Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“འདྲེ་ཡི་ཡིད་ལ་མ་ཤར་བ། ནད་པའི་ཡིད་ལ་ཤར་བ།”

Posted on 2010-10-27 By དབང་ཕྱུག་ 7 Comments on “འདྲེ་ཡི་ཡིད་ལ་མ་ཤར་བ། ནད་པའི་ཡིད་ལ་ཤར་བ།”

བོན་རྒྱ་བསྟན་འཛིན་རབ་རྒྱས།

ད་རེས་ཀྱི་སློབ་མའི་གྱེན་ལངས་འདི་ནི། ལོ་རྒྱུས་ཀྱིས་གཏན་ནས་བརྗེད་མི་རུང་བ་དང་བསམ་ཡོད་པ་ཀུན་གྱིས་གོ་ཤེས་ཉན་ཤེས་བྱེད་དགོས་པ་དང་། ཆེས་རྟོགས་སད་ཀྱི་གྱེན་ལངས་ཞིག་ལ་གྱུར་ཡོད་མོད། བཙན་བྱོལ་པ་ཁ་ཤས་ཀྱིས་ཡ་མཚན་གྱི་གནད་ཅིག་རྟོགས་ཡོད་པ་དང་། འགངས་ཤིག་མཁྱེན་ཡོད་མདོག་གིས་ད་རེས་ཀྱི་ཡར་ལངས་འདིའི་རྒྱབ་རྩར་བཙན་བྱོལ་ནས་ཟང་ཟིང་ལང་ལོང་ཅི་ཡང་བྱེད་མི་རུང་བར་ཁ་བཙུམས་ནས་འདུག་དགོས་པ་དང་། གལ་སྲིད་འདིའི་རྒྱབ་རྩར་ལས་འགུལ་སྤེལ་མཁན་རེ་བྱུང་ན། དེ་ནི་དོན་རྐྱེན་འདི་ཆབ་སྲིད་ཀྱི་གནད་དོན་ལ་བསྒྱུར་པོ་ཡིན་པ་ལྟ་བུ་ཞིག་བཤད་ཀྱིན་འདུག ཕལ་ཆེར་བཙན་བྱོལ་གཞུང་གིས་ཀྱང་དེ་ལྟར་འདོད་ཀྱིན་ཡོད་ཚོད་རེད། དོན་ཆེན་འདི་དབུ་བརྩམས་ནས་བདུན་ཕྲག་གཅིག་རིལ་གྱིས་སོང་ཚར་མོད་ད་དུང་ཁ་ཅི་ཡང་མ་གྲགས་པར་བསྡད་ཡོད། ཐ་ན་བཙན་བྱོལ་གཞུང་གི་དྲ་རྒྱའི་ནང་ལ་དེའི་གནས་ཚུལ་གྱི་ཡིག་རྡོག་གཅིག་འགོད་ཐུབ་མེད། ངས་བལྟས་ན། འདི་ང་ཚོའི་སྡར་རྟགས་ཆེན་པོ་ཞིག་རེད་ལ། དོན་གྱི་བདག་པོ་གཞིས་བཞུགས་རྒྱ་ཆེ་མི་མང་དང་མཉམ་དུ་སྐྱོ་བའི་དུས་སུ་ངུ་མ་ཐུབ་པའི་རྟགས་ཤིག་ཀྱང་ཡིན་པས་ཡིད་སྐྱོ་བ་དང་སེམས་ན་བའི་གནས་ཚུལ་ཞིག་རེད། ད་རེས་ཀྱི་གནས་ཚུལ་འདི་མགོ་ནས་མཇུག སྐེད་དང་ཟུར་གང་ནས་བལྟས་ནའང་ཆབ་སྲིད་ལ་བསྒྱུར་སྟངས་ཤིག་གཏན་ནས་མེད་ལ། དོན་རྐྱེན་འདི་བྱུང་ཡུལ་གྱི་རྒྱ་ནག་གི་འབྲེལ་ཡོད་སྲིད་གཞུང་ནས་ཀྱང་ཆབ་སྲིད་ལ་གཏན་ནས་སྒྱུར་གྱིན་མི་འདུག དེ་ནི་བསྒྱུར་མ་འདོད་པ་དང་། བསྒྱུར་ན་བྱིས་པ་ཚོ་མགོ་གནོན་པ་དང་། འཇུ་བཟུང་གཅར་རྡུང་བྱེད་ལུགས་བདེ་མོ་ཡིན་པ་མ་ཤེས་པའང་མ་རེད། ཡིན་ནའང། གཏན་ནས་བསྒྱུར་སྟངས་མེད་པ་མ་ཟད། དེ་ལས་ལྡོག་ཏེ་ཁོ་ཚོ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ། མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་འགལ་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས་དང་འགལ་བ། སློབ་གསོའི་འཕེལ་འགྱུར་གྱི་ཆོས་ཉིད་དང་འགལ་བ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་སྲོལ་དང་འགལ་བའི་ཆ་ནས་ཁོ་ཚོས་འདི་ནི་ཀྲུང་དབྱིང་གི་རེ་བ་ཡིན་ཟེར་བ་ཙམ་ལས་རྩ་ཁྲིམས་ཀྱི་དགོངས་པ་ཡིན་ཙམ་ཡང་ཟེར་ཐུབ་ཀྱི་མེད་ལ། དོན་རྐྱེན་འདི་ཡང་ཇི་བཞིན་སྤྱི་ཚོགས་ལ་གོ་བརྡ་མ་འཕྲོད་པའི་བར་དུ་དཀྲོགས་གཏམ་ཤོར་བར་ངོས་འཛིན་བྱས་ནས་དགག་རྒྱག་བྱེད་ཀྱིན་པ་ལས། ཁ་བྲལ་བས་ངན་སྐུལ་ཐེབས་ལུགས་སོགས་རྣམ་ཀུན་གྱི་ཆབ་སྲིད་ལ་བསྒྱུར་ལུགས་ཀྱི་སྐད་ཆ་དག་ཡོང་གི་མེད་པས། འདི་ནས་ཞུ་གཏུགས་དང་སྐད་འབོད་བྱས་ན་ཆབ་སྲིད་ལ་འགྱུར་ཨེ་འགྲོ་དང་། བསྒྱུར་ཨེ་ཡོང་ཟེར་བ་སོགས་ནི་”རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་”དང་”འདྲེ་ཡི་ཡིད་ལ་མ་ཤར་བ། ནད་པའི་ཡིད་བ་ཤར་བ”་ཁོ་ན་ཡིན་ནོ། །
ཐེངས་འདིར་བཙན་བྱོལ་ལ་ཕྱོགས་གཅིག་ནས་ཁ་གྲག་རྒྱུའི་འོས་ཆ་ཅི་ཡང་མི་འདུག བཙན་བྱོལ་ནི་བོད་སྐད་ཕལ་བ་དང་དབྱིན་སྐད་གཙོ་བོ་བྱེད་ཀྱིན་པའི་སྲིད་འཛིན་སྡེ་ཁག་ཅིག་ལ་གྱུར་ཡོད་པ་མ་ཟད། གཞན་སྐད་གཙོ་བོ་དང་རང་སྐད་ཕལ་བ་བྱས་པའི་ཤུལ་རྗེས་ལ་ཤི་མིན་རོ་མིན་དང་ར་མིན་ལུག་མིན་གྱི་མི་རབས་ཕུང་སུམ་པའི་དཔུང་སྡེ་ཞིག་ཀྱང་གྲུབ་ཚར་པས་ན། བཙན་བྱོལ་གྱི་སློབ་གསོའི་ལམ་ལུགས་ཡང་”རང་སྐད་ལ་མཁས་དགོས། གཞན་སྐད་ཤེས་དགོས་”ཞེས་པའི་སློབ་གསོའི་ལམ་ལུགས་ཀྱི་ཆོས་ཉིད་དང་འགལ་ཞིང་། བྱིས་པ་ལ་ཡུལ་སྐད་ཀྱི་འབྲི་འོ་མ་བསྣུན་པའི་སྔ་རོལ་ནས་གཞན་སྐད་ཀྱི་ཟས་ལྷག་སྤྲད་ཚར་བས་ན་ཚན་རིག་དང་མཐུན་པའི་སློབ་གསོའི་འཕེལ་རྒྱས་དང་འགལ་ཡོད། ད་དུང་བྱིས་པའི་འཕྲལ་གྱི་ལྟོ་བ་ལས་མི་རིགས་རང་གི་བླ་སྲོག་ལ་རྩིས་ཐང་མ་སྤྲད་པ་སོགས་ཀྱི་ནག་ཉེེས་ཤིན་ཏུ་ ཆེ་བས། ཐེངས་འདིའི་བྱིས་པ་རྣམ་དཔྱོད་ཅན་དག་གི་ངོ་རྒོལ་གྱི་ཡུལ་ལ་དོན་གྱིས་བཙན་བྱོལ་ཡང་སོང་ཡོད་པ་རེད། བོད་ནང་ལ་མཚོན་ནའང་བུ་ཕྲུག་གི་ཚེ་ཐོག་འདིའི་ལྟོ་བ་དང་འབྲེལ་ནས་ལྟོས་ན་རྒྱ་སྐད་གཙོ་བོར་བྱས་ན་ཁེ་ཡོད་པ་དེ་གསང་མི་ཐུབ་པ་དང་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་། བོད་ནང་ན་མི་རིགས་ཀྱི་བླ་སྲོག་རང་གི་སྐད་དང་ཡི་གེ་དང་མི་རབས་ཕྱི་མ་ལ་བསམ་བློ་བཏང་ནས་འཕྲལ་གྱི་ཁེ་བློས་གཏོང་གི་ཡོད་པ་མ་ཟད། ཚེ་སྲོག་ཀྱང་བློས་བཏང་ནས་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། གང་ལྟར་ཡང་། ང་ཚོར་འོས་ཆ་ཡོད་མེད་དེ་ཕར་གཡུགས་ནས་བོད་ནང་གི་སྤུན་ཟླ་ཚོ་དཀའ་ངལ་ལ་ཐུག་དུས་གང་ནུས་ཅི་ཐུབ་ཀྱི་རོགས་ཤིག་བྱེད་རྒྱུ་དེ་གལ་ཆེན་པོ་རེད། འདི་ནི་རིག་གཞུང་གི་གནད་དོན་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་གང་གི་གྲོས་ཚོགས་ནང་ལ་དོན་རྐྱེན་འདི་བསྐྱལ་ནའང་རྒྱབ་སྐྱོར་བྱེད་ཀི་རེད་ལ། རྒྱབ་ཁབ་ཁོང་དག་ལའང་སྲིད་ཀྱི་གནད་དོན་དང་འབྲེལ་བ་མེད་པའི་ཆ་ནས་རྒྱབ་སྐྱོར་བྱེད་ཆོག་པ་དང་བྱེད་བདེ་བོ་ཡོད་པ་རེད། དེའི་ཕྱིར། བཙན་བྱོལ་གཞུང་གི་ངོས་ནས་ཀྱང་ཤེས་ཡོན་གྱི་ལམ་ལུགས་ལ་བསྒྱུར་བཅོས་དང་། རྒྱལ་ཁབ་ཁག་དང་གྲོས་ཚོགས་ཁག་གི་ནང་ལ་གནས་ཚུལ་འདི་བསྐྱལ་ནས་གཞིས་བཞུགས་སྤུན་ཟླ་ཚོ་རྒྱབ་སྐྱོར་བཙལ་རོགས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་རྐྱེན་ཞིག་རེད། དེ་མིན་ད་དུང་བཙན་བྱོལ་གྱིས་ལྟད་མོར་བལྟས་ནས་བསྡད་པ་ཡིན་ན་ང་ཚོས་ངོ་རྒོལ་གྱི་ཁ་གང་ལ་གཏད་ནའང་འགྲིག་ཡོད་པ་དེ་ཚང་མས་ཤེས་གསལ་རེད།
ང་ཚོས་རང་གི་བླ་སྲོག་སྐད་དང་ཡི་གེ་དང་། ཆོས་དང་རིག་གཞུང་གི་སླད་དུ་སུའང་ངོ་རྒོལ་བྱེད་ཕོད་དགོས་པ་རེད་ལ། བློས་གཏོང་ཡང་ཕོད་དགོས་པ་རེད། འདས་པའི་ལོ་རྒྱུས་ནང་དུའང་ང་ཚོས་རང་གི་སྐད་དང་ཡི་གེ་དང་། ཆོས་དང་རིག་གཞུང་གི་སླད་དུ་རྒྱལ་བོ་བསད་ཡོད་པ་རེད་ལ། རྒྱལ་ཁབ་ཀྱང་བློས་བཏང་ཡོད་པ་རེད། ཡིན་ནའང་། ཆོས་དང་རིག་གཞུང་བློས་བཏང་མེད་ལ་སྐད་དང་ཡི་གེ་བོར་མེད་པའི་ཆ་ནས། ང་ཚོས་བླ་དང་ཚེ་སྲོག་གིས་སྲུང་ནས་འོངས་པ་སྐད་དང་ཡི་གེ་ཡིན་པས། ང་ཚོས་ནམ་དུའང་སྐད་དང་ཡི་གེ་དང་ཆོས་དང་རིག་གཞུང་ནི་ཚེ་དང་སྲོག་གིས་སྲུང་དགོས་པ་ཡིན་ནོ། །

སྣ་ཚོགས།

Post navigation

Previous Post: འཛོམས་ཤོག ་་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ཤོག
Next Post: ཐ་ཚིག་འདི་བསྒྲག་ཡུལ་བཙན་བྱོལ་གྱི་སློབ་མ་དག་གོ།

Comments (7) on ““འདྲེ་ཡི་ཡིད་ལ་མ་ཤར་བ། ནད་པའི་ཡིད་ལ་ཤར་བ།””

  1. སྦྲ་ནག་ཚང་། says:
    2010-10-27 at 10:55 am

    ངོ་ནས་ཡག་པོ་བྲིས་འདུག། རྒྱབ་སྐྱོར་ཡོད་།

  2. མི་ནག་མདུང་ཐུང་། says:
    2010-10-27 at 11:28 am

    ད་ལྟ་བོད་ཁུལ་གྱི་སློབ་མ་ཚོས་རྒྱ་གཞུང་ལ་བོད་ཀྱི་སྐད་ཡིག་འདི་སྐད་ཡིག་གཉིས་པ་དང་ཕལ་བའི་ངོ་བོ་ནས་སློབ་སྦྱོང་གི་འཆར་གཞི་ཙམ་ཡང་ངོས་ལེན་མེད་པའི་སྐད་འབོད་ངོ་རྒོལ་གྱི་ལས་འགུལ་གཅིག་ལ་གཉིས་བརྒྱུད་ཀྱིས་སྤེལ་ཞིང་ཡོད། དངོས་འབྲེལ་བྱས་ན། དུས་ཚོད་འདི་ལྟ་བུར་བོད་གཞུང་བཀའ་ཤག་གིས་ལན་འདེབས་ཤིག་ངེས་པར་བྱེད་དགོས་པ་ལྟ་བུར་ཡོད་ནའང་། གཟོད་མ་ཐོས་མ་གོ་བའི་ཟོལ་གྱིས་ཁ་རོག་གེར་སྡོད་དགོས་པ་ཆགས་ཡོད། དེ་ནི། བོད་གཞུང་གིས་འདས་མ་ཐག་པའི་མི་ལོ་ལྔ་བཅུའི་རིང་འདིར། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དར་སྤེལ་གྱི་ཁ གཡང་བསྒྲགས་དང་སྒྲོག་གིན་མའི་མུར་ཡང་། བོད་རང་གི་སྐད་ཡིག་ནི་སྐད་ཡིག་གཉིས་པ་དང་ཕལ་བའི་ངོ་བོ་ནས་མ་གཏོགས་སློབ་ཁྲིད་ཀྱི་ལམ་སྲོལ་གཞན་བཏོད་ཐུབ་མེད། ད་ཆ། བོད་གཞིས་ལུས་མང་ཚོགས་ཁྲོད་ན། སེམས་ཁུར་གཞན་ཞིག་ཀྱང་ཡོང་གིན་ཡོད་པ་ནི། ད་རེས་ཀྱི་སློབ་གསོའི་བཅོས་སྒྱུར་འདིའི་རྗེས་འབྲེལ་དུ། བོད་རིགས་དགེ་རྒན་ཚོའི་ལས་ཀ་དེ་རིམ་བཞིན་ཤོར་རྒྱུ་ཡིན་པ་དང་། རྒྱ་རིགས་དགེ་རྒན་མང་པོ་ཞིག་གིས་བོད་ཀྱི་ཚོས་གཞི་བསྒྱུར་གྱི་རེད་ཅེས་གང་སར་གླེང་གིན་པ་འདི་རེད། བཙན་བྱོལ་སྤྱི་ཚོགས་ནང་ལ་མཚོན་ན། སློབ་དེབ་ཚང་མ་བོད་ཡིག་གིས་འཁྲིད་པའི་དབང་དུ་བཏང་ན། འཛིན་རིམ་བཅུ་གཉིས་ནས་རྒྱ་གར་གྱི་མཐོ་སློབ་ཁག་ནང་འཛུལ་དགོས་སྟབས་དཀའ་ངལ་ཞིག་ཏན་ཏན་ཡོད་པ་རེད། དེ་སྐོར་ཕར་ཙམ་བཞག་ནས་དཀའ་ངལ་གཞན་དག་ཅིག་བཙལ་བ་ཡིན་ན། སློབ་དེབ་ཚང་མ་བོད་ཡིག་གིས་འཁྲིད་པའི་དབང་དུ་བཏང་ན། བོད་ཡིག་གིས་འཁྲིད་མཁན་གྱི་དགེ་རྒན་གང་ནས་འཁྲིད་ཡོང་གི་ཡིན་མིན་དེ་དཀའ་ངལ་ཆེ་ཤོས་གཅིག་རེད། འདི་ནི་བོད་ཕྱི་ནང་གི་ཁྱད་པར་རེད། ད་ལྟ་བོད་ནང་གི་ད་ཡོད་སློབ་གསོའི་ལམ་ལུགས་ལ་འགྱུར་བ་ཕྱིན་པ་ཡིན་ན། དེའི་མཇུག་འབྲས་ནི། ང་ཚོས་མཐོང་ཆོས་སུ་ཡོད་པའི་བཙན་བྱོལ་བོད་ཀྱི་སློབ་གསོའི་གྲུབ་འབྲས་འདི་རེད། དེ་དུས་བོད་ནང་ནས་ཀྱང་ང་ཚོར་བོད་ཡིག་གི་སྙན་ཞུ་འབྲི་མཁན་རག་མི་ཐུབ་ཅིང་། བོད་ཀྱི་སྐད་ཡིག་དང་བོད་མི་རིགས་གཉིས་འདི་ལྟར་བར་ཐག་ཇེ་རིང་ལ་འགྲོ་བ་ལས་མེད། ད་ལམ་པེ་ཅིང་སྲིང་གཞུང་གིས་བོད་ཁུལ་གྱི་སློབ་གསོའི་ལམ་ལུགས་ལ་གཞི་རྩའི་འགྱུར་བ་གཏོང་འཆར་འདིར་བལྟས་ན། རྡ་རམ་ས་ལའི་གཞུང་གིས་ལམ་ཁ་འདི་དེད་ནས་མི་ལོ་ལྔ་བཅུ་ཁད་ཀྱིས་འདས་ཡོད། ད་བྱས་དུས། པེ་ཅིན་གཞུང་གིས་རྡ་རམ་ས་ལར་སློབ་སྦྱོང་བྱེད་པའི་སྟ་གོན་ཐེངས་གཅིག་བྱས་པ་དང་གཅིག་མཚུངས་ཆགས་ཡོད། བཙན་བྱོལ་ནང་གི་སློབ་ཕྲུག་ཚོར་མཚོན་ན། ད་རེས་བོད་ནང་གི་སློབ་མ་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདིར་ཇི་ལྟར་བསམ་པས་ཀྱང་ངོས་འཛིན་གསལ་པོ་ཞིག་ཡོང་ཐུབ་ཐབས་མེད། འདི་ནི་གཞིས་ལུས་བོད་རིགས་སློབ་མ་ཚོའི་ལས་འགུལ་ལ་བཙན་བྱོལ་བོད་ཀྱི་སློབ་ཕྲུག་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ལག་པ་འཆང་ས་མ་རག་པར་ཡོད་པའི་གནད་འགག་གི་ཐུག་ས་ལྟེ་བ་དེ་རེད། བཙན་བྱོལ་སྤྱི་ཚོགས་ཀྱིས་སྐད་ཤུགས་ཆེ་རུ་གཏོང་བྱེད་གཅིག་རང་ནི། དཔེ་སྟོན་སློབ་གྲྭ་ཟེར་བ་འདི་ཙམ་ཡིན། དེས་དཔེ་སྟོན་ཡང་དག་ཅིག་བྱེད་པར་མཐུན་རྐྱེན་ལས་འགལ་རྐྱེན་མང་དུ་མཐོང་རྒྱུ་ཡོད།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-10-27 at 3:08 pm

    གནད་དུ་འཁེལ་བའི་སྐད་ཆ་ཞིག་གསུངས་འདུག ཡིན་ཡང་། གོ་མཁན་དང་འབྲི་མཁན་ང་ཚོ་དྲ་ཐོག་གི་མགོ་སྐམ་པོ་དང་ལག་པ་སྟོང་བ་ང་ཚོ་ཡིན་ནི་རེད་སྙམ་ནས་སེམས་པ་སྡུག་གི

  4. སྟག་སྨྱོན། says:
    2010-10-27 at 5:05 pm

    གལ་སྲིད་ཕྱི་ལོག་ནས་ངེས་པར་སློབ་ཕྲུག་ཚོའི་ལས་འགུལ་ལ་ལག་པ་འཆང་གི་ཡིན་ན། ཁོ་ཚོའི་སྐད་འབོད་དེ་”དྲང་བདེན་ཁོ་ན་རེད། དྲང་བདེན་ལ་སྲུང་སྐྱོབ་བྱེད་དགོས།” ཞེསjགཅིག་གྱུར་དང་ཆེས་བབ་ཆགས་ཀྱི་འབོད་ཚིག་གཅིག་སྒྲོག་པ་ཡིན་ན་སྐྱོན་མ་མཐོང་། ང་ཚོས་འདི་ནས་བཤད་དགོས་པ་ཕྲུ་གུ་ཚོའི་སྐད་འབོད་དེ་ཁྲིམས་མཐུན་ཉག་ཅིག་ཡིན་པ་གང་ཐུབ་གསལ་འདོན་ཐུབ་དགོས་པ་ལས། དེ་མིན་རང་སྣང་གང་དྲན་གྱིས་ལྷན་པ་ནག་པོ་མང་པོ་བརྒྱབ་ཏེ་ཕྲུ་གུ་ཚོ་ནག་པོ་བཟོ་ཨེ་ཐུབ་ལྟ་མི་འོས། དཔེར་ན་བོད་ནང་སློབ་ཕྲུག་ཚོས་ཏིང་དང་རྒྱ་གཞུང་ལ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་ཀྱི་ཡོད་པ་འདྲ་བོ་དང། རྒྱ་ནག་གི་རེ་ངན་དོན་འཁྱོལ་བྱེད་འཇུག་གི་མིན་ཟེར་བ་གཅིག་རྒྱལ་གཅིག་ཕམ་གྱི་འཐབ་རྩོད་ཀྱི་ངོ་བོར་བསྒྱུར་བཞིན་པ་དག་གི་ཀུན་སློང་གང་ལྟར་ཡང་ཡག་པོ་མ་རེད། སློབ་ཕྲུག་ཚོའི་འབོད་ཚིག་འདྲ་མཉམ་ཟེར་བ་དེ་རེད། འདི་ནི་གཉིས་ཕན་གྱི་འབོད་ཚིག་ཡིན་པ་ལས། གཅིག་རྒྱལ་གཅིག་ཕམ་གྱི་འཐབ་རྩོད་མ་རེད། མོན་སྒོའི་སློབ་ཕྲུག་སྐད་འབོད་བྱེད་འདོད། ང་ཚོས་བོད་སྐད་ཡག་པོ་སྦྱོང་གི་ཡིན་ཟེར་ནས་སྐད་འབོད་བྱེད་འོས་པ་མཐོང་། ད་དུང་བཙན་བྱོལ་ནང་ཁྲིམས་མེད་ལུགས་ཀྱི་ཉོག་རྩོམ་འབྲི་མཁན་ཚོ་ནང་སྙིང་མེད་པའི་ཤོག་བུའི་སྟག་རེད། ཁོ་ཚོས་མི་ཤེས་བཞིན་དུ་ཚང་མར་ལག་པ་འཆང་བཞིན་རན་པོ་མ་མཐོང་།

  5. འགར་ཚེ་རྒྱལ། says:
    2010-10-28 at 2:04 am

    རྒྱ་ནག་གིས་ཁྲིམས་ལུགས་ཀྱི་རྩ་དོན་ལག་བསྟར་མི་བྱེད་པ་དང་། བཙན་བྱོལ་བ་ཚོ་དང་འབྲེལ་བོད་ནང་གི་སྤུན་ཟླ་ཚོར་ཆབ་སྲིད་ཀྱི་གནད་སྐྱོན་ཡོད་པར་འཁྱོག་བརྗོད་སྒྲོ་བཏགས་དང་རྫུན་ལྐོག་གིས་འཇུ་བཟུང་རྡུང་རྡེག་བྱེད་ཀྱིན་ཡོད་པ་དེ་ཤེས་སུ་བཅུག་ནས་བཙན་བྱོལ་བ་ཚོས་འགུལ་ཤེས་དང་བཤད་ཤེས་བྱེད་ཤེས་དགོས་ཟེར་བ་ཡིན།
    དགྲ་མེད་ས་ནས་འུར་རྒྱག་རྒྱུ་ནི་ལས་སླ་བོ་ཞིག་རེད་མོད། འོན་ཀྱང་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོ་དགྲའི་མཆེ་གཙིགས་སྡེར་བགྲད་ཀྱི་འོག་ན་འཚོ་ཡོད་པ་དེ་ང་ཚོས་ཤེས་པར་བྱས་ནས་ཁོ་ཚོའི་གནས་བབ་ལ་བསམ་བློ་གཏོང་དགོས།
    སྟབས་མ་ལགས་པར་བོད་ནང་གི་སྤུན་ཟླ་ཚོ་རྒྱ་ནག་གིས་སྡུག་ལ་སྦྱར་བའི་དོན་རྐྱེན་རེ་བྱུང་བ་ཡིན་ན། ནམ་རྒྱུན་ཤ་ཞེན་ཆེ་བའི་ཆབ་སྲིད་པ་དང་ལྷག་བསམ་དག་པའི་རྩོམ་པ་པོ་ཡིན་མདོག་གིས་འུར་རྒྱག་མཁན་ཚོ་བཙན་བྱོལ་དུ་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་བའི་གྲས་སུ་ཞུགས་རྒྱུའང་ཚེགས་སུ་རྩིས་ནས་གྲག་འགུལ་མེད་པར་ཡིབ་ནས་འདུག་གི་ཡོད་པའི་རང་གཤིས་དེ་ལ་བསམ་བློ་རེ་བཏང་སྐད་ཆ་ཤོད་རོགས་ཟེར་རྒྱུ་ཡིན།
    རྩེ་སྐར།

  6. སྟག་སྨྱོན། says:
    2010-10-28 at 9:30 am

    གལ་སྲིད་ངས་མིག་སྐྱག་དང་སྣབས་ལུད་ཀྱིས་གཡོག་པའི་བཙལ་བྱོལ་བོད་གཞུང་གྲོས་ཚོགས་ཀྱི་་ངོ་གདོང་སྐྱུགས་བྲོ་འདི་མཐོང་མེད་ན། ང་ད་དུང་ཡང་བོད་དོན་ལ་ཤ་ཁྲག་གཏོང་ཕོད་པའི་བུ་རྒོད་ཅིག་བྱས་ནས་བསྡད་ཡོད་ཤག་རེད། ལུས་ངག་ཡིད་གསུམ་གྱི་འགུལ་བསྐྱོད་རེ་རེ་བཞིན་ནང་དཀྲུགས་ཀྱི་སྐྱགས་དྲི་ལས་ཁ་རྒྱུ་མེད་པའི་སྤྱི་འཐུས་མི་ངན་འདི་ཚོ་མཐོང་མེད་ན། ངས་བོད་དོན་ལ་བཟུང་བའི་ལྷག་བསམ་དེ་ད་དུང་ཡང་རི་རྒྱལ་ལྷུན་པོ་བཞིན་ཉམས་པ་མེད་པར་གནས་ཡོད་ཤག་རེད། འོན་ཀྱང་ཛ་དྲག་གི་རྒྱལ་མཚམས་དེ་དག་ཕོ་ཚོད་ཀྱིས་བརྒལ་ནས་རྡ་ས་འབྱོར་བ་དང་། ནང་ཁུལ་ལ་སྟག་གཟིག་ནང་བཞིན་ངར་བའི་སྤྱི་འཐུས་མི་ངན་ཐ་ཤལ་འདི་དག་རྒྱུས་ལོན་བྱུང་བ་ནས། ངའི་གློ་མཆིན་ཡོད་ཚད་སྟེང་འོག་བརྗེ་སོང་། ད་ལྟ་རང་ཉིད་ཕར་གཡུག་ཐ་ན་གཞན་པ་ཚོས་བོད་དོན་ལ་དཀའ་ལས་བརྒྱབ་པ་མཐོང་ན་འགྱོད་པ་སྐྱེས་ཀྱི་འདུག གླེན་པ་འདི་ཚོས་རྡ་ས་དང་གྲོས་ཚོགས་མཐོང་མི་འདུག་ཨང་སྙམ་ནས་ཤ་ཚ་ཆེན་པོ་ཞིག་སྐྱེས་ཡོང་གི་འདུག

  7. རི་བོང་བློ་ལྡན། says:
    2019-02-02 at 5:47 am

    དེ་འདྲ་ཡིད་ལ་ཤར་པའི་འདྲེ་རྒན་དག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme