Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་པ་པོ་འོད་ཟེར་ལགས་འཛིན་ཉེར་ཡོད་པ་འདྲ།

Posted on 2010-11-012010-11-01 By ཁ་བརྡ་ 26 Comments on རྩོམ་པ་པོ་འོད་ཟེར་ལགས་འཛིན་ཉེར་ཡོད་པ་འདྲ།

tibetan-writer-wei-se_26mar09_160ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། བོད་ཀྱི་རྩོམ་པ་པོ་དང་རང་དབང་འཐབ་རྩོད་པ་འོད་ཟེར་ལགས་དེང་སང་ལྷ་སར་བཞུགས་ཡོད་པ་རེད། དེ་རིང་ སྤྱི་བདེ་ལས་ཁུངས་ཀྱིས་འབོད་འགུགས་བྱས་ཡོད་པ་དང་། འཛིན་བཟུང་བྱེད་པའི་ཉེན་ཁ་ཡོད་པ་རེད།
གཤམ་གསལ་ནི་མོས་བཏང་པའི་སྐད་འཕྲིན་ཡིན་པ་རེད།

ཛ་དྲག་གི་གནས་ཚུལ། ལྷ་སའི་སྤྱི་བདེ་ལས་ཁུངས་ནས་ཡིན་ཟེར་བའི་མི་ཞིག་གིས་ང་འབོད་འགུགས་བྱས་བྱུང་།
ཞོགས་པའི་ཆུ་ཚོད་ ༡༡་དང་སྐར་མ་ ༡༡ སྟེང་། ལག་འཁྱེར་ཁ་པར་ཨང་གྲངས་ 13989990059 ཡིན་པ་ནས་ང་ལ་ཁ་པར་བཏང་བྱུང་།
ཁ་པར་གཏོང་མཁན་གྱིས་ ལྷ་ས་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ནས་ཡིན་ཟེར། ང་ད་ལྟ་རང་དེར་འབྱོར་དགོས་ཟེར།
ངས་རྒྱུ་མཚན་གང་ཡིན་ཞེས་དྲིས་པ་ཡིན།
ཁོས་ གནད་དོན་ཞིག་བྱུང་ཡོད་པ་དང་། དེ་ཤེས་རྒྱུའི་ཆེད་ང་དེར་བཅར་དགོས་འདུག་ཅེས་ལབ་བྱུང་།
ངས་ ང་ཡོང་གི་མིན། ང་མི་མང་སྤྱི་བདེ་ལས་ཁུངས་ལ་ཡོང་དགོས་པའི་རྒྱུ་མཚན་མེད་ཅེས་ལབ་པ་ཡིན།
ཁོས། ཡོད་ད་ཡོད། རྒྱུ་མཚན་ཡོད་དང་ཡོད། ཁྱོད་ཀྱིས་རང་ཉིད་ཀྱིས་ཅི་ཞིག་བྱས་ཡོད་པ་དེ་གསལ་པོར་ཧ་གོ་གི་ཡོད་རེད་ཟེར།
ངས་ ངས་ཁྲིམས་འགལ་གྱི་ལས་ཀ་གང་ཡང་བྱས་མེད། ཁྱེད་རང་འདིར་ཡོང་ཆོག་གི་རེད། ཡིན་ནའང་དེར་ཡོང་ལུགས་ཀྱི་ཁྲིམས་ཤིག་ཡོད་པ་རེད། དེ་བྱེད་དགོས་པ་རེད། ཅེས་ལབ་པ་ཡིན།
ཁོས་ དེ་འགྲིག་གི་རེད། ང་ཚོ་ཡོང་གི་ཡིན། དགོས་ངེས་པའི་ཆ་རྐྱེན་རྣམས་འཁྱེར་ནས་ཡོང་གི་ཡིན། ཞེས་ཟེར།


ད་ལྟ་ང་ སྐད་འཕྲིན་་༼ Twitter༽ཐོག་འགྲོ་ཐུབ་གི་མི་འདུག ངས་དྲ་དེབ་འདིའི་རང་གི་གྲོགས་པོ་ཚོ་ལ་གནས་ཚུལ་དེ་འདྲ་བྱུང་བ་ཁྱབ་བསྒྲགས་བྱེད་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད། སྐད་འཕྲིན་གཏོང་རོགས།

ཐུགས་རྗེ་ཆེ།
འོད་ཟེར་གྱིས།
༢༠༡༠ ལོའི་ཟླ་་༡༡ ཚེས་ ༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ དང་སྐར་མ་བཞི་བཅུ་ལ།

紧急:一个声称是拉萨市公安局的电话叫我去
上午11:11分,一个手机电话是13989990059的电话打到我的手机上。
他声称是拉萨市公安局的,让我立即来公安局一趟。
我问什么理由。
说有个情况需要跟我了解一下。
我说我不去,我没有理由需要去公安局。
他说当然有理由,你做了什么你自己清楚。
我说我没做任何违法的事情。我说你们要来可以,但是要有手续。
他说好的,我们会带手续来的。

此时我上不了推特。
请关注我的博客的朋友们转发此消息,并请转推。
谢谢!

唯色
2010年11月1日上午11:40分

Urgent: I have been summoned by someone claiming to be from the Lhasa City Public Security Bureau

At 11:11 this morning I received a call on my mobile phone from a cell phone with the phone number 13989990059.

The person calling claimed to be from the Lhasa City Public Security Bureau, and wanted me to come there immediately.
I asked what the reason was.
He said there was a situation, the understanding of which required my presence.
I said I would not go; that I had no reason to go to the Public Security Bureau.
He said of course there was a reason: you understand clearly what you’ve done.
I said I had not broken any law. I said you can come here, but there are formalities that are required.
He said fine, we will come, bringing what the formalities require.

At present I can’t get on Twitter.
I request friends of this blog to spread the word. And please tweet!

Thank you!
Woeser
November 1, 2010, 11:40 a.m.

གསར་འགྱུར།

Post navigation

Previous Post: མཚོ་སྔོན་ཞིང་ཆེན་བོད་རྒྱ་སྐད་གཉིས་དུས་ཡུན་འབྲིང་རིང་གི་བཅོས་བསྒྱུར་ གནད་དོན་ཐད་ཀྱི་བསམ་འཆར།
Next Post: ༧རྒྱལ་བ་རིན་པོ་ཆེ། གཞན་ཡུལ་ནས་གཤེགས་སོང་ན།

Comments (26) on “རྩོམ་པ་པོ་འོད་ཟེར་ལགས་འཛིན་ཉེར་ཡོད་པ་འདྲ།”

  1. མི་ནག་མདུང་ཐུང་། says:
    2010-11-01 at 1:51 pm

    བལྟས་བལྟས་རིག་རིག་ལ་འདི་ལྟར་ག་ཤེད་ཅིག་ལ་འཁྲིད་ཕྱིན་པ་ཡིན་ན། འཇིགས་སྣང་སྐྱེས་པ་འདྲ་ཞིག་རེད་དེ། འོད་ཟེར་གྱིས་ཐོག་མ་ནས་ཁྲིམས་ཀྱི་སྟེང་ལ་གོམ་པ་རྒྱག་སྟངས་འདིས་བློ་བདེ་སོང་། ཁྲིམས་འགལ་ཡིན་སྐོར་ཚུར་བཤད་ནས་ཡོང་སྐབས། ཁྲིམས་ཁོ་རང་ལ་འཇུས་ནས་ཕར་བརྩད་བརྒྱབ་པ་ཡིན་ན། དེ་ནས་ཅི་བྱ་འདི་བྱེད་མེད་པ་ཞིག་ཡོང་གི་ཡོད་པ་འདྲ། ང་ཚོའི་སུ་ཡིན་རུང་། ཁྲིམས་ཀྱི་ས་མཚམས་དེ་ངེས་པར་བློ་ངེས་དགོས་པ་གལ་ཆེན་པོ་རེད། དེ་མིན་ཅིག་ལ་འགལ་འདུག དེ་ཡང་ཁྲིམས་འགལ་རེད་ཅེས་ཁོ་རང་ཚོས་གང་བཤད་ལས། དོ་བདག་སོ་སོའི་ངོས་ནས་དེ་ཙམ་གྱི་གནས་ལུགས་དང་། ལྷག་ཏུ་ཁྲིམས་ཀྱི་བཅད་མཚམས་གང་རུང་རེ་མ་ཤེས་ཚེ། ནག་འདེད་བྱེད་མི་བྱེད་མེད་པར་སྣང་།
    འོད་ཟེར་ལགས་ལས་སླ་པོར་འཇུ་བཟུང་ཐུབ་ཨེ་ཡོང་། དཀོན་མཆོག་མཁྱེན། བུ་མོ་འདི་མིག་གིས་འཚོ་དགོས་ཡ།

  2. ཀརྡོ་རབ་འབྱམས་པ་ says:
    2010-11-01 at 2:11 pm

    འོད་ཟེར་ལགས་ཀྱི་འཕྲིན་ལོན་འཕྲལ་དུ་ཁ་བརྡར་སྐད་རིགས་གསུམ་ལྡན་དུ་གསལ་སྟོན་ཐུབ་པ་ནི་ཁ་བརྡའི་གཟི་བརྗིད་རེད་ལ་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-11-01 at 2:56 pm

    འོད་ཟེར། ཁྱེད་རང་གིས་དེ་ལྟར་རང་གིས་ཆེས་མྱུར་བའི་དྲ་འཕྲིན་བཀོལ་ནས་བོད་རིགས་ཡོངས་ལ་རང་ཉིད་ད་ནི་ཆེས་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་བརྡ་འཕྲིན་བཏང་བ་དེས། བོད་མི་བསམ་ཡོད་ཚང་མས་སེམས་ཁྲལ་གྱི་གཡང་སུ་འདེད་པ་དང་མཉམ་དུ། ཚང་མ་ཁྱེད་ཀྱི་ཟོལ་མེད་ཀྱི་སྙིང་སྟོབས་དང་། གནས་ལུགས་ཀྱི་ཆེད་དུ་གང་ཡང་བྱེད་འཕོད་པའི་གཤིས་ཀ་དེ་སྲུང་སྐྱོབས་བྱེད་ཆེད་དུ། འཛམ་གླིང་བརྡ་འཕྲིན་གྱི་དུས་རབས་ནས་སྐར་ཆ་ཁ་ཤས་རིང་ལ་མི་མང་སེམས་འཁུར་ཅན་ཡོངས་ཀྱི་སྙན་དབང་དུ་བསྐྱལ་ནས་ང་ཚོས་ཤུ་ལོས་བྱེད། ཁྱེད་རང་ལ་བགེགས་དང་བར་ཆད་མེད་པར་ཤོག

  4. བོད། ལྷ་ཀླུ་གཉན་གསུམ། says:
    2010-11-01 at 2:57 pm

    འོད་ཟེར། ཁྱེད་རང་གིས་དེ་ལྟར་རང་གིས་ཆེས་མྱུར་བའི་དྲ་འཕྲིན་བཀོལ་ནས་བོད་རིགས་ཡོངས་ལ་རང་ཉིད་ད་ནི་ཆེས་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་བརྡ་འཕྲིན་བཏང་བ་དེས། བོད་མི་བསམ་ཡོད་ཚང་མས་སེམས་ཁྲལ་གྱི་གཡང་སུ་འདེད་པ་དང་མཉམ་དུ། ཚང་མ་ཁྱེད་ཀྱི་ཟོལ་མེད་ཀྱི་སྙིང་སྟོབས་དང་། གནས་ལུགས་ཀྱི་ཆེད་དུ་གང་ཡང་བྱེད་འཕོད་པའི་གཤིས་ཀ་དེ་སྲུང་སྐྱོབས་བྱེད་ཆེད་དུ། འཛམ་གླིང་བརྡ་འཕྲིན་གྱི་དུས་རབས་ནས་སྐར་ཆ་ཁ་ཤས་རིང་ལ་མི་མང་སེམས་འཁུར་ཅན་ཡོངས་ཀྱི་སྙན་དབང་དུ་བསྐྱལ་ནས་ང་ཚོས་ཤུ་རེ་ལོས་བྱེད། ཁྱེད་རང་ལ་བགེགས་དང་བར་ཆད་མེད་པར་ཤོག

  5. tsok chen says:
    2010-11-01 at 5:12 pm

    འོད་ཟེར་ལགས་ལ་བར་ཆད་གང་ཡང་མེད་པར་སྨོན། །དཀོན་མཆོག་གྱི་མཁྱེན།།

  6. འཆམ་ར་དྲི་མེད་རྒྱལ་མཚན། says:
    2010-11-02 at 1:13 am

    འཛམ་གླིང་གི་མི་ཚོས་འདེང་འཇོག་དང་བྱ་དགའ་འབུལ་སའི་མི་སྣ་ཞིག་ལ། ཁྲིམས་འགལ་གྱི་ཉེན་བརྡ་གཏོང་བ་ནི། བློ་ཕམ་དགོས་པའི་གནས་ཚུལ་རེད་ལ། འཛམ་གླིང་གི་སྐྱེ་བོ་ཚོར་ཁྱད་གསོད་བྱས་པའི་ལས་སྟངས་ཤིག་ཀྱང་རེད། གང་ལྟར་གནས་ཚུལ་ཅི་ཞིག་ཡོང་བ་ངེས་གཏན་མེད་པ་ནི། དགྲ་ནག་གི་ནམ་རྒྱུན་གྱི་བྱ་སྤྱོད་ཅིག་རེད་ལ། འོད་ཟེར་ལགས་ནི། རྒྱལ་ཁབ་དེའི་གྲངས་ཉུང་མི་རིགས་ནང་གི་བོད་ཀྱི་བུད་མེད་ཞིག་རེད།

    དྲྭ་གྲོགས་ཚོ། ང་ཚོས་ཅི་ཞིག་བྱ་དགོས་པའི་གྲྭ་སྒྲིག་སྡུན་ཚུད་ནས་གནང་དགོས། དེ་བཞིན་ཁོང་གི་སྐོར་ནས་ཉིན་མཚན་སྐོར་གཡེང་གནང་གལ་ཆེ། མ་ཟད་གནས་ཚུལ་གླེང་མོལ་སྐབས། དེས་ཡིན་རྒྱུ་རེད། རྒྱུ་མཚན་དེས་རེད། ཟེར་བ་སོགས་ནག་ཉེས་ཚུར་འགེལ་གྱི་ཁུངས་བསྟན་པའི་ཟོལ་འདྲ་དེ་ཚོ་ང་ཚོས་གཟབ་དགོས་པའི་གནས་ཞིག་རེད་དྲན།

    གནས་ཚུལ་དུས་ཐོག་བཀོད་གནང་མཁན་ལ་ཁ་དྲོ་ཞུ་རྒྱུ་དང་། ད་རུང་ཉིན་གྱི་མི། མཚན་གྱི་ཁྱི་བྱས་ནས་སྐོར་གཡེངས་གནང་རོགས་ཞུ།

  7. ཀླུ་སྨྱོན། says:
    2010-11-02 at 1:50 am

    འོད་ཟེར་ལགས་འཛིན་བཟུང་བྱེད་རྒྱུ་དེ་ནི་ངའི་གྲོགས་པོ་རེ་ཟུང་གི་རེ་བ་རེད། ཁོ་ཚོས་འོད་ཟེར་མ་ཡིན་པ་ཞིག་གིས་རྒྱ་གཞུང་ལ་ཅིག་བཤད་མ་ཐག་ལམ་སེང་བཟུང་འགྲོ་ཞིང་། འོད་ཟེར་གྱིས་རྒྱ་གཞུང་ལ་སྡིག་དམོད་ཅི་ཙམ་བྱས་ཀྱང་འཛིན་བཟུང་མི་བྱེད་པ་འདིའི་ནང་དུ་ཅི་ཞིག་བསྐུངས་ཡོད་པའི་དོགས་པ་ཟ་བཞིན་འདུག དེ་ལ་ང་ལྟ་བུས་འགྲེལ་བཤད་ཅི་ལྟར་བརྒྱབ་ཀྱང་ཉན་མཁན་མི་འདུག ངས་མོའི་རྒྱབ་ལོགས་ན་ཝང་ལི་ཞུང་ཡོད་ཅིང་། ཝང་ལི་ཞུང་གི་ཕ་རྒན་དང་ཅང་ཙེ་མིན་གཉིས་གྲོགས་པོ་ཡིན་པས། རྒྱ་ནག་ཏུ་རྒྱབ་རྩ་ཡོད་ན་ཉེན་རྟོག་པ་ཁྱི་ཕྲུག་འདྲ་བ་དག་གིས་ཅང་བྱེད་ཐུབ་ཀྱི་མ་རེད་ལབ་པ་ཡིན་ཏེ་ཉན་གྱི་མི་འདུག ངས་ད་དུང་འོད་ཟེར་ད་ལྟ་རྒྱལ་སྤྱིའི་སྟེང་གསར་འགོད་པ་གྲགས་ཅན་གྱི་གྲས་སུ་ཡོད་པས་རྒྱ་གཞུང་གིས་ཐད་ཀར་ལག་པ་འཆང་མ་ཕོད་པ་ཡིན་ལས་ཆེ་ཞེས་བརྗོད་ཀྱང་ངའི་གྲོགས་པོ་དེ་དག་གིས་འོ་ན་ལིག་ཞོ་པོ་ལྟ་བུའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཞིག་ཀྱང་བཙོན་ན་ཡོད་པ་དེ་ག་རེ་རེད་ཟེར་ནས་མི་ཉན་གི ད་ངས་ཅི་ཞིག་བརྗོད་དགོས་སམ།

  8. འཆམ་ར་དྲི་མེད་རྒྱལ་མཚན། says:
    2010-11-02 at 2:25 am

    གནས་ཚུལ་ཁ་གསབ། ཤེས་རབ་ཟིན་བྲིས་ནང་འདི་ལྟར་བཀོད་འདུག དྲྭ་ཐག་འདི་རེད།
    http://www.sherab.org/?p=3411

    ད་ལྟ་རང་ཨེ་ཤ་ཡ་བོད་སྐད་རླུང་འཕྲིན་ཁང་ནས་བོད་ནང་གི་དགོང་དྲོ་ཆོུད་༩་པ་ཙམ་དེར་འོད་ཟེར་ལ་ཁ་པར་ཞིག་མཐུད་ཐུབ་འདུག་པ་དང༌། སྐབས་དེར་ཁོང་གིས་ཟེར་ན། ང་རང་ཉིན་གུང་ཕྱི་ལོག་ལ་ཏོག་ཙམ་སོང་བ་ཡིན། ང་ཡི་ཨ་མ་སེམས་ཁྲལ་བྱེད་ཀྱི་རེད་མོད་དོན་དེ་བཤད་ན་དགའ་བ་འདུག་བསམས་ནས་ད་ལྟ་ནང་ལ་ཚུར་ལོག་ཡོང་བ་ཡིན། ད་ལྟ་ང་རང་དང་ཁྲིམས་རྩོད་པ་ངོ་ཤེས་ཞིག་དང་མཉམ་དུ་སྐད་ཅ་བཤད་ཀྱིན་ཡོད། ང་གཉིས་ཀྱིས་ད་ནང་གི་ཁ་པར་གཏོང་མཁན་དེ་ལ་ཕར་འབྲེལ་བ་བྱས་ཏེ། ལས་ཁུངས་གང་ནས་ཡིན་པ་དང་མིང་སུ་ཡིན་ཞེས་བརྗོད་སྐབས། མི་དེས་ང་ཚོ་མགྱོགས་པོ་ཐུག་ཡོང་ཟེར་ལབ་བྱུང༌། ངས་ཁྱོད་རང་ལ་ཐུག་དགོས་དོན་མེད། དེ་རིང་གི་གནས་ཚུལ་ཚང་མ་དྲ་རྒྱ་ནང་བཀོད་ཚར་བ་ཡིན་ཞེས་ལབ་སྐབས། མི་དེས། དེ་ཡིན་ན་པེ་ཅིན་ཅུས་ལ་ཤོག་ཟེར། དེ་ནས་ཁ་པར་བཞག་སོང༌། པེ་ཅིན་ཅུས་དེ་ག་རེའི་ཅུས་ཡིན་པ་ཤེས་མ་སོང་ལ། དེ་ནས་བཟུང་འབྲེལ་བ་བྱེད་མཁན་མ་བྱུང་ཟེར།
    གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས་ཟེར་ན། དེ་ནི་ཉེན་རྟོག་པ་དེ་ཚོས་རྐང་བཙུགས་ནས་བརྙེད་བརྐོ་བ་ཞིག་ལས་འཛིན་བཟུང་བྱེད་སེམས་མེད་པ་ལས། གལ་ཏེ་འཛིན་བཟུང་བྱེད་བསམས་ན་སྔོན་ལ་ལན་གཏོང་གི་མ་རེད་ཟེར། འགའ་ཞིག་གིས། གལ་ཏེ་དོ་ནུབ་མཚན་མོ་འཛིན་བཟུང་མ་བྱས་ན་དེ་ནས་རེ་ཞིག་འཇགས་འགྲོ་ཡི་རེད། རྒྱ་ནག་ཉེན་རྟོག་པས་མི་མང་པོ་ཞིག་མཚན་མོ་འཛིན་བཟུང་བྱེད་ཀྱི་ཡོད་པ་རེད་ཟེར། འགའ་ཞིག་གིས། དེ་ནི་བོད་ནང་གི་སློབ་མའི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་དེ་ལྷ་སར་བྱུང་བ་ཡིན་ན། སྐབས་དེའི་གནས་ཚུལ་མང་པོ་ཞིག་འོད་ཟེར་གྱིས་ཁྱབ་བསྒྲགས་བྱེད་ཡོང་སྙམ་པའི་སྐྲག་སྣང་གི་འོག །འོད་ཟེར་ལགས་ལྷ་ས་ནས་གང་མགྱོགས་ཕྱིར་ཐོན་ཐབས་ཀྱི་འཐབ་ཇུས་ཤིག་རེད་ཅེས་ཟེར།

  9. སྟག་སྨྱོན། says:
    2010-11-02 at 3:22 am

    བཙན་དབང་རང་རེད་མ་གཏོགས་འོད་ཟེར་ལ་ནག་ཉེས་གང་ཡང་མེད་པ་ལྷ་སའི་ཉེན་རྟོག་ལས་ཁུངས་ནས་ཡིན་ཟེར་མཁན་ཁ་པར་གཏོང་མཁན་དེས་བྱེད་སྟངས་ནས་གསལ་བཤད་བྱས་འདུག ཉེས་ཅན་པ་ཞིག་འཛིན་བཟུང་བྱེད་ན་ཁྱེད་ཁྲིམས་འགལ་རེད། ང་ཚོའི་ལས་ཁུངས་སུ་ཡོང་དགོས་ཟེར་ནས་དང་པོ་ནས་ཁ་པར་ཐོག་སྐད་གཏོང་བ་འདི་གད་མོ་ཤོར་ཡ་རེད། འདི་ཉེས་ཅན་པ་འཛིན་བཟུང་བྱེད་སྟངས་དྲ་རྒྱས་དེ་ཡིན་སྲིད། ངོ་ནས་ཉེས་ཅན་པ་ཞིག་འཛིན་ན་ཉེས་ཅན་པ་ཁོ་རང་གི་མི་ཤེས་པར་འཇབ་ནས་སོང་སྟེ་དཔང་རྟགས་སོགས་སྦེད་ལོང་མེད་པར་གློ་བུར་དུ་འཛིན་འོས་པ་ལས། ཁྱོད་ཉེས་ཅན་པ་རེད་གདའ། ང་ཚོའི་ཉེས་རྟོག་ལས་ཁུངས་སུ་ཤོག་ཟེར་ནས་སྐད་གཏོང་སྟངས་ལ་ལྟོས་ན། ཉེས་རྟོག་པ་དེ་ཚོ་འོད་ཟེར་ལགས་སུ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་འདྲ། དེ་མིན་ན་མོ་ག་བར་བྲོས་འགྲོ་སྲིད་པ་རེད། དཔང་རྟགས་འདྲ་ཡོད་ན་སྦེད་བཞག་གི་རེད། བྱས་ཙང་ཉེན་རྟོག་པ་དེ་ཚོས་དཔང་རྟགས་གང་ཡང་འཚོལ་གྱི་མེད་པར་ཆེད་མངགས་ཉེས་མེད་ལ་བརྙས་བཅོས་བྱེད་ཀྱི་ཡོད་པ་ལས། འོད་ཟེར་ལགས་མི་དཀར་པོ་ཡིན་པ་གསལ་བོ་བསྟན་པ་རེད། ཕྱོགས་གཞན་ཞིག་ནས་རྒྱ་དམར་གྱི་ཁྲིམས་ལ་དཔང་རྟགས་སོགས་དགོས་མཁོ་མེད་པར་རང་སྣང་གང་ཤར་གྱིས་མི་སེར་དཀྱུས་མ་ཚོ་ཉེས་ཅན་བཟོ་གི་ཡོད་པ་མཐོང་ཐུབ།

  10. བསེ་རུ། says:
    2010-11-02 at 4:21 am

    སྤྱིར་བཏང་ནས་ལྷ་ས་ན་བོད་མི་དཀྱུས་མ་ཞིག་ལའང་ཉེས་མེད་ཉེས་འཛུགས་བྱེད་པ་སོགས་ཀྱི་དོན་རྐྱེན་བསྟུད་མར་ཡོང་གིན་ཡོད། ལྷ་ས་ན་བོད་མི་ཚོར་ལྟ་རྟོག་བྱེད་སྟངས་དེ་དངོས་གནས་འཇིགས་སུ་རུང་བ་ཞིག་རེད་ལ། གནས་བཟོད་མི་བདེའི་དཀའ་ངལ་ཆུང་ཆུང་མིན།

    ལྷག་པར་ཕྱི་རྒྱལ་མི་རིགས་ཚོ་ཡིན་ནའང་ལྷ་ས་ན་འགྲོ་སྐབས་དཀའ་ངལ་དང་འགོག་རྐྱེན། ཉེན་ཁ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད།

    ད་རྩོམ་པ་པོ་འོད་ཟེར་ལགས་ཀྱང་ཉེས་མེད་ཉེས་འགེལ་དང་ཁག་དཀྲི་སྣ་ཚོགས་ལ་བརྟེན་ནས་བཟུང་ན། དེ་ཡང་ཕྱོགས་གཅིག་ནས་བཤད་ན་ཕམ་ཁ་ཡིན་ནའང་ཕྱོགས་གཅིག་ནས་བཤད་ན་རྒྱལ་ཁ་རེད།
    རྒྱུ་མཚན་ནི། བཙོན་འཇུག་གི་རྗེས་ནས་ཤེས་ངེས་རེད།།

  11. ཨ་ནུ་ཐང་བསོད་ནམས། says:
    2010-11-02 at 4:24 am

    རྒྱ་གཞུང་གཅིག་བུ་མ་རེད། རྒྱབ་རྩ་ཡོད་ན་འཇིག་རྟེན་གྱི་ས་ཕྱོགས་གང་དུ་ཡོད་ཀྱང་གོ་སྐབས་མང་པ་ཡོད་ཅིང་རྒྱབ་རྩ་མེད་ན་འཇིག་རྟེན་འདིར་རྒྱུ་འབྲས་བརྩི་མཁན་ཉུང་ཉུང་རེད། འོན་ཀྱང་བོད་ཀྱི་ཉེན་རྟོག་པ་རང་དབང་ལུང་པའི་གཉེན་རྟོག་པ་དང་བསྡུར་བ་ཡིན་ན་གདུག་རྩུབ་ཆེ་བ་བདེན་པ་རེད། དེ་ནི་ཉེན་རྟོག་པའི་སྐྱོན་མ་ཡིན་པ་སྲིད་ཇུས་དང་ཁོར་ཡུག་གིས་བཟོས་བ་རེད།

  12. བཀྲ་ཤིས་དོན་གྲུབ། says:
    2010-11-02 at 6:45 am

    གང་ལྟར་ཡག་རྟགས་ཤིག་མ་རེད། རྒྱ་གཞུང་ནི་ཁྲིམས་དང་གནས་ལུགས་མི་བརྩི་བའི་ཇག་ཚོགས་ཤིག་ཡིན་ཕྱིར། འོད་ཟེར་ཡང་གར་སོང་ཆ་མེད་དུ་འགྱུར་ཉེན་ཆེ།

  13. མིག says:
    2010-11-02 at 7:12 am

    ཀླུ་སྨྱོན་གྱིས་འོད་ཟེར་ལགས་འཛིན་བཟུང་ བྱེད་རྒྱུ་དེ་ནི་ངའི་གྲོགས་པོ་རེ་ཟུང་གི་རེ་བ་རེད།
    ཀླུ་སྨྱོན་གྱིས་འོད་ཟེར་ལགས་འཛིན་བཟུང་ བྱེད་རྒྱུ་དེ་ནི་ངའི་གྲོགས་པོ་རེ་ཟུང་གི་རེ་བ་རེད།

    ཀླུ་སྨྱོན་གྱིས་འོད་ཟེར་ལགས་འཛིན་བཟུང་ བྱེད་རྒྱུ་དེ་ནི་ངའི་གྲོགས་པོ་རེ་ཟུང་གི་རེ་བ་རེད།

    ཀླུ་སྨྱོན་གྱིས་འོད་ཟེར་ལགས་འཛིན་བཟུང་ བྱེད་རྒྱུ་དེ་ནི་ངའི་གྲོགས་པོ་རེ་ཟུང་གི་རེ་བ་རེད།

    ཀླུ་སྨྱོན་གྱིས་འོད་ཟེར་ལགས་འཛིན་བཟུང་ བྱེད་རྒྱུ་དེ་ནི་ངའི་གྲོགས་པོ་རེ་ཟུང་གི་རེ་བ་རེད།

    ཀླུ་སྨྱོན་གྱིས་འོད་ཟེར་ལགས་འཛིན་བཟུང་ བྱེད་རྒྱུ་དེ་ནི་ངའི་གྲོགས་པོ་རེ་ཟུང་གི་རེ་བ་རེད།

    ཀླུ་སྨྱོན་གྱིས་འོད་ཟེར་ལགས་འཛིན་བཟུང་ བྱེད་རྒྱུ་དེ་ནི་ངའི་གྲོགས་པོ་རེ་ཟུང་གི་རེ་བ་རེད།

    ཀླུ་སྨྱོན་གྱིས་འོད་ཟེར་ལགས་འཛིན་བཟུང་ བྱེད་རྒྱུ་དེ་ནི་ངའི་གྲོགས་པོ་རེ་ཟུང་གི་རེ་བ་རེད།

    ངོ་མ་ངུ་དྲོ་བ་ཞིག་མ་རེད་དམ། ངོ་མ་ངུ་དྲོ་བ་ཞིག་མ་རེད་དམ། ངོ་མ་ངུ་དྲོ་བ་ཞིག་མ་རེད་དམ།
    ངོ་མ་ངུ་དྲོ་བ་ཞིག་མ་རེད་དམ། ངོ་མ་ངུ་དྲོ་བ་ཞིག་མ་རེད་དམ། ངོ་མ་ངུ་དྲོ་བ་ཞིག་མ་རེད་དམ།
    ངོ་མ་ངུ་དྲོ་བ་ཞིག་མ་རེད་དམ། ངོ་མ་ངུ་དྲོ་བ་ཞིག་མ་རེད་དམ། ངོ་མ་ངུ་དྲོ་བ་ཞིག་མ་རེད་དམ།

  14. བཀྲ་ཤིས་དོན་གྲུབ། says:
    2010-11-02 at 7:26 am

    གྲོགས་པོ་ཡིན་ན་སློབ་གསོ་གྱིས། རང་ཉིད་ཡིན་ཀྱང་བརྟག་དཔྱད་གནོང་། དོན་གྱི་འདོད་པ་སུ་ལ་ཡོད། ཁྱེད་ལ་མེད་པའི་གསོལ་བ་འདེབས།

  15. དམུ་ཐག་གི་བུ་རྒྱུད། says:
    2010-11-02 at 8:36 am

    ཤིན་ཏུ་རྟོགས་སླ་བ་རྣམས་ཐག་ཉེ་དྲགས་པའི་དབང་གིས་ཤིན་ཏུ་རྟོགས་དཀའ་བ་ལྟ་བུར་འགྱུར་འགྲོ། རྟོགས་དཀའ་བའི་རྒྱུ་མཚན་བཙན་གྱིས་འཚོལ་ཞིང་ཆེས་སླ་བའི་རྒྱུ་མཚན་དག་ལ་ཁ་ཡ་མི་བྱེད། འདི་མི་ཚོགས་སྐོར་ཞིག་གི་གཤིས་ཀ་རེད།

  16. ནགས་ཤོད་སད་མི། says:
    2010-11-03 at 1:02 am

    འཇིགས་ཞུམ་མེད་པའི་དཔའ་མོ་ཚེ་རིང་འོད་ཟེར་ལགས་གེགས་མེད་བདེ་ལེགས་ཡོང་བར་ང་ཚོས་སྙིང་ནས་གསོལ་སྨོན་བྱ།

  17. གཅན་བཟོད་རྒྱམ། says:
    2010-11-03 at 2:32 am

    བོང་ལི་ཞོན་གྱི་རྒྱབ་རྩ་མཐུག་པོ་ཡོད་ཀྱང་སྲིད་མོད། ངས་གོ་ཐོས་ལ་བོང་ལི་ཞོན་ལས་འོད་ཟེར་གྱི་རྒྱབ་རྩ་མཐུག་རབས་ཡང་བཤད་རྒྱུ་མང་པོ་འདུག གང་ལྟར་འོད་ཟེར་འཛིན་མི་ཉན་ཡ། མོ་བདེ་ལེགས་ངང་ཕྱིར་རང་གི་སྡོད་གནས་པེ་ཅིན་དུ་འབྱོར་ཐུབ་པར་སྨོན།

  18. སྟག་འབུམ says:
    2010-11-03 at 6:26 am

    ང་ནི་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུང་ །ཁྱེད་ནི་གངས་ལ་དགའ་ཞིང་གངས་ལ་དཀར ། ཁྱེད་ཀྱིས་རྒྱུ་ནོར་དང་ཐོབ་གོ་ས་སྙན་གྲགས་སོགས་དོན་དུ་མི་གཉེར་བས། ཁྱེད་ནི་དུས་རབས་དང་མི་འཚམས་པའི་བོད་མི་རིགས་ཀྱི་སེམས་ཁོང་གི་ལ་རྒྱའི་སྒྲོན་མེ་སྟེ །ནམ་ཡང་ཡལ་ཐབས་མེད་པའི་ང་ཚོའི་མི་རིགས་ཀྱི་དཔའ་མོ་ཉག་གཅིག་ལགས་ན །ང་ནི་ནམ་ཡང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུང་

  19. སྟག་འབུམ says:
    2010-11-03 at 6:32 am

    ཆད་པ ང་ཚོའི(་སེམས་ཁོང་གི་)དཔའ་མོ་

  20. ཤ་ཟན་དམར་པོ། says:
    2010-11-03 at 7:49 am

    འོད་ཟེར་འཛིན་མདོག་ཁ་པོ་མ་རེད། འོད་ཟེར་ནི་ད་ལྟ་རྒྱལ་སྤྱིའི་མི་སྣ་གྲགས་ཆེན་ཞིག་ཏུ་ཆགས་ཚར་རེད། རྒྱལ་སྤྱིའི་རང་བཞིན་ཅན་གྱི་གཟེངས་རྟགས་གཉིས་རེག་ཚར་རེད། གལ་སྲིད་འོད་ཟེར་བཟུང་བ་ཡིན་ན། རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་སྣ་རྒྱུག་ཚ་ཐག་ཆོད་ཅིག་གཞུས་གི་རེད། ལིག་ཞའོ་པོ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སྤྲད་དེ་ཁྲག་དམར་འཛར་རེ་སྣ་རྒྱུག་ཅིག་གཟེད་ཚར་མ་ཐག་ཏུ་ད་ཡང་སྐྱར་འོད་ཟེར་འཛིན་བཟུང་བྱས་ནས་སྣ་རྒྱུག་ཉིས་རྩེགས་ཤིག་ཉོ་ཨེ་ཡོང་།
    རྒྱལ་སྤྱིའི་གསར་ལམ་ཁག་ནི་རྒྱ་ནག་ཆེས་ཞེད་ས་དེ་རེད། དེ་འདྲ་ཡིན་ཙང་། ཁོ་ཚོས་རྒྱ་ནག་ནང་བྱུང་བའི་གནས་ཚུལ་ངན་པ་དག་ལ་འཁྱོག་བརྗོད། འགེབས་སྲུང་། ཁ་བསྒྱུར། བཀག་སྡོམ། རྫུན་ཚུད་ཆད་ཤོད་ཀྱི་ཡོད་པ་རེད། དེ་དང་མཉམ་ད་རུང་གཏམ་བརྗོད་རང་དབང་ཡང་ཡོད་ཚུལ་སྟོན་པ་དང་ཤོད་ཀྱི་འདུག་ག འོད་ཟེར་གྱི་དྲ་རྒྱ་དེའི་དཔེ་མཚོན་ཞིག་རེད། གཏམ་བརྗོད་རང་དབང་ཡོད་པའི་དཔེ་མཚོན་ཆེས་ཉུང་ཤས་ཤིག་ཡོད་པ་དེའི་ཐོག་འདྲེ་ལག་བརྐྱངས་པ་ཡིན་ན་ད་རྒྱ་ནག་གིས་རང་ལྕེ་རང་གིས་བཅད་པ་རེད། དེ་འདྲ་བྱེད་ཨེ་སྲིད་ན། ད་གང་ཤེས་གོ འདི་ཚང་ང་ངོ་ཟེར་བ་ཞིག་རྩ་ནས་ཚ་ཡ་ཡོད་མ་རེད།

  21. མིག says:
    2010-11-03 at 8:23 am

    སྙིང་སྟོབས་ཅན་གྱི་དཔའ་མོ་རྒྱལ་གྱུར་ཅིག
    ཁོང་ལ་རྒྱབ་རྟེན་གང་འདྲ་ཡོད་ན་བོད་པ་ཚང་གི་གཟི་བརྗིད་རེད།
    ཐམས་ཅད་རྒྱབ་རྟེན་དང་སྐྱབས་གནས་འོག་ཡོད་སྙམ་པ་ནི་བོད་པ་ཚང་གི་ལས་ངན་རེད།

  22. གཅན་བཟོད་རྒྱམ། says:
    2010-11-03 at 10:32 am

    དུས་ཚོད་ཕྱེད་ཀ་ཡས་མས་ཙམ་གྱི་གནས་ཚུལ།
    ༼འོད་ཟེར་གྱི་འཕྲུལ་སྒྲ།
    唯色
    1)
    诸位推友,我终于可以上网了!这三天,感谢诸位推友的关注,感谢李方平律师的法律答复,感谢媒体的报道,总之,没人传我去公安局了,网络也“痊愈”了,虽然,路口的那辆车仍然早来晚归,我身后的影子仍然若即若离,但似乎是化险为夷了,感谢诸位!
    2)
    没错感谢党~RT @lichaoxun 先感谢党吧 RT @degewa: 诸位推友,我终于可以上网了!这三天,感谢诸位推友的关注,感谢李方平律师的法律答复,感谢媒体的报道,总之,没人传我去公安局了,网络也“痊愈”了,虽然,路口的那辆车仍然早来晚归,我身后的影子仍然若即若离
    3)
    感谢!友人告诉我,你最先把我博客上的消息发推了。。真不想离开拉萨。。 @Buxoro
    4)
    他陪我一起回的拉萨,前些天先回北京了。 RT @yaomuma: 不知王力雄先生近况如何?RT @degewa: 诸位推友,我终于可以上网了!这三天,感谢诸位推友的关注,感谢李方平律师的法律答复,感谢媒体的报道,总之,没人传我去公安局了,网络也“痊愈”了,虽然…
    5)
    更新博客先~
    36 minutes ago༽
    ༼ཤེས་རབ་ཀྱི་འཕྲུལ་སྒྲ།
    ཉིན་གསུམ་རིང་ང་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་མཁན་ཡོངས་དང་། ཁྲིམས་རྩོད་པ་རྒྱ་རིཌ་ལི་ཕང་པིང་དང་གསར་འགོད་པ་རྣམ་པར་ཐུཌ་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན། ད་ལྟ་ང་རང་དྲ་རྒྱ་ནང་ལོག་ཐུབ་པ་བྱུང༌། འོན་ཀྱང་ང་ཡི་ཟིན་བྲིས་དེ་འཕྲོ་བརླག་ཕྱིན་འདུག་ཅེས་བྲིས་འདུག༽

    འོན་ཀྱང་ངས་འདི་ནས་འོད་ཟེར་གྱི་ཟིན་བྲིས་སྒོ་ཕྱེ་ཐུབ་ཀི་འདུག རྣམ་པ་ཚོས་ཚོད་ལྟ་བྱོས་དང་། དྲ་ཐག་འདི་རེད་འདུག http://woeser.middle-way.net/

  23. རྡོ་རྗེ། says:
    2010-11-05 at 7:28 am

    ལ་རྒྱའི་དུང་སེམས་གངས་རི་ཏི་སེ་ལས་དཀར་ཞིང་། སྙིང་སྟོབས་ཇོ་མོ་གླང་མ་ལས་མཐོ་བའི་བོད་མཛངས་མ་ཚེ་རིང་འོད་ཟེར་ལགས་ལ་བར་ཆད་མེད་པར་ཤོག

  24. བྱམས་པ་ says:
    2010-11-05 at 1:04 pm

    ཀླུ་སྨྱོན་གྱི་གཏམ་འདི་ལ་མཐའ་གཅིག་ཏུ་རྒྱུ་མཚན་མེད་པ་དང་སྨྱོ་གཏམ་ཞིག་ཏུ་བརྩི་རྒྱུ་མེད། འདི་ནི་ཁོའི་རྣམ་རྟོག་ལ་འཆར་བ་ཞིག་ཡིན་པ་སྲིད། འོན་ཀྱང་འདི་ནི་ཁོ་གཅིག་པུ་མ་ཡིན་པར་བོད་རིགས་མང་པོ་ཞིག་ལ་ཡང་དོགས་པ་དེ་ལྟར་འཆར་གྱིན་ཡོད། འདི་ནི་དོགས་པ་ཙམ་ཡིན། དོགས་པ་ནི་སྔར་པཎ་ཆེན་སྐུ་གོང་མ་དང་མཁས་དབང་དུང་དཀར་དང་འབའ་པ་ཕུན་ཚོགས་དབང་རྒྱལ་སོགས་ལ་ཡང་ལབ་གླེང་སྣ་ཚོགས་ཤིག་ཡོད་ཀྱང་ཁོང་རྣམས་ཀྱིས་རང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་བ་ཁག་ནི་བསྔགས་བརྗོད་བྱ་འོས་པ་ཞིག་ཡིན། ཁོ་མོ་ལྟ་བུས་སྙིང་སྟོབས་ཀྱི་སྒོ་ནས་ཕྱག་ལས་གནང་བ་ནི་ང་ཚོ་བོད་རིགས་རྣམས་ཀྱིས་ཤེས་དགོས་པ་ཡིན། རང་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་བོད་ཕྱི་ནང་གཉིས་གང་གི་ནང་དུ་བཞུགས་ཡོད་ནའང་ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་ནི་གལ་ཆེན་པོ་ཡིན།

  25. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-11-05 at 8:29 pm

    ཀླུ་སྨྱོན་གིས་གྲོགས་པོ་ཚོའི་གསུངས་པ་ལ་རྒྱུ་མཚན་མ་པ་མ་རེད་བསམ་ བུ་མོ་འོད་ཟེར་ ཟེར་བ་དེའི་ཁོང་གིས་ཕ་རྒན་གི་ཕྱགས་ལས་བྱེད་པའི་པར་རྙིང་པ་མང་པོ་ཞིག་ བོད་མི་སུ་གཅིག་ལ་ཡིད་མ་ཆེས་ནས་རྒྱ་རྒན་ཝང་ལི་ཞང་ལ་མཁོ་སྤྲོད་བྱེད་ནས་ ཁོང་གཉིས་གིས་གཉེན་སྒྲིགས་གི་སྟ་གོན་བྱེད་རབ་བཤད་གི་འདུག

  26. རྡོ་ཤུལ་ཚང་། says:
    2010-11-11 at 4:03 am

    BOD DU YOD PE OZER LAK KON CHOK GI BCHEB

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme