Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ། དང་པོ།

Posted on 2010-10-162010-11-07 By ཡེ་ཤེས་ 5 Comments on མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ། དང་པོ།

firewomansm
ཀླུ་སྨྱོན།
སྙིང་གི་རྩ་མདུད་གྲོལ་བའི་ཆེད། །
རྩ་གསུམ་ལྷ་ལ་གསོལ་བཏབ་པས། །
རང་སྣང་ཌྰ་ཀིའི་གཟི་བྱིན་འབུམ། །
འཇའ་འོད་ཀློང་ནས་ས་ལ་བབས། །
རྡུལ་བྲལ་འཇིག་རྟེན་དཀར་པོའི་ཞིང་། །
ངོ་མཚར་ཌྰ་ཀིའི་ཞིང་ཁམས་སུ། །
གཅིག་དང་དུ་མར་འཕྲུལ་བའི་གར། །
རྡོ་རྗེའི་རོལ་བ་འབྱམས་སུ་ཀླས། །
འདོད་པའི་མྱོས་བུམ་མཁྲངས་ཟླུམ་ཞིང་། །
བྷ་གའི་དཀྱིལ་འཁོར་ཆེར་གདངས་པའི། །
དགའ་མ་བྱུ་རུའི་མདོག་ཅན་ཞིག །
སྒྱུ་རྩལ་དྲུག་ཅུའི་ཀློང་ན་བརྒྱལ། །
མ་དག་སྒྱུ་ལུས་འདོར་བ་དང་། །
དག་པའི་གཟིགས་མོར་རོལ་བའི་ཕྱིར། །
ཡང་ཡང་གསོལ་བ་བཏབ་པ་དང་། །
སྒོ་གསུམ་དཀྱིལ་འཁོར་མཆོད་པར་བཤམས། །
སྙིང་གི་དཀྱིལ་ནས་ཁྲག་ཕྱུངས་ཏེ། །
ས་གཞིར་མནཌལ་དམར་པོ་བྲིས། །
ཀླད་པ་དུང་ཁང་གཏོར་བྱས་ནས། །
ཀླད་ཞོ་ཚོགས་ཀྱི་རྫས་སུ་བཤམས། །
རྣལ་འབྱོར་ཡོངས་ཀྱི་རྒྱལ་པོ་སྟེ། །
བླ་མ་ཧེ་རུ་ཀ་དཔལ་གྱིས། །
མི་རྐང་གླིང་བུ་ཐེངས་གསུམ་གྱིས། །
མཁའ་འགྲོ་ཁ་བ་འབབ་འབབ་བྱེད། །
ལ་ལ་སྟག་དང་སེང་གེར་ཆིབས། །
ལ་ལ་རླུང་ནག་འཚུབ་མར་ཞོན། །
ལ་ལ་ཉི་ཟེར་ཀློང་ནས་ཕེབས། །
ལ་ལ་འཇའ་ཚོན་འོད་དང་འདྲེས། །
ཞི་བའི་མཁའ་འགྲོ་དཀར་ཞིང་མཛེས། །
རྒྱས་པའི་མཁའ་འགྲོ་སེར་ཞིང་འཚེར། །
དབང་གི་མཁའ་འགྲོ་དམར་ཞིང་བརྗིད། །
དྲག་པོའི་མཁའ་འགྲོ་མཐིང་ཞིང་འཇིགས། །
མཁའ་འགྲོའི་ཚོགས་ཀྱི་གྲངས་མཉམ་པར། །
དཔའ་བོའི་བྲོ་ར་ཆེན་པོ་རུ། །
རང་སྣང་འབར་བའི་རྣལ་འབྱོར་ཚོགས། །
ཆགས་ཤིང་མྱོས་པའི་གད་རྒྱངས་སྒྲོག །
འདོད་པའི་སྒྱུ་རྩལ་དྲུག་ཅུ་དང་། །
དགའ་བ་བཅུ་དྲུག་རོལ་མོའི་སྒྲས། །
སྲིད་གསུམ་འདར་བའི་ལྟད་མོ་ཡིས། །
ཀླ་ཀློའི་སྙིང་ལ་ཟུག་རྔུ་བསྐྱེད། །
མུ་འགོད།

གསར་འགྱུར། Tags:ཨཨ

Post navigation

Previous Post: བཀྲ་ཤིས་བདེ་ལེགས།
Next Post: ༄༅། །བོད་གཞུང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་གསར་བསྡུའི་གསལ་བསྒྲགས།

Comments (5) on “མཁའ་འགྲོའི་ཞིང་ཁམས་ཉུལ་བའི་ལྟད་མོ། དང་པོ།”

  1. འཇམ་དཔལ་རྣོན་པོ། says:
    2010-10-16 at 10:59 am

    It is very good.

  2. མེ་ཏོག་དཀར་པོ། says:
    2010-10-16 at 12:08 pm

    ཧེ་རུ་ཀ་ལགས། མུ་འགོད་ཞུ།

  3. cete says:
    2010-10-17 at 1:07 am

    ཧེ་རུ་སྨྱོན་པ་ལགས།
    ཁྱོད་དངོས་གནས་མིང་དོན་མཚུང་ཐལ།

  4. སྙེ་ལྷའི་ཐུགས་སྲས། says:
    2010-10-17 at 4:10 am

    ཀླུ་སྨྱོན་ལགས། སྐུ་ཁམས་བཟང། ཁྱེད་དངོས་སུ་མ་མཇལ་ཡང་ལོ་མང་སྔོན་ནས་ངས་ཁྱེད་ངོ་ཤེས།
    ཁྱེད་ཀྱི་ང་ཚོར་གནང་བའི་སྙན་ངག་གི་ང་ཚོ་དགའ་དགོས་པ་དང་། སྡུག་བཅུགས་པ་སོགས་ཀྱི་ཚོན་སྣང་དྲ་མིན་སྩལ་བ་དང་ལྷན་དུ་ང་ཚོར་ཤེས་ཡོན་ཡར་རྒྱས་འགྲོ་བའི་སྦྱིན་སྟོང་གི་ཕྱག་ཟུང་རྐྱངས་མྱོང་ཡོད། དེ་རིང་ཡང་འདོད་ཆགས་རྒྱས་པའི་སྙན་ངག་སྙན་པོ་ཞིག་བྲིས་ནས་ངའི་སེམས་འདོད་ལྷའི་བུ་མོའི་བག་མར་བཏང་བྱུང།

  5. choekyi nyima says:
    2010-10-19 at 7:14 am

    Tashi Delek, very good airl,

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme