Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་གསར་བསྡུའི་གསལ་བསྒྲགས།

Posted on 2010-10-162010-10-16 By འཚོ་བྱེད་བུ 11 Comments on ༄༅། །བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་གསར་བསྡུའི་གསལ་བསྒྲགས།

བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་ ༡༧ གསར་བསྡུ་བྱ་རྒྱུ་ཡིན་ན། བོད་ཀྱི་གསོ་བ་རིག་པར་སློབ་གཉེར་གནང་འདོད་ཡོངས་ཀྱིས་གཤམ་གསལ་དོན་གནད་ཁག་ལ་ཐུགས་སྣང་ཡོང་བ་ཞུ།

ས་མིག་དང་སློབ་མའི་གྲངས་ཚད།

Download form

སྨན་རྩིས་མཐོ་སློབ་ཀྱི་སློབ་མའི་སྡོད་ཁང་དང་འཛིན་ཁང་སོགས་ཕྱོགས་ཡོངས་སྟབས་བསྟུན་གྱིས་སྨན་རྩིས་སློབ་མའི་གྲངས་ཚད་སྐབས་སོ་སོར་འབྲེལ་ཡོད་འཛིན་སྐྱོང་ནས་གཏན་འབེབས་ཀྱིས་གསར་བསྡུ་བྱ་རྒྱུ་ཡིན་ཡང་ད་ལྟའི་ཆར་སྨན་སློབ་ཁོངས་སུ།
ཀ         བོད་ཕྱི་ནང་གི་བོད་ཕྲུག་ཕོ་མོ་དབྱེར་མེད་ལ་ས་མིག་་་་་་་་་་་་་་་་་་་་་་་་་་༢༠
ཁ         ཕྱི་རྒྱལ་མི་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ལ་ས་མིག་་་་་་་་་་་་་་་་་་་་་་་༡ + ༢
ག         སྨན་རྩིས་ཁང་གི་ལས་བྱེད་པའི་བུ་ཕྲུག་ལ་ས་མིག་་་་་་་་་་་་་་་་་་་་་་་་་་་་་་༠༢

རྒྱུགས་གཞི་དང་དེའི་ཐོབ་གྲངས་བརྒྱ་ཆ།
༡          སུམ་ཅུ་པར་ཐོབ།་་་་་་་་་་་་་་་་་་་་་་་་་་་་་་་༡༥ %
༢         རྟགས་འཇུག་ལ་ཐོབ།་་་་་་་་་་་་་་་་་་་་་་་་་༡༥%
༣         སྤྱིའི་ཤེས་བྱ་ལ་ཐོབ།་་་་་་་་་་་་་་་་་་་་་་་་་་་༢༥ %
༤         རྩོམ་ཡིག་ལ་ཐོབ།་་་་་་་་་་་་་་་་་་་་་་་་་་་་་་་༢༥ %
༥         དབྱིན་ཡིག་ལ་ཐོབ།་་་་་་་་་་་་་་་་་་་་་་་་་་་་༡༥ %
༦         ངག་རྩལ་རྒྱུགས།་་་་་་་་་་་་་་་་་་་་་་་་་་་་་་་་་་༥ %
༧         ཚན་རིག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་༥%       སྨན་སློབ་ལ་(Medical Science)

བོད་མི་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།

ཀ         དོ་བདག་ནས་དང་བླངས་དཔྱ་ཁྲལ་དུས་ཐོག་ཕུལ་པའི་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར།
ཁ         བུ་ལོན་སྒྲུབ་འཇལ་བྱ་དགོས་ཀྱི་རྙོག་གླེང་དང༌། བོད་ཀྱི་རྩ་དོན་ལ་གནོད་གཞིའི་བྱ་སྤྱོད་རིགས་སྤེལ་མྱོང་མེད་པའི་ས་གནས་འགོ་འཛིན་དང༌། ས་གནས་འགོ་འཛིན་མེད་སར་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར།
ག         རང་ལོ་ཉེར་ལྔ་ལས་མ་བརྒལ་བ་དགོས།
ང         གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་
(R.C)ཡོད་པ།
ཅ         རང་ཉིད་གཟུགས་ཐང་ལས་འཕེར་ཡིན་པ་སྨན་པ་ཚད་ལྡན་གྱི་ངོས་སྦྱོར།
ཆ         རིག་འཚོ་མ་ཟིན་པ་དང་དབང་པོ་སྐྱོན་ཅན་མ་ཡིན་པ།
ཇ         དམའ་མཐར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དང༌། སློབ་གྲྭ་གང་ནས་ཐོན་པའི་ངོས་སྦྱོར། རྒྱུགས་འབྲས་ཐོབ་ཁྲ། སྤྱོད་ལམ་གྱི་ལག་འཁྱེར་བཅས་དགོས། འཛིན་གྲྭ་བཅུ་གཉིས་པའི་ཡིག་རྒྱུགས་གཏོང་བཞིན་པ་རྣམས་ལ་གོང་འཁོད་ལག་འཁྱེར་རྣམས་ཡིག་རྒྱུགས་གྲུབ་འབྲས་ཐོན་རྗེས་འབུལ་འཐུས་ཆོག་ཀྱང་སློབ་གྲྭ་སོ་སོའི་ངོས་སྦྱོར་རེ་འདི་གར་ངེས་པར་དུ་འབུལ་དགོས།
ཉ         གསར་ཞུགས་སློབ་མ་གང་ཞིག་ཉམ་ཐག་ཡིན་ཚེ། བོད་གཞུང་ནང་ཤེས་འཕྲོད་གསུམ་གྱི་དབུས་ཉམ་ཐག་ཚོགས་ཆུང་གི་ཐོ་འགོད་ནང་གསལ་བཞིན་ཉམ་ཐག་དངོས་འབྲེལ་ཡིན་པའི་བོད་གཞུང་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་གཉེར་ངོས་སྦྱོར་འབུལ་དགོས།

ཧི་མ་ལ་ཡའི་རི་བརྒྱུད་དང་ཕྱི་རྒྱལ་མི་རིགས་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།

ཀ        བོད་ཀྱི་སྨན་རྩིས་རིག་པར་སློབ་གཉེར་བྱ་འདུན་མཆིས་པའི་ཕྱི་རྒྱལ་བ་དང་ཧི་མ་ལ་ཡའི་རི་བརྒྱུད་ཁོངས་ཀྱི་སློབ་མ་རྣམས་ལ་དམའ་མཐར་འཛིན་གྲྭ་བཅུ་གཉིས་ཐོན་པའི་ལག་འཁྱེར་ངེས་པར་དགོས།
ཁ         བོད་ཀྱི་སྐད་ཡིག་འབྲི་ཀློག་ཤེས་དགོས་པར་མ་ཟད་སློབ་ཕྲུག་སྤྱི་མཚུངས་ལྟར་ཚུད་རྒྱུགས་ངེས་པར་གཏོང་དགོས།
ག         ཕྱི་རྒྱལ་བ་ཡིན་ཚེ་རང་ཉིད་གནས་ཡུལ་རྒྱལ་ཁབ་དེའི་ནང་ངམ། ཉེ་འཁོར་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡོད་ན་དང༌། དེ་མིན་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་རུང་གི་རྒྱབ་གཉེར་ངོས་སྦྱོར་དགོས།
ང         རྒྱ་གར་དུ་ལོ་དྲུག་སློབ་སྦྱོང་བྱ་ཆོག་པའི་སློབ་གཉེར་མཐོང་མཆན་ (Student Visa) ངེས་པར་དུ་ཡོད་དགོས་པ་དང༌། དུས་ཚོད་འཕར་འགྱངས་བྱ་རྒྱུ་སོགས་དོ་བདག་སོ་སོས་འགན་ལེན་བྱེད་དགོས་པ་ལས་འདི་ལས་ནས་འགན་ལེན་ཞུ་རྒྱུ་མིན།
ཅ       ཧི་མ་ལ་ཡ་རི་བརྒྱུད་ཁོངས་ཡིན་པ་རྣམས་ལ་རང་ཉིད་གནས་ཡུལ་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱི་དགག་ཆ་མེད་པའི་རྒྱབ་གཉེར་ཡིག་དཔང་ཚད་ལྡན་དགོས་པའི་ཐོག་འོས་འཕེན་ལག་འཁྱེར་
(Voting Card) ངོ་མ་ངེས་པར་དུ་དགོས།
ཆ         ཧི་མ་ལ་ཡའི་རི་བརྒྱུད་དང་ཕྱི་རྒྱལ་མི་རིགས་རྣམས་ཀྱི་སློབ་ཡོན་སོགས་རང་ཁུངས་ནས་དུས་ཐོག་སོ་སོར་འབུལ་དགོས།
ཇ         སློབ་ཁོངས་སུ་ཚུད་པར་མ་མཐར་བརྒྱ་ཆ་ལྔ་བཅུ་ལོན་དགོས་པ་དང༌། དེ་ཡང་བརྒྱ་ཆ་མཐོ་རིམ་བཞིན་སློབ་འཇུག་བྱ་རྒྱུ།

འཛུལ་རྒྱུགས་འགེངས་ཤོག་འབྱོར་ཚེས་མཐའ་མ།

༡        འཛུལ་རྒྱུགས་གཏོང་འདོད་ཡོད་པ་རྣམས་ནས་འགེངས་ཤོག་རྡ་ས་བོད་གཞུང་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་བཞེས་རྒྱུའམ། ཡང་ན་སྨན་རྩིས་ཁང་གི་དྲ་རྒྱ་ (www.men-tsee-khang.org) ནས་ཕབ་བཤུས་གནང་དགོས་པ་དང༌། འགེངས་ཤོག་གི་ནང་དོན་འཚེམས་ལུས་མེད་པར་བཀང་སྟེ་གཤམ་གསལ་དུས་བཀག་ནང་ཚུན་སློབ་སྤྱིའི་ཡིག་ཚང་དུ་འབྱོར་ཐུབ་པ་དགོས་རྒྱུ་ལས། དེ་ལས་འགྱངས་ཚེ་ངོས་ལེན་བྱ་རྒྱུ་མིན།
༢        འཛུལ་རྒྱུགས་འགེངས་ཤོག་སྦྲག་ཐོག་གམ་མི་འགྲོའི་བརྒྱུད་བཏང་སྟེ་བོད་གཞུང་སྨན་རྩིས་མཐོ་སློབ་ཡིག་ཚང་དུ་འཕྲོད་འབྱོར་མ་བྱུང་བར་ལམ་བར་བོར་བརླག་སོང་རིགས་ལ་འདི་ལས་ནས་འགན་ལེན་བྱ་རྒྱུ་མིན།
༣         ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༥ ནས་ཕྱི་ལོ་ ༢༠༡༡ ཟླ་ ༠༣ ཚེས་ ༣༠ བར་འཛུལ་རྒྱུགས་འགེངས་ཤོག་བསྡུ་ལེན་བྱ་རྒྱུ་དང༌། དངོས་གཞིའི་འཛུལ་རྒྱུགས་ཕྱི་ལོ་ ༢༠༡༡ ཟླ་ ༠༥ ཚེས་ ༠༣ – ༠༦ བར་གཏོང་གཏན་འཁེལ་པ་ཡིན།

འབྲེལ་བ་གནང་ཡུལ།

College Secretary
Tibetan Medical & Astro. College
Gangchen Kyishong-176215
Dharamsala (H.P.) INDIA
Phone: 01892-307068,307069,223113,223222
Fax: 01892-224116

Email: tmaicollege@yahoo.com

བོད་གཞུང་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་ ༢༠༡༠ ཟླ་ ༠༩ ཚེས་ ༡༠ ལ།།

http://www.men-tsee-khang.org/announcement/college-ad-2010.htm

གསལ་བསྒྲགས།

Post navigation

Previous Post: མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ། དང་པོ།
Next Post: རྡ་རམ་ས་ལའི་སྨུག་སྤྲིན་གྱི་གསེང་ནས་ གྲོགས་པོ་བོན་རྒྱ་བ་འཚོལ་བ།

Comments (11) on “༄༅། །བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་གསར་བསྡུའི་གསལ་བསྒྲགས།”

  1. མཐའ་མཚམས་ཀྱི་ཕོ་ཉ། says:
    2010-10-16 at 10:04 am

    བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་གྱི་མིང་ཙམ་འཛིན་པའི་སྨན་པ་རྟ་མགྲིན་གྱིས་དབྱིན་ཡིག་ཡག་པོ་ཤེས་དགོས་པ་མ་གཏོགས་བོད་སྨན་ཡག་པོ་ཤེས་མི་ཐུབ་ཅེས་གཏམ་བཤད་ཅིག་ཡོད་རབ་ཐོས་དུས་བོད་གཞུང་སྨན་རྩིས་ཁང་གང་འདྲ་ཞིག་འགྱུར་འགྲོ་བསམ་པའི་སེམས་ཚོར་དྲག་པོ་བྱུང་།

  2. དབང་འདུས། says:
    2010-10-16 at 11:02 am

    གསར་བསྒྲགས་བཀླགས་ཟིན།

  3. ཨ་ཕོ་མཐུ་ཆེན། says:
    2010-10-16 at 11:48 am

    རིག་གསར་ལ་ཤེས་སྟོབས་ལྡན་ཞིང་རང་གི་རིག་གཞུང་ལ་སྦྱངས་པ་གནང་འདོད་ཡོད་མཁན་ཤ་སྟག་ཡོང་བའི་སྨོན་འདུན་ཡོད།

  4. དོལ་སྨྱོན། says:
    2010-10-17 at 2:15 pm

    མཐའ་མཚམས་ཀྱི་ཕོ་ཉས་བཤད་པ་དེ་བདེན་པ་རེད།
    རྟ་མགྲིན་གྱི་མགྲིན་པ་ནས་བཟོད་པར་དཀའ་བའི་རྟ་སྐད་ཅིག་རྒྱབ་པ་ནི།
    བོད་སྨན་སྦྱོང་བ་ལ་བོད་ཡིག་གི་ཤེས་ཚད་ལས་དབྱིན་ཡིག་གི་ཤེས་ཚད་གལ་ཆེ་བའི་གཏམ་བཤད་དེ་རེད།
    ད་དུང་ཚོགས་འདུ་ཞིག་གི་ནང་དུ་ཁོང་གིས་གཏམ་བཤད་ཅིག་སྤེལ་བའི་སྐབས།
    ཁོང་གི་རྩོམ་ཤོག་ལ་དག་ཆ་དང་ཚིག་སྦྱོར་སོགས་ཀྱི་ཐད་ལ་སྐྱོན་པ་ཧ་ཅང་མང་པོ་ཞིག་ཡོད་པ་ངས་དངོས་སུ་མཐོང་བྱུང་། སྤྱིར་སྐད་ཡིག་སྣ་འཛོམས་ཤེས་དགོས་པ་ནི་གལ་ཆེན་ལོས་ཡིན།
    འོན་ཀྱང་བོད་སྨན་གཞུང་ལུགས་ལེགས་པར་ཤེས་དགོས་ན་ངེས་པར་དུ་རིག་གནས་སྤྱི་དང་ལྷག་པར་དུ་ནང་ཆོས་གང་འཚམ་མ་ཤེས་ཐབས་མེད་རེད། རྒན་རིན་པོ་ཆེས་ རིག་གནས་སྤྱི་ལ་གོ་བ་གཏན་པོ་ཞིག་མ་བྱུང་ན་སྨན་གཞུང་གི་རྩ་ཚིག་ལན་བརྒྱ་ལ་སྐྱོར་ཡང་གོ་རྒྱུ་ཅང་མེད་ ཅེས་གསུངས་པ་ནི་རང་ཉིད་ཀྱིས་རིག་པ་འདི་ཡི་གནད་དོན་རྟོགས་ཤིང་གཞན་ལའང་ལེགས་པར་འདོམས་པའི་གསུང་ཞིག་རེད། སྤྱིར་སྐྱབས་བཅོལ་བའི་སྨན་པ་ཚོས་ནང་ཆོས་ཡག་པོ་ཞིག་ཤེས་ཀྱི་མེད་པ་དང་ལྷག་པར་དུ་དག་ཆའི་ཐད་ཤིན་ཏུ་ནས་སྐྱོ་བས་རྗེས་འཇུག་སྨན་སློབ་རྣམས་ནས་ངེས་པར་དུ་ཟབ་དགོས་འདུག གཞན་ཡང་དགོད་ཤོར་བ་དང་ངུ་ཤོར་བའི་གནས་ཚུལ་མང་པོ་གོ་རྒྱུ་འདུག་ཀྱང་གནས་སྐབས་དེ་ཙམ་མོ།།

  5. དམུ་ཐག་དཀར་པོ། says:
    2010-10-23 at 8:47 am

    སྨན་པ་ཚོར་ཞུ་འཕྲིན།
    བཙན་བྱོལ་དུ་ཆེས་མཐོའི་སྨན་ལྷན་ཆེད་འཛུགས་བྱས་པ་ནས་བོད་ཀྱི་གསོ་རིག་བསྟན་པའི་འཕེལ་རྒྱས་ཐད་དབང་ལུང། ཟབ་སྦྱོང། བགྲོ་གླེང། སློབ་ཚན་བསྐྱར་ཞིབ། སྨན་པའི་སྤུས་ཚད། ཁྲིམས་ཐོག་དེབ་སྐྱེལ་སོགས་ལས་གཞི་གསར་བ་གང་མང་ཞིག་མགོ་འཛུགས་གནང་དང་གནང་མུས་ཡོད་པ་ནི་བསྔགས་བརྗོད་དང། སྨན་ལྷན་ཆེད་འཛུགས་བྱས་པའི་དོན་སྙིང་ཡང་རེད།
    ད་ཐེངས་ཀྱི་ཚོགས་ཆེན་འདི་ལྟབུ་འཚོགས་སྐབས་བོད་ལ་སྨན་པ་མང་ཡང་འབྲི་རྩལ་ཚིག་སྦྱོར་ལེགས་པའི་སྨན་པ་ཉུང་བ། སྤྱི་ཕན་ལྷག་བསམ་ཆེ་བའི་སྨན་པ་ཉུང་བ། གཞུང་དོན་འཆད་རྩོམ་མཁས་པའི་སྨན་པ་ཉུང་བ། ལག་ལེན་མཐོང་ཆོས་མང་བའི་སྨན་པ་ཉུང་བ། བཤལ་སྐྱུག་གཏར་བསྲེག་མཁས་པའི་སྨན་པ་ཉུང་བ། མདོར་ན་རིག་པའི་གནས་བཅུ་ཕྲག་ལ་བྱང་བའི་སྨན་པ་ཤིན་ཏུ་ཉུང་བའི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་བཅས་གང་ཡིན་སྐོར་ལ་བརྟག་དཔྱད་དང་སྨན་བཅོས་ཤིག་བྱེད་རན་མི་འདུག་གམ།
    ངའི་བསམ་པར་ནད་པ་ལ་བརྟག་དཔྱད་སྨན་བཅོས་མ་བྱས་པའི་གོང་དུ་སྨན་པའི་ཤེས་ཚད། འཇོན་ཐང་། ལྷག་བསམ་སོགས་ལ་བརྟག་དཔྱད་དང་སྨན་བཅོས་དགོས་ཤིང། དེའི་འགན་གཙོ་བོ་སྨན་པའི་ལྷན་ཚོགས་དང་། སྨན་པ་རྒན་གྲས། སྨན་པའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་འཁྲི་བ་རེད། སྤྱིར་ཝཎ་མཐོ་སློབ་ཀྱི་གསོ་རིག་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་ལྟབུ་མཁས་གྲུབ་གཉིས་ལྡན་གྱི་སྨན་པ་འགའ་ཤས་ཡོད་ཀྱང། དེ་འདྲའི་རིགས་རེ་འགའ་ལས་གཞན་སྨན་པའི་མིང་ཙམ་དུ་སོང་ན་ཉིན་གཅིག ཙུ་ཏུའི་ཡུལ་དུ་བྱིན་པ་ན།།རྐང་གཉིས་པ་ལ་མིར་མི་བརྩི།། ཞེས་པའི་དཔེ་ལྟར་དུ་འགྱུར་ངེས་རེད།
    དེ་མཚུངས་བཙན་བྱོལ་ནང་སྨན་པའི་གྲངས་ཀ་མང་དུ་འགྲོ་བ་དང་ཆབས་ཅིག་སྨན་པའི་སྤུས་ཀ་སྐྱོ་རུ་འགྲོ་བཞིན་པའི་རྣམ་འགྱུར་ཞིག་ཐོན་འདུག འདིའི་འབྱུང་རྐྱེན་གཙོ་བོ་སློབ་མ་བསྡུ་ཕྱོགས། སློབ་ཚན་གཏན་འབེབས། སྨན་པའི་སློབ་གསོ་བཅས་ཀྱིས་མ་འདང་བས་ཡིན་ངེས། བོད་སྨན་འདི་བོད་ཀྱི་སྐད་ཡིག་གི་སྟེང་ནས་སྦྱོང་གི་ཡོད་པས་བརྡ་སྐད་སྙན་སུམ་དང་ནང་ཆོས་སོགས་རྨང་གཞི་ཤེས་ཚད་བཅས་ལ་སློབ་གྲྭ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་གོ་རྟོགས་དགོས་ངེས་རེད། ད་ལྟའི་སྨན་རྩིས་ཁང་ལ་དཔེར་བླངས་ཏེ་སློབ་མ་བསྡུ་ཕྱོགས་ལྟར། གཞི་རིམ་འཛིན་གྲྭ་བཅུ་གཉིས་ཐོན་ཙམ་ལ་ཆ་བཞག་སྟེ་མུ་མཐུད་ཕྱིན་པ་ཡིན་ན་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཉག་ཕྲ་རུ་ཕྲ་རུ་འགྲོ་རྒྱུ་དེ་ད་ལྟའི་གནས་བབས་ལས་སྔོན་དཔག་བྱེད་ཐུབ། སྤྱིར་དབྱིན་ཇིའི་སྐད་ཡིག་གལ་ཆེ་བ་བདེན་པ་རེད། ཡིན་ན་འང་གལ་ཆེ་བ་ཐམས་ཅད་ཤེས་དགོས་ན། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང།། ཞེས་པ་ལྟར་རེད། མ་ཟད་སྨན་གཞུང་ན་ཡོད་པའི་ལག་ལེན་ཆེས་མང་པོ་ཞིག་དང་སྨན་པ་གཉིས་ཀྱི་བར་དུ་སྟོང་ཆ་བསུབ་དཀའ་བ་ཞིག་ཡོད་པ་དེ་གང་ནས་བྱུང་བ། ཅིའི་ཕྱིར་བྱུང་བ། ཇི་ལྟར་ཁ་བསྐང་དགོས་མིན་སྐོར་ད་ཐེངས་ཀྱི་ཚོགས་ཆེན་འདི་ལྟབུའི་བརྗོད་བྱས་ན་མི་འོས་སམ།
    མཐའ་དོན། རྒྱ་ནག་གི་ཁྲིམས་ཀྱིས་བོད་ཡིག་ཉམས་དམས་སུ་གཏོང་བ་དང། བོད་ཀྱི་སྨན་པ་ཚོས་རང་གི་བརྡ་སྤྲོད་སྙན་སུམ་ཟུར་དུ་འཇོག་པ་གཉིས་ངོ་བོ་གཅིག་ལྟབུར་འགྱུར་བཞིན་འདུག་ན་ངས་ཀྱང། བོད་ནང་གི་སློབ་ཕྲུག་ཚོའི་སྐད་གསང་ལ་ཉན་ཞོར་སྐད་འབོད་ཅིག་བྱས་པ་ཡིན།

  6. དམུ་ཐག་དཀར་པོ། says:
    2010-10-23 at 10:49 am

    མཐའ་མཚམས་ཕོ་ཉས་ཐོས་དོན་བདེན་པ་རེད།
    སྔར་སྨན་པའི་ཚོགས་ཆེན་ཞིག་ལ་ཟུར་ཉན་དུ་སོང་སྐབས།
    ཉིན་དེར་གཏམ་བཤད་པའི་གྲས་སུ་སྨན་པ་རྟ་མགྲིན་འདུག
    ཚོགས་འདུ་དེར་ཚོགས་ཞུགས་པ་སྨན་པ་དང་ཟུར་ཞུགས་པ་བརྒྱ་ཕྲག་ལྷག་འཛོམས་པའི་དབུས།
    སྨན་པ་རྟ་མགྲིན་གྱིས་བཤད་དོན་ལ། འཛིན་རིམ་བཅུ་གཉིས་ཀྱི་ལག་ཁྱེར་མེད་པ་དང་དབྱིན་ཡིག་མི་ཤེས་ཚེ་བོད་གཞུང་སྨན་རྩིས་ཁང་དུ་སློབ་གཉེར་བྱེད་པའི་ཐོབ་མེད། དེའི་སྒྲིག་འཛུགས་དེ་གཙོ་བོ་བཟོ་མཁན་ང་ཡིན་ཟེར། རྒྱུ་མཚན་གང་ཡིན་ཞེ་ན་སྨན་པ་ཐོན་རྗེས་དབྱིན་ཇི་མ་ཤེས་ན་འགྲིག་གི་མི་འདུག་ཟེར། བོད་ནས་ཡོང་མཁན་ལྟ་བུ་དབྱིན་སྐད་མི་ཤེས་མཁན་ཚོ་རྒྱལ་ས་ལྟབུའི་བརྟག་དཔྱད་སྨན་ཁང་དུ་བཏང་ཚེ་སྐད་ཀྱི་དཀའ་ངལ་ཕྲད་ཀྱི་འདུག དེའི་རྐྱེན་གྱིས་བཀག་སྡོམ་བྱས་པ་ཡིན་ཟེར། ཉན་ཚོད་ལ་བདེན་པ་འདྲ་བོ་དང་འདྲ་ཆགས་པོ་ཞིག་ཡོད་ཀྱང། དོན་དུ་རྒྱུ་མཚན་ཡང་དག་གང་ཡང་མེད་པའི་ཕྱོགས་རེས་ཀྱི་སྲིད་ཇུས་ཤིག་རེད།
    འོན་ཁྱོད་རང་ལ། དབྱིན་ཇི་ཤེས་པ་ཙམ་གྱིས་མི་ཐམས་ཅད་ལ་གོ་བརྡ་འཕྲོད་པས་ཁྱབ་པ་ཐལ། དབྱིན་ཇི་ཤེས་ན་དཀའ་ངལ་མི་ཕྲད་ལ་མ་ཤེས་ན་ཕྲད་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། དབྱིན་ཇི་ཤེས་པའི་སྨན་པ་ཆོས་ཅན། ཡོས་རོབ་ཀྱི་མི་ཐམས་ཅད་ལ་གོ་བརྡ་འཕྲོད་པར་ཐལ། དབྱིན་ཇི་ཤེས་པའི་ཕྱིར། མ་ཁྱབ་ཟེར་ན། འོན་བོད་སྨན་སྦྱང་བ་ལ་ཡོས་རོབ་སྐད་ཡིག་ཤེས་དགོས་པར་ཐལ། སྨན་པ་གང་ཞིག་ཡོས་རོབ་ཏུ་སོང་ཚེ་སྐད་ཀྱི་དཀའ་ངལ་ཕྲད་པའི་ཕྱིར། འདོད་ན། བོད་སྨན་སྦྱང་བ་ལ་སྐད་རིགས་བརྒྱ་ཕྲག་མི་ཤེས་སུ་མི་རུང་བར་ཐལ་ལོ།།

  7. ཨ་ཕོ་མཐུ་ཆེན། says:
    2010-10-23 at 1:01 pm

    དམུ་ཐག་དཀར་པོ་ལགས།
    1་དབྱིན་ཇི་མ་ཤེས་པ་དང་དེང་དུས་ཀྱི་སློབ་སྦྱོང་མེད་པའི་གྲྭ་ལོག་དང་རྙིང་ཞེན་གྱི་ཁྱུ་ཚོགས་དེ་ཚོའི་རྐྱེན་གྱིས་སྨན་རྩིས་ཁང་ཡར་རྒྱས་འགྲོ་ཐུབ་ཀྱི་མིན་འདུག དངོས་ཡོད་གནས་ཚུལ་ཡིན།
    ངས་ཁྱེད་ལ་མེད་ལུགས་གཅིག་བགྲང་ཡོད། ང་ལ་ཡོད་ལུགས་གཉིས་ཀྱི་འགྲེལ་བཤད་མི་དགོས།

  8. ལས་རླུང་། says:
    2010-10-23 at 1:59 pm

    དབྱིན་ཡིག་མ་ཤེས་ན་མི་འགྲིག་ས་ཡོད་ངེས་ཀྱང་། བོད་ཀྱི་སྨན་གཞུང་གི་བཤད་པ་དང་ལག་ལེན་གྱི་མྱོང་བ་གང་ཡིན་ཡང་། བོད་རང་གི་སྐད་ཡིག་གིས་ངོ་འཕྲོད་ཐུབ་པ་ཙམ་མ་ཟད་དབྱིན་ཡིག་སོགས་སྐད་ཡིག་གཞན་གྱིས་མཚོན་མི་ཐུབ་པའི་ཆ་གང་མང་ཞིག་བོད་ཡིག་གཅིག་བུས་ཉར་ནས་ཡོད་པ་ཨ་ཕོ་མཐུ་ཆེན་སོགས་ཨ་གསར་ཅན་ཚོས་ངེས་པར་ཐུགས་ལ་ཉར་ནས་གླེང་མོལ་བྱེད་རོགས།

    ཁྱེད་ཀྱིས་གསུངས་པ་ལྟར་སྨན་རྩིས་ཁང་། དབྱིན་ཡིག་མི་ཤེས་པའི་གྲྭ་ལོག་དང་ཀླད་རྙིང་མཁྲེགས་འཛིན་ཅན་ཚོའི་རྐྱེན་གྱིས་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པ་བདེན་སྲིད་ཀྱང་། དེ་ནི་གང་ཟག་གི་བར་གྱི་གནད་དོན་དང་གནས་སྟངས་ཤིག་ལས་བོད་ཀྱི་སྐད་ཡིག་རིག་གཞུང་གིས་འགོག་རྐྱེན་བཟོས་པ་ཞིག་མིན་པའང་ངེས་པར་དུ་མཁྱེན་དགོས།

  9. དམུ་ཐག་དཀར་པོ། says:
    2010-10-24 at 12:31 am

    ཨ་ཕོ་མཐུ་ཆེན་ལགས། ངས་བསྒུག་བསྡད་ཡོད་པའི་དྲི་བ་དེ་དེ་རེད། བོད་པའི་སྨན་པ་འགའ་ཞིག་གིས་རྩ་བའི་བསམ་བློ་གཏོང་ཕྱོགས་ནོར་བ་རེད། དང་པོ་སྨན་པ་ཞིག་ཡིན་ན་ཕྱི་ལུགས་ཀྱི་སྨན་པའི་ཟོལ་བྱེད་དགོས་བསམ་པ། གཉིས་པ་སྨན་པ་ཆགས་ན་ཕྱི་རྒྱལ་ལ་འགྲོ་དགོས་བསམ་པ། གསུམ་པ་ཕྱི་རྒྱལ་དུ་སླེབས་ན་དབྱིན་ཇི་མི་ཤེས་ཀྱང་ཤེས་ཁུལ་མ་བྱས་ན་འགྲིག་གི་མ་རེད་བསམ་པ། དེ་དག་གི་རྐྱེན་ལས་བོད་ཀྱི་སྨན་པ་དང་སྨན་གཞུང་གཉིས་ཀྱི་མཛའ་འབྲེལ་ཉིན་རེ་བཞིན་རློག་བཞིན་པ་དེ་རེད། འདི་ནས་ངས་ཀྱང་ཁྱེད་ལ་བསམ་ཚུལ་ཁ་ཤས་འདྲི་འདོད་བྱུང། ༡ བོད་ཀྱི་སྨན་པས་བོད་ཆས་གྱོན་པ། ལུས་ནད་གཉེན་པོའི་གནས་ལུགས་དང་དེ་མཚོན་པའི་བརྡ་དང་ཐ་སྙད་དམིགས་བསལ་ཡོད་པའི་རྐྱེན་གྱིས་བོད་ཀྱི་སྨན་པ་ཡིན་ན་དབྱིན་སྐད་དང་ཕྱི་ལུགས་ཀྱི་སྨན་གཞུང་ཤེས་པས་ཁྱབ་པ་ཡོད་པ་མ་རེད་ཅེས་འགྲེལ་བཤད་བརྒྱབ་ན་མི་འགྲིག་གམ། ༢ སྨན་པ་འགྲོ་ས་དང་ནད་པ་ཡོད་ས་འབྱོར་ལྡན་ལུང་བ་གཅིག་བུ་མིན་པར་ནད་པ་གང་ན་ཡོད་ན་འགྲོ་དགོས་སྙམ་པའི་ཀུན་སློང་དང་ལག་ལེན་ཡོད་ན་གོང་གི་དཀའ་ངལ་སེལ་བར་མི་ཕན་ནམ། ༣ རིག་གསར་ཤེས་དགོས་པ་བདེན་པ་རེད། དེ་ཤེས་པ་ལ་སྨན་པ་ཚོས་ཐབས་ཤེས་དུ་མ་བརྩམས་ཏེ་རིག་གསར་གྱི་ཤེས་ཡོན་ཁག་བོད་སྐད་དུ་ཕབ་བསྒྱུར་བྱས་ན་མི་འགྲིག་གམ། ཁྱོད་ཚོས་བོད་ཀྱི་སྨན་གཞུང་དབྱིན་སྐད་དུ་ཕར་བསྒྱུར་ན་ཆོག་ལ། ཚུར་བསྒྱུར་ན་མི་ཆོག་པ་དང་མི་ཐུབ་པའི་རྒྱུ་མཚན་ཅི་རེད། དེང་སང་སྐད་ཡིག་གཞན་ཏག་ཙམ་ཤེས་མཁན་ཚོ་བོད་ཀྱི་ཤེས་ཡོན་ཕར་འཚོང་མཁན་མ་གཏོགས་ཚུར་ཉོ་མཁན་མ་རེད་ཟེར་གྱི་ཡོད། དེ་བདེན་པ་རེད། ༤ ཁ་ནས་བོད་ཀྱི་སྨན་པ་ཡིན་ཟེར་གྱི་ཡོད་ཀྱང་། དོན་དུ་རང་རེའི་སྨན་གཞུང་གི་ལག་ལེན་རྣམས་ཕར་གཡུགས་ཏེ་ཕྱི་ལུགས་ཀྱི་ཐ་སྙད་ཕྲན་བུ་རེ་ལ་འགྲེལ་བཤད་མགོ་མེད་མཇུག་མེད་རེ་བརྒྱབས་ཏེ་དུས་ཚོད་བསྐྱལ་ན་བོད་ཀྱི་སྨན་པ་རེད་དམ།
    རང་གི་སྨན་གཞུང་ནས་བཤད་པའི་ན་ཚ་གང་ཡིན་ངོས་མ་ཟིན་གོང་ལ་དབྱིན་ཇིའི་ཐ་སྙད་འགའ་ཤས་བསྒྲིགས་ཏེ་ཞེ་བོ་གནས་ལུགས་ཟབ་མོ་རྟོགས་པའི་ཟོལ་གྱིས་འུད་ཤོད་ཀྱི་ཡོད། དངོས་གནས་ཕྱི་ལུགས་སྨན་པ་གྲགས་ཅན་ཞིག་གི་མདུན་དུ་སླེབས་ན་སེངྒེའི་མདུན་ལ་རི་བོང་ལྟར་འགྱུར་ངེས་ཡིན། དེས་ན་རང་རེའི་སྨན་གཞུང་གི་ཕུན་སུམ་ཚོགས་པའི་ལྟ་གྲུབ་དང་དེའི་ལག་ལེན་ཁྱད་པར་བ་རྣམས་ཡིག་ཐོག་ནས་ལག་ཐོག་ཏུ་བླངས་ཏེ་འཛམ་གླིང་ལ་བསྐོར་བ་བརྒྱབ་པ་ན། གཤོག་རྩལ་ཆེ་བའི་མཁའ་ལྡིང་བཞིན་དངོས་གནས་ལྟད་མོ་ཡོད་པ་རེད། དཔེར་ན་གོང་ས་མཆོག་དང་གྲྭ་སའི་དགེ་བཤེས་ཚོ་ལྟབུ་རེད།
    དེ་ལྟར་མ་ཡིན་པར་མགོ་ཡང་མོ་བྱེད་རྒྱུ་མང་དྲགས་ན། ལྷས་རང་མགོ་མི་ཐོན་ཀྱང་། འདྲེ་ལ་ཇུས་གཏོགས་ཞེས་དཔེ་ལྟར་དུ་མི་འགྱུར་རམ།
    ཨ་ཕོ་ལ་གུས་ཞབས་མེད་པར་གང་བྱུང་མ་བྱུང་བཤད་ཡིན། དགོངས་དག། རིག་གཞུང་གི་འགན་དབང་གི་ཆ་ནས་ཞུས་པ་ཡིན་དགོངས་འགལ་མེད་པར་ཞུ ཁྱེད་ལྟབུ་སྨན་པ་འགའ་ཞིག་གིས་འཕྲོད་བསྟེན་གྱི་ལས་ཁུར་བཞེས་ཏེ་དྲ་ཚིགས་སུ་ཕེབས་པ་དང་ཕྲན་ལ་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

  10. དམུ་ཐག་དཀར་པོ། says:
    2010-10-24 at 1:28 am

    དྲ་གྲོགས་ཨ་ཕོ་མཐུ་ཆེན་ལགས། ངས་བསྒུག་བསྡད་ཡོད་པའི་དྲི་བ་དེ་དེ་རེད། བོད་པའི་སྨན་པ་འགའ་ཞིག་གིས་རྩ་བའི་བསམ་བློ་གཏོང་ཕྱོགས་ནོར་བ་རེད། དང་པོ་སྨན་པ་ཞིག་ཡིན་ན་ཕྱི་ལུགས་ཀྱི་སྨན་པའི་ཟོལ་བྱེད་དགོས་བསམ་པ། གཉིས་པ་སྨན་པ་ཆགས་ན་ཕྱི་རྒྱལ་ལ་འགྲོ་དགོས་བསམ་པ། གསུམ་པ་ཕྱི་རྒྱལ་དུ་སླེབས་ན་དབྱིན་ཇི་མི་ཤེས་ཀྱང་ཤེས་ཁུལ་མ་བྱས་ན་འགྲིག་གི་མ་རེད་བསམ་པ། དེ་དག་གི་རྐྱེན་ལས་བོད་ཀྱི་སྨན་པ་དང་སྨན་གཞུང་གཉིས་ཀྱི་མཛའ་འབྲེལ་ཉིན་རེ་བཞིན་རློག་བཞིན་པ་དེ་རེད། འདི་ནས་ངས་ཀྱང་ཁྱེད་ལ་བསམ་ཚུལ་ཁ་ཤས་འདྲི་འདོད་བྱུང། ༡ བོད་ཀྱི་སྨན་པས་བོད་ཆས་གྱོན་པ། ལུས་ནད་གཉེན་པོའི་གནས་ལུགས་དང་དེ་མཚོན་པའི་བརྡ་དང་ཐ་སྙད་དམིགས་བསལ་ཡོད་པའི་རྐྱེན་གྱིས་བོད་ཀྱི་སྨན་པ་ཡིན་ན་དབྱིན་སྐད་དང་ཕྱི་ལུགས་ཀྱི་སྨན་གཞུང་ཤེས་པས་ཁྱབ་པ་ཡོད་པ་མ་རེད་ཅེས་འགྲེལ་བཤད་བརྒྱབ་ན་མི་འགྲིག་གམ། ༢ སྨན་པ་འགྲོ་ས་དང་ནད་པ་ཡོད་ས་འབྱོར་ལྡན་ལུང་བ་གཅིག་བུ་མིན་པར་ནད་པ་གང་ན་ཡོད་ན་འགྲོ་དགོས་སྙམ་པའི་ཀུན་སློང་དང་ལག་ལེན་ཡོད་ན་གོང་གི་དཀའ་ངལ་སེལ་བར་མི་ཕན་ནམ། ༣ རིག་གསར་ཤེས་དགོས་པ་བདེན་པ་རེད། དེ་ཤེས་པ་ལ་སྨན་པ་ཚོས་ཐབས་ཤེས་དུ་མ་བརྩམས་ཏེ་རིག་གསར་གྱི་ཤེས་ཡོན་ཁག་བོད་སྐད་དུ་ཕབ་བསྒྱུར་བྱས་ན་མི་འགྲིག་གམ། ཁྱོད་ཚོས་བོད་ཀྱི་སྨན་གཞུང་དབྱིན་སྐད་དུ་ཕར་བསྒྱུར་ན་ཆོག་ལ། ཚུར་བསྒྱུར་ན་མི་ཆོག་པ་དང་མི་ཐུབ་པའི་རྒྱུ་མཚན་ཅི་རེད། དེང་སང་སྐད་ཡིག་གཞན་ཏག་ཙམ་ཤེས་མཁན་ཚོ་བོད་ཀྱི་ཤེས་ཡོན་ཕར་འཚོང་མཁན་མ་གཏོགས་ཚུར་ཉོ་མཁན་མ་རེད་ཟེར་གྱི་ཡོད། དེ་བདེན་པ་རེད། ༤ ཁ་ནས་བོད་ཀྱི་སྨན་པ་ཡིན་ཟེར་གྱི་ཡོད་ཀྱང་། དོན་དུ་རང་རེའི་སྨན་གཞུང་གི་ལག་ལེན་རྣམས་ཕར་གཡུགས་ཏེ་ཕྱི་ལུགས་ཀྱི་ཐ་སྙད་ཕྲན་བུ་རེ་ལ་འགྲེལ་བཤད་མགོ་མེད་མཇུག་མེད་རེ་བརྒྱབས་ཏེ་དུས་ཚོད་བསྐྱལ་ན་བོད་ཀྱི་སྨན་པ་རེད་དམ།
    རང་གི་སྨན་གཞུང་ནས་བཤད་པའི་ན་ཚ་གང་ཡིན་ངོས་མ་ཟིན་གོང་ལ་དབྱིན་ཇིའི་ཐ་སྙད་འགའ་ཤས་བསྒྲིགས་ཏེ་ཞེ་བོ་གནས་ལུགས་ཟབ་མོ་རྟོགས་པའི་ཟོལ་གྱིས་འུད་ཤོད་ཀྱི་ཡོད། དངོས་གནས་ཕྱི་ལུགས་སྨན་པ་གྲགས་ཅན་ཞིག་གི་མདུན་དུ་སླེབས་ན་སེངྒེའི་མདུན་ལ་རི་བོང་ལྟར་འགྱུར་ངེས་ཡིན། དེས་ན་རང་རེའི་སྨན་གཞུང་གི་ཕུན་སུམ་ཚོགས་པའི་ལྟ་གྲུབ་དང་དེའི་ལག་ལེན་ཁྱད་པར་བ་རྣམས་ཡིག་ཐོག་ནས་ལག་ཐོག་ཏུ་བླངས་ཏེ་འཛམ་གླིང་ལ་བསྐོར་བ་བརྒྱབ་པ་ན། གཤོག་རྩལ་ཆེ་བའི་མཁའ་ལྡིང་བཞིན་དངོས་གནས་ལྟད་མོ་ཡོད་པ་རེད། དཔེར་ན་གོང་ས་མཆོག་དང་གྲྭ་སའི་དགེ་བཤེས་ཚོ་ལྟབུ་རེད།
    དེ་ལྟར་མ་ཡིན་པར་མགོ་ཡང་མོ་བྱེད་རྒྱུ་མང་དྲགས་ན། ལྷས་རང་མགོ་མི་ཐོན་ཀྱང་། འདྲེ་ལ་ཇུས་གཏོགས་ཞེས་དཔེ་ལྟར་དུ་མི་འགྱུར་རམ།
    ཨ་ཕོ་ལ་གུས་ཞབས་མེད་པར་གང་བྱུང་མ་བྱུང་བཤད་ཡིན། དགོངས་དག། རིག་གཞུང་གི་འགན་དབང་གི་ཆ་ནས་ཞུས་པ་ཡིན་དགོངས་འགལ་མེད་པར་ཞུ ཁྱེད་ལྟབུ་སྨན་པ་འགའ་ཞིག་གིས་འཕྲོད་བསྟེན་གྱི་ལས་ཁུར་བཞེས་ཏེ་དྲ་ཚིགས་སུ་ཕེབས་པ་དང་ཕྲན་ལ་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

  11. དོལ་སྨྱོན། says:
    2010-10-24 at 1:36 am

    སྨན་པ་རྟ་མགྲིན་གྱིས་ཡིག་ནོར་བརྒྱ་ཕྲག་ལས་གྲུབ་པའི་རྙོག་བཤད་དེ། ད་ཆ་ཕྲན་གྱི་ལག་ཏུ་དངོས་སུ་འབྱོར་ཀྱང་། (font) གློག་ཀླད་ཡིག་གཟུགས་མི་འདྲ་བའི་རྐྱེན་གྱིས་འདིར་དངོས་སུ་འགོད་ཐུབ་མ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme