམ་འགྱུར་ཙམ་རེད།བོད་ནང་དུ་བོད་སྐད་ཡིག་མ་གཏོགས་སློབ་ཚན་གཞན་དག་རྣམས་རྒྱ་ཡིག་ནང་དུ་འཁྲིད་དགོས་ཟེར་དུས།དེ་ལ་མོས་མཐུན་མེད་པར་སྐད་འབོད་བྱས་པ་རེད།བཙན་བྱོལ་ནང་དུ་སློབ་གྲྭ་ཕལ་ཆེ་བའི་ནང་བོད་སྐད་ཡིག་མ་གཏོགས་སློབ་ཚན་གཞན་རྣམས་དབྱིན་སྐད་ནང་དུ་འཁྲིད་བཞིན་པ་རེད་འདུགདེ་ཁྱད་མཚར་རེད།ད་ལྟ་བར་དུ་མི་ལོ་ལྔ་བཅུའི་རིང་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་ནས་སློབ་ཚན་ཚང་མ་བོད་ཡིག་ནང་སློབ་ཁྲིད་བྱེད་མི་ཐུབ་པ་ག་རེ་རེད།ཡང་ན།བཙན་བྱོལ་ནང་དུ་རང་དབང་ཡོད་དུས་རང་སྣང་གང་ཤར་རེད་དམ།ད་དུང་བོད་ནང་གི་སློབ་མ་ཚོར་རྒྱབ་སྐྱོར་གྱི་རྣམ་པ་ག་འདྲ་ནས་མཚོན་ཐུབ་ཀྱི་རེད་ཅེས་དགེ་རྒན་ཁོ་རང་ཙམ་མིན་པར་བོད་ནང་གི་སློབ་མ་ཁག་ཅིག་གི་བསམ་ཚུལ་དེ་ལྟར་ཡོང་གི་ཡོད་པའི་སྐོར་བཤད་ཀྱི་འདུག

ང་ཚོས་གནད་དོན་འདི་ཚོའི་ཐོག་བསམ་བློ་བཏང་ན།བཙན་བྱོལ་ནང་ནས་བསམ་བཞིན་དུ་སྣང་མེད་བཏང་བ་ཡིན་གྱི་མ་རེད་ལ།བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་པའང་བཤད་མི་དགོས་པ་རེད།འོན་ཀྱང་གོང་གི་གནས་ཚུལ་འདིའི་ཐོག་བསམ་བློ་ཞིབ་ཕྲ་ཞིག་གཏོང་རྒྱུ་འདུགབཙན་བྱོལ་ནང་དུ་བོད་ཡིག་གི་གནས་སྟངས་ག་འདྲ་རེད།བོད་ཡིག་གིས་གོ་ས་ག་ཚོད་ཟིན་གྱི་འདུགམཐོང་ཆེ་ཆུང་ག་འདྲ་འདུགབཙན་བྱོལ་བོད་པ་ཚོའི་བོད་ཡིག་གི་གནས་ཚད་ག་འདྲ་རེད། དེ་དག་རེ་རེ་བཞིན་ཞིབ་འཇུག་བྱེད་དགོས་ཀྱི་འདུགའཐུས་ཤོར་ག་འདྲ་བྱས་ནས་བྱུང་འདུགརེ་རེ་ལ་བསམ་བློ་ཞིག་བཏང་ནས་བཙན་བྱོལ་དུ་ཡོད་པ་ཚོས་ཁ་སྟབས་ལ་དཔག་པའི་སྲ་ཐག་ཐག་ཅིག་མ་བཟོས་ན།བོད་ནང་ནས་འུར་ཟིང་རེ་བྱུང་དུས་འདི་ནས་ལད་ཟློས་རེ་བྱེད་བཞིན་བསྡད་པ་ཡིན་ན་གནད་དོན་ངོ་མར་ཕན་མི་ཐོགས་པ་ཞིག་ཏུ་འགྱུར་འགྲོ་བ་འདུག་གོ །།

སྣ་ཚོགས།

Post navigation

Previous Post: སྙན་ཞུ་བོད་འགྱུར་རྗེས་ཀྱི་སྐད་ཆ་འདི་དག་གོ།
Next Post: སྐད་ཡིག་རྒྱུན་འཛིན་གཟེངས་རྟཊ།

Comments (12) on “བཙན་བྱོལ་ནང་དུ་རང་སྣང་གང་ཤར་རེད་དམ།”

  1. ལྷ་མོ། says:
    2010-11-04 at 7:31 am

    ཐོག་མར་བཀྲ་ཤིས་བདེ་ལེགས་ཡོད།

  2. རྡུལ་ཕྲན། says:
    2010-11-04 at 7:44 am

    ཁ་ཕྱོགས་ཡག་པོ་འདུག མུ་མཐུད་ཡིན་ད། རེ་བ་ཡོད་གི་

  3. dorzin says:
    2010-11-04 at 8:24 am

    སོག་ཤོད་དར་རྒྱས་ལགས་ཁྱེད་ཀྱིས་དངོས་གནས་ཡག་པོ་ཞིག་གསུངས་འདུག་པས་དེ་འདྲའི་ལྷག་བསམ་གྱི་སྐད་ཆ་མང་ཙམ་གསུང་རོག་གནང་། ངའི་ངོས་ནས་གང་ཐུབ་ཀྱི་རྒྱབ་སྐྱོར་ཡོད།

  4. dorzin says:
    2010-11-04 at 8:28 am

    ཁྱེད་ཀྱིས་བརྗོད་པ་ནི་ངས་ད་ལྟ་རང་བརྗོད་འདོད་པ་དེ་ཡིན། ཡིན་ན་ཡང་ཁྱེད་སྔོན་ལ་ཤོར་ཚར་འདུག་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་གཞས་པ་སོག་ཤོད་དར་རྒྱས་ཡིན་ནམ། ཡིན་ཚེ་ངའི་སྔོན་ལ་བརྗོད་གཞི་འདི་དང་མཚམས་པའི་གླུ་ཞིག་ལེན་ན་ཡག་ས་རེད།

  5. འབྲོག་ཆོས། says:
    2010-11-04 at 8:55 am

    དེ་ག་རང་རེད། ང་ཚོས་འདིའི་ཐད་ངེས་པར་དུ་འགན་འཁུར་དགོས། ལྷག་པར་དུ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་སློབ་ཕྲུག་དེ་བཞིན་མང་ཚོགས་མི་རེ་ངོ་རེ་ནས་རང་ཉིད་ལ་མཛུབ་མོ་བཙུགས་ནས་འགན་འཁུར་དགོས།

  6. སྟག་འབུམ says:
    2010-11-04 at 4:53 pm

    གཞིས་ལུས་བོད་མིའི་དཔའ་མཛངས་དང་སྙིང་སྟོབས་ལ་གུས་བརྩི་དང་རྗེས་སུ་ཡིད་རངས་ཡོད་ལ །དུས་དང་རྣམ་པ་ཀུན་ཏུ་བྱེས་འབྱོར་བོད་མིས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་དང་གཏོར་བཞིན་ཡོད ། མ་ཟད་ཁོང་ཚོས་སྤེལ་བའི་ལས་འགུལ་ཁག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར ། ལད་ཟློས་མིན་པར་སྐབས་འཕྲལ་སྙིང་ཁོང་རུས་པའི་གཏིང་ནས་བཙན་བྱོལ་གཞུང་མང་གཉིས་ཀྱིས་གནས་ཡུལ་རྒྱལ་ཁབ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་རྒྱལ་སྤྱི་དང་ ། རྒྱལ་ཚོགས །འགྲོ་བ་མིའི་ཐོབ་ཐང་སོགས་འབྲེལ་ཡོད་ཁག་དང་སྲིད་གཞུང་ཁག དེ་བཞིན་རྒྱ་ཡི་གཞུང་ཚབ་ཁག་ལ་གཞིས་ལུས་བོད་མིའི་བདེ་སྡུག་ཡིག་ངག་གཉིས་ནས་ཞུས་དང་ཞུ་བཞིན་པ་མ་ཟད ། ཕྱི་ལུས་ངག་གི་སྒོ་ནས་ཀྱང་སྐད་འབོད་དང་ཁྲོམ་སྐོར །གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་སུ་མཆི ། འཕྲོས་རྗེས་སུ་གཟིགས

  7. སྟག་སྨྱོན། says:
    2010-11-04 at 7:22 pm

    བོད་ནང་གི་བོད་མི་ཚོ་ནི་དོན་གྱིས་འཐབ་རྩོད་པ་རེད། བཙན་བྱོལ་བོད་མི་ཚོ་ནི་ལད་ཟློས་བྱེད་མཁན་གྱི་འཁྲབ་སྟོན་པ་རེད། བོད་ནང་ལ་གནས་ཚུལ་རེ་མ་ལྷག་ན་ཕྱི་ལོག་གི་འཁྲབ་སྟོན་ཁང་ལ་འཁྲབ་སྟོན་གྱི་བརྗོད་གཞི་མ་རག་པར་འཇམ་ཐེང་ངེར་ལྷག་འགྲོ་གི་འདུག

  8. སྟག་འབུམ says:
    2010-11-04 at 7:30 pm

    བཙན་བྱོལ་བོད་མིའི་ནང་རང་སྣང་གང་ཤར་རེད་དམ །ཞེས་པའི་ཐད་བོད་མི་བཙན་བྱོལ་བ་ཚོ་རང་ཡུལ་ཤོར་ནས་མིའི་ལུང་བར་འབྱོར་དུས །གཞན་དབང་སྟབས་བསྟུན་ཁྲོད་དུ་ཐོག་མར་གནས་སྐབས་ཀྱི་དཀའ་ངལ་འཚོ་གོས་གནས་མལ་འགྲིག་ཐབས་དང་ ། དེ་ནས་གཞུང་གི་སྒྲིག་འཛུགས་དང་གཞིས་སྡེ །སློབ་གྲྭ དགོན་སྡེ་དང་ཚོགས་པ་སོགས་གསར་འཛུགས་བྱས་པ་དང་ ། ཁྱད་པར་དུ་མང་གཙོའི་གཞུང་དང་གྲོས་ཚོགས་ཀྱི་ལམ་སྲོལ་གསར་གཏོད་ཀྱིས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་འདུག ཅེས་བོད་མིའི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་གནང་མཁན་ཚོས་བསྟོད་བསྔགས་བཏང་དང་གཏོང་བཞིན་ཡོད ། འདི་ནི་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་མང་གཉིས་ཀྱིས་མི་ལོ་ལྔ་བཅུའི་རིང་སྐུ་ངལ་འཛེམས་མེད་སྐྱོན་པའི་རླབས་ཆེན་གྱི་གྲུབ་འབྲས་ཡིན་སྟབས་གཞིས་ལུས་བོད་མིའི་ལ་རྒྱ་བཟུང་ཡོད ། འོན་ཀྱང་ཁོར་ཡུག་གི་དབང་གིས་སློབ་གྲྭ་ཁག་ཏུ་དུས་ཡུན་གང་མཚམས་རིང་ །ཁྲིད་གཞི་གཙོ་བོ་དབྱིན་ཡིག་བྱས་ཏེའཐུས་ཤོར་རུ་ཕྱིན་པ་དངོས་བདེན་ཡང་ ། ལོ་ངོ་བཅོ་ལྔའིགོང་ནས་སློབ་རིམ་ལྔ་བར་ཚན་རིག་སོགས་བོད་བསྒྱུར་བྱས་ཏེ་འགོ་འཛུགས་ཀྱིས་ཁྲིད་གཞི་གཙོ་བོ་བོད་ཡིག་བྱས་དང་བྱེད་མུས་རེད ། འོན་ཀྱང་སློབ་རིམ་བཅུ་གཉིས་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་དེ་སྔ་ནས་ཁྲིད་གཞི་བོད་ཡིག་རེད་འདུག

    ་

  9. སྟག་འབུམ says:
    2010-11-04 at 7:52 pm

    དྲ་གྲོགས་སྟག་སྨྱོན་ལགས །སྐུ་ཉིད་ཀྱིས་བཙན་བྱོལ་ནང་ལས་འགུལ་སྤེལ་མྱོང་ངམ ། ཡང་ན་ཁ་དང་མཛུབ་མོའི་འགུལ་སྐྱོད་ཁོ་ན་ཡིན །ཨེ་ཁད་ཐལ །

  10. བྱམས་པ་ says:
    2010-11-05 at 12:18 pm

    སོག་ཤོས་དར་རྒྱས་ལགས་ལ་རྩོམ་འབྲི་འདི་ལྟར་སྤེལབ་ལ་ཐོག་མར་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་ བཙན་བྱོལ་སྤྱི་ཚོགས་རང་སྣང་གང་དྲན་རེད་དམ་ཞེས་པའི་དྲི་བ་དེ་ལ་ཐད་ཀར་ལན་དགོས་ན་མ་རེད་ཟེར་ནས་ཞུ་ཡས་ཡིན་ རང་སྣང་གང་དྲན་མ་ཡིན་པ་མ་ཟད་སྒྲིགས་འཛུགས་ལྡན་པ་དང་ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་སྤེལ་ནས་སྡོད་ཡོད། རེད་ཡ་ བཙན་བྱོལ་བོད་མིའི་བོད་ཡིག་ཤེས་ཚད་དམའ་པོ་ཡིན་ཤས་ཆེ་ འོན་ཀྱང་བོད་ནང་གི་བོད་ཡིག་ཤེས་ཚད་ལས་སྤྱི་ཡོངས་བརྒྱ་ཆ་མཐོ་པ་ཡོད་པ་མ་ཟད་ཡིག་རྨོངས་པ་ཧ་ལམ་མེད་ཟེར་ཆོག འདི་ནི་བཙན་བྱོལ་ནང་ཟུར་དུ་བོད་པའི་སློབ་གྲྭ་བཙུགས་པའི་དགེ་མཚན་ཡིན་

  11. བྱམས་པ་ says:
    2010-11-05 at 12:34 pm

    ད་དུང་ཁྱེད་ཀྱིས་རྩོམ་བྲིས་ནང་དུ་འདི་ལྟར་བྲིས་འདུག བོད་མི་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་ཡོད་ཀྱང་ད་དུང་འཛིན་གྲྭ་བཅུ་གཉིས་བར་གྱི་སློབ་དེབ་ཡོངས་རྫོགས་བོད་ཡིག་ཐོག་སློབ་ཁྲིད་ཀྱི་ལག་བསྟར་བྱེད་ཐུབ་མེད་པ་ནི་འགྲིག་མེད་སྐོར་ཡང་བྲིས་ཐུབ་ འདིའི་ཐོག་ལ་ཁོ་བོས་རྒྱུན་དུ་འདི་ལྟར་བསམ་བཞིན་ཡོད། སྤྱིར་བཏང་ང་ཚོ་བཙན་བྱོལ་ནང་དུ་བོད་ཡིག་ཁོ་ནའི་ཐོག་ནས་སློབ་སྦྱོང་སྤྲོད་བཞིན་པ་ནི་དགོན་སྡེ་གྲྭ་ཚང་ཁག་དང་ཝར་ན་མཐོ་སློབ་དང་སཱ་ར་སློབ་གྲྭ་གསུམ་པོ་ཡིན། དེ་བཞིན་དུ་གསར་དུ་བཙུགས་པ་དཔེ་སྟོན་སློབ་གྲྭ་དེ་ཡིན། དེ་ལྟ་བུ་བཙུགས་པ་དེ་ཡང་ང་ཚོ་དགའ་འོས་པ་དང་སྤོབས་པ་སྐྱེ་འོས་པ་ཞིག་ཏུ་མཐོང་། ཁོ་བོས་བསམ་པར་བོད་གཞུང་ཁྱབ་ཁོངས་ཀྱི་སློབ་གྲྭ་ཡོངས་རྫོགས་བོད་ཡིག་ཐོག་ཁྲིད་དགོས་ཟེར་ན་དུས་དང་མ་འཚམས་པ་དང་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཏག་ཏག་གཅིག་སྡད་ཀྱིན་མེད་ ཕྱོགས་གཅིག་ནས་སློབ་མ་རྣམས་ཀྱི་མ་འོངས་མདུན་ལམ་ལ་བསམ་དགོས་པ་ཡིན། སློབ་མ་རྣམས་འཛིན་གྲྭ་བཅུ་གཉིས་ཐོན་མཚམས་མཐོ་སློབ་ནང་དུ་འཛུལ་ཞུགས་བྱེད་མི་དགོས་ཟེར་ན་གནས་ཚུལ་ཁག་ཁག་ཡིན། དེ་མིན་ཁོང་རྣམས་མཐོ་སློབ་ནང་ཞུགས་ནས་མ་འོངས་པར་བོད་མི་རིགས་ལ་ཕན་པའི་ཞབས་ཞུ་བྱེད་མཁན་གྱི་མི་རིགས་ཤིག་བཟོ་དགོས་ན་དབྱིན་སྐད་ཀྱི་ལམ་ནས་སློབ་གསོ་བྱེད་པ་ལ་མ་ལྟོས་ཐབས་མེད་ཡིན། ཡིན་ན་ཡང་རང་མི་རིགས་ཀྱི་སྐད་ཡིག་ཐོག་རང་སྐྱ་འཕེར་བ་བཟོ་ཐབས་གནད་དགོས་པ་ནི་གལ་ཆེན་ནང་གི་གལ་ཆེན་ཡིན། རང་མི་རིགས་ཀྱི་སྐད་ཡིག་གཙོ་བོར་འཛིན་དགོས་ཟེར་བའི་ལ་རྒྱ་དེ་བཅངས་ནས་སློབ་གྲའི་སློབ་དེབ་ཡོངས་རྫོགས་བོད་ཡིག་ཐོག་ཁྲིད་དགོས་ཟེར་ན་ཏག་ཏག་གཅིག་སྡད་ཀྱིན་མི་འདུག་སྙམ།

  12. སོག་ཤོད་དར་རྒྱས། says:
    2010-11-07 at 11:34 pm

    གྲ་དྲོགས་བྱམས་པས་ལབ་པ་བདེན་པ་རེད། ངས་ཀྱང་དེ་ལྟར་ལབ་ཀྱི་མེད།
    བཙན་བྱོལ་གྱི་སློབ་གྲྭ་ཡོངས་རྫོགས་བོད་གཞུང་གིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་དེའི་ཐོག་འགྲོ་ཐུབ་ན། དེ་ལ་སྐད་ཡིག་གཉིས་ལྡན་གྱི་སློང་སྦྱོང་སྤྲོད་པའི་ལམ་ཁ་ཞིག་ཡོད་པ་མ་ཟད། བོད་སྐད་ཡིག་གི་ཆུ་ཚད་ཀྱང་ད་ལྟ་ལས་ཡག་ཏུ་འགྲོ་བའི་ལམ་ཁ་ཞིག་ཡོད་པ་རེད། གཞན་དག་རྙོག་གྲ་ཙག་ཙིག་མང་པོ་བཤད་དགོས་དོན་ཡོད་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme