Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་སྐྱོང་གི་ཁེ་དབང་།

Posted on 2010-10-11 By དབང་ཕྱུག་ 2 Comments on རང་སྐྱོང་གི་ཁེ་དབང་།

ལུག་ཞོ་པོས་བརྩམས།
རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་བསྒྱུར།

དམག་ཆེན་གཉིས་པའི་རྗེས་སུ་རང་སྐྱོང་གི་ཁེ་དབང་ཡང་སྤང་ལ་མེ་སྟག་འཐོར་བ་བཞིན་ ཕྱོགས་གང་སར་ཁྱབ་པར་གྱུར་ཅིང་། “མི་བུའི་ཆེས་མཐོའི་ཁེ་དབང་”ཡང་མི་བུ་རེ་རེ་ཡི་སེམས་ལ་བྱིང་པར་གྱུར། གྲངས་ཉུང་མི་རིགས་ཀྱི་རང་དབང་དང་རང་བཙན་གྱི་འདུན་པས་ཀུན་ནས་བསླངས་པའི་མི་ རིགས་ཀྱི་འགལ་བ་མཐའ་དག་ཀྱང་ཐག་གཅོད་བྱ་ཐུབ་པ་བྱུང་ཞིང་། སྲིད་དོན་མཁས་ཆེན་དག་གི་ཁྲིམས་མཐུན་རང་བཞིན་གྱི་ཐབས་ཤེས་དང་། ནུས་པ་རྒྱལ་ཡོངས་ཀུན་ཏུ་སྤྱོད་ཐུབ་པ་བྱུང་བས། དམངས་གཙོ་ནི་རིམ་བཞིན་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེས་སྤྱི་ཤེས་ལྟ་བུར་གྲུབ་ སོང་བ་རེད། དམངས་གཙོའི་ལྟ་ཚུལ་གྱི་རིན་ཐང་འདི་མི་དམངས་ཀྱི་ཁེ་དབང་གཏན་འབེབས་ཁྲོད་རིན་ ཐང་ལྡན་པས། མང་བོ་མང་བོ་ཞིག་གིས་དམངས་གཙོའི་རང་ལུགས་ལ་་བརྩི་མཐོང་དང་གདེངས་འཇོག་བླ་ མེད་གནང་ཞིང་། གྲངས་ཉུང་མི་རིགས་སྲུང་ཞིང་སྐྱོབ་པའི་རྩ་དོན་ཞིག་ལྷང་ངེར་གསལ་ཡོང་བ་རེད། མདོ་དོན་བཤད་ན། དམངས་གཙོའི་ལམ་ལུགས་ཀྱིས་གྲངས་ཉུང་མི་རིགས་ལ་མགོན་སྐྱབས་མཛད་དགོས་པ་གསལ་ བོར་མཚོན་ཡོད་པ་དེའོ།།
དེ་ལྟ་ནའང་དམངས་གནོད་དུས་རབས་ནས་བརྒྱུད་འོང་བའི་བཙན་པོས་གཉོམ་ཆུང་ཟ་བའི་ ཁྲིམས་སྲོལ་དེ་ནི་རང་དབང་དང་རང་བཙན་གྱི་རེ་འདུན་ཞུ་བའི་གྲངས་ཉུང་མི་རིགས་ ཚོར་སྡུག་བསྔལ་སྦྱིན་པའི་སྲིད་གཞུང་འབའ་ཞིག་ཡིན་ཞིང། ཁོ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དྲང་བདེན་དང་དོན་དངོས་ལ་ཁ་རྡུང་གཏོང་བ་ དང་། བཀག་སྡོམ་བྱེད་པ་རེད། རྒྱལ་སྤྱིའི་ཁོར་ ཡུག་ཁྲོད་ཀྱི་དམངས་གཙོའི་ལམ་ལུགས་ལ་ཡིད་ཆེས་མངའ་བའི་རྒྱལ་ཁབ་དག་གིས་མི་ རིགས་ཀྱི་འགལ་བ་ཐག་གིས་གཅོད་པའི་སྐབས་སུ། མི་དམངས་ཀྱི་རང་དབང་རྩ་དོན་ལ་བརྩི་འཇོག་བླ་མེད་གནང་ལ། མི་དམངས་ཀྱི་མངོན་འདོད་ཉིད་གནད་དོན་འགངས་ཆེན་དུ་བརྩིས་ནས་གཏན་འབེབས་བགྱི་བ་ རེད། དེ་ལྟ་ནའང་སྒེར་གཅོད་སྲིད་གཞུང་ནི་དེ་ལས་ལྡོག་སྟེ། མི་དམངས་ཀྱི་སེམས་དོན་གཙིགས་སུ་གཟུང་རྒྱུ་ལྟ་ཅི། ད་དུང་དྲག་ཤུགས་སྤྱོད་པ་དང་། མཚོན་ཆ་བཀོལ་བ་སོགས་ཀྱི་དྲག་སྤྱོད་འདྲ་མིན་བྱ་བ་དེའོ།།
རྒྱ་ནག་ནི་མི་རིགས་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་པར་མ་ཟད། མི་རིགས་ཀྱི་འགལ་བ་དེའང་རྒྱལ་ཁབ་གཞན་དག་དང་བསྡུར་ན་ཁབ་ལས་རྣོ་ཆེ་ཞིང་། མེ་ལས་དབལ་ཚ་བ་ཞིག་ཡིན། བོད་དང་། ཞིན་ཅང་། ཐེ་བན་བཅས་ཀྱི་གནད་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་གྲུབ་ཚར་བས། ད་ནི་གནད་དོན་ཆེན་པོའི་ངོར་གྲུབ་ཚར་བས་ཐག་གིས་གཅད་དཀའ་བའི་ཚད་དུ་ཡོད་དེ། མེ་འོབས་ཀྱི་སྟ་རེ་ལེན་པ་དང་འདྲའོ།།
བདག་གི་བསམ་ཚུལ་འདི་ལྟ་སྟེ། གནད་དོན་འདི་ཐག་གིས་གཅད་པར་བྱ་བའི་ཐབས་ལམ་ཕུལ་དུ་བྱུང་བ་དེ་ནི། མི་དམངས་ཀྱི་སེམས་འདུན་ལ་ཞིབ་མོར་ཉན་ཅིང་། མཁྲེགས་བཟུང་གི་ལྟ་ཚུལ་ལས་ཕྱི་ནུར་བགྱིས་ཏེ་དམངས་གཙོའི་ལམ་ལུགས་ལ་བརྩི་ འཇོག་དང་། ཞི་བདེའི་གྲོས་མོལ་བྱ་རྒྱུ་དེའོ།། ངོ་མཚར་བ་ཞིག་ལ། སྐམ་ས་ཆེན་མོའི་མི་དམངས་ལས་འགུལ་བ་ཁ་ཤས་ནི་མི་བུའི་རང་དབང་གི་གོ་དོན་ཅི་ཡང་ རྙེད་མེད་པའི་སྐས་རིམ་གྱི་དམངས་གཙོ་བ་ཁ་ཤས་ཡིན་ཞིང་། གྲངས་ཉུང་མི་རིགས་དག་གིས་རྒྱ་ནག་ལ་མི་རིགས་རང་དབང་གི་སེམས་དོན་ཡར་ཞུའི་ སྐབས་སུ་ཁོ་ཚོར་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རྒྱ་ནག་མི་རིགས་ཆེན་མོའི་རིང་ལུགས་ཀྱི་ཕྱོགས་སུ་ལངས་པ་དེའོ།།
གལ་སྲིད་ཡིད་རྟོན་དེ་ཉིད་གཅིག་གྱུར་ཆེན་མོའི་སྲོལ་རྒྱུན་གྱིས་བསྐྱངས་པ་ཡིན་ན། དེ་ནི་འདུ་ཤེས་ཀྱི་སྟེང་ནས་མ་རིག་པའམ་མ་ཤེས་པ་རེད་ལ། ཀུན་སྤྱོད་དང་དྲང་བདེན་གྱི་ཐད་ནས་ཀྱང་སྣང་ཆུང་བྱས་པ་རེད། རང་དབང་རང་ལུགས་ཀྱི་ངོས་ནས་བལྟས་ན། མིར་བདག་པའི་རྒྱུ་ནོར་སོ་སོའི་རང་དབང་གིས་ཐག་གིས་བཅད་ཆོག ཕ་མེས་ཡབ་མེས་ཚོ་གསོན་པ་ནས་འཆི་བ་དང་། སྐྱེས་པ་ནས་འཆི་བ། འཆི་བ་ནས་འཆི་བའི་བར་དང་། འཆི་བ་ལ་ཐུག་གི་བར་དུ་ངལ་རྩོལ་བྱེད་པའི་གྲངས་ཉུང་མི་རིགས་ལ་ད་རུང་ཡིན་ཡང་ སོ་སོའི་བདག་དབང་ཐག་གིས་གཅོད་པའི་དབང་ཆ་ཡོད་པ་མ་རེད་དམ།
ཏཱ་ ལའི་བླ་མའི་བོད་ལྗོངས་རང་སྐྱོང་གི་དགོངས་པ་ནི་རྒྱ་ཆེ་བ་མ་ཟད། གནས་ལུགས་དང་ལྡན་པ་ཞིག་དང་། དོན་དངོས་ཀྱི་སྟེང་ནས་ཀྱང་ཞི་བདེའི་ལམ་ནས་གྲོས་གླེང་བྱེད་པའི་ལྷག་བསམ་གཤའ་ མ་དེ་མཚོན་ཡོད། ཐེ་ཝན་གསར་བའི་སྲིད་གཞུང་གིས་མི་དམངས་ཀྱི་སེམས་འདུན་ལག་ལེན་མ་བྱས་པ་ཡིན་ན། ལོ་རྒྱུས་ཀྱི་བདེན་པ་དང་གཏན་འབེབས་ཡོད་ཚད་ཀྱང་སྣེ་འཛིངས་ཅན་དུ་འགྱུར་བས། ཐེ་བན་མི་དམངས་ཀྱིས་རང་ཉིད་ཀྱི་རང་དབང་ལོངས་སྤྱོད་ཀྱི་དབང་ཚད་ཀྱང་འགག་སོང་བ་ཡིན་ནོ།།

༼༢༠༠ ལོའི་ཟླ ༡༡ ཚེས ༢༤ ལ་པེ་ཅིན་གྱི་རང་ཁྱིམ་དུ་བྲིས༽

རྩོམ་ཡིག་འདི་རྩོམ་པ་བོ་ཁོང་ལ་ཞི་བདེ་གཟེངས་རྟགས་ཐོབ་པས་བཀྲ་ཤིས་མཚོན་བྱེད་དུ་བསྒྱུར་བའོ།།

འགྱུར་རྩོམ།

Post navigation

Previous Post: འཇིགས་མེད་ནོར་བུ། རང་བཙན་གོམ་བགྲོད།
Next Post: བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་སྐོར་གྱི་རིག་རྩལ་སྤྲོ་ཚོགས་ཐེངས་དང་པོ་བསྡུ་རྒྱུ་རེད།

Comments (2) on “རང་སྐྱོང་གི་ཁེ་དབང་།”

  1. གཙང་ཁའི་བུ says:
    2010-10-11 at 6:13 am

    དངོས་གནས་མི་འདིར་བློ་རྒྱ་དང་གུ་ཡངས་ཀྱི་ཡོན་ཏན་ཡོད་པར་མ་ཟད། སྙིང་སྟོབས་ཀྱང་འདི་འདྲའི་ཆེ་འི།
    སྐྱེས་ཕོ་རབས་འདི་འདྲ་ཁ་ཤས་ཤིག་ཡོད་ན། རྒྱ་ནག་མི་དམངས་ཀྱང་སྡུག་བསྔལ་ལས་སྐྱོབ་ཐབས་ཤིག་ཡོད་རྒྱུ་རེད།

    དྲ་གྲོགས་ཚོས་ཁོང་གི་ལོ་རྒྱུས་རྒྱས་པ་རེ་དྲ་ཐོགས་ཏུ་འགོད་ཐུབ་ན་མང་པོ་ཞིག་ལ་ཕན་རྒྱུ་རེད།
    རྟ་ནག་པ་བཀའ་དྲིན་ཆེ།

  2. གཙང་ཁའི་བུ says:
    2010-10-11 at 6:17 am

    ༼པེ་ཅིན་གྱི་རང་ཁྱིམ་དུ་བྲིས༽ཚིག་འདི་བདེ་བོར་མི་འདུག སྒྱུར་པ་པོ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme