Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལ་སྐྱིད་པའི་་ཉི་མ་ཅུང་ཙམ་འཆར་།

Posted on 2010-11-012010-11-01 By ཁ་བརྡ་ No Comments on བོད་ལ་སྐྱིད་པའི་་ཉི་མ་ཅུང་ཙམ་འཆར་།

སྦྲ་ནག་ཚང་།

ད་ཐེངས་གི་བོད་ནང་གི་སློབ་མའི་འབོད་སྐུལ་དེ། ལོ་ངོ་སྟོང་ཕྲག་དུ་མ་ནས་རྒྱུད་ཡོང་ བའི་ང་ཚོ་གངས་ཅན་པའི་གཅེས་ནོར་སྟེ་། ང་ཚོ་མི་རིགས་འདི་ལ་བོད་པ་ཞེས་ འདོགས་གཞིའིི་ངོ་བོ་དང་། ཆོས་དང་རིགས་གཞུང་གི་རྩ་བ་དེ་། བོད་ཀྱི་སྐད་ཡིག་དེ་གསོན་མི་གསོན་གྱི་འགག་རྩ་དེར་ཐུག་ཡོད་། རྒྱ་ནག་གཞུང་གིས་ ་བོད་མི་རིགས་རྩ་མེད་བཟོ་རྒྱའི་ལས་འགུལ་རབ་དང་རིམ་སྤེལ་པ་དེ་དག་གིས་ཉམས་་མྱོང་ཕྱོགས་སུ་བསྡུས་ནས་། ད་ཐེངས་་གི་འཆར་བཀོད་འདི་རྙེད་པ་རེད་། མོའོ་ཙེ་ཏུང་གིས་སྤེལ་བའི་སྐད་གྲགས་ཅན་གྱི་རིག་གནས་གསར་བརྗེ་དང་མི་རིགས་བསྒྱུར་བཅོས་དེ་ནི་མིང་གྲགས་ཆེ་བ་ཙམ་ལས་།ད་ཐེངས་སློབ་གསོའི་བཅོས་བསྒྱུར་འདི་དང་བསྡུར་ན་ལྡབ་འགྱུར་གྱི་ནུས་བ་ཆུང་ལ་བོད་མི་རིགས་ལ་ཕོག་པའི་གྱོང་གུད་དེ་ལས་ཆུང་། མོའོ་ཡི་བསྒྱུར་བཅོས་དེ་ཕྱི་མིག་མཐོང་གི་དངོས་བོ་ཙམ་ལས་ནང་གི་མིའི་ཤེས་ཡོན་ལ་གནོད་པ་གང་ཡང་ སྐྱེལ་ཐུབ་མེད་། ད་ཐེངས་གི་བསྒྱུར་བཅོས་འདི་དེ་ལས་ཡོངས་སུ་ཐ་དད་ཡིན།

ན་ནིང་ནས་བཟུང་གྲོང་གསེབ་ཁག་གི་སློབ་གྲྭ་དག་སྒོ་རྒྱབ་ནས་གྲོང་ཁྱེར་དུ་གཅིག་བསྡུས་བྱས་ཡོད་། ད་མ་བྱས་གོང་དུ་མི་རིགས་ལ་བློ་དཀར་བ་གང་མང་ཞིག་གིས་ལས་འགུལ་དེ་སྔོན་འགོག་བྱས་ཀྱང་། ནུས་པ་གང་ཡང་ཐོན་མེད་། དཔེར་ན་། སློབ་གྲ་གྲོང་ཁྱེར་དུ་གཅིག་སྡུད་མ་བྱས་གོང་། ཟི་ལིང་་ནས་ཚོགས་འདི་ཐེངས་ཁ་ཚོགས་ནས་དེའི་ཐོག་བོད་ཀྱི་དགེ་རྒན་ཆེན་མོ་དང་རྩོམ་པ་པོ་གང་ཞིག་གིས་། གལ་ཏེ་བོད་ཕྲུག་དག་རང་ཁྱིམ་དང་བར་ཐག་བཅད་པ་ཡིན་ང་ཚོའི་རང་གི་སྲོལ་རྒྱུན་གྱི་གོམ་གཤེས་་བཟང་པོ་མང་བོ་ཞིག་སློབ་གྲ་ལས་ཕ་མ་དང་པོ་པོ་རྨོ་རྨོ་དག་རྩར་ལེན་གི་ཡོད་པ་དེ་རྒྱུན་ཆད་རྒྱུ་ཉན་ཁ་ཡོད་པའི་། བོད་ཕྲུག་དག་གྲོང་ཁྱེར་དུ་གཅིག་བསྡུས་ཀྱི་ལས་འགུལ་དེར་འདོད་པ་མེད་པའི་བསམ་ཚུལ་གང་མང་བཤད་། གཞུང་གིས་ ་་ ད་ལྟ་བར་དུ་ངེད་ཚོའི་གྲོང་ཁྱེར་དང་གྲོང་གསེབ་བར་མཐུན་རྐྱེན་ཀྱི་ཆར་ས་དང་གནམ་ལྟ་བུའི་ཁྱད་པར་ཆེན་པོ་ཡོད་། དགེ་རྒན་ཞིག་ཡིན་ཀྱང་གྲོང་གསེབ་ལས་གྲོང་ཁྱེར་དུ་ལས་ཀ་བྱེད་རྒྱུར་དགའ་བས་དབང་གི་གྲོང་གསེབ་ཁག་གིས་སློབ་ཆུང་དེ་དག་ལ་དགེ་རྒན་ཀྱང་བཟང་བོ་ཞིག་རག་གི་མེད་ལ་། སློབ་མས་ཟ་འཐུང་དང་སྡོད་ཁང་འཛིན་ཁང་སོགས་ཀྱི་དད་ཀྱང་གྲོང་གསེབ་ཏུ་མཐུན་རྐྱེན་ཞན་པས་། གྲོང་གསེབ་གྱི་སློབ་མ་དག་ལ་དཀའ་ངལ་ཆེན་པོ་ཡོད་པས་། ད་ནས་བཟུང་གྲོང་གསེབ་དང་གྲོང་ཁྱེར་གྱི་ཕྲུ་གུ་གང་ཡིན་ཀྱང་། འདྲ་མཉམ་གྱི་ཐོབ་ཐང་སྤྲོད་རྒྱུ་ཡིན་ལ་། དེ་ལྟར་་བྱེད་པ་ལ་སློབ་གྲ་གཅིག་བསྡུས་ཀྱི་ལས་གཞི་་འདི་ཚད་དང་ལྡན་པ་ཡིན། ་སོགས་ལུང་འདྲེན་གྱིས་ལས་འཆར་དེ་ལྡོག་ག་ཐུབ་།

སྔོན་ཆད་སློབ་ཕྲུག་ཉིས་བརྒྱ་སུམ་བརྒྱ་ལས་མེད་པའི་་སློབ་ཆུང་དང་སློབ་འབྲིང་དག་གིས་ནང་ད་ལྟ་སློབ་མ་ཉིས་སྟོང་ནས་སུམ་སྟོང་ལྷགས་ཡོད་ལ། སློབ་གྲའི་མཐུན་རྐྱེན་་སྔོན་ཆད་གྲོང་གསེབ་དང་བསྡུར་ན་། ལྡབ་ཀྱིས་ཡག་དུ་ཕྱིན་ཡོད་། འཛིན་ཁང་དང་ཉལ་ཁང་། སློབ་ཁང་། ཁྲུས་ཁང་སོགས་སུ་ཚ་གློག་ཡོད་པས་མ་ཚད་། ད་ལྟ་སློབ་མའི་ཉལ་ཁང་དང་། ཟ་མ་ཟ་ས་སོགས་ལ་གཙང་གྲ་དང་བདག་གཉེར་བྱེད་མཁན་གྱི་མ་མ་སོགས་ཀྱང་ཡོད་།

ད་ནི་། གོང་གི་ལས་འཆར་དེ་སྤེལ་དགོས་པས་དམིག་ཡུལ་དངོས་དེས་། ད་ནས་བཟུང་བོདགྱི་མི་རབས་གསར་བ་དག་གིས་རང་གིས་སྐད་ཡིག་སློབ་རྒྱུས་གོ་སྐབས་ཀྱང་མེད་ལ་དམིགས་ཡུལ་ཀྱང་འཛིན་ས་མེད་པ་ཞིག་དུ་བསྒྱུར་བཞིན་ཡོད་།འདི་དང་ལྷན་དུ་རྒྱའི་རིག་གནས་དང་གོན་གཤེས་དག་ལ་སློབ་སྤྱོང་གི་གོ་སྐབས་དང་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡོད་ལ་། མ་འོངས་བར་སློབ་མ་་རང་ཉིད་ཀྱི་འཚོ་ཐད་ཀྱང་བོད་ཡིག་ལས་རྒྱ་ཡིག་བེད་སྤྱོད་ས་མང་བ་དང་། ལས་ཀ་ཞིག་འཚོལ་དགོས་ཀྱང་རྒྱ་ཡིག་ལ་གོ་སྒབས་ཤིན་དུ་བཟང་བོ་ཡོད་པ་ཞིག་བསྒྱུར་བཞིན་ཡོད་པས་། མོའི་ཙེ་ཏུང་གིས་སྤེལ་བའི་རིག་གནས་གསར་བརྗེ་དང་ཧུའུ་ཡི་ལས་འགུལ་གཉིས་ཀྱི་འཆར་གཞི་གོ་རིམ་དང་དེསམཇུག་འབྲས་ལ་གནམ་སའི་ཁྱད་པར་ཡིན་ལ་།

ཁར་སང་ཉིན་གཉིས་གོང་དུ། མཚོ་ལྷོ་དུ་ཁུལ་དུ་གཞུང་གི་གསལ་བསྒྲགས་སྤེལ་བའི་ནང་། ་་ལས་འཆར་འདི་འགྱུར་བ་སྤུ་ཙམ་ཡང་མེད་།འོན་ཀྱང་ད་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁུང་གི་བོད་རིགས་སློབ་མ་དག་གིས་། སློབ་ཆེན་བར་ཏུ་འགྲོ་སོང་སྐར་མ་གཅིག་ཀྱང་གཏོང་མི་དགོས་བར་གཞུང་གི་གནང་གི་ཡིན།་་ ཟེར་། ད་བར་དུ་འབྲིང་རིམ་དང་། མཐོ་འབྲིང་གི་སློབ་མ་རེ་ནས་། ལོ་རེར་རྒྱ་སྒོར་༡༠༠༠་ནས་༡༧༠༠ རེ་སྤོད་དགོས་པ་དེ་མེད་པ་བཟོས་ནས་། ལོག་ལམ་དེར་སྤྱོད་རྒྱུ་སྟབས་ཤིན་དུ་བདེ་བོ་བཟོ་འདུག།

མི་རིགས་གང་ཡིན་ཀྱང་། སློབ་གྲ་ནི་མི་རིགས་དེས་། ་མི་རབས་གསར་བའི་ཞིང་ས་ལྟ་བུ་ཡིན་ལ་། དེ་ནང་གི་སྦྱང་གཞི་དག་ནི་ཞིང་ས་དེར་འདེབ་བྱའི་འབྲུ་རིགས་ཡིན་ལ་། ཞིང་ས་དེར་གང་བཏབ་ན་དེ་སྐྱེས་བ་ནི་ཆོས་ཉིད་ཡིན་པས་། ང་ཚོའི་མི་རིགས་གསར་བའི་ཞིང་ས་དེར་སྒོག་པ་བཏབ་ཀྱང་།ནས་དཀར་ཀྱི་ལྗང་མྱུག་སྐྱེས་རྒྱུ་རེ་བ་ཡེ་ནས་མེད་།

ད་ཐེངས་གི་བོད་ནང་གི་སློབ་མའི་སྐད་འབོད་དེ་། ང་ཚོ་བོད་མི་རིགས་འདི་འཆི་ཁའི་དབུགས་རྒྱུན་མཐའ་མ་རེད་། ང་རང་ཉིད་ལ་མཚོན་ན་ཡང་། འདས་བའི་མི་ཚེ་ནང་རང་ཉིད་ཀྱི་བསམ་བློའི་ཁེབ་ཚད་ཀྱི་མི་རིགས་འདིའི་སྐྱིད་སྡུག་གི་ཐད་དུ་སེམས་ལ་དགའ་སྡུག་གི་ཚོར་བ་ཅི་རིགས་བྱུང་མྱོང་། འོན་ཀྱང་། ད་ནས་བཟུང་མི་རིགས་འདི་ཚར་བ་རེད་། བསམ་པའི་བློ་ཞིག་ད་ལྟ་བར་དུ་འཁོར་མ་མྱོང་།

ལོ་རབས་བརྒྱད་བཅའི་སྨད་ནས་བཟུང་བོད་ཞེས་བའི་མི་རིགས་འདི་འཛམ་གླིང་གི་ཡུལ་གྲུ་གང་དུ་། ཀུན་གྱིས་ཡིད་ཆེས་ བློ་དགའ་ས་སོགས་པས་། རང་ཉིད་ལ་མཚོན་ན་ཡང་། སེམས་གཏིང་དུ་རང་ཉིད་བོད་པ་ཞིག་ཡིན་པའི་སྤོབས་པ་དང་སྤྲོ་བས་བསྐྱལ་པ་དེ་ནི་། ཆུང་དུས་ནས་ཕ་རྒན་གྱི་ངག་ལས་གོ་པས་། ་་བོད་ལ་སྐྱིད་པའི་ཉི་མ་ཅུང་ཙམ་འཆར།་་ ཞེས་བ་དེ་མིན་འགྲོ་།

རྩོམ་རིག

Post navigation

Previous Post: ༧རྒྱལ་བ་རིན་པོ་ཆེ། གཞན་ཡུལ་ནས་གཤེགས་སོང་ན།
Next Post: ཐོབ་ཐང་ཤོར་བའི་བདག་གི་བོད་པ། བོད་འབྱོར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme