Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབོད་སྒྲའི་གས་གཏོར་ཆེན་མོ།

Posted on 2010-11-032010-11-04 By ཡེ་ཤེས་ 1 Comment on འབོད་སྒྲའི་གས་གཏོར་ཆེན་མོ།

བསྟན་འཛིན་ཡེ་ཤེས།

གངས་ལྗོངས་ཀྱི་ལ་རྒྱའི་སྤྲིན་སྔོན་ཡང་ལྷོ་ནས་ལྡིང་ངེས་ཡིན།

དོན་གྲུབ་རྒྱལ་གྱི་སྤྲིན་དཀར་གྱི་འདབ་མའི་ཚིག་ཅིག

སྟོང་ཁམས་ཆེན་པོ་འདིའི་ནང་དུ་རྒྱུ་སྐར་དང་བརྟན་སྐར་ས་ཡ་དུ་མ་ཞིག་སྦང་སྒྲ་ཆེན་མོའམ་སྟོང་ཁམས་གས་གཏོར་ཆེན་མོའི་རྗེས་སུ་བྱུང་བ་དང་། གས་གཏོར་དེའི་ཀླུང་དུ་ང་ཚོ་འཚོ་སྡོད་བྱེད་འོས་པའི་རྒྱུ་སྐར་ཡང་གྲངས་ལས་འདས་པ་ཞིག་བྱུང་ཞིང་ང་ཚོའི་དེ་རིང་གི་སའི་གོ་ལ་འདི་ཡང་དེ་ལས་མ་འདས། ཕྱི་དངོས་པོའི་གས་གཏོར་རེ་རེ་ཡིས་ནང་བཅུད་ཀྱི་སེམས་ཅན་དག་གི་བློ་སྒོ་ཡང་རིམ་པར་ཕྱེས་དང་ཕྱེ་བཞིན་པ་སྟེ། བྱ་དངོས་གང་ཞིག་གིས་མི་སྒེར་དང་སྤྱི་ཚོགས་ཤིག་གི་འདོད་པ་མ་ཁེངས་ཚེ་རྐང་པ་འགུལ་ནས་གོམ་བགྲོད་བྱེད་པ་དང་ལག་པ་འགུལ་ནས་འཕྲེད་དར་འཕྱར་བ། ཁ་ལྕེ་འགུལ་ནས་འབོད་ཚིག་སྒྲོག་པ་སོགས་བརྒྱུད་ནས་རང་གི་མགོ་ཐོག་ནས་དུས་རྟག་པར་ལྗིད་ཏིག་གེར་དང་འཇིགས་ཡེར་རེར་ཡོད་པའི་དབང་འཛིན་པ་དང་གཉའ་གནོན་མཁན་ལ་གསལ་ཞིང་རྣོ་བའི་བརྡ་ལན་ཞིག་དང་ཕྲ་ཞིང་ཞིབ་པའི་འདྲི་ཚིག་ཅིག་འདོན་བཞིན་ཡོད།

གཟའ་འཁོར་གཉིས་ཀྱི་སྔོན་ཏག་ཏག་ལ་བོད་མདོ་སྨད་རེབ་གོང་གི་སློབ་མ་ཚོས་སྐད་རིགས་རང་དབང་དང་མི་རིགས་འདྲ་མཉམ་གྱི་འཕྲེད་དར་འཕྱར་ཞིང་འབོད་ཚིག་སྒྲོག་བཞིན་རྒྱ་ནག་གཞུང་དང་མཚོ་སྔོན་ཞིང་ཆེན་གྱི་སྐད་ཡིག་གཏན་འབེབ་ཁྲིམས་གཞིར་ངོ་རྒོལ་དྲག་པོ་ཞིག་བྱས་མ་ཐག མཚོ་ལྷོ་ཆབ་ཆ་དང་མགོ་ལོག མཚོ་སྔོན་གསོ་རིག་སློབ་གླིང་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ནས་ཀྱང་སྔ་རྗེས་སུ་གོང་གི་འབོད་ཚིག་གི་སྒྲ་རླབས་རེ་རེ་བཞིན་མཆེད་ཡོང་བ་དང་། གོང་གི་འཕྲེད་དར་གྱི་ཡིག་ཕྲེང་རེ་རེ་བཞིན་མེ་ལྕེ་བཞིན་འབར་ཡོང་བ་དེ་ལ་མཐོང་ཞིང་ཐོས་པའི་སྐད་ཅིག་མ་རེ་རེ་བཞིན། སྔོན་ཆད་མི་མཁྲེགས་པོ་རྡོ་ལྟ་བུ་ཞིག་ཡིན་པར་བསམ་བཞིན་པའི་རང་ཉིད་ལ་མཚོན་སེམས་པ་བློང་བློང་བོར་གྱུར་ཅིང་མིག་ཟུང་ལས་མཆི་མའི་ཆར་རྒྱུན་ནི་རང་དབང་མེད་པར་ཟགས་པར་གྱུར།

ལོ་ངོ་དྲུག་བདུན་ལས་སོན་མེད་པའི་བྱིས་པ་དར་མ་ཁྱུ་གཅིག་གིས་སྣེ་ཁྲིད་པའི་སློབ་མ་སྟོང་ཕྲག་ཁ་ཤས་ཀྱིས་འཛམ་གླིང་འདིའི་སྟེང་དུ་དྲག་ཤུགས་ཀྱིས་རྫིག་རྫིག་རྔམ་རྔམ་བྱེད་བཞིན་ཡར་ལ་དཔལ་འབྱོར་གྱི་འགྲན་རྩོད་དང་མར་ལ་དཔལ་འབྱོར་གྱིས་གནོན་ཤུགས་ཆེ་ཐག་ཆོད་རེ་སྤྲད་དང་སྤྲོད་བཞིན་པའི་སྟོབས་ཆེན་རྒྱ་ནག་རྒྱལ་ཁབ་འདིའི་སྲིད་བྱུས་གཏིང་ནག་ཅིང་ཕྱི་རྩུབ་པ་འདིའི་ཁ་གཏད་དུ་ལངས་ནས་རང་སྲོག་བློས་བཏང་གིས་གསེར་མདོག་གི་དབྱངས་གསལ་སོ་བཞིའི་སྲུང་སྐྱོབ་བྱེད་བཞིན་པ་འདི་ནི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན།

འདི་ནི་ཉིས་སྟོང་བརྒྱད་ལོའི་ངོ་རྒོལ་གྱེན་ལངས་ཀྱི་རྗེས་སུ་བོད་རིགས་ཤེས་ལྡན་པ་ཞིག་གིས་ལྷ་སའི་མཁའ་དབྱིངས་སུ་འཐིབས་པའི་དུད་སྤྲིན་དེ་ནི་མི་རིགས་འདིས་ལོ་ངོ་ལྔ་བཅུར་ཁོག་ཏུ་བཅུག་པའི་སྡུག་བསྔལ་གྱི་དུད་སྤྲིན་ཞིག་ཡིན་ཞེས་རང་གི་དྲ་རྩོམ་ནང་བྲིས་པ་ཇི་བཞིན། དེ་རིང་གི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་མའི་སྐད་རིགས་རང་དབང་དང་མི་རིགས་འདྲ་མཉམ་གྱི་འབོད་སྒྲ་འདི་ཡང་མི་རིགས་འདིས་ལོ་ངོ་ལྔ་བཅུར་ཁོག་ཏུ་ཉར་བའི་སྡུག་བསྔལ་གྱི་འབོད་སྒྲ་དེ་གས་གཏོར་དུ་ཕྱིན་པའི་སྒྲ་སྐད་ཅིག་ལོས་ཡིན།

དེ་རིང་ངས་དོན་གྲུབ་རྒྱལ་གྱིས་ལོ་ངོ་ཉི་ཤུའི་སྔོན་དུ་བྲིས་པའི་གངས་ལྗོངས་ཀྱི་ལ་རྒྱའི་སྤྲིན་སྔོན་ལྷོ་ནས་ལྡང་ངེས་ཞེས་པའི་ཚིག་ཕྲེང་འདི་དག་ཀློག་ཐེངས་རེ་རེར། རྨ་ལྷོ་དང་མཚོ་ལྷོ་ནས་ལྡང་བའི་ལ་རྒྱའི་སྤྲིན་སྔོན་འདི་ཁོང་གིས་མཐོང་མ་ཐུབ་པ་དེར་སེམས་པ་སྐྱོ་བ་དང་ཆབས་ཅིག ཁོང་གིས་འདི་ལྟར་མི་རིགས་འདིའི་ལས་དབང་ལ་མ་འོངས་ལུང་བསྟན་ཞིག་བརྒྱབ་ཡོད་པར་དགའ་གུས་ཀྱི་མཆི་མ་ཡང་འཐོར་བར་བྱེད་དོ། །

གསར་འགྱུར་བརྒྱུད་ལམ་ནས་མཐོང་བ་ལྟར་ན། ཐེངས་འདིའི་བོད་ཀྱི་སློབ་མའི་ངོ་རྒོལ་གྱེན་ལངས་ཀྱི་གནས་ཚུལ་འདི་རྒྱ་ནག་སྐམ་ས་ཧྲིལ་བོ་དང་རྒྱལ་སྤྱིའི་སྟེང་དུ་ཁྱབ་མ་ཐག ཡུ་གུར་མི་རིགས་ཀྱི་དགེ་སློབ་དུ་མས་མཐའ་གཅིག་ཏུ་རྒྱབ་སྐྱོར་གྱི་གཏམ་བཤད་དང་རྩོམ་ཡིག་གང་མང་ཞིག་སྤེལ་བཞིན་ཡོད་པ་དང་། ལས་དབང་གཅིག་པའི་མི་རིགས་འདི་གཉིས་ཀྱིས་ལོ་ངོ་སྟོང་ཕྲག་སྔོན་ནས་ཡོད་པའི་ཁྱིམ་མཚེས་ཀྱི་འབྲེལ་ལམ་བཟང་པོ་དང་། དུས་རབས་ཕྱེད་ཀའི་རིང་ལ་མྱངས་པའི་གདུག་རྩུབ་ཀྱི་གཉའ་གནོན་ལས་རྟོག་པ་དུས་གཅིག་ཏུ་སད་པ་ཡིན་ནོ།།

སྤྱིར་གཏང་བཤད་ན་སྒེར་གཅོད་པ་ཚོའི་ལས་ཀ་ལྟེ་བ་དེ་ནི་གཉའ་གནོན་དང་བཤུ་གཞོག་བྱེད་རྒྱུ་དེ་ཡིན་ཞིང་། ལས་ཀ་གདུག་རྩུབ་ཅན་དེ་ནི་ཁོ་པ་ཚོའི་ཆེད་ལས་ཡིན་པས་དེ་ལ་དམིགས་པའི་ཇུས་འགོད་མཁན་དང་དེ་ལག་ལེན་དུ་མི་བསྟར་མཁན་ལ་རྡུང་རྡེག་གཏོང་བ་སོགས་ལ་ཆེས་སྐྱི་གཡའ་བའི་རྒྱབ་རྟེན་འབོར་ཆེན་ཞིག་ཡོད་པས། སྒེར་གཅོད་པ་དག་གིས་ནམ་རྒྱུན་ཁ་གཡར་ས་དེ་གཞན་ཞིག་དང་ལག་ལེན་དངོས་དེ་དྲག་ཅིང་རྩུབ་པའི་སྦྱོར་བ་ཞིག་ཡིན་པ་ནི་སྨྲ་མི་དགོས་པ་ཞིག་རེད།

རྒྱ་ནག་དམར་ཕྱོགས་རིང་ལུགས་དེ་སྐམ་ས་ཆེན་པོར་རྒྱ་སྐྱེད་དུ་འགྲོ་བཞིན་པའི་དུས་ཏེ། ད་ལྟའི་རྒྱ་ནག་གཞུང་འདི་མ་བཙུགས་གོང་གི་ལོ་ངོ་ཉི་ཤུའི་རིང་ལ། མའོ་ཙེ་ཏུང་དང་ཀྲུའུ་ཨེན་ལི་སོགས་དམར་པོའི་གསར་བརྗེ་བ་རྒན་རབས་དག་གིས་ཅང་ཅེ་ཧྲིའི་སྲིད་གཞུང་ལ་རྡུང་རྡེག་གཏོང་བའི་ལག་ཆ་གཙོ་བོ་ཞིག་ནི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་དང་བཟོ་གྲྭ་ཁག་གི་ལས་བཟོ་བ་རྣམས་ཡིན་ཞིང་། སློབ་མས་སློབ་མཚམས་འཇོག་ཏུ་འཇུག་པ་དང་བཟོ་བར་བཟོ་གྲྭ་སྒོ་རྒྱག་ཏུ་འཇུག་རྒྱུ་དེ་ནི་ཁོ་ཚོས་ལས་སླ་བོའི་ངང་སྐུལ་སློང་བྱེད་ཐུབ་པ་ཞིག་དང་ཅང་ཚང་ལ་མཚོན་ན་གདོང་ལེན་བྱེད་སྟངས་མི་ཤེས་པའི་ཧ་ཅང་བྱ་དཀའ་འུ་ཐུག་གི་ལས་འགུལ་ཞིག་ཡིན་པ་བཞིན། ཐེངས་འདིའི་སློབ་མའི་ངོ་རྒོལ་གྱི་ལས་འགུལ་འདི་དང་དེའི་རྗེས་སུ་འབྱུང་ངེས་ཡིན་པའི་སློབ་མཚམས་འཇོག་པའི་ལས་འགུལ་རླབས་པོ་ཆེ་དག་གིས་རྒྱ་ནག་དམར་གཞུང་དང་དེའི་སྒེར་གཅོད་པ་དག་གི་སྙིང་ལ་མི་འདོད་པའི་ཟུག་རྔུ་ཞིག་བསྐྱེད་ཟིན་དང་བསྐྱེད་རྒྱུ་ཡིན་པས། བོད་མི་རིགས་ཀྱི་ས་བོན་དུ་གྱུར་པའི་སློབ་མའི་ལས་འགུལ་ཏེ་རང་དབང་འབོད་སྒྲའི་གས་གཏོེར་ཆེན་མོ་འདིའི་ཟིལ་ཤུགས་ཀྱིས། གཉའ་གནོན་མྱོང་བཞིན་པའི་མི་རིགས་གཞན་དག་དང་མི་དམངས་གཞན་དག་གི་སྙིང་ལ་ཡང་རང་དབང་རྩོད་ལེན་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་སྤོབས་པ་དང་གདེང་ཚོད་ཆེན་པོ་ཞིག་སྦྱིན་ཡོད་དོ།།
ཡིན་ན་ཡང་བཙན་བྱོལ་བའི་ཁྲོད་དུ་སྦས་སྐུང་བྱས་ནས་ཡོད་པའི་དཀར་པོའི་འཇིགས་སྐུལ་རིང་ལུགས་པ་སྟེ། དབྱིན་ཡིག་དབྱིན་སྐད་མ་གཏོགས་བོད་ཡིག་བོད་སྐད་ཀྱིས་བོད་མི་རིགས་དང་མི་སྒེར་དག་ལ་ཁེ་ཕན་ཅི་ཡང་སྤྲོད་མི་ཐུབ་པར་འདོད་པ་དག་གིས་ད་ནི་བག་ཡོད་བསྟེན་ན་ལེགས་ཀྱི། བོད་མི་རིགས་ལ་མཚོན་གཞན་རིགས་དམར་ཕྱོགས་དང་རང་རིགས་དཀར་ཕྱོགས་པ་གཉིས་ཀ་ཆོས་དང་རིག་གཞུང་གི་དགྲ་བོ་ཡིན་པ་ནི་སྒོ་ཀུན་མཚུངས་ཆོས་སུ་གྱུར་པ་དང་། དཀར་པོའི་འཇིགས་སྐུལ་བ་དག་ནི་བོད་གཞུང་གི་ལས་ཁུངས་ཁག་གི་ཁོག་པ་རུལ་བའི་གཞུང་ཞབས་པ་དང་སློབ་གྲྭ་ཁག་གི་ཀླད་པ་རུལ་བའི་དགེ་རྒན་དབྱིན་ཡིག་གི་རྐུབ་ལྡག་རྒྱུ་མ་གཏོགས་རང་གི་ཆོས་དང་རིག་གཞུང་ལ་རིན་ཐང་ཅི་ཡང་མི་སྤྲོད་པ་དག་ལ་བརྗོད་པ་ཡིན་པས། ཕྱིའི་དམར་ཕྱོགས་འཇིགས་སྐུལ་རིང་ལུགས་དང་ནང་གི་དཀར་ཕྱོགས་འཇིགས་སྐུལ་རིང་ལུགས་པ་གཉིས་ཀར་གདོང་ལེན་བྱེད་རྒྱུ་དེ་ནི་ང་ཚོའི་མི་རབས་འདིའི་འདོར་དུ་མེད་པའི་འོས་འགན་ཞིག་ཡིན་པ་ཤེས་པར་གྱིས།

གསར་འགྱུར། Tags:ww

Post navigation

Previous Post: རྨི་ལམ་ཡག་པོ་དང་རྟེན་འབྲེལ་ཞིག་ཡོད།
Next Post: ཉི་མ་དམར་པོ།

Comment (1) on “འབོད་སྒྲའི་གས་གཏོར་ཆེན་མོ།”

  1. བསིལ་རླུང་ says:
    2010-11-04 at 1:01 am

    བསྟན་འཛིན་ཡེ་ཤེས་ལགས་ཐུགས་རྗེ་ཆེ།
    ཁྱེད་ཀྱིས་གསུང་བ་དེར་རྒྱབ་སྐྱོར་ཆ་ཚང་ཡོད། སྤྱིར་རྒྱ་ནག་གཞུང་གིས་བཙན་གྱིས་བཀག་འགོག་བྱེད་ཀྱི་ཡོད་པའི་བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་། བཙན་བྱོལ་གཞུང་གིས་ལྷོད་གཡེང་གི་ཐོག་ནས་ཉམས་དམས་སུ་འགྲོ་བཞིན་པ་གཉིས་ངོ་བོ་ཞི་དྲག་གི་ཁྱད་པར་ཙམ་ལས་བོད་ཀྱི་སྐད་ཡིག་ཉམས་བཞིན་པ་གཅིག་མཚུངས་རེད།
    ཉེ་ཆར་བོད་ནང་ནས་སློབ་གྲྭ་ཁག་གིས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་བཞིན་པའི་སྐབས་ཀྱི་བོད་ནང་གི་སློབ་མ་ཚོའི་དགོས་འདུན་ལ་རྒྱབ་སྐྱོར་མཚོན་ཆེད་བཙན་བྱོལ་ཁྲོད་ཀྱི་སློབ་གྲྭ་རེ་ཟུང་གིས་ཀྱང་སྐད་འབོད་བྱས་པ་དེ་ཡག་པོ་རེད་དེ་ཡིན་ན་ཡང་རང་དབང་གི་ལུང་པར་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་ཆ་རྐྱེན་ཡོངས་སུ་རྫོགས་པ་ཚང་ནའང་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ཕར་བཞག་ནས་སྐད་འབོད་ངོ་རྒོལ་གཅིག་བུའི་གཞིས་ལུས་རྒྱ་ཆེའི་མི་མང་གི་རེ་བ་བསྐོང་མི་ཐུབ་པ་ཐག་གིས་ཆོད། དེ་བས་རྒྱབ་སྐྱོར་དང་སེམས་ཤུགས་ཡོད་ན་ཆད་ལ་ཉེ་བའི་སྐད་ཡིག་འདི་སླར་གསོ་བྱེད་རྒྱུར་འབད་བརྩོན་བྱ་གལ་ཆེ་བས་མི་རིགས་ལ་ཤ་ཚ་མེད་ལ་ལྟ་བ་མཁྲེགས་འཛིན་བྱེད་མཁན་གྱི་དགེ་རྒན་དང་། རང་རིགས་ལ་དུང་བ་མེད་པའི་སློབ་མ་མགོ་སྟོང་ཚོས་བསམ་བློ་གཏོང་རན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme