Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེ་འབོད་ཀྱི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ།།

Posted on 2010-10-242010-10-24 By ཁ་བརྡ་ 1 Comment on རེ་འབོད་ཀྱི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ།།

འཕན་པོ་བསྟན་དར་ནས།

དུས་ཚོད་རིན་ཆེན་ལས་འཕྲོས་པའི་རེ་འབོད་ཀྱི་གདུང་དབྱངས་འདིས།
དེ་དག་ངོས་འཛིན་ཐུབ་པར་བྱེད་རྒྱུ་ནི། མཚན་ལྡན་གྱི་བླ་མ་དང་། དྲིན་ཆེན་གྱི་ཕ་མ།
ལམ་སྟོན་པའི་དགེ་རྒན་བཅས་ནི་མ་རིག་མུན་སེལ་སྒྲོན་མེ་བཞིན།
བྱིས་པ་རྣམས་ཀྱི་མ་འོངས་མདུན་ལམ་ལེགས་ཉེས་ཁ་ཕྱོགས་བསྐོར་མཁན་གྱི་ཁ་ལོ་བ་ལྟར་ཡིན་པས།
ལམ་སྟོན་གྱི་སྒྲོན་མེ་དང་ཡ་རབ་བཟང་སྤྱོད་ཀྱི་འབྱུང་གནས།
དེ་དག་ནི་འགན་ཁུར་ཤིན་ཏུ་ལྕི་ཞིང་།
འགན་ཁུར་ལྗིད་མོ་རེ་ཡོད་པ་ལྟར་འགན་དེ་དག་སྐུར་མི་དགོས་པར།
རང་གིས་དང་དུ་བླང་སྟེ་འཁུར་རོགས་ཞེས་རེ་བ་ཞུ་རྒྱུ་དང། དེ་བས་ཀྱང་ཨ་མ་ལགས་ནི།
རང་གི་བུ་ཕྲུག་ལ་བྱམས་དང་བརྩེ་བས་སྐྱོང་མཁན་ཞིག་ཡིན་པར་འབྲེལ་བཤད་ཞུ་ག་ལ་དགོས།
ཁྱེད་རྣམ་པའི་བཟང་པོའི་བསླབ་བྱ་ལ་བརྟེན།
ཕྲུ་གུའི་མི་ཚེའི་བདུན་ལམ་ཁ་ཕྱོགས་བཟང་པོར་འགྱུར་ཐུབ་པའི་རེ་བ་བྱེད་པ་ལྟར།
འཇིག་རྟེན་གྱི་གཏམ་དཔེར། དགེ་རྒན་བཟང་པོའི་དགེ་ཕྲུག
ཕ་མ་འཟང་པོའི་བུ་ཕྲུག་ཟེར་བ་བཞིན།
ལམ་སྟོན་པ་དེ་དག་གི་དྲིན་ལ་བརྟེན་ནས་ཕྲུ་གུ་རང་ཉིད་ཀྱིས་ནུས་ཤུགས་ལས།
ཁ་ཕྱོགས་བཟང་པོར་སྒྱུར་ཐུབ། དང་ཐོག་ཨ་མ་ལགས་ནས་འགན་ཁུར་ལྗིད་ཙམ་ཞིག་འཁྱེར་དགོས།
གང་ལགས་ཞུས་ན། བུ་ཕྲུག་རྣམས་ནི། ཨ་མ་ལགས་ཀྱི་བྱམས་བརྩེའི་དྲིན་ལས།
ཁྱེད་ལ་སྙིང་ཉེ་བ་དང་གུས་རྩིས་ཆེ་བར་བརྟེན།
ཁྱེད་རྣམས་ལ་ཉན་འཇོག་ཆེ་བ་ཡོད་པ་ནི་ཀུན་གསལ་རེད།
དེ་ལྟར་ཕ་མ་གཉིས་ཀྱིས་ངེས་པར་དུ་ཕྲུ་གུའི་མཉམ་དུ་དུས་ཚོད་གཏོང་ཐུབ་པ་གནང་དགོས་པ་དང་།
དུས་ཚོད་དམ་འཛིན་གནང་ནས་བོད་མི་རིགས་ལ་བཅངས་པའི་བརྩེ་དུང་དང་འདུ་ཤེས་ཟབ་མོ།
ད་ལྟའི་བོད་འདིའི་ཉག་ཕྲ་བའི་གནས་སྟངས་ཇེ་མ་ཇེ་བཞིན་མཁྱེན་པའི་ཐོག
མི་རིགས་འདིའི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་གཉིས། འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུར།
དུས་ཚོད་དམ་འཛིན་གནང་ནས་སློབ་གསོ་སྤྲོད་ཐུབ་པ་ཞིག་གནང་དགོས་པ་ལས།
དུས་ཚོད་ཐམས་ཅད་རང་རང་སོ་སོའི་ཕལ་པའི་ལྟོ་གོས་གཅིག་པོའི་ཆེད་དུ་མ་བཏང་བར།
བོད་མི་རིགས་འདིའི་ཆེད་དུ་ཆ་ཤས་ཞིག་བཏང་ཐུབ་ན་ཅི་མ་རུང་སྙམ།
ང་ཚོས་འདས་ཟིན་པའི་མི་ལོ་ལྔ་ཅུར་ཕྱི་མིག་དང་།
ད་ལྟ་འགྲོ་བཞིན་པའི་བོད་མིའི་གནས་སྟངས་ལ་རྟོག་ཞིབ།
མ་འོངས་པར་བོད་མི་རིགས་འདི་གང་འདྲ་ཞིག་ཏུ་འགྱུར་བའི་ཉེས་ཁག་བསྲུང་བསྐྱོབ་ཆེད།
འཆར་གཞི་ཞིག་ནི་ངེས་པར་དུ་དགོས་པ་བཅས་རེ་བསྐུལ་ཞུ་རྒྱུ་ཡིན།
ད་ལྟའི་དུས་འདིར་ང་ཚོ་བོད་མི་རིགས་འདི་སུ་འདྲ་ཞིག་གི་མི་སེར་གྱི་ཆ་ཤས་ཆགས་ཀྱང་ངོ་བོ་ནི་སྐྱབས་བཅོལ་བ་དང་།
གདོང་དམར་བོད་མིའི་ཁྲག་རྒྱུན་ལས་བྱུང་བའི་བོད་རིགས་ཞིག་ཡིན་ཕྱིན་ཆད།
ཁྱེད་ཇི་སྲིད་གནས་པ་དེ་སྲིད་དུ། བོད་རིགས་ཞིག་ཡིན་པ་ལས་མི་རིགས་གཞན་དུ་འགྱུར་ག་ལ་སྲིད།
དེ་རྣམས་ནི་སུབ་ཀྱང་ཟུབ་མི་ཐུབ་ལ་ལྡོག་ཐབས་མེད་པའི་ལས་དབང་ཞིག་ཡིན་པ་མ་རྗེད་པ་གནང་དགོས་པ་རེད་ཅེས།།
གུས་པས་སྙིང་ཁོང་རུས་པའི་གཏིང་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་འབོད་བསྐུལ་ཞུ་རྒྱུ་ཡིན།
འདི་ནི་ངས་རང་མི་རིགས་ལ་བཅངས་པའི་བརྩེ་སེམས་དང་ལ་རྒྱ་ཡིན་ལ།
ངའི་དུས་རྒྱུན་གྱི་སེམས་ཁོང་གི་རེ་མདུན་ཡང་ཡིན། ངའི་མ་འོང་པའི་སེམས་ཁྲལ་དང་།
ངའི་ད་ལྟ་ཡི་བྱ་བཞག་ཀྱང་ཡིན།
འདས་ཟིན་པའི་མི་ཚེའི་རྒྱུན་རིམ་གྱི་ཁྲོད་ནས་ཚོར་བ་ཉམས་སུ་མྱོང་བའི་ཉམས་མྱོང་དང་།
ད་འདར་མིག་གིས་དངོས་སུ་མཐོང་བའི་གནས་ཚུལ་གསར་འགྱུར་ཞིག་ཀྱང་ཡིན།
ང་ཚོ་ཚང་མས་འཕྱར་གྲུ་མཉམ་འདེགས་གི་དཔེ་བཞིན་གངས་ཅན་པ་ཡོངས་ཀྱིས་དུས་ཚོད་རིན་ཆིན་འདི།
རྣམ་གཡེངས་སུ་མ་གཏོང་བར་ཐུག་འཁུར་ཆེ་བཞེས་ཀྱིས། བོད་མི་རིགས་འདིའི་ཆེད།
ནུས་ཤུགས་གང་ཡོད་ཀྱིས་མི་རེ་ངོ་རེས་འགན་འཁུར་སླངས་ཏེ།
བྱ་བཞག་རེ་སྒྲུབས་རྒྱུར་ཕན་ཚུན་རྒྱབ་བསྐྱོར་དང་རོགས་རམ་གནང་གལ་ཤིན་ཏུ་ཆེའོ།
།ད་ལྟ་ང་ཚོ་བོད་མི་རིགས་འདི་ཤི་གསོས་ལ་ཐུག་པའི་གནས་སྟངས་ཛ་དྲག་ཅིག་ཡིན་པར་མིག་གིས་མ་མཐོང་ངམ།
སེམས་པས་མ་ཚོར་རམ།
སྔར་གྱིས་ཆོས་རྒྱལ་རིམ་བྱོན་དང་མཁས་དབང་དམ་པ་རྣམས་ཀྱིས་བཞག་པའི་ཁྱད་ནོར་རྣམས།
ང་ཚོས་བདག་བཟུང་གཅེས་འཛིན་བྱེད་དགོས་པ་ནི་ང་ཚོའི་ལས་འགན་ཞིག་ཡིན་ལ།
བཀའ་དྲིན་ལ་བསམ་ཤེས་དང་དྲིན་ལན་ལོག་འཇལ་མི་བྱེད་པ་ནི་འཇིག་རྟེན་ཡ་རབ་གྱི་སྤྱོད་བཟང་ཞིག་རེད་ལ།
བོད་མི་རིགས་འདི་འཚོ་གནས་ཐུབ་པའི་རྒྱུ་ཆ་གཙོ་བོ་ཞིག་ཀྱང་ཡིན་ནོ།
།མི་རིགས་འདིའི་སྐད་ཡིག་གི་གཙོས་པའི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་བཟང་པོ་རྣམས་བཤུལ་འཛིན་བྱེད་དགོས་ན།
དང་ཐོག་ང་ཚོའི་མ་འོངས་པའི་ཕུགས་རེ་བཅོལ་ཡུལ་དུ་གྱུར་པའི་བོད་ཕྲུག་རྣམས།
བོད་མི་ཡང་དག་པ་ཞིག་ཡོང་རྒྱུར་ལམ་སྟོན་གནང་བ་ཙམ་དུ་མ་ཟད།
དངོས་ཤུགས་བརྒྱུད་གསུམ་གྱིས་རྒྱབ་བསྐྱོར་རོགས་རམ་གནང་རྒྱུ་ནི་ཤིན་ཏུ་གལ་ཆེར་མཐོང་།
དཔེར་ན།
ང་རང་ཚོའི་མདུན་ངོས་སུ་ཡོད་པའི་སོ་སོའི་བུ་ཕྲུག་ཚོའི་བྱ་སྤྱོད་དངོས་ལ་ལྟས་ཚེ་ཡིད་སྐྱོ་བའི་གནས་ཚུལ་ཞིག་མ་མཐོང་ངམ།
ཕ་མ་འགའ་ཤས་ཀྱིས་སྤོབས་པ་མཐོ་པོའི་ངང་།
ཨོ་ངའི་བུས་བོད་སྐད་ཡག་པོ་ཤེས་ཀྱི་ཡོད་ཟེར་བ་དང་བོད་ཡིག་ཡང་ཤེས་ཀྱི་ཡོད་ཟེར་བ་ནི།
ངོ་མཚར་བ་དང་ཡ་མཚན་དགོས་པའི་གནས་ཚུལ་ཞིག་ག་ལ་ཡིན།
འདི་ནི་བོད་མིས་བོད་སྐད་ཤེས་དགོས་ལ་དེ་བས་ཀྱང་བོད་ཡིག་ཤེས་དགོས་པ་ནི།
བོད་མིའི་ངོ་བོ་ཡིན་ལ་བོད་མིའི་བླ་སྲོག་ཀྱང་ཡིན་ནོ།
།ཡིན་ཡང་རྒྱུ་རྐྱེན་མང་དག་ཅིག་ཡོད་པ་ནི།
དང་པོ་རང་ཡུལ་མེད་པའི་དབང་གི་གཞན་དབང་སྟབས་བསྟུན་ཁོ་ན་ལས།
གཞན་གྱི་སྐད་ཡིག་ལ་བརྟེན་ནས་འཚོ་བ་འཚོལ་དགོས་པ་བཅས་རྒྱུ་མཚན་མང་དག་ཅིག་ཡོད།
དེར་བརྟེན་ང་ཚོའི་འཚོ་བའི་ཁྲོད། སོ་སོའི་སྐད་ཡིག་ཁོ་ནས་མི་ཚེའི་མདུན་ལམ་ཞིག
འཚོལ་དཀའ་བ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་ཁར།
སྐབས་འགར་བུ་ཕྲུག་རྣམས་ལ་འབྲེལ་བཤད་ཡང་རྒྱབ་ཁག་པོ་འདུག
འགྲེལ་བཤད་རྒྱབ་ཀྱང་གོ་དཀའ་བར་གྱུར། རྒྱུ་མཚན་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཁྲོད།
བོད་མི་རིགས་ཀྱི་འདུ་ཤེས་དང་། རང་གི་རྒྱལ་ཁབ་ཀྱི་འདུ་ཤེས། རིག་གནས་ཀྱི་འདུ་ཤེས་བཅས།
མགོ་ཕ་མ་མང་པོ་ཞིག་ལ་དེ་ཙམ་མེད་ན་ཕྲུ་གུ་ཚོར་ཡོང་བའི་གནས་ག་ལ་ཡིན།
ཡང་ལ་ལས་ངའི་བུས་བོད་སྐད་ཨོ་ཙམ་རྒྱག་གི་ཡོད་གསུང་།
ཡང་ཁ་ཤས་ཀྱིས་ངའི་བུ་ཕྲུག་གིས་བོད་སྐད་གོ་གི་ཡོད།
ཕར་བཤད་ཐུབ་ཀྱི་མེད་སོགས་ངོ་ཚ་དང་ཞེ་ཁྲེལ་དགོས་པའི་ཐབས་སྐྱོ་བའི་སྐད་ཆ་མང་པོ་འདི་འདྲ་བཤད་དགོས་པ་ནི།
ཡིད་སྐྱོ་བའི་བོད་མི་རིགས་ཀྱི་ལས་དབང་ཞིག་ཅི་མ་ཡིན།
དེང་སྐབས་གནས་ཡོད་མི་སྣ་ཁ་ཤས་ཀྱིས་གཏམ་བཤད་གནང་སྐབས་ཀྱང་།
ང་ཚོ་སེམས་ཤུགས་ཆགས་དགོས་མི་འདུག གཞོན་སྐྱེས་ཁ་ཤས་བོད་སྐད་མི་ཤེས་ཀྱང་།
ང་བོད་མི་ཡིན་བསམ་པ་དང་། བོད་དོན་ཐོག་སེམས་ཤུགས་དཔེ་མི་སྲིད་པའི་ཡག་པོ་འདུག་གསུང་ནས།
ཡིད་ཚིམས་པ་ནི་ཕུགས་བསམ་མེད་པའི་བློ་ཆུང་གི་སེམས་གསོ་ཙམ་རེད་སྙམ།
ད་དུང་གཞོན་སྐྱེས་ཁ་ཤས་ཀྱིས་ཀྱང་། དབྱིན་སྐད་རྒྱབ་ཏེ།
ངས་སྐད་ཡིག་ག་རེ་བེད་སྤྱོད་བྱས་ཀྱང་རུང་།
ངའི་ཕ་མ་བོད་པ་ཡིན་ལ་ངའི་ལུས་ཀྱི་ཤ་ཁྲག་གི་བརྒྱུད་པ་བོད་ཀྱི་ཁྲག་རྒྱུན་གཙང་མ་ཡིན།
ངས་བོད་རང་བཙན་གཙང་མ་ཡིན་ཟེར་བ་དང་། ང་བོད་ལ་དགའ་ཟེར་བ་སོགས་བཤད་ཅིང་།
དེ་ལྟ་བུའི་སེམས་ཤུགས་ཡོད་པ་ནི་བོད་རིགས་ཡིན་པ་ཙམ་ལས།
བོད་མི་ཡང་དག་པ་ཞིག་ཡིན་པར་ངོས་འཛིན་ཞུ་མི་ཐུབ། རྒྱུ་མཚན་དེ་དག་ལ་བརྟེན།
རིགས་པས་དཔྱད་ནས་དཔེར་ཚོན་ཞིག་ཞུས་ན། བོད་རིགས་ཡིན་པ་ཙམ་གྱིས་བོད་མི་ཡང་དག་པའམ།
རྣལ་མ་ཞིག་ཡིན་པས་མ་ཁྱབ་སྟེ།
བོད་མི་ཡང་དག་ཅིག་ཡིན་ན་རང་ལ་བོད་མི་རིགས་ཀྱི་ཁྲག་རྒྱུན་ཡོད་པ་ཙམ་དུ་མ་ཟད།
མི་རིགས་ཀྱི་སྲོག་རྩར་གྱུར་པའི་སྐད་དང་ཡི་གེ་ཤེས་དགོས་ཤིང་། ཡ་རབ་བཟང་སྤྱོད་དང་།
ཡུལ་གྱི་གོམས་པའི་གཤིས་ལུགས་སོགས་ཤེས་ན། མི་དེ་ནི་བོད་མི་རྣལ་མ་ཞིག་ཏུ་འཇོག་ཆོག
ཡང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་བོད་ཀྱི་ཆོས་དང་རིག་གཞུང་།
མཐུན་མོང་མ་ཡིན་པའི་ཁྱད་ཆོས་བོད་མིའི་ཁྲིམས་དང་སྒྲིག་འཛུགས་ཤེས་པ་ནི་བོད་མི་ཁྱད་པར་འཕགས་པ་ཞིག་ཏུ་བཞག་དགོས་པ་ཡིན།
དེ་ཡང་མཁས་དབང་ཉན་ཤུལ་མཁྱེན་རབ་འོད་ཟེར་གྱིས། སྐད་དང་ཡི་གེའི་སྲོག་རྩ་མི་ལྡན་པའི།།
མི་རིགས་ཞེས་པ་བྲག་ཆ་སྟོང་པ་ཡིན།། ཞེས་གསུངས་པ་ལྟར།
དེ་ལྟར་སྐད་ཡིག་ནི་མི་རིགས་རང་ཉིད་ཀྱི་བླ་སྲོག་ཡིན་པ་ངོས་བཟུང་དགོས་པ་དང།
སྐད་ཡིག་ནི་མི་རིགས་རང་ཉིད་ཀྱི་ངོ་བོ་ཡིན་པ་ཤེས་པར་མ་བྱས་ཚེ།
ད་ལྟའི་ང་ཚོའི་འཕྲོད་ཀྱི་གཞོན་སྐྱེས་ཁག་ཅིག་དང་།
འཚར་ལོང་ཡོང་བཞིན་པའི་ན་གཞོན་ཚོའི་བྱ་སྤྱོད་དངོས་ལ་བལྟས་ཚེ།
ང་ཚོས་ཛ་དྲག་གི་གནས་ཚུལ་ངོ་འཕྲོད་ངེས་པར་ཐུབ་དགོས་པ་གལ་ཆེ།
ལོ་རབ་རྗེས་མ་རྣམས་སུ་བོད་མིའི་དྲི་མ་མེད་པ་ཞིག་ཏུ་འགྱུར་རྒྱུའི་ཉེས་ཁག་དང་།
ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རྗེས་བོད་མིའི་གཟུགས་བརྙན་ཙམ་ལས།
རྩ་བསླག་ཏུ་འགྲོ་ཉེས་ཡོད་པ་ང་ཚོས་མ་མཐོང་ངམ། མ་འཚོར་རམ།
འདས་ཟིན་པའི་མི་ལོ་ལྔ་བཅུར་ཕྱིར་མིག་དང་།
ད་ལྟ་འགྲོ་བཞིན་པའི་དུས་ཚོད་འདིའི་ནང་དུ་འཚར་ལོང་ཡོང་བཞིན་པའི་བོད་ཕྲུག་ཚོའི་སྤྱོད་ལམ་ལ་རྟོག་ཞིབ།
མ་འོངས་པར་བོད་མི་ཡང་དག་ཞིག་ཡོང་རྒྱུར་ལམ་སྟོན་དང་རྒྱབ་བསྐྱོར།
མ་འོངས་པའི་བོད་མིའི་གནས་སྟངས་བཅས་ལ་འགན་འཁུར་བཞེས་དགོས་པ་བཅས་ནི་ཤིན་ཏུ་གལ་ཆེ་བར་མཐོང་ངོ།
།དེར་རྟེན་ང་ཚོས་དུས་ཚོད་རིན་ཆེན་འདི་རྩ་ཆེན་དུ་མཐོང་ཐུབ་པ་བྱས་ནས།
མ་འོངས་པར་འཆར་གཞི་དང་སྒྲིགས་འཛུགས་ལྡན་པའི་སྒོ་ནས་དུས་ཚོད་དམ་འཛིན་བྱས་ཏེ།
དམིགས་ཡུལ་ངེས་ཅན་ཞིག་བཟུང་དགོས་པར་མཐོང་།
བོད་མིའི་ལས་དབང་གི་དཀའ་ངལ་ནི་ཆབ་སྲིད་ཁོ་ན་མ་ཡིན་པར།
མི་རིགས་སྲུང་སྐྱོང་དང་རིག་གནས་སྲུང་སྐྱོང་བཅས་ཡིན་ན།
དེ་ཐམས་ཅད་ནི་བོད་མི་རང་གིས་འགན་འཁུར་ནས་སེལ་ཐབ་བྱེད་དགོས་པ་ལས།
གཞན་ལ་བློ་དད་བཅོལ་ཏེ་བག་གཡེང་དང་སྤྱི་ཚོགས་ལ་སྤུངས་ནས་དུས་ཚོད་ཕྱིན་པ་ཡིན་ན།
བློ་ཕམ་བྱེད་དགོས་པས། བོད་མི་རང་ཉིད་ཀྱིས་དཀའ་ངལ་ནི་བོད་མི་རང་ཉིད་ཀྱིས་སེལ་དགོས།
ཡིན་ཀྱང་སྤྱིར་འཇིག་རྟེན་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའམ།
ཕན་ཚུན་གཅིག་གིས་གཅིག་ལ་ལྟོས་པའི་འབྲེལ་བ་ཤུགས་ཆེན་པོ་ཡོད་པར་སོང་ཙ་ན།
དྲང་བདེན་ལ་དགའ་བའི་རྒྱལ་ཁབ་གཞན་གྱི་རྒྱབ་བསྐྱོར་ལ་བརྟེན་ནས་འཐབ་རྩོད་བྱེད་དགོས་པ་ནི།
ཆབ་སྲིད་ཀྱི་གནས་འགག་ཙམ་དུ་མ་ཟད།
བཙན་བྱོལ་བའི་ལས་དབང་ནི་དེ་བས་ཀྱང་གཞན་དབང་སྟབས་བསྟུན་ཞིག་ཡིན་པས།
མཐུན་སྒྲིལ་དང་སྟོབས་ཤུགས་གཞན་གྱི་རྒྱབ་བསྐྱོར་མེད་ཚེ།
མངོན་འགྱུར་ཡོང་རྒྱུར་དཀའ་ཚེགས་ཆེ་བ་ཞིག་ཡིན།
དེ་ནི་རང་བཞིན་དང་རྒྱུ་རྐྱེན་རྟེན་འབྲེལ་ལ་ལྟོས་དགོས་པའི་རྟེན་འབྱུང་གི་དངོས་ཡོད་གནས་ཚུལ་ཞིག་ཡིན།
མདོར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་ཏེ།
།གཞན་ནི་སུ་ཞིག་མགོན་མི་འགྱུར། །ཞེས་དང་། ངས་ནི་ཁྱོད་ལ་ཐར་པའི་ལམ་སྟོན་ཅིང་།
།ཐར་པ་རང་ལ་རགས་ལས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་རོ། །།

(ས་ག་ཟླ་བའི་ཚེས་༡༥་ནས་འགོ་རྩོམ་ཏེ་གནམ་གང་དགེ་བའི་ཉིན་གྲུབ་པའོ།
འདུ་ཤེས་ཟབས་མོར་ལྷག་བསམ་གྱི་བསྐུར་ཏེ།
བོད་མིའི་སློབ་སྟོན་པ་རྣམས་དང་ཕ་མ་རྒན་རབས་པ་རྣམས་ལ་དྲན་བསྐུལ་གྱི་ཚུལ་དུ་རེ་འབོད་ཀྱི་གདུང་དབྱངས་ཞེས་བྱ་བ་འདི་ཕུལ་ལོ།།
ཕྱི་ལོ་༢༠༡༠ཕྱི་ཟླ་༧ཚེས་༦༧སྐུ་ཡི་ཁྲུངས་སྐར་དགེ་བའི་ཉིན།། །། )

རྩོམ་རིག

Post navigation

Previous Post: བཀའ་ཁྲི་འོས་བསྡུར།
Next Post: ཉིན་མ་འདི་ཚོར་སེམས་ཁྲལ་ཆེ་ཆེར་སོང་།

Comment (1) on “རེ་འབོད་ཀྱི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ།།”

  1. བསེ་རུ། says:
    2010-10-24 at 1:46 pm

    སྤྱི་ཚོགས་ཀྱི་གནད་དོན་ངོ་མར་ཁ་ཕྱོགས་ཏེ་རེ་སྐུལ་གནད་སྨིན་ཞིག་གནང་འདུག
    རྗེས་སུ་ཡི་རངས་ཡོད། སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཁ་ཕྱོགས་ཏེ་གང་ཐུབ་ཅི་ཐུབ་བྲིས་ཚེ། དེས་སྤྱི་ཚོགས་ལ་ཕན་ཐོགས་ངེས་ཅན་ཡོང་སྲིད། ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme