Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་གི་སློབ་མའི་ངོ་རྒོལ།

Posted on 2010-10-212010-10-21 By ཁ་བརྡ་ 11 Comments on བོད་ནང་གི་སློབ་མའི་ངོ་རྒོལ།

15དམ་ཆོས་ཀྱིས་ཧོ་ལན་ནས།

( འདི་ནི་དེ་རིང་ང་ལ་འབྱོར་བའི་གནས་ཚུལ་ཡིན་ལ། པར་དང་གཟུགས་མཐོང་བརྙན་འཕྲིན་ཡང་ཡིག་ཆ་མཉམ་སྦྱོར་བྱས་ནས་བསྐུར་ཡོད། པར་དང་གློག་བརྙན་ཆབ་ཆའི་སློབ་མ་ཚོ་རེད། )

ཉེ་ཆར་གྲངས་ཉུང་མི་རིགས་སྐད་ཡིག་ལ་འཇབ་རྒོལ་ཛ་དྲག་ཐེབས་པའི་གནས་ཚུལ་རག་བསྡུས། ད་ལོ་ནས་བཟུང་བོད་སྐད་ཡིག་ཟུར་ཁྲིད་ཙམ་ལས་མེད་པའི་སྲིད་བྱུས་དྲིལ་སྒྲོག་བྱས་རྐྱེན། ཕྱི་ལོ་༢༠༡༠ ༡༠ ༢༠ ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་པོ་དང་། 33ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་༼འཕྲོད་བསྟེན་སློབ་གྲྭ་༽གཉིས་ཀྱི་ཁྱོན་སློབ་མ་༢༠༠༠ལྷག་གིས་གཙོ་བོ་༼བོད་ཡིག་དགོས་༽༼བོད་སྐད་ཡིག་སློབ་ཁྲིད་རྒྱུན་འཁྱོང་དགོས་༽ཞེས་དང་། ཞོར་དུ་༼མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་དགོས་༽ཞེས་པའི་འབོད་ཚིག་སྒྲོག་བཞིན་སྔ་དྲོ་དུས་ཚོད་༦:༠༠-༡༠:༠༠ བར་ཞི་བའི་ཁྲོམ་སྐོར་དང་ཉིན་དེའི་ནང་གོང་གཉིས་ལ་ཟས་བཅད་ངོ་རྒོལ་བྱས་པ་དང་། མ་ཟད་ཚེས་ ༡༩ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཚེས་ ༢༠ ཉིན་ཁྲི་ཀ་རྫོང་དང་། གཅན་ཚ་རྫོང་། བྲག་དཀར་༼དར་མཚོ་༽རྫོང་སོགས་ནས་ཀྱང་དེ་བཞིན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་བྱས་འདུག། 43
5178910111121131

གསར་འགྱུར།

Post navigation

Previous Post: སློབ་མའི་ལས་འགུལ་དེ་ཆབ་སྲིད་ལ་མ་བསྒྱུར་རོགས།
Next Post: ལུག་ཞོ་པོ་གླེང་བ།

Comments (11) on “བོད་ནང་གི་སློབ་མའི་ངོ་རྒོལ།”

  1. ཚངས་དབྱངས་། says:
    2010-10-21 at 5:37 pm

    ད་ལྟོས་ཨང་། འདི་ཉིན་རེ་ལས་ཉིན་རེ་མ་སྡད་པར་ས་ཆ་གང་སར་ཁྱབ་འགྲོ་གི་འདུག ངའི་མིག་ལམ་ལ་བོད་པའི་སློབ་མ་སྟོང་ཚོ་ལྷག་གིས་པེ་ཅིང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་སྣང་བ་ཡོང་གི་འདུག 

  2. སྦྲ་ནག་ཚང་། says:
    2010-10-21 at 6:48 pm

    ད་ངའི་བྲང་ཁོག་ལ་གཟེར་ཤ་ཞིག་དང་། གྲང་ཤ་ལང་ཡོང་གི་།
    སྐྱབས་སླུ་མེད་ཀྱི་དཀོན་མཆོག་གསུམ་པོ་མཁྱེན།
    རྒྱལ་བ་དོན་གྱི་བདག་པོ་མཁྱེན།
    གནས་ཚུལ་འདི་དག་གཅིག་རྗེས་གཉིས་འཐུད་བྱས་ནས་གོ་ཡོང་དུས། ངའི་ཁ་བརྡ་དྲ་བའི་ཁ་ཕྱེ་རྒྱུར་ཡང་། ངང་སྐྲགས་ཞིག་ལང་ཡོང་གི།
    འ་་མགོན་རྒན་ཡིད་བཞིན་གྱི་ནོར་བུ།
    འ་་་མགོན་རྒན་ཡིད་བཞིན་གྱི་ནོར་་བུ།
    ལྷ་སྲུང་མ་དམར་ནག་གཉིས་ཀ་།
    ངས་ཡོད་དུས་ཁྱོད་མཆོད་གིན་ཡོད་། ངས་མེད་དུས་ཁྱོད་གླེང་གིན་ཡོད་། ད་སེང་ད། ་ཁྱོད་རྣམས་པ་། བཙན་གི་ཁྲིམས་ཁ་ནས་ཅིག་གཞེང་དགོས་། གཉན་གི་ཟོར་ཁ་ནས་གཞེང་དགོས་། བཙན་ལ་ཁ་ནས་ལྡོག་དགོས་། གདོན་ལ་འོག་ནས་ལྡོག་དགོས་། མིའི་སྲོག་བར་ནས་བཞེས་དགོས་། རྟའི་སྒྲོག་བས་ལ་འབུད་དགོས་།
    འ་་་ཆོས་སྐྱོང་སྲུང་མ་། འ་ཆོས་སྐྱོང་སྲུང་མ་། འ་ཆོས་སྐྱོང་སྲུང་མ་།

  3. མེ་ཆ་། says:
    2010-10-21 at 11:16 pm

    སྦྲ་ནག་ཚང་ཡིན་ན་འདི་ཇི་འདྲའི་གཉན་པོ་ཞིག་ཡིན་ན་།

  4. ཚངས་དབྱངས། says:
    2010-10-21 at 11:27 pm

    ང་ཚོ་ཁྱེད་ཚོ་དང་མཉམ་དུ་ཡོད་ང་ཡི་སྙིང་གི་ནོར་བུ།

    ཁྱེད་ཚོའི་རླབས་ཆེན་གྱི་ཕུགས་བསམ་དེ་ཁ་བ་རི་བའི་སྲོག།
    ཁྱེད་ཚོའི་དྭངས་གཙང་གི་འདུན་པ་འདི་ཁ་བ་རི་བའི་སྙིང་།
    ཁྱེད་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་འདི་ཁ་བ་རི་པའི་གློ་བ།
    ད་དུང་ཁྱེད་ཚོའི་བློ་རིག་བཀྲ་བའི་མཁྱེན་རྒྱ་འདི་ཁ་བ་རི་བའི་དབུགས་ཡིན།

    ལྷག་བསམ་ལ་ལྷད་མེད་པ་དང་།
    ཡང་དག་གི་འདུན་པས་ཁ་ལོ་སྒྱུར་ཞིང་།
    ད་དུང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་འབུད་པའི་ལས་འགུལ་ལ།

    ཕ་རོལ་རྒྱུ་ནོར་གྱི་བླུ་བྲིད་མི་ཐུབ་ལ།
    སྡར་མའི་མཚོན་ཆས་བཅོམས་ག་ལ་ཐུབ།
    ད་དུང་གཡོ་སྒྱུའི་སྲིད་འཇུས་དང་བཅོས་མའི་མཛུམ་གྱིས་ག་ལ་ཐུབ།

    འགྲིག་བཞག་ཕ་བཟང་གི་བུ།
    རྒན་པོ་ང་ཚོས་དཔའ་བོ་ཁྱེད་ཚོ་ལ་ཕྱག་འཚལ། གསོལ་བ་འདེབས། སྐྱབས་སུ་བཅོལ་ལོ།

  5. གཅན་བཟོད་རྒྱམ། says:
    2010-10-21 at 11:48 pm

    ལག་པའི་ནང་ལ་ལག་པ་ཞོགས་དང
    ལག་པ་ཕྱི་ནང་ཤ་རེད
    སེམས་པའི་ནང་ལ་སེམས་པ་ཞོགས་དང
    ང་ཚོ་ཚང་མ་བོད་ཡིན
    སེམས་ནུས་བཀུར་ཞུང་བསྔགས་པར་འོས་པའི་བོད་ནང་གི་བོད་རིགས་སློབ་མ་ཚོ
    དཔུང་གདངས་གཅིག་ཏུ་སྦྲེལ་ཏེ་མདུད་དུ་སྐྱོན་པའི་དཔའ་སྤོབས་དང་གོམ་སྒྲ
    བོད་བཙན་པོའི་རྟ་དམག་གི་རྨིག་སྒྲ་མནན་ཏེ་རང་གི་འདོད་འདུན་ཁ་ནས་བསྒྲགས་སོང
    དམར་པོའི་སྲིད་དབང་གི་གནོན་བཙིར་སྟོར་ཏེ་རང་གི་སེམས་ཁོང་གི་གསང་བ་བརྗོད་བྱུང
    བོད་ཀྱི་ཆེད་དུ
    བོད་ཀྱི་དོན་དུ
    སྐད་ཡིག་འདི་རིག་གཞུང་གི་བླ་སྲིག་ཡིན་ཟེར
    རིག་གཞུང་འདི་མི་རིགས་ཀྱི་ཚེ་སྲོག་ཡིན་ཟེར
    འདི་ལྟ་ཀི་རིང་རེ་འདེབས་བཞིན་བཤར་ཡོང་དུས
    འདི་ལྟར་ངར་སྐད་རེ་སྒྲོག་བཞིན་མཆོངས་ཡོང་དུས
    ངའི་སྤུན་ཟླ་ཚོ
    ངའི་སྙིང་ཉེ
    ངས་ས་མཐའ་ནས་སེམས་པ་སྙི་མོ་འདི་ཁྱོད་ཚོར་གླན་ནས་ཡོད
    དམ་ནས་ངམ་དུ་གླན་ནས་ཡོད
    ངས་ས་མཐའ་འདི་ནས
    སེམས་པ་ཁྱོད་ཚོར་གློན་བཞིན
    སེམས་པ་དགའ་སྤྲོས་ཁངས་ནས
    ང་ཚོ་བོད་མི་རིགས་ཀྱི་མ་འོངས་པར་ཚོད་བགམ་ཐེངས་གཅིག་བྱས་པ་ཡིན

    ཐེངས་འདིའི་སློབ་ཚོས་ལས་འགུལ་ལ་གྲུབ་འབྲས་ལྡན་པའི་སྒོ་ནས་དགེ་སློབ་གཅིག་ལའང་དཀའ་སྡུག་ཅུང་ཙམ་ཡང་མི་འབྱུང་བའི་སྨོན་ལམ་འདེབས།།

  6. ཀླུ་སྨྱོན། says:
    2010-10-22 at 12:35 am

    སེམས་པ་ཅིག་ཆགས་ནས་ཅང་འབྲི་ཐུབ་ཀྱི་མི་འདུག དགོངས་དག

  7. བསེ་རོང་འོད་ཟེར། says:
    2010-10-22 at 2:02 am

    ཁ་བ་གངས་ཅན་པའི་སོན་རྩ་འདི་ཚོས་སྙིང་སྟོབས་ཀྱི་འབོད་སྒྲ་དང་སེམས་ཤུགས་ཀྱིས་དེད་པའི་རྣམ་འགྱུར་འདི་ཚོ་མཐོང་དུས་རང་དབང་མེད་པར་མིག་ཆུ་ཐོར་བ་ལས་གཞན་གང་ཡང་བརྗོད་ཐབས་བྲལ།

  8. tenzin tsomo says:
    2010-10-22 at 2:08 am

    i saw this good news or photoes.
    tear full on my face .
    i want to writing some words but i cant do,
    all students really proud

  9. tenzin tsomo says:
    2010-10-22 at 2:14 am

    i saw this good news today ,
    tear fell on my face .
    i am really proud of all student.

  10. དམུ་ཐག་དཀར་པོ། says:
    2010-10-22 at 5:34 am

    དམ་ཆོས་ལགས། གནས་ཚུལ་ཁྱབ་སྤེལ་གནང་བ་ཐུགས་རྗེ་ཆེ།
    རྒྱ་མི་འདི་སང་གིས་གདོང་ལ་མིག་མེད་པ་དང། ཁོག་ལ་སེམས་པ་ནང་བཞིན་རྫུན་འགེབས་རྫུན་གླེང་གིས་ཞ་ཡུ་འདི་ཚོ་མེད་པར་བཟོ་གི་རེད་ད།
    གནས་ཚུལ་འདིའི་ཐད་མུ་མཐུད་དོ་སྣང་གནང་རོགས།
    ད་་་་་ཞ་ཡུ་འདི་ཚོ་གནམ་གིས་སྲུངས་ཤིག
    མི་མེད་མིང་མེད་དུ་མི་འགྲོ་བར་ཤོག

  11. དམུ་ཐག་དཀར་པོ། says:
    2010-10-22 at 5:35 am

    དམ་ཆོས་ལགས། གནས་ཚུལ་ཁྱབ་སྤེལ་གནང་བ་ཐུགས་རྗེ་ཆེ།
    རྒྱ་མི་འདི་སང་གིས་གདོང་ལ་མིག་མེད་པ་དང། ཁོག་ལ་སེམས་མེད་པ་ནང་བཞིན་རྫུན་འགེབས་རྫུན་གླེང་གིས་ཞ་ཡུ་འདི་ཚོ་མེད་པར་བཟོ་གི་རེད་ད།
    གནས་ཚུལ་འདིའི་ཐད་མུ་མཐུད་དོ་སྣང་གནང་རོགས།
    ད་་་་་ཞ་ཡུ་འདི་ཚོ་གནམ་གིས་སྲུངས་ཤིག
    མི་མེད་མིང་མེད་དུ་མི་འགྲོ་བར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme