Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞིང་ཆེན་ལྔ་ཡི་ས་ཁུལ་གྱིས་ད་ལྟ་ལག་ལེན་བྱེད་བཞིན་པའི་བོད་ཡིག་གི་སློབ་དེབ་ཀྱི་་དབྱེ་ཞིབ་རགས་ཙམ།

Posted on 2010-10-262010-10-26 By ཁ་བརྡ་ 5 Comments on ཞིང་ཆེན་ལྔ་ཡི་ས་ཁུལ་གྱིས་ད་ལྟ་ལག་ལེན་བྱེད་བཞིན་པའི་བོད་ཡིག་གི་སློབ་དེབ་ཀྱི་་དབྱེ་ཞིབ་རགས་ཙམ།

སྐལ་བཟང་ཚེ་རིང་ལགས་ཀྱིས་བརྩམས་།
གངས་ཅན་པའམཚེ་སྐྱིད་ཀྱིས་བསྒྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་ལྔ་བཅུ་ང་དྲུག་གིས་ཐུན་མོང་དུ་གསར་དུ་བཙུགས་པའི་རྒྱལ་ཁབ་ཞིག་ཡིན་ལ།འདྲ་མཉམ་དང་།ཞི་བདེ།རོགས་རེས་བཅས་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པའི་མི་རིགས་ཀྱི་འབྲེལ་བ་བརྟན་པོ་ཚུགས་ཡོད་ལ་མུ་མཐུད་དུ་སྔར་ལས་ལྷག་པར་སྲ་བརྟན་དུ་གཏོང་དགོས།བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཡ་གྱལ་གཅིག་ཡིན་པའི་ཆ་ནས་བཤད་ན་ལོ་ངོ་སྟོང་ཕྲུག་དུ་མ་ཡི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་དུ་ཡུན་རིང་བའི་ལོ་རྒྱུས་དང་།འོད་སྟོང་འབར་ལ་མཚར་སྡུག་བཀྲ་བའི་རིག་གནས་སོགས་གསར་སྐྲུན་བྱས་ཡོད་ལ།མིའི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་ནང་དུ་ཀུན་གྱིས་མཐེ་བོང་སྒྲེང་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་འོད་ཟེར་ཕྱོགས་བཞིར་འཕྲོ་ལ་འོད་མདངས་བཀྲ་བའི་མུ་ཏིག་ཞིག་ཡིན།མི་ཞིག་ན་རེ།དུས་རབས་ཉེར་གཅིག་ནི་བོད་སྦྱོང་ཞིབ་འཇུག་གི་དུས་རབས་རེད་གསུངས་པ་དང་།མིག་སྔར་བོད་སྦྱོང་ཞིབ་འཇུག་ཁང་དང་།བོད་སྦྱོང་ཞིབ་འཇུག་ལྟེ་གནས་སོགས་ཀྱི་ལས་ཁུངས་འཛམ་གླིང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་མང་བོ་དག་དང་།འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ས་ཁུལ་མང་བོ་རུ་དར་ཁྱབ་འགྲོ་བཞིན་ཡོད།བོད་བརྒྱུད་ནང་བསྟན་དང་།བོད་ལུགས་ཀྱི་གསོ་བ་རིག་པ།སྐར་རྩིས།ཐང་ག་འབྲི་བའི་སྒྱུ་རྩལ་སོགས་བོད་རིགས་ཀྱི་རིག་གནས་དེ་འཛམ་གླིང་བོད་སྦྱོང་ཞིབ་འཇུག་གི་རྦ་རླབས་དྲག་ཏུ་གཡོ་བ་དང་བསྟུན་ནས་འཛམ་གླིང་གི་མིང་གྲགས་ཆེ་བའི་སློབ་གྲྭ་ཆེན་མོ་མང་བོ་དག་གི་སློབ་ཚན་གྱི་ཁྱབ་ཁོངས་སུ་འཛུལ་བཞིན་ཡོད།རྒྱལ་ནང་དུ་ཏང་གི་ཐེངས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་འཚོགས་པ་ནས་བཟུང་།ཀྲུང་གོ་ཆེན་མོ་རིག་གནས་གསར་བརྗེ་ཡི་ཁྲག་དྲི་བྲོ་བའི་ཆར་རླུང་གི་མུན་ནག་དུས་རབས་དང་ཁ་གྱེས་ནས་མི་རིགས་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་རྣམ་པ་གསར་བའི་་མི་རིགས་ཀྱི་འབྲེལ་བའི་ཁྲོད་མི་རིགས་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དངོས་ཡོད་ལག་ལེན་བསྟར་ཡོད་ལ།དཔལ་འབྱོར་དང་།ཚན་རྩལ།སློབ་གསོ།འཕྲོད་བསྟེན།ལུས་རྩལ་སོགས་ཀྱི་བྱ་གཞག་ཐད་ལ་སྔར་མེད་གསར་བྱུང་གིས་སྲུང་སྐྱོང་དང་འཕེལ་རྒྱས་ཕྱིན་ཡོད་དེ།ཁམས་ཁུལ་དང་།ཨ་མདོ།དབུས་གཙང་བཅས་ཀྱི་ས་ཁུལ་གསུམ་དུ་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟར་ཕ་སྐད་སྦྱོང་མཁན་གྱི་མི་སྣ་འབོར་ཆེན་ཞིག་་བྱུང་ཡོད་པ་དང་།རྩོམ་པ་པོ་དང་།སློབ་གྲྭ་ཆེན་མོ་དང་ཆེད་ཚན་གྱི་སློབ་གྲྭ་བ་རྣམས་བོད་ཁུལ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཐད་ལ་ཆུ་གཞུང་གི་གཞོམ་མེད་བྲག་རི་བཞིན་གྱུར་ཡོད།ཡིན་ཡང་། ཉེ་བའི་ལོ་ཁ་ཤས་རིང་ཏང་དང་རྒྱལ་ཁབ།བོད་ཁུལ་གྱི་སློབ་གསོའི་དབུ་ཁྲིད་ཀྱི་སྡེ་ཚན་དང་ལས་ཁུངས་བཅས་ཀྱིས་སྐད་གཉིས་སློབ་ཁྲིད་་དར་སྤེལ་དང་གཏིང་ཟབ་གཏོང་བའི་འཕེལ་རིམ་ཁྲོད་མི་རིགས་ཀྱི་ས་ཁུལ་དང་མི་རིགས་རང་གི་ཐུན་མོང་མིན་པའི་རིག་གནས་དང་།སྲོལ་རྒྱུན་གྱི་རང་བཞིན།གལ་ཆེ་བའི་རང་བཞིན་བཅས་ཐད་ལ་བསམ་གཞིགས་ལེགས་པོ་བྱས་མེད་པ་དང་།ཞིང་ཆེན་ལྔ་སྟེ་སི་ཁྲོན་ཞིང་ཆེན་དང་།མཚོ་སྔོན་ཞིང་ཆེན།ཀན་སུའུ་ཞིང་ཆེན།ཡུན་ནན་ཞིང་ཆེན།བོད་རང་སྐྱོང་ལྗོངས་བཅས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་གི་སློབ་དེབ་ཀྱི་སྒྲིག་སྒྱུར་ཐད་བོད་ཡིག་གི་སློབ་དེབ་ཀྱི་སློབ་ཁྲིད་ནང་དོན་དང་།ཕུན་སུམ་ཚོགས་ཤིང་ཐུན་མོང་མིན་པའི་རིག་གནས་ཀྱི་ནང་དོན་གཏིང་ཟབ།མཛེས་དཔྱད་ཀྱི་འདོད་ཕྱོགས་སོགས་དང་ཁ་བྲལ་ནས་བོདཡིག་གི་སློབ་དེབ་དེ་མིང་དོན་མི་མཚུངས་པ་དང་།སློབ་དེབ་ཀྱི་ནང་དོན་ཁོག་སྟོང་བྲོ་བྲལ།སློབ་ཁྲིད་ཀྱི་སྤུས་ཚད་ཚབས་ཆེན་གྱིས་དམའ་རུ་ཕྱིན་པ།བོད་ཡིག་རྒྱུད་འཛིན་གྱི་ཤེས་ཡོན་པ་འཕྲལ་དུ་ཉུང་དུ་འགྲོ་བ་ལ་སོགས་ཀྱི་མཇུག་འབྲས་ངན་པ་སོགས་བོད་ཀྱི་ས་ཁུལ་ཡོངས་སུ་དར་ཁྱབ་འགྲོ་བཞིན་ཡོད་པས།གནད་དོན་འདི་དག་གི་ཐད་ཕྲན་ཆུང་གིས་གྲོས་བསྡུར་དང་དབྱེ་ཞིབ་རགས་ཙམ་བྱས་པ་གཤམ་གསལ་ལྟར།

ད་ལྟ་ལག་ལེན་བྱེད་བཞིན་པའི་ཞིང་ཆེན་ལྔ་ཡི་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་གཙོ་བོ་སློབ་ཆུང་གི་བོད་ཡིག་སློབ་དེབ་ཁ་ཕྱེ་སྐབས་ང་ཚོས་ཤེས་རྟོགས་་ཡོང་བ་ནི་སློབ་དེབ་སོ་སོའི་བརྒྱ་ཆ་དགུ་བཅུ་ཡི་བསླབ་གཞི་ཚང་མ་ནི་ལོ་རིམ་གཅིག་པའི་རྒྱ་ཡིག་གི་སློབ་དེབ་ནས་བསྒྱུར་ཡོང་བའི་ཡིག་སྒྱུར་རྩོམ་རིག་ཤ་སྟག་རེད་འདུག་ལ།འདིའི་རིགས་ཀྱི་ཡིག་སྒྱུར་་རྩོམ་རིགས་ཀྱི་གྲས་སུ་འཛུལ་བའི་བོད་ཡིག་གི་སློབ་དེབ་ནི་དོན་དངོས་ཐོག་རྒྱ་ཡིག་གི་འདྲ་བཟོས་དངོས་རྫས་སུ་ཆགས་ཡོད་པས་དེ་ལ་རིན་ཐང་དང་ཁྱད་ཆོས་སྤུ་ཙམ་མེད་པ་དང་།འདི་རིགས་ཀྱི་སློབ་དེབ་ལ་བོད་ཡིག་གི་སློབ་དེབ་ཟེར་བ་ལས་རྒྱ་ཡིག་གི་སློབ་དེབ་ཀྱི་མཉམ་བགྲོད་བསྐྱར་སྦྱོང་དེབ་བམ་རྒྱ་བོད་ཤན་སྦྱར་གྱི་སློབ་དེབ་ཟེར་བར་འོས་ཤིང་འཚམ།འཛམ་གླིང་ཐོག་གི་མི་རིགས་ཚང་མ་མི་རིགས་སུ་ཆགས་པའི་རྒྱུ་མཚན་ནི་དེ་ལ་ཐུན་མོང་མིན་པའི་སྐད་ཡིག་དང་།ཡུལ་སྲོལ་གོམས་གཤིས་།ཐུན་མོང་དུ་གནས་སྡོད་བྱེད་པའི་ས་གནས།ཐུན་མོང་གི་བསམ་བློའི་བྱང་ཚད་བཅས་ཡོད་པར་རག་ལས་པ་དང་།ལྷག་པར་དུ་མི་རིགས་དེ་ཡི་སྐད་ཡིག་ནི་མི་རིགས་དེ་ཡི་འཚོ་གནས་དང་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་ལ་མི་རིགས་ཚང་མར་ཐུན་མོང་མིན་པའི་འཚོ་གནས་ཀྱི་ཁོར་ཡུག་དང་།འཚོ་བ་སྐྱེལ་སྟངས།ཀུན་སྤྱོད་ཀྱི་ལྟ་ཚུལ།རིན་ཐང་གི་ལྟ་ཚུལ་ལ་སོགས་ཡོངས་སུ་མི་གཅིག་པའི་དབང་གིས་མི་འདྲ་བའི་མི་རིགས་སོར་བསམ་བློའི་འདུ་ཤེས་འཛིན་སྟངས་དང་།ཐུན་མོང་མིན་པའི་མཛེས་དཔྱད་ཀྱི་འདོད་ཕྱོགས་མི་འདྲ་བར་བྱུང་བ་དང་།མི་རིགས་ཀྱི་རིག་གནས་དེས་མི་རིགས་ཧྲིལ་བོ་དེ་ལ་འབོར་ཆེན་གྱི་གོང་བུར་འགྲིལ་ཤུགས་དང་ཡིད་འགུགས་ཀྱི་ཤུགས་ལྡན་པར་གཏན་ཁེལ་བྱེད་ཐུབ།ཡིན་ཡང་ང་ཚོ་ཡི་ཞིང་ཆེན་ལྔ་ཡི་ས་ཁུལ་ཀྱི་བོད་ཡིག་སློབ་དེབ་ཟེར་བ་འདི་ལ་གོང་དུ་བཤད་པའི་ཆ་རྐྱེན་རྩ་བ་ནས་མེད་དེ།ཕྲན་ཆུང་གིས་གནད་དོན་འདིའི་ཐད་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་གི་དགེ་རྒན་དང་སློབ་མ་མང་བོ་དག་དང་ལྷན་དུ་གྲོས་བསྡུར་དང་བརྟག་དཔྱད་བྱས་པས་ང་ཚོ་མིག་འདྲིས་རྣར་འཇགས་སོང་བའི་དངོས་ཡོད་ཀྱི་གནས་ཚུལ་ང་ཚོ་ལ་བཤད་པ་སྟེ།བརྒྱ་ཆ་དགུ་བཅུ་ཡི་ནང་ནས་དགེ་སློབ་ཡོངས་་ཀྱི་་སློབ་ཁྲིད་གནང་བའི་དགེ་་རྒན་ནམ་སློབ་ཁྲིད་ཉན་པའི་སློབ་མ་གང་ཡིན་ཡང་ཐུན་མོང་གིས་བཤད་པ་དེ་ནི་ད་ལྟ་ལག་ལེན་བྱེད་བཞིན་པའི་བོད་ཡིག་སློབ་དེབ་ཀྱི་ནང་དོན་མཚོན་བྱ་ཚང་མ་ནི་རྒྱ་ཡིག་གི་རིག་གནས་ཀྱི་ནང་དོན་ཁོ་ནར་ཡིན་པས་་རི་གྲོང་གི་འབྲོག་ཁུལནས་་ཡོང་བའི་རྒྱ་ཆེ་བའི་བོད་རིགས་ཀྱི་བྱིས་པ་ཚོའི་ཆ་ནས་འདིའི་རིགས་ཀྱི་སློབ་དེབ་ནང་དོན་གྱི་ངོ་བོ་ཐོག་བོད་མི་རིགས་རང་གི་རིག་གནས་ཀྱི་རྒྱབ་ལྗོངས་་དང་ཁ་བྲལ་པས།རྒྱ་ཆེ་བའི་ན་གཞོན་གྱི་སློབ་མ་དག་གི་ཤེས་རྟོགས་ཀྱི་ནུས་ཤུགས་དང་འདོད་ཕྱོགས་ཀྱི་དགའ་ཞེན་སོགས་རྒྱབ་འགལ་དུ་ཕྱིན་ནས་འབྱུང་ཁུངས་མེད་པའི་ཆུ་དང་རྩ་བ་མེད་པའི་ཤིང་ལྟར་གྱུར་བ་དང་།དགེ་རྒན་གྱིས་སློབ་ཁྲིད་གནང་སྐབས་ཁོག་སྟོང་བྲོ་བྲལ་གྱི་ཚོར་བ་དང་སློབ་མས་སློབ་ཁྲིད་ཉན་སྐབས་དགའ་སྣང་སྤུ་ཙམ་མེད་པའི་ཚོར་སྣང་སྐྱེ་བ།སློབ་ཁྲིད་ཀྱི་སྤུས་ཚད་དམའ་རུ་ཕྱིན་པ།སློབ་མ་ཡི་སྦྱངས་འབྲས་ཕྱོགས་ལྷུང་དུ་འགྲོ་བ།རྒྱ་ཆེ་བའི་དགེ་སློབ་རྣམས་བོད་ཡིག་གི་སློབ་ཁྲིད་ཀྱི་སློབ་དེབ་ལ་སྦྱོང་སློབ་ཀྱི་སུན་སྣང་དང་སློབ་བྲལ་གྱི་་འདུན་པ་སྐྱེ་བ་ལ་སོགས་པའི་ཤུགས་རྐྱེན་རིམ་བཞིན་བྱུང་་བཞིན་ཡོད།ཕྲན་ཆུང་གི་སེམས་སུ་ངེས་པ་ཞིག་ནི་་ཕྲན་སློབ་ཆུང་འགྲིམས་སྐབས་ཞིང་ཆེན་ལྔ་ཡི་ས་ཁུལ་གྱི་བོད་ཡིག་སློབ་དེབ་ལེགས་པོ་ཡོད་ལ་དེའི་ནང་ནས་བརྒྱ་ཆ་དགུ་བཅུ་ཡི་རྩོམ་རིགས་ནི་མི་རིགས་རང་གི་རིག་གནས་ཀྱི་ནང་དོན་ཡིན་ཏེ།དཔེར་ན།སྲོང་བཙན་སྒམ་པོ་དང།ཐོན་མི་སམ་བྷོ་ཊ།ས་སྐྱ་ལེགས་བཤད།དགའ་ལྡན་ལེགས་བཤད།སྣང་ས་འོད་འབུམ།ཐང་སྟོང་རྒྱལ་པོ།མཐུན་པ་སྤུན་བཞི།གནམ་གྱི་ཁྲི་བདུན།གཡུ་ཐོག་ཆེ་ཆུང་།།གེ་སེར་གྱི་སྒྲུང་ལས་་བཏུས་པའི་གནད་བསྡུས་སློབ་ཚན་ལ་སོགས་ཡོད་པ་དང་།ད་དུང་དམངས་ཁྲོད་ཀྱི་རྣམ་ཐར་དང་གཏམ་རྒྱུད་མང་བོ་ཡོད་དེ།འདི་དག་གི་ང་ཚོའི་མི་རིགས་ཀྱི་རིག་གནས་དང་འཚོ་བའི་གོམས་གཤིས་།ཐུན་མིན་གྱི་མི་རིགས་རང་གི་བསམ་བློའི་འདུ་ཤེས་འཛིན་སྟངས།མཛེས་དཔྱད་ཀྱི་འདོད་ཕྱོགས།ཐུན་མིན་གྱི་ཆོས་ལུགས་བཞེད་ཚུལ།སྤྱི་ཚོགས་ཀྱི་བསམ་བློ་བཅས་ཆ་ཚང་བར་མཚོན་ཐུབ། ཨ་རྐྱང་རྐྱང་ང་ཚོའི་བོད་ཡིག་གི་སློབ་དེབ་ཁྲོད་ཡིག་སྒྱུར་གྱི་རྩོམ་རིགས་གཏན་ནས་མི་དགོས་ཟེར་བ་མིན་ཏེ།བོད་ཡིག་འདི་དར་སྤེལ་དང་།བཀོད་སྤྱོད།འཐུས་ཚང་།གོང་འཕེལ་གཏོང་བར་ངེས་པར་དུ་མི་རིགས་གཞན་དག་གི་ཕུལ་བྱུང་གི་རིག་གནས་ཡིག་སྒྱུར་གྱི་ཐབས་་བཀོལ་ནས་ང་ཚོའི་སྐད་ཡིག་ནང་དུ་ལེན་དགོས་ལ།བོད་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ནི་བོད་རིགས་ཀྱི་སྤྱི་ཚོགས་དང་།འཚོ་བ།དཔལ་འབྱོར།ཆབ་སྲིད་བཅས་དང་ཆབས་ཅིག་ཏུ་འཕེལ་རྒྱས་སུ་ཕྱིན་པ་དང་།ང་ཚོའ་རླབས་ཆེན་གྱི་མེས་པོ་གོང་མས་རྒྱ་གར་དང་།ཀྲུང་ཡོན་ས་ཁུལ།ནུབ་ཡུལ་སོགས་མི་རིགས་སོ་སོའི་སྔོན་ཐོན་གྱི་རིག་གནས་དག་ལ་སློབ་སྦྱོང་བྱས་ནས་ད་གཟོད་ང་ཚོ་ལ་དེ་རིང་གི་འཛམ་གླིང་ཡོངས་སུ་སྐད་གྲགས་ཆེ་བའི་བཅུ་ཕྲག་རིག་གནས་ཀྱིས་གྲུབ་པའི་ཕུན་སུམ་ཚོགས་ལ་མཐའ་ཡས་པའི་བོད་ཀྱི་རིག་གནས་ཀྱི་ནོར་བུ་བང་མཛོད་འདི་ཡོད་པ་རེད།ལར་རང་སྣང་ཁོ་ནར་བརྟེན་པའམ་ཁྲོན་ནང་གི་སྦལ་བ་ལྟ་བུའི་རིགས་ཀྱི་་བསམ་བློ་ལས་ཐོན་པའི་རིག་གནས་ནི་ལོ་རྒྱུས་ཀྱི་དོར་བྱ་དང་འཛམ་གླིང་གི་བརྗེད་བྱ་ཡིན་ལ།མི་རིགས་གང་ཡིན་རུང་རིག་གནས་འཕེལ་རྒྱས་གཏོང་བར་རང་རིགས་ཆོག་འཛིན་གྱི་འདུ་ཤེས་འཛིན་སྟངས་ཡོད་མི་འོས་་ལ་རང་དམའ་རང་འབེབས་ཀྱིསགཡོལ་ཡིབ་ཀྱང་བྱེད་མི་འོས་།བོད་ཀྱི་སྙན་གྲགས་ཆེ་བའི་མཁས་དབང་ཞིག་གིས་གསུངས་པ་སྟེ།སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།རང་གི་ཕ་སྐད་བརྗེད་ན་ང་ཚོ་ཡིན།ང་ཚོས་རང་རིགས་ཀྱི་རིག་གནས་གཙིགས་ཆེན་དང་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཏུ་མི་རིགས་གཞན་དག་གི་ཕུལ་བྱུང་གི་རིག་གནས་ཧུར་ལེན་དང་མིག་དཔེ་བྱེད་པར་ཡིག་སྒྱུར་ནི་མེད་དུ་མི་རུང་བ་ཞིག་ཡིན།ཡིན་ཡང་ཡིག་སྒྱུར་གྱི་ཐབས་བཀོལ་ནས་གཞན་དག་གི་སྔོན་ཐོན་གྱི་རིག་གནས་མིག་དཔེ་དང་ཧུར་ལེན་ཟེར་བ་ནི་རང་རིགས་ཀྱི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་ཐམས་ཅད་དོར་ནས་རྒྱ་རིགས་སམ་ནུབ་ཕྱོགས་ཀྱི་རིག་གནས་ཁོ་ན་བཀོལ་སྤྱོད་གཏོང་ཟེར་བ་མིན་ཏེ་སྡོང་གཞུང་བཅད་ནས་ཡལ་འདབ་རྒྱས་མི་ཐུབ།གལ་སྲིད་ང་ཚོའི་རིག་གནས་དེ་འཚོ་གནས་དང་འཕེལ་རྒྱས་རྟེན་སའི་སྲོག་རྩ་དང་ཁ་བྲལ་ན་མང་ཚོགས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྩ་བ་བརླགས་པ་རེད་ལ་དེ་ཡི་ངོ་བོ་འགྱུར་བའམ་ཁྱད་ཆོས་བརླགས་ནས་བར་སྣང་གི་ཁང་ཆེན་ལྟར་འགྱུར་ངེས།ལོ་རྒྱུས་ཐོག་ཉམས་པ་སོར་མི་ཆུད་པའི་དམག་འཁྲུག་གི་རྗེས་སུ་ལྗར་པན་གྱི་ཕ་སྐད་དོར་ནས་གཞན་གྱི་སྐད་ཡིག་ལོ་ངོ་བཅུ་ལྷག་ལ་བཀོལ་ནས་སྤྱི་ཚོགས་དཔལ་འབྱོར་སོགས་ཕྱོགས་ཡོང་ནས་འཕེལ་རྒྱས་འགྲོ་བར་རེ་བ་བྱེད་པའི་མཇུག་འབྲས་དེ་བསམ་བློ་བཏང་བ་ཙམ་གྱིས་ཤེས་ཐུབ་ཏེ་ལྗར་པན་གྱིས་གཞན་སྐད་བཀོལ་བའི་དུས་ཡུན་་དུ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ་ཕར་ཞོག དེ་ལས་ལྡོག་སྟེ་ཉམས་རྒུད་ཀྱི་ཁ་ཕྱོགས་སུ་ཕྱིན་ནས་ཁོ་ཚོས་དཀལ་ངལ་དང་ཉེན་ཁའི་ཁྲོད་མཐར་ཐུག་རང་གི་ཕ་སྐད་ལ་གསར་དུ་དབྱེ་ཞིབ་དང་ལྟ་ཞིབ་བྱས་པའི་་དབང་གིས་ལྗར་པན་འཛམ་གླིང་གི་དཔལ་འབྱོར་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་གྲལ་དུ་ཚུད་ལ།ཕ་སྐད་ཀྱིས་ཁོ་ཚོའི་ལུས་སེམས་གཉིས་སུ་གང་བའི་རྨ་ཁ་གསོས་ནས་ཁོ་ཚོས་སླར་ཡང་བརླགས་ཟིན་པའི་ཡིད་ཆེས་དང་།རང་བཀུར།གཟི་བརྗིད་རྙེད།ད་ཡོད་ཀྱི་ཞིང་ཆེན་ལྔ་ཡི་ས་ཁུལ་གྱི་བོད་ཀྱི་སློབ་དེབ་ཀྱི་ཡིག་སྒྱུར་རྩོམ་རིགས་དག་མ་ཡིག་ཇི་བཞིན་དང་།གོ་བདེ་ཤེས་སླ།ཁྱད་ཆོས་རྒྱུན་འཁྱོངས་བཅས་ཀྱི་ཐད་ཡིག་སྒྱུར་གྱི་ཚད་གཞི་ཐོག་ཞན་ས་མང་བོ་འདུག་སྟེ།ཕྲན་ཆུང་གི་བསམ་ཚུལ་ལྟར་ཡིག་སྒྱུར་པ་ཞིག་ཡིན་ན་ཁོང་རང་ཐོག་མར་ཤེས་བྱ་སྣ་ཚོགས་ལ་མཁས་པ་ཞིག་ཡིན་ན་ད་གཟོད་ཡིག་སྒྱུར་པ་ཕུལ་བྱུང་ཞིག་ཏུ་་འགྱུར་ཐུབ་ལ།ཡིག་སྒྱུར་གྱི་ལས་གནས་སུ་ཞུགས་པར་ངེས་པར་དུ་བོད་ཡིག་གི་ཤེས་བྱ་གཏིང་ཟབ་མོ་ཞིག་ཡོད་དགོས་ལ་དེ་མཚུངས་ཀྱི་རྒྱ་ཡིག་གི་ཆུ་ཚད་ལྡན་དགོས།ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་་གཞི་རྩར་འཛིན་དགོས།སློབ་ཁྲིད་ཀྱི་ནང་དོན་དང་སློབ་དེབ་ཀྱི་སྤུས་་ཚད་་བཟང་ངན་གྱིས་སློབ་གསོའི་བྱ་གཞག་འཕེལ་རྒྱས་དང་གྲུབ་འབྲས་ཐད་ཚད་མཐོ་བའི་ནུས་པ་ཐོན་་བཞིན་ཡོད་པས་།དེ་ན་འདིའི་་རིགས་ཀྱི་སློབ་དེབ་ཡིག་སྒྱུར་གྱི་ལས་ཀར་ཞུགས་པར་ངེས་པར་དུ་རྒྱ་བོད་གཉིས་བྱང་ཆུབ་པ་དང་།ཡིག་སྒྱུར་གྱི་རིག་གཞུང་དང་ལག་ལེན་གྱི་ཆུ་ཚད་མཐོ་བའི་ཡིག་སྒྱུར་པ་ཡི་མཁོ་སྤྲོད་ཀྱི་ཚད་མི་སྐོང་བའི་གནད་དོན་སེལ་བ་དང་།ད་དུང་རྒྱལ་ཁབ་ཀྱི་སློབ་གསོ་ཨུ་ཡོན་པ་དང་།ཞིང་ཆེན་སོ་སོའི་བོད་ཁུལ། ཁུལ་དང་རང་སྐྱོང་ལྗོངས་བཅས་ཀྱི་སློབ་གསོ་ཨུ་ཡོན་པ་དང་དེ་འབྲེལ་གྱི་སྡེ་ཚན་ཁག་གི་དབུ་ཁྲིད་དང་ལས་བྱེད་པ་རྣམས་ཀྱིས་བོད་ཡིག་གི་སློབ་དེབ་སྒྲིག་སྒྱུར་བྱེད་སྐབས་སློབ་དོན་གྱི་ནང་དོན་མི་རིགས་རང་གི་ཕུལ་བྱུང་གི་རིག་གནས་གང་མང་ཁ་སྣོན་གནང་རྒྱུ་དང་།རྒྱ་ཆེ་བའི་སློབ་འབྲིང་དགེ་རྒན་རྣམས་ཀྱིས་རྒྱ་སྐད་བཤད་ནས་བོད་ཡིག་སློབ་ཁྲིད་མི་གནང་བ།མི་རིགས་ཀྱི་སྐད་དང་ཡི་གེ་སོ་སོ་ཁ་ཁར་མི་འབྱེད་པར་བོད་ཡིག་གི་རྨང་གཞིའི་སློབ་གསོ་ལེགས་པར་སྒྲུབ་པར་རེ་སྐུལ་ཞུ།

འགྱུར་རྩོམ།

Post navigation

Previous Post: ཀྲུང་གོ་བོད་ཀྱི་སློབ་གསོའི་དྲ་བ་ཞེས་པའི་དྲ་རྒྱ།
Next Post: སྐད་ཡིག་གླེང་བ་ནི་ཁྲིམས་འགལ་མིན།

Comments (5) on “ཞིང་ཆེན་ལྔ་ཡི་ས་ཁུལ་གྱིས་ད་ལྟ་ལག་ལེན་བྱེད་བཞིན་པའི་བོད་ཡིག་གི་སློབ་དེབ་ཀྱི་་དབྱེ་ཞིབ་རགས་ཙམ།”

  1. སྤོབས་པ་མཐའ་ཡས། says:
    2010-10-26 at 9:44 pm

    རྩོམ་ཡིག་འདི་གང་ནས་རྙེད་བྱུང་། ཉམས་མྱོང་དང་ལག་ལེན་དངོས་ལ་གཞོལ་བའི་སྐད་ཆ་འདིར་ཡིད་སྨོན་ཤོར།

  2. ལྷོ་ཕྲུག་སྣ་བོ་ཆེ། says:
    2010-10-27 at 12:01 am

    བོད་སྦྱོང་ཞིབ་འཇུག བོད་སྦྱོང་ཞིབ་འཇུག ཨ་ཙི་་་་་་་་བོད་རིག་པའི་ཞིབ་འཇུག་ཅེས་ཡོངས་གྲགས་སུ་སོང་ཟིན་པའི་ཐ་སྙད་འདི་བཀོལ་ན་ག་རེ་ཡོད་རེད།

  3. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-10-27 at 2:08 am

    རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ཟེར་དགོས་པ་འདྲ། ཨ་རྐྱང་རྐྱང་ཨ་ཅང་ཅང་ཡིན་ངེས། རྩོམ་པ་པོ་དང་བསྒྱུར་བ་པོ་ཚང་མར་ཐུགས་རྗེ་ཆེ། རེད་ལྟ་རེད་དེ། ད་ཐེངས་ངས་སྐད་གྲགས་ཅན་གྱི་སྒྲུང་<>ཟེར་བ་དེ་ཡང་ཡང་དྲན་གྱི་འདུག
    དཀོན་མཆོག་གསུམ་མཁྱེན།

  4. གཙང་ཁའི་བུ says:
    2010-10-27 at 8:59 am

    དངོས་གནས་བཟང་གི་ཡ། མི་བུ་འདིས་ངེས་པར་རྙེད་པ་བཞིན་བོད་ཀྱི་ཤེས་ཡོན་པ་ཀུན་གྱི་དེ་ལྟར་རྙེད་ན་ཅི་འདྲའི་དགའ་བ་ལ།

  5. རྡོ་རྗེ་བཀྲ་ཤིས། says:
    2011-01-06 at 6:32 am

    ཁྱེད་ཀྱིས་བཤད་པ་ངོ་ནས་བདེན་ཀི་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme