Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་བུད་མེད་ཚོ་ནུབ་ཕྱོགས་མི་ལ་ཆང་ས་རྒྱག་པའི་རྒྱུ་མཚན།

Posted on 2008-06-132008-06-13 By དགེ་རབ་ 10 Comments on བོད་ཀྱི་བུད་མེད་ཚོ་ནུབ་ཕྱོགས་མི་ལ་ཆང་ས་རྒྱག་པའི་རྒྱུ་མཚན།

ཁ་སང་ངས་ནུབ་ཕྱོགས་ཀྱི་མི་ལ་ཆང་ས་བརྒྱབ་པའི་བོད་ཀྱི་བུད་མེད་ཞིག་དང་ཕོ་མོའི་འབྲེལ་བའི་སྐོར་བཤད་པ་ཡིན། ངས་ཁོང་ལ་ཕྱི་རྒྱལ་མི་ལ་ཆང་ས་རྒྱག་པའི་རྒྱུ་མཚན་དྲིས་པར་ཐལ་སོང་། རྒྱུ་མཚན་ནི་ཁོང་གི་ཁྱོ་ག་དང་པོ་དེ་བོད་པ་ཞིག་ཡིན་པ་མ་ཟད་ངའི་ངོ་ཤེས་ཡག་པོ་ཞིག་ཀྱང་ཡིན། ཁོང་གཉིས་དང་པོ་ཆམ་པོ་བྱུང་བ་དང་རྗེས་སུ་གློ་བུར་དུ་ཁ་བྲལ་དུ་སོང་།

ཁོ་མོས་བཤད་རྒྱུར། བོད་པའི་ཁྱོ་ག་དེ་ཚོའི་བསམ་བློ་གཏོང་སྟངས་དེ་ཕྲུ་གུ་དང་གཅིག་པ་རེད། རྒྱུ་མཚན་བཤད་ས་མེད་པར་རླུང་དང་ཨུ་ཚུགས། ད་དུང་”དེ་ང་ཚོའི་ཡུལ་གྱི་འགྲོ་སྟངས་རེད།” ཞེས་བཤད་ནས་བུད་མེད་ལ་མཐོང་ཆུང་བྱེད་ཀྱང་ཟེར།

ངས་འོ་ན་ཕྱི་རྒྱལ་བ་ཚོས་ཇི་ལྟར་བྱེད་ཟེར་སྐབས། ཁོང་ཚོ་སློབ་གསོ་ཡག་པོ་ཐོབ་ཡོད་ཙང་གཞན་ལ་སེམས་གཏིང་ནས་གུས་ཞབས་བྱེད་ཀྱི་འདུག་ཟེར། དཔེར་ན་ཁོ་མོས་བསམ་ཚུལ་ཞིག་བཤད་ན། དེ་ཁོ་བོའི་བློ་ལ་འགྲོ་མིན་ལ་མ་བལྟོས་པར་བསམ་བློ་ཞིབ་མོ་བཏང་ནས་བསམ་ཚུལ་ཤོད་པ་ལས། སྐད་ཆ་དེ་བྱབ་ཆུང་རེད་ཅེས་མཐོང་ཆུང་བྱེད་ཀྱི་མིན་འདུག་ཟེར།

ཁོ་མོས་བཤད་རྒྱུར། ཕྱི་རྒྱལ་གྱི་མི་དེ་ཚོས་གཞན་གྱིས་ནོར་འཁྲུལ་ཤོར་ན་དེར་རྒྱག་རེས་དང་ཁ་བརྡུང་བཏང་རྒྱུ་ཕར་ཞོག་དེ་བས་སེམས་གསོ་གཏོང་གྱི་འདུག་ཟེར། དཔེར་ན་ཁོ་མོས་དོ་སྣང་མ་བྱས་པར་སྨན་རིལ་བུ་འགའ་ཤས་ཅོག་ཙེའི་སྟེང་ལ་བཞག ཁོང་གཉིས་ཀྱི་ཕྲུ་གུས་དེ་ཁ་ལ་བཅུག་ནས་རྙོག་དྲ་ཆེན་པོ་བཟོས་འདུག མཐར་ཕྲུ་གུ་དེ་དོད་དྲག་ཁང་དུ་བསྐྱལ་དགོས་བྱུང་། ཡིན་ནའི་ཛ་དྲག་གི་དུས་སྐབས་དེར་ཁོང་གི་ཕྱི་རྒྱལ་ཁྱོ་བོ་དེས་ཁོ་མོར་གཤེ་གཤེ་བཏང་རྒྱུ་ཕར་ཞོག ད་དུང་ཡང་ཡང་སེམས་གསོ་གཏོང་བ་མ་ཟད། ཁོ་མོའི་གྲོགས་མོ་རྣམས་ལ་ཁ་པར་བཏང་ནས། “ཐུགས་རྗེ་གཟིགས། ངའི་བཟའ་ཟླ་ད་ལྟ་སྡུག་བསྔལ་ནང་ལྷུང་སོང་། ཁོ་མོར་སེམས་གསོ་གཏོང་རོགས་ཅེས་ཞུ་བ་འཐེན་འདུག” རྗེས་སུ་ཁོང་གསུམ་སྨན་ཁང་ནས་ནང་ལ་ལོག་རྗེས། ཁོ་མོར་སེམས་གསོ་གཏོང་ཆེད་ཕྱི་ལ་ཕྱིན་ནས་མེ་ཏོག་དང་། བཟའ་མ་སྤུས་ལེགས་ཤིག་ཉོས། དེ་དགོངས་ཁོང་གཉིས་ཉལ་ཁྲིའི་སྟེང་བརྩེ་བ་ཡིད་འཚིམ་པ་བྱས་ནས་ཕྲུ་གུ་གཉིས་པ་དེ་འཁོར་ཟེར།

ཁོ་མོས་བཤད་རྒྱུར་གོང་གི་ཕྲུ་བུའི་སྨན་བཟས་པའི་གནས་ཚུལ་དེ་བོད་པའི་ཁྱོ་བོ་ཞིག་གི་ནང་ལ་འཕྲད་པ་ཡིན་ན་ཆེ་ན་འགྲམ་ལྕག་ཞིག་དང་ཆུང་ན་ཁ་བརྡུང་ཚ་པོ་ཞིག་རག་འཚར་བ་རེད་ཟེར་སྐད། ད་དུང་ཁོ་མོས། སྔོན་མའི་ཁྱོ་བོ་དེ་འབྲོག་པའི་ཁྱིམ་ནས་རེད། རླུང་ལངས་པོ་དང་དོག་པ་ཚ་དྲག་ནས་རྟག་པར་རྒྱག་རེས་ཁོ་ན་རྒྱག་གི་འདུག་ཟེར། ཉིན་གཅིག་ཁོ་པའི་ཨ་ཕ་ལ་རླུང་ཏོག་ཙམ་བསྟན་པར་ཤོར། དེ་མ་ཐག་ཁྱོ་བོ་དེས་མོའི་སྐྲ་ནས་འཇུས་ནས་ཚད་མེད་བརྡུང་བྱུང་ཟེར། དེ་དུས་ཁོ་བོའི་ཨ་ཕ་དེ་ཟུར་དེར་ལངས་ནས་མིག་བལྟ་བ་ལས་ཐ་ན་མ་བྱེད་ཙམ་ཡང་ལབ་མ་སོང་ཟེར།

མཐར་ཁོ་མོས་བཤད་རྒྱུར་བོད་པའི་ཕོ་གསར་རྣམས་ཀྱིས་བུད་མེད་ཐོག་ལ་བསམ་པའི་ཁྱེར་སོ་དང་། སྐུལ་སློང་། དེ་བཞིན་སྤྱོད་ལམ་བཅས་ལ་སྒྱུར་བ་མ་བཏང་ན་བོད་ཀྱི་བུད་མེད་མང་པོ་ཞིག་ཕྱི་རྒྱལ་མི་ལ་ཆང་ས་རྒྱག་པའི་སྲོལ་ལུགས་དར་ཁྱབ་འགྲོ་བའི་ཉེན་ཁ་ཡོད་ཟེར། ཁོ་མོས་བཤད་པར། ཁོ་མོའི་གཅུང་མོ་གཅིག་ད་ལྟ་ལོ་༡༦ལས་ལོན་མེད་ནའང་། བུ་མོ་དེས་”ང་ཕྱི་རྒྱལ་བ་ཞིག་ལ་ཆང་ས་རྒྱག་གི་ཡིན། ང་ལ་གཅེན་མོ་ནང་ལྟར་གྱི་རང་ལ་བྱམས་པོ་བྱེད་མཁན་གྱི་ཁྱོ་བོ་ཞིག་དགོས་”ཟེར། བོད་ལ་ཡིན་ན་བུད་མེད་མི་ཉུང་བ་ཞིག་གིས་རྒྱ་མིར་ཆང་ས་རྒྱག་གི་ཡོད། རྒྱུ་མཚན་ནི་རྒྱ་མི་ཚོས་བུད་མེད་ལ་བྱམས་པོ་བྱེད་ཀྱི་འདུག་ཟེར། ཕྱི་རྒྱལ་ལ་ཆང་ས་རྒྱག་མཁན་གྱི་བོད་མོའི་གྲངས་འབོར་དེ་ལོ་རེ་བཞིན་ཕར་བཞིན་འདུག་ཟེར།

ངས་གནས་ཚུལ་དེ་གོ་མ་ཐག་དེར་བོད་པའི་ཕོ་གསར་རྣམས་ཀྱིས་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག་སྙམ། ངེད་ཀྱིས་ཤེས་པར་ཕི་ལི་ཕིང་ཟེར་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་དེར་ཁོང་ཚོའི་བུད་མེད་ཀྱི་བརྒྱ་ཆ་༣༠ནུབ་ཕྱོགས་ཀྱི་མི་ལ་ཆང་ས་རྒྱག་གི་ཡོད་ཚོད། རྒྱུ་མཚན་ནི་ཁོང་ཚོའི་ཁ་རྒྱུན་ནང་ནུབ་ཕྱོགས་ཀྱི་མི་རྣམས་ནི་བུད་མེད་ལ་བྱམས་པོ་བྱེད་མཁན་གྱི་ཕོ་རབ་ཤ་སྟག་རེད་ཟེར། དེ་བཞིན་ཨ་རིའི་ནང་འཚར་ལོངས་བྱུང་བའི་ཤར་ཕྱོགས་ཀྱི་བུད་མེད་མང་ཆེ་བས་ཨ་རིའི་མི་དཀར་པོར་ཆང་ས་རྒྱག་གི་ཡོད་ཚོད། རྒྱུ་མཚན་ནི་མི་དཀར་པོ་རྣམས་སློབ་གསོ་ལེགས་པ་ཐོབ་ཡོད་པ་དང་། དེར་བརྟེན་ཁོང་ཚོའི་ཀུན་སྤྱོད་དང་བུད་མེད་ལ་བྱམས་པོ་བྱེད་སྟངས་རྣམས་ཤར་ཕྱོགས་ཀྱི་མི་ལས་ལེགས་པ་ཡོད་པའི་བསམ་ཚུལ་ཁྱབ་ཆེན་པོ་འདུག

རྩོམ་རིག

Post navigation

Previous Post: ཕ་ཡུལ་གྱི་སྐད་ཆའི་དབྱངས་འགྲོས།
Next Post: གུང་ཁྲན་ཏང་གི་དམག་དཔུང་ལ་ལྟ་བ།

Comments (10) on “བོད་ཀྱི་བུད་མེད་ཚོ་ནུབ་ཕྱོགས་མི་ལ་ཆང་ས་རྒྱག་པའི་རྒྱུ་མཚན།”

  1. Tashi says:
    2008-06-14 at 12:47 am

    Hahahahahaaaaaaaaaaa

  2. grabsal says:
    2008-06-14 at 10:18 am

    གྲོགས་པོ་ལགས།
    བོད་ཀྱི་བུད་མེད་ཚོ་ནི་དེ་ལྟར་ཡིན་པ་བྱས། བོད་ཀྱི་བུ་ཚོའི་གནས་སྟངས་གང་འདྲ་ཡིན་ནམ། ག་ལེ་ག་ལེར་བོད་ཀྱི་ཕོ་གསར་དང་མོ་གསར་ཚང་མ་ནུབ་ཕྱོགས་པར་ཤོར་རྒྱུ་མ་རེད་དམ།

  3. འགར་ཚེ་རྒྱལ། says:
    2008-06-16 at 2:42 am

    ནུབ་ཕྱོགས་ཀྱི་བུད་མེད་ཚོས་བོད་པའི་སྐྱེས་པ་དང་མཉམ་དུ་ཆང་ས་བརྒྱབ་ཡོད་པ་དེ་བོད་པའི་བུད་མེད་ཚོས་ནུབ་ཕྱོགས་སྐྱེས་ཚོ་དང་མཉམ་དུ་ཆང་བརྒྱབ་པ་ལས་མང་པོ་ཡོད་པས། འོ་ན་ནུབ་ཕྱོགས་ཀྱི་བུད་མེད་ཚོའི་ངོས་ནས་ཁོ་ཚོའི་མི་རིགས་ཀྱི་སྐྱེས་པ་ཚོ་ངན་པར་མཐོང་བ་ཨེ་རེད། དེ་མ་རེད། མི་རིགས་མི་གཅིག་པ་ཞིག་ལ་ཆང་ས་བརྒྱག་པ་དེ་མི་སྒེར་ཕོ་མོ་སོ་སོའི་མི་ཚེ་དང་འཚོ་བའི་གདམ་ཀ་ཞིག་རེད། དེའི་ཕྱིར་སོ་སོའི་མི་རིགས་ཀྱི་སྐྱེས་པ་སྤྱི་དང་བུད་མེད་སྤྱིའི་ངོས་ནས་དམའ་འབེབས་ངན་ཁག་འགེལ་བ་དེ་ནོར་འཁྲུལ་རེད་སྙམ། འོ་ན། བོད་པའི་སྐྱེས་པ་ཚོས་ནུབ་ཕྱོགས་པའི་བུད་མེད་ཚོ་དང་མཉམ་དུ་ཆང་ས་རྒྱག་པ་མང་པོ་ཡོད་པས་དེ་ཅི་ཞིག་གི་རྐྱེན་རེད། དེ་ཡང་ངས་བསམ་ན་བོད་པའི་བུད་མེད་ཚོས་ཁོ་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་ན་བདེ་སྐྱིད་བསྐྱུན་མི་ཐུབ་པ་་དང་འདོད་བློ་མི་ཁེངས་པ་ཡིན་རྒྱུ་མ་རེད། དེ་ཡང་ཁོ་ཚོ་སྒེར་གྱི་འཚོ་བའི་གདམ་ཀ་ཡིན་རྒྱུ་རེད་སྙམ།

  4. བདེ་ཆེན་སྒྲོལ་མ། says:
    2008-06-16 at 8:31 am

    ཕྱི་རྒྱལ་ལ་ཆང་ས་རྒྱག་མཁན་དེ་ཚོ་བུ་ཡིན་ཡང་རུང་ལ་བུ་མོ་ཡིན་ཡང་ཆོག བདག་གིས་བསམ་ན་བོད་མི་དེ་ཚོ་ནི་དོན་དངོས་ཐོག་རང་གི་མི་རིགས་དང་ཡུལ་སྲོལ་གོམས་གཤིས་ལ་གཏོར་བཅོམ་གཏོང་མཁན་ཞེ་གཅིག་རེད་འདོད། རྒྱུ་མཚན་ནི་མི་རིགས་དང་རྒྱལ་ཁབ་ཀྱི་ཆགས་འཇིག་གནད་དོན་ནི་རྒྱལ་ཁོངས་འབངས་མི་ཡོངས་ཀྱི་ལས་འགན་ཡིན་པ་ལས་དེ་ནི་རེ་ཟུང་ཞིག་གི་བགོ་བསྐལ་གང་ནས་ཡིན། འདི་ལྟར་བསམ་བློ་བཏང་ན་ཕྱི་རྒྱལ་ལ་ཆང་ས་རྒྱག་མཁན་བུ་དང་བུ་མོ་དེ་ཚོའི་ཀླད་པའི་རྒྱ་ཁྱོན་དང་མི་རིགས་ཀྱི་བསམ་བློ་ང་ཚོས་གསལ་བོར་མཐོང་ཐུབ་པ་ཡིན། སྤྱིར་ཁ་སང་དེ་རིང་འཛམ་གླིང་ཡོངས་སུ་དམངས་གཙོའི་ཉི་མ་འོད་ཀྱི་ལེར་ཤར་ནས་གནས་ལུགས་ཡོད་མེད་ཚང་མ་དམངས་གཙོ་ཟེར་བའི་ཚིག་གཅིག་གི་འོག་ནས་མདུན་དུ་བསྐྱོད་ཀྱིན་ཡོད་ན་ཡང༌། མི་རིགས་ལ་གནོད་པའི་ལས་དོན་ལ་ང་ཚོས་མི་རིགས་ལ་ཕན་པའི་རང་བཞིན་ཅན་གྱི་ཐབས་ལམ་ལག་བསྟར་བྱེད་དགོས་པ་ལས་སྐྱེས་བོ་སྒེར་གྱི་དགའ་ཁ་འདོད་མོས་ཟེར་ནས་སྒོ་མོ་འབྱེད་རྐྱང་བྱེད་མི་ཉན། བོད་ནང་ནས་རྒྱ་ལ་ཆང་ས་བརྒྱབ། ཕྱི་ལོག་ནས་ཕྱི་རྒྱལ་བ་དང་མཉམ་དུ་ཆང་ས་བརྒྱབ་པ་ཡིན་ན། བོད་ཀྱི་མ་འོངས་པ་ནི་ལས་སླ་བོས་རྟོགས་ཐུབ་པ་རེད། ཚོད་དཔག་བྱེད་སླ་བ་རེད། རླབས་ཆེན་སྐྱེ་བོ་མང་པོས་མགྲིན་དབྱངས་གཅིག་གིས་མི་རིགས་ཀྱི་མ་འོངས་པ་ནི་ད་ལྟའི་མི་རབས་གཞོན་པ་ཚོ་ཡིན་ཟེར། གལ་སྲིད་དངོས་འབྲེལ་འདི་ལྟར་ལགས་ན། ར་མིན་ལུག་མིན་གྱི་གཞོན་རབས་མང་པོའི་རྒྱལ་ཁབ་ཞིག་ལ་མ་འོངས་པར་རཻ་བ་དང་ལམ་ཁ་གང་འདྲ་ཞིག་ཡོད་དམ།

  5. Tenzin Lhundup says:
    2008-06-17 at 9:22 am

    I don’t think that is good idea! Those all happent out side of Tibet.

    Sad, we are looking for you all, but you all fly to west day by day. who will be back to our land with our hearty welcome?

  6. ཟུར་ལྟ། says:
    2008-06-17 at 5:18 pm

    དབྱིན་ཡིག་ཐོག་ལན་མཆན་བུ་འགོད་མཁན་ཨོ་ལོ་ཚོ།

    ཁྱོད་ཚོ་ཉོན་ཅིག མ་མོ་བྱས་ན་བདག་ཅག་གི་དྲ་རྒྱ་འདི་བོད་ཡིག་འབྲི་ཆེད་བཙུགས་པ་ལས། སྡུག་རོ་ཁྱོད་ཀྱི་དབྱིན་ཡིག་ཐེབས་ཆགས་དེ་ངོམ་ཆེད་བཙུགས་པ་མིན།
     
    ཁྱོད་བོད་ཡིག་འབྲི་བར་གཡོ་ཟོལ་བྱེད་མཁན་གྱི་བོད་མིའི་ཞབས་འདྲེན་པ་ཚོ་འདིར་ཡང་སྐྱར་དབྱིན་ཡིག་ཐོག་གང་བྱུང་བྲིས་ན། ཁ་རྡུང་ཁོ་ན་གཏོང་རྒྱུ་ཡིན་པས་ཚོད་ཟིན་ཨཱ། རིང་མིན་རྒྱ་དམར་གྱིས་འདི་རྒྱ་ཡིག་གི་ཡིག་རོ་འབེབས་ས་བཟོས་ནས་ཚང་མར་ཕན་ཐོག་མེད་པའི་ཡིག་གྱར་ཤོག་ངོས་ཤིག་འགྱུར་བར་དྭོགས་གཟོན་བགྱིད།

  7. Tenzin Lhundup says:
    2008-06-18 at 11:49 am

    Monlam bodyig 2 ᫳་᫙ᨕᨎ᪠᫥᪱་ᪧᨕ་᩶ᨓ་᫕᩼་ᫍᨑᨵ་᫗ᨕ᩶་᪄་᪠᫐ᩏ་᪱ᨕ᩶ᨎ ᩏᨕ་᪱་᪠᫡᩶་᪄་᪂ᨑᨵ་᫙ᨕ་᫦་᫗ᨑ᪄་᪱ᨑ᪄་᪱ᨑ་᫡ᨓ᫥་᫦᫥་᫡ᨓ᫥ᨎ ᩼་ᩲᨕᨵ་᪄᫥་᪂ᨑᨵ་᫙ᨓ᫥་᪣ᨓ᩶་᪍᫕ᨑ་᪕ᨕ᩶་ᩏ᪄་᩶ᨓ᫙་ᩏ་ᩏᨕ་᪱་᫦᪄་ᨵᨑᨎ ᨱᨕ᩶་᫄ᨕ᫥་᪠ᨕ᩶་᫗ᨑᨵ་᪠ᨙᨕ᩶་᪄᫥་᫥་ᩂ་ᨵ་᫄ᨕ᩶་ᩚᨕ᩶་᫗ᨕ᩶་᪱ᨓ᩶་᨜ᩏ་᫄ᩏ་᪱᫥་᫕᩶ᨑ་᪄་᪠᫡᩶་ᨵᨕ་ᨵᨑᨎ ᨱᨕ᩶་᫄ᨕ᫥་᩶ ་ᩮ᫕ᨑ་᪠᫙་᩹་᫙ᩏ་᩶᪠ᩏ་᫥་ᩚ་᪄᫥་᪠ᨕ᩶་᫗ᨑᨵ་ᨵᨑ་᩼་ᩂ་᫞ᨓᨵ᫥་᪍ᨕ་ᨵᩖᨑᨵ་᨜ᩏ་᪠᫐ᨕ་ᩴ᪠་᪱ᨓ᩶་᪍་᫦᫥་᫞᪄་᫥ᨕᩏ་᪠་᫙ᨓ᩶ᨎ ᨮ་᫥ᩏ་ᩏ᫕ᨑ་ᨾᨕᨵ་ᨠ᩶་᩹་᪠ᨕ᩶་᫗ᨑᨵ་᪱ᨓ᩶་᪍᫥་᩶᪣ᨑ᪄་᫗ᨑᨵ་ᩧᨕᨵ་᪽᪱་᪥ᨑ᫥་᪍᫙་᩶ᨓ་᫕᩼᫕ᨑ་᪂ᨑᨵ་᩶᪱ᨕ᩶་᪣ᨓ᩶་᩶ᨵᨕ᫥་᩶ᨕ᪄་ᨵᩏ་᫕᩹ᨵ ᫀ་᪠་᪠ᨕ᫙་᪄᫥་᫗᫞་ᨵ་᫕᫇ᨑ᪄་᪍᫕ᨑ་᫨ᨕ᫞་ᩏ᪄་᩶ᨓ᫙་᪱་᫕ᩝᨵ་᫙ᨕᨵ᫥ᨎ ᩶ᨓ᫥་᪄་᪠᪽᪄་᪣ᨕ᫞་᪄ᩏ་ᨵᨑ་᩶᪣ᨑ᪄་᫗ᨑᨵ་ᨵᨑ་᩼་ᩂ་᫄ᩏ་᪱་ᩂ་᪄ᨵ་ᨵᨑ་᫗ᨑᨵ་᫙ᨕ་᫕᪠ᨓ᪠᫥་᪣ᨓ᩶་᩹་ᩖᨑ᫕ᨑ་᪜ᨑ᫙་᪱་ᨺ᫙་᪍་᫗ᨑ᪄ᨎ ᨨ᩶་ᩚ་᫥ᨕ᪱་᫞་᫡ᨕ᩶ᨎ

  8. ཟུར་ལྟ། says:
    2008-06-18 at 5:47 pm

    ཨ་རོ། དེ་ག་རེ་རས། ངས་ཁྱོད་ལ་དབྱིན་ཡིག་འབྲི་མ་ཡོང་ཟེར་ལབ་པ་དང་། ཁྱོད་ཀྱིས་ཡི་གེ་གྲུ་བཞི་སྟོང་པ་དེ་འདྲ་འབྲི་དགོས་དོན་གང་། ད་ཁྱོད་དཀོན་མཆོག་གསུམ་ཚོད་ཟིན་ཨ། དེ་མིན་ན་ང་ཁྱོད་བཙན་བྱོལ་བོད་གཞུང་གི་ཁྲིམས་ཁང་ལ་སྦྱོར་ངེས་བར་བྱེད། 

  9. Tenzin Lhundup says:
    2008-06-18 at 11:40 pm

    sorry for that i don’t have TCRC font here, so i typed it in Monlam Bodyig 2, if you can’t read it,neither i won’t be in the court in exil coz i am in your home land Tibet now.
    PC;pay attention for your hand, also your mind, i don’t think you are right educated man. All of the words as like 5years old child’s speaking.

    Thank you for your teaching.

  10. ལྕང་མ། says:
    2008-06-19 at 1:07 am

    བོད་ཀྱི་བུ་ཚོས་ཕྱི་གླིང་མགོ་སེར་དག་ལ་ཆང་ས་རྒྱག་གི་ཡོད་པ་ནི་རང་ཉིད་ཀྱི་འཚོ་བ་ཁོ་ནའི་ཆེད་དུ་ཡིན་ལ། བུ་མོ་ཚོ་ཡང་དེ་ལྟར་ཡིན་རྒྱུ་རེད་བསམ་ཡོད། ཡིན་ནའང༌། མི་ལ་ཤས་ཤིག་གི་བཤད་པ་ལྟར་ན། བུ་དང་བུ་མོ་གཉིས་ཀྱི་དམིགས་ཡུལ་དང་བསམ་འདུན་གཅིག་པ་མིན་པར། བུ་མོ་ཚོས་ནི་གཙོ་བོ་ཕྱི་གླིང་བ་དག་གི་འཇེ་ཆེ་ལ། རྒྱོ་རྒྱག་པར་དགའ་བ་སོགས་ལ་དམིགས་ནས་ཆང་ས་རྒྱག་གི་ཡོད་ནི་རེད་ཅེས་བཤད་ཀྱི་འདུག སྐབས་རེར་བལྟས་ཚེ་བདེན་པའི་ཟོལ་འདྲ་བོ་འདུག གང་གིས་བཤད་ན། རྡ་རམ་ས་ལའི་བུ་མོ་མང་པོ་ཞིག་གིས་རྒྱ་གར་བ་ཚོ་དང་ཕྱི་རྒྱལ་མགོ་སེར་དག་ལ་བོད་པའི་ཕོ་གསར་ཚོའི་འཇེ་ཆུང་ལ་ཐུང་དྲགས་པས་སྐྱིད་པོ་མི་འདུག་ཅེས་མང་པོ་བཤད་འདུག རྒྱུ་མཚན་དེ་ལྟར་ཡིན་ནའང༌། ཁ་ནས་གསལ་བོ་བཤད་མ་ཐུབ་པར། བུ་མོ་ཁྱོད་ནང་བཞིན་བོད་པའི་ཕོ་གསར་ཚོས་རྡུང་བ་སོགས་ཀྱི་སྐྱོན་གཞན་ལ་ཁ་གཡར་མཁན་མང་པོ་ཡོད། དཔེར་ན་ཁྱོད་ལྟ་བུ་རེད།
    མ་གཞི་ནས་བོད་པའི་ཕོ་གསར་ཚོའི་འཇེ་ཕྱི་གླིང་བ་དང་རྒྱ་གར་བ་ཚོ་ལས་ཆུང་ཆུང་ཡིན་པ་དངོས་ནས་རེད་ལ། ལྷག་པར་དུ་གཞི་ཆགས་ཕོ་གསར་ཚོའི་འཇེ་ལ་ཤུགས་ཀྱང་དེ་ཙམ་མེད་པར་བཤད་ཀྱི་འདུག་པས། ཁྱོད་ཚོར་ཡང་ཁག་མི་འདུག དྲང་མོ་བཤད་ན། མི་ཚེ་འདིའི་མི་རྣམས་འདི་ལྟར་འཚོ་དགོས་པ་དེ་འཇེ་དང་སྙ་མའི་ཆེད་ཁོ་ན་ཡིན་པས་སོ།། དེ་མིན་ཁྱོད་ཀྱིས་ཕྱི་གླིང་པ་ཚོར་འདི་འདྲའི་ངོ་བསྟོད་གནམ་སར་མི་ཤོང་བ་ཞིག་བཤད་དགོས་པའི་རྒྱུ་མཚན་རྩ་བ་ཉིད་ནས་རྙེད་ཀྱི་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme