Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞི་རྒོལ།

Posted on 2010-10-24 By དབང་ཕྱུག་ 3 Comments on པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞི་རྒོལ།

གསར་འགྱུར་བོད་འགྱུར་མ།
(བོད་ལྗོངས་གནད་དོན། པོ་ཞོན་པེ་ཅིན་དུས་ཚོད། ༢༠༡༠ ལོའི་ཟླ ༡༠ ༢༢ ཉིན། འདྲེན་བཀོད་བྱས།)
རྟ་ནག་སྐལ་བཟང་ལུང་རིགས།

གཟའ་ འཁོར་འདིར་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁག་མང་བོ་ཞིག་གིས་བོད་སྐད་ཡིག་གི་ལས་ དབང་སླད་དུ་རྔམ་སྟོན་རིམ་པར་བགྱིས་རྗེས། རྔམ་སྟོན་འདིའི་རླབས་རྒྱུན་མུ་ནས་མུ་རུ་འཕེལ་ཏེ་པེ་ཅིན་གྱི་བར་དུ་ཁྱབ་པར་ གྱུར་ཏོ།། པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་བུ་བཞི་བརྒྱ་ཙམ་གྱིས་ སྦྱར་ཡིག་ལག་ཏུ་བཟུང་ནས་རྔམ་སྟོན་བགྱིས། ད་ལྟ་གདོང་གཏུག་དང་འཛིང་རེས་ཀྱི་གནས་ཚུལ་བྱུང་མ་སོང་ནའང་། སློབ་གྲྭའི་ནང་ཁུལ་དུ་སྐོར་སྲུང་བས་བཀག་སྡོམ་ཤུགས་ཆེན་བྱས་ཡོད་པས། རྗེས་སུ་ཅི་འབྱུང་ཆ་མི་འཚལ། དེ་ལས་གཞན་རྨ་ལྷོ་ཁུལ་དང་མགོ་ལོག་ཁུལ་བཅས་ཀྱི་སློབ་མས་ཀྱང་རྔམ་སྟོན་བྱས་ འདུག ད་དུང“འཛམ་གླིང་གི་རྩེ་མོ” ཞེས་པའི་དབྱིན་ཡིག་པོད་ཁུག་གྲགས་ཅན་དེས་བསྟན་དོན། བོད་ཀྱི་སློབ་མའི་རྔམ་སྟོན་དེ་མཚོ་སྔོན་ནས་མཆེད་དེ་པེ་ཅིན་གྱི་བར་དུ་ཁྱབ་ སོང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སློབ་བུ་བཞི་བརྒྱ་ཙམ་གྱིས་ རེས་གཟའ་པ་སངས་ཀྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་སྟེང་སློབ་གྲྭའི་ནང་ཁུལ་དུ་རྔམ་ སྟོན་ཁྲོམ་སྐོར་བྱས། བོད་ཀྱི་སྤྱི་ཚོགས་འབྲེལ་གཏུགས་དྲ་རྒྱ། Ren Ren དང་། My
Budalalདྲ་རྒྱ་བཅས་སུ་རྔམ་སྟོན་གྱི་པར་རིས་སྤེལ་འགྲེམ་བྱས་ཡོད་ཅིང་། ཁ་ཡིག་ལ། “ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་བཞི་བརྒྱ་ཙམ་གྱིས་སྐད་ཡིག་རང་དབང་ གི་སླད་དུ་རྔམ་སྟོན་བགྱིད་པ”ཞེས་བཀོད་འདུག
གསུམ་གཅིག་བཞིའི་དོན་རྐྱེན་ ཁྲོད་ཚེ་སྲོག་འཕོས་པའི་བོད་རིགས་དག་གི་ཆེད་དུ། ༢༠༠༨ལོའི་ཟླ༣ཚེས༡༧ཉིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སློབ་མ་ དག་གིས་རྔམ་སྟོན་བྱས། ཐེངས་འདིའི་ལས་འགུལ་ནི་གསུམ་གཅིག་བཞིའི་དོན་རྐྱེན་རྗེས་སུ་ཀྲུང་དབྱང་མི་ རིགས་སློབ་ཆེན་གྱི་བོད་རིགས་སློབ་མས་ཡང་བསྐྱར་བརྩམས་པའི་རྔམ་སྟོན་དེ་ཡིན་ ནོ།།
ལས་འགུལ་འདི་ལས་གཞན། བོད་རིགས་དྲ་གྲོགས་དག་གི་དྲ་ཚིགས་སུ་བཀོད་པ་ནི། “མི་རིགས་འདྲ་མཉམ། སྐད་ཡིག་རང་དབང་”ཞེས་པའི་རྔམ་སྟོན་སྐད་འབོད་བྱས་ཡོད་ཅིང་། བོད་རིགས་དྲ་གྲོགས་དག་གིས་སློབ་བུ་རྔམ་སྟོན་པ་དག་ལ་རྒྱབ་སྐྱོབ་བླ་ན་མེད་པ་ མཛད་ཡོད་དོ།།
དྲ་གནས་པོད་ཁུག་དག་གི་པར་རིས་ལས་མཐོང་གསལ་ལྟར་ན། བོད་རིགས་སློབ་བུ་དག་གིས་བོད་ཡིག་སྦྱར་ཡིག་གིས་རྔམ་སྟོན་བགྱིས་ནས་ཡོད་ལ། རྔམ་སྟོན་དཔུང་སྡེ་ཡི་དབུ་ཁྲིད་པས་ལག་ཏུ་འཕྲེད་དར་བཟུང་ཞིང་དེའི་སྟེང་དུ། “མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧྭ་ཤེས་རིག་དར་སྤེལ”ཞེས་བྲིས་ཡོད་དོ།།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་རྭའི་ནང་དུ་སྐོར་སྲུང་བས་མངོན་གསལ་ གྱིས་བཀག་སྡོམ་ཤུགས་ཆེན་བགྱིས་ཤིང་། ཕྱི་སྒོའང་སྐོར་སྲུང་བས་བསྐོར་ནས་འདུག་ལ། ད་དུང་སྐོར་སྲུང་བས་མི་གཞན་དག་ཀྱང་སློབ་བུ་རྔམ་སྟོན་པ་དག་གི་ཉེ་འགྲམ་དུ་ འགྲོ་བའི་ལམ་ཀ་བཀག་ནས་ཡོད་ནའང་།
སློབ་རྭའི་ནང་ཁུལ་དུ་མི་ཚོགས་མི་ཉུང་བ་ཞིག་གིས་རྔམ་སྟོན་ལ་འཚང་རུབ་ཀྱིས་བལྟས་འདུག་གོ།
རྔམ་སྟོན་བྱུང་རྗེས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་གློ་རྡེག་དུ་ཚོད་འཛིན་བྱས་ཡོད། བོད་ཀྱི་བུད་མེད་རྩོམ་པ་བོ་འོད་ཟེར་གྱི་པོད་ཁུག་ལས་བསྟན་དོན། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རེས་གཟའ་པ་སངས་ལ་འཆར་ཅན་དུ་འཚོགས་ཀྱིན་ པའི“བོད་རིགས་མཉམ་འདུས་ཀྱི་སྐོར་བྲོ”ཡང་ཕྱིར་འཐེན་བགྱིས་འདུག་གོ།
རྔམ་ སྟོན་གྱི་གནས་ཚུལ་ཤེས་རྟོགས་སླད་དུ། གསར་འགོད་པ་ཁ་ཤས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་གཞུང་ལས་ཁང་དུ་བཅར་ འདྲི་ཆོག་པའི་སྙན་ཞུ་ཞུས་ཀྱང་། ལས་ཚན་པས་སློབ་རྭའི་ནང་ཁུལ་དུ་དེ་རྔམ་སྟོན་དོན་རྐྱེན་བྱུང་བ་ངོས་ལེན་བྱས་ མི་འདུག
གསར་འགོད་པས། ཧེ་དེན་ཆུས་ཉེན་རྟོག་ཅུ་ལ་གློག་འཕྲིན་བཏང་བར། ཉེན་རྟོག་པ་ཞིག་གིས་གནས་ཚུལ་ཅི་བྱུང་ཤེས་རྟོགས་གང་ཡང་མེད་ཅེས་ལན་བཏབ་འདུག
ཡོན་ཐུའུ་ལོའུ་ཞེས་འབོད་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་བུ་ཞིག་ གིས་གསར་འགོད་པར་བཤད་རྒྱུར། རེས་གཟའ་པ་སངས་ལ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མས་རྔམ་ སྟོན་བྱས་སོང་། ཡིན་ནའང་། གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མེད་ཅེས་པའོ།།
དེ་ ལས་གཞན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐུང་རིན་རྫོང་གི་བོད་རིགས་སློབ་མས་རེས་གཟའ་ མིག་དམར་ལ་རྔམ་སྟོན་ཁྲོམ་སྐོར་བྱས་རྗེས། མཚོ་ལྷོ་ཁུལ་དང་། མགོ་ལོག་ཁུལ་དུའང་ཉིན་འདི་འགར་རྔམ་སྟོན་བགྱིས་པ་དག་བསྡོམས་ན་སློབ་མ་དྲུག་ སྟོང་ནས་བདུན་སྟོང་ཡོད་དོ།། རྔམ་སྟོན་རྗེས་སུ།
རྨ་ལྷོ་ཁུལ་ཐུང་རིན་རྫོང་དང་མཚོ་ལྷོ་ཁུལ་གྱི་ཉེན་རྟོག་པས་དོགས་ཟོན་ཤུགས་ཆེན་བྱས་འདུག
རྒྱ་ གར་གྱི་“རྒྱལ་སྤྱིའི་བོད་ཀྱི་འབོད་སྐུལ་ཚོགས་པའི་”ཞིབ་འཇུག་པ་ཞིག་གིས་རེས་ གཟའ་པ་སངས་ལ་བཤད་རྒྱུར། རྨ་ལྷོ་ཁུལ་ཐུང་རིན་རྫོང་དུ་ཐོག་མར་རྔམ་སྟོན་བྱུང་རྗེས་སུ། མཚོ་སྔོན་ཞིང་ཆེན་གྱིས་སྣེ་ཁྲིད་དང་བཅས་ཏང་ཨུའུ་དྲུང་ཆེ་ཆང་བེ་རེས་གཟའ་ཕུར་ བུའི་ཉིན་ཆེད་དུ་རྨ་ལྷོ་ཁུལ་དུ་བརྟགས་དཔྱད་ཞིབ་འཇུག་ཏུ་འབྱོར།
ཐུང་རིན་རྫོང་དུ་དམག་འཁོར་སུམ་ཅུ་ཙམ་དང་ཉེན་རྟོག་དམག་དཔུང་ཆིག་སྟོང་ལྷག་ གིས་དོགས་ཟོན་ནན་མོ་བྱས་ཡོད་ལ། ཉིན་འདི་འགར་འགྲུལ་ལམ་ཆེ་ཆུང་ཀུན་ཏུ་དམག་གི་དག་གིས་བྱ་ར་དང་མེལ་ཚེ་མཛད་ འདུག འགྲུལ་འཁོར་ཁ་ཤས་ཀྱིས་དུས་ཚོད་གཏན་འཁེལ་མེད་པར་ཉེན་ཟོན་སྐོར་ཞིབ་བྱེད་བཞིན་ པ་དང་།
རོང་བོ་དགོན་ཆེན་གྱི་ལམ་ཀ་བརྒྱུད་ནས་ཡོད་པའི་ལྟ་ཞིབ་པ་དག་གིས་ཁོང་ཚོའི་ཉེ་ འཁོར་གྱི་གནས་ཚུལ་ལ་སོ་ལྟ་བྱས་འདུག ཡང་ཁོས་བཤད་རྒྱུར། ཉེན་རྟོག་དམག་དཔུང་གི་ཕྱི་ཚུལ་ནས་བལྟས་ན་དྲག་ཆས་དང་མཚོན་ཅི་ཡང་མེད་ནའང་། ལག་ཏུ་གློག་དབྱུག་ཐོགས་འདུག རླངས་འཁོར་ཁ་ཤས་ཀྱིས་ཕར་འགྲོ་ཚུར་འོང་གི་རྣམ་པས་ཉེན་ཟོན་སྐོར་ཞིབ་བྱེད་འདུག
ཁ་སང་གི་གནས་སྟངས་འདི་འདྲ་ཞིག་རེད།
ཡང་གཞན་ཞིག་གིས་བཤད་རྒྱུར། ཁོས་རྟོགས་བྱུང་བ་ནི། མཚོ་སྔོན་གྱི་བྱ་བའི་ཚན་ཁག་མང་བོ་ཞིག་གིས་མིག་སྔར་བྱུང་བའི་རྔམ་སྟོན་པའི་ སློབ་གྲྭ་སོ་སོ་ཕྱི་རོལ་ཏུ་མངགས་ཡོད་པས། རྒྱུན་བསྲིངས་ནས་སློབ་ཁྲིད་བྱ་དགོས་མིན་དང་། ཚོགས་འདུ་ཡིན་མིན་གྱི་སློབ་གྲྭའི་གནས་ཚུལ་ཐད་གནས་སྐབས་རིང་ཤེས་རྟོགས་ཡོང་ བའི་ཐབས་ཤེས་མི་འདུག ཕྱོགས་གཞན་ཞིག་ནས།
མཚོ་ལྷོ་ཁུལ་གྱིས་བདེ་འཇགས་ཉེན་སྲུང་ལ་ཤུགས་སྣོན་བྱེད་ཀྱིན་འདུག
སློབ་ གྲྭའི་གནས་ཚུལ་ཐད། གསར་འགོད་པས་ཐུང་རིན་རྫོང་མི་རིགས་སློབ་འབྲིང་དང་། མཚོ་ལྷོ་ཁུལ་དགེ་འོས་སློབ་གྲྭར་གློག་འཕྲིན་བཏང་ཡང་། ཁ་པར་ལེན་མཁན་མི་འདུག དར་མཚོ་རྫོང་(རྒྱ་སྐད་དུ་ཞིན་ཧེ)གི་སློབ་གྲྭའི་ལས་བྱེད་ཅིག་གིས་བཤད་ན། སློབ་གྲྭ་རྒྱུན་ལྡན་ལྟར་སློབ་ཁྲིད་འཚོགས་ཡོད།
ད་ལྟའི་རྒྱ་གར་གནས་ སྡོད་པ་སྟེ་སྔོན་ཆད་མཚོ་སྔོན་གྱི་དགེ་རྒན་ཡིན་པའི་ཚེ་རིང་རྡོ་རྗེས་བསྟན་ དོན། ཐུང་རིན་རྫོང་གི་ཐེངས་གཉིས་པའི་རྔམ་སྟོན་པ་སྟེ། དགེ་འདུན་ཆོས་འཕེལ་སློབ་གྲྭའི་བོད་རིགས་སློབ་མ་ལྔ་བརྒྱ་ལྷག་གིས་རེས་གཟའ་ ཕུར་བའི་ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང་རྫོང་སྲིད་གཞུང་དུ་རྔམ་ སྟོན་བྱས་པས།
ཐུང་རིན་རྫོང་གི་རྫོང་དཔོན་དང་སློབ་གསོ་ཅུའུ་ཅུའུ་ཀྲང་གིས་རྗེས་འདེད་བགྱིས་ ཏེ་དེ་མ་ཐག་བཀག་འགོག་བྱས། སྲིད་གཞུང་གི་ལས་བྱེད་མི་སྣ་གཞན་གྱི་གྲོགས་དན་འོག་རྔམ་སྟོན་པའི་སློབ་བུ་དག་ ཕྱིར་སློབ་གྲྭར་ལོག་དགོས་པའི་བཀའ་རྒྱ་བཏང་འདུག དེའི་རྗེས་ཀྱི་གནས་ཚུལ་གསལ་བོ་ཤེས་མ་སོང་ངོ་།།
ཚེ་རིང་རྡོ་རྗེས་ བསྟན་དོན། ཉི་མ་དེ་ག་རང་གི་ཞོགས་པའི་ཆུ་ཚོད་དྲུག་པ་ནས་ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་བར་ དུ་མགོ་ལོག་ཁུལ་གྱི་སློབ་གྲྭ་གཉིས་ནས་འོང་བའི་སློབ་བུ་ཆིག་སྟོང་ལྷག་གིས་ རྔམ་སྟོན་བྱས་ཤིང་། དྲག་ཆས་དམག་དཔུང་གིས་སློབ་བུ་རྣམས་ཕྱིར་སློབ་གྲྭར་མངགས་འདུག
ཡང་ཁོང་ གིས་བཤད་རྒྱུར། དྲག་ཆས་ཉེན་རྟོག་པ་བསླེབས་རྗེས། སློབ་ཕྲུག་ལས་གཞན་མི་སུ་ཡིན་ཡང་སློབ་བུའི་རྔམ་སྟོན་བྱ་ཡུལ་དུ་འགྲོ་བར་བཀག་ འགོག་བྱས་འདུག་རྐྱེན། ང་ཚོས་གནས་ཚུལ་ཅི་ཡང་ཤེས་རྟོགས་བྱུང་མ་སོང་། དེ་ལྟ་ནའང་། དེ་རིང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སློབ་བུ་རྣམས་ཀྱིས་ཁྲོམ་སྐོར་བྱེད་ཀྱིན་མི་འདུག སློབ་གྲྭ་ན་འདུག
རྔམ་སྟོན་པའི་སློབ་བུ་དག་གི་སེམས་ཁྲལ་བྱ་ས་ནི། བོད་ཡིག་ནི་ཉིས་སྟོང་བཅོ་ལྔ་ལོར་འདེམས་སྒྲུག་རང་བཞིན་གྱི་སྐད་ཡིག་སྤྱིར་ བཏང་བ་ཞིག་ཆགས་ཏེ། འབྱུང་འགྱུར་རྒྱ་ཡིག་ཁོ་ན་ལས་བོད་ཡིག་རྨེག་ནས་ཉམས་སུ་གཞུག་རྒྱུའི་ཉེན་ཁ་ ཡོད་པ་དེའོ།།
རེས་གཟའ་པ་སངས་ཉིན་ བཀོད་པ་ལྟར་ན། སྤྱི་ཟླ ༡༠ ཚེས ༢༡ ཉིན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་བེ་རྨ་ལྷོ་བོད་རིགས་རང་ སྐྱོང་ཁུལ་དུ་སློབ་གསོའི་བྱ་བར་རྟོག་ཞིབ་དུ་སོང་བ་དང་། སྐད་གཉིས་སློབ་གསོ་ཤུགས་ཆེ་རུ་གཏོང་བ་དང་།
གསར་བརྗེ་བྱེད་སྐོར་གྱི་བསམ་ཚུལ་ལ་མཉན་འཇོག་བྱས།
ཆང་ བེས་བསྟན་དོན། ཤུགས་སྣོན་དང་། གསར་བརྗེ་བྱས་ཏེ་སྐད་གཉིས་སློབ་གསོ་སྐུལ་འདེད་བྱ་བ་ནི་མི་རིགས་ས་ཁུལ་གྱི་ སློབ་གསོའི་རྣམ་གྲངས་ཀྱི་དོན་སྙིང་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་དབྱང་གི་དགོངས་དོན་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཡང་མཐུན་པ་ཞིག་ཡིན་ ནོ།།
རྒྱ་ཡིག་གི་དྲ་ཚིགས་པོ་ཞོན་ལས་བཏུས་ཏེ་བསྒྱུར། (博讯 boxun.com)

གསར་འགྱུར།

Post navigation

Previous Post: མི་རིགས་སློབ་གསོའི་ལས་དོན་དང་འབྲེལ་བའི་ཁྲིམས་ལུགས་ཁོལ་ཕྱུངས་མ།
Next Post: ཆབ་ཆར་སློབ་མའི་སྐད་འབོད།

Comments (3) on “པེ་ཅིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞི་རྒོལ།”

  1. དཀོན་ཅོག་སྐམ་པོ། says:
    2010-10-24 at 12:12 pm

    (中央民族大学22日藏族学生示威后,24日校园情况
    http://www.youtube.com/watch?v=boCTVZqXQGU
    ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མའི་ལས་འགུལ་ལ་བལྟ་ན་དྲ་ཚིགས་གོང་གི་དེ་ཡིན།)རྟ་ནག་ལགས། ཁྱོད་ཀྱིས་གོང་གི་དྲ་ཚིགས་དེར་ལྟོས་དང་པེ་ཅིང་མི་རིགས་སློབ་ཆེན་གྱི་སློབ་མའི་སྐད་འབོད་མཐོང་ཡོང་ཟེར། ངས་ཅི་ཙམ་བལྟ་ཉན་བྱས་རུང་༼ཧྭོང་ཡན་ཀོང་ལེ༽ཟེར་བ་མ་གཏོགས་དགོས་རྒྱུ་ཅང་མཐོང་ཐོས་མ་བྱུང་ཐལ།འདི་ཅི་ཡིན་ནམ།

  2. གཡག་རྒོད་རོག་པོ says:
    2010-10-26 at 7:27 am

    བོད ཀྱི སྐད ཡིག ནི་འབྱུང་འགྱུར་བོད་ཀྱི་བླ་སྲོག་ངོ་མ་དེ་ཡིན་སྟབས་དེའི་ཐད་ནུས་ཤུགས་འདོན་རྒྱུ་གལ་ཤིན་ཏུ་ཆེ་མོད་ཕྱི་སྡོད་བོད་རིགས་སློབ་ཕྲུག་གིས་མཚོན་མི་མང་གིས་འདིའི་ཐད་བྱུས་གཏོགས་བྱེད་རྒྱུ་མང་ན་རྒྱ་དམར་སྲིད་གཞུང་གིས་ཆབ་སྲིད་ཀྱི་ངོ་བོར་བསྙད་དེ་དམ་དྲག་ཤུགས་ཆེན་བྱེད་སྲིད་པས་ང་ཚོས་ངེས་པར་གཟབ་དགོས་འདུག

  3. གཡག་རྒོད་རོག་པོ says:
    2010-10-26 at 9:59 am

    ང་ཚོ་བོད་མིལརྣམས་ནི་ཤིན་ཏུ་ཉམ་ཐག་པ་དང་སྙིང་བརྗེ་བའི་གནས་སྐབས་འདི་ལ་བོད་ནང་ལ་ཡོད་པའི་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལརང་སྲོག་བློས་བཏང་གི་ལས་འགུལ་སྤེལ་དང་སྤེལ་གཞིན་པ་ལ་ང་ཚོ་ཙན་འབྱོར་དུ་ཡོད་པའི་བོད་གཞུང་དང་མི་མང་གི་ངོས་ནས་སྙིང་ཐག་པ་ནས་བརྗེས་སུ་ཡིད་རང་ཞུ་དགོས་པའི་གནས་ཚུལ་དུ་གྱུར་ཡོད་ལ། ང་ཚོ་བོད་གཞུང་དང་མི་མང་གི་གནས་ཚུལ་ལ་བསམ་བློ་བཏང་ན་ཡིད་བསྐྱོ་བའིགནས་སུ་གྱུར་ཡོད། ག་ཡིན་ཟེར་ན་སོ་སོའི་ལྟོ་གོས་ཁོ་ནི་དོན་དུ་མི་མང་རྣམས་བརྒྱུག་ཤིང་། ང་གཞུང་གི་ལས་བྱེད་རྣམ་ནི་ཁྱོ་ཁ་དང་ཆོས་ལུག་གི་ཕྱོགས་རིས་ཁོ་ན་བྱེ་ནསམི་ལོ་༥༢ཧྲིལ་བོ་འདི་ཡིད་སྐྱོ་གནས་སུ་གྱུར་ཡོད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme