Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིགས་མེད་ནོར་བུ། རང་བཙན་གོམ་བགྲོད།

Posted on 2010-10-102010-10-10 By དགེ་རབ་ 13 Comments on འཇིགས་མེད་ནོར་བུ། རང་བཙན་གོམ་བགྲོད།

img_0885དེ་རིང་ ༢༠༡༠ ལོའི་ཟླ་ ༡༠ ཚེས་ ༡༠ ཉིན་གྱི་ཆུ་ཚོད་ ༡༠ ཐོག་ ཨ་རིའི་ཨིན་ཌི་ཡ་ན་ ནས་ ཁེ་ཎ་ཌའི་ཊོ་རོན་ཊོའི་བར་གྱི་ རང་བཙན་གོམ་བགྲོད་དེ་མགོ་འཛུགས་བྱས་ཡོད་པ་དང་། གོམ་བགྲོད་པ་ནི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་དང་། དེ་བཞིན་ཝི་ཏི་ནམ་ནས་ཡིན་པའི་སྐུ་ཞབས་མཐའ་ཡས་གཉིས་པ་ཡིན་པ་རེད། ཉིན་དང་པོར་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ བཅུ་ཕྲག་ཙམ་གྲོང་ཁྱེར་གྱི་རྒྱལ་སའི་ཁྲོམ་དཀྱིལ་དུ་འཛོམས་པ་དང་། སྒོ་མང་དགེ་བཤེས་སྦྱིན་པ་བསོད་ནམས་མཆོག་གིས་ཐུགས་སྨོན་གནང་བ་དང་། དེ་བཞིན་ས་གནས་ཀྱི་ཚོགས་པ་དག་གིས་རྒྱབ་སྐྱོར་གྱི་གསུང་བཤད་གནང་བ་དང་བཅས་གོམ་བགྲོད་མགོ་བཙུགས་ཡོད་པ་རེད། འཇིགས་མེད་ནོར་བུ་ལགས་ཀྱིས་ རང་གི་ཡབ་དམ་པས་ཤུལ་དུ་བཞག་པའི་ལས་འགུལ་འདི་མུ་མཐུད་ནས་སྤེལ་དགོས་པ་དང་། བོད་རང་བཙན་མ་ཐོབ་བར་དུ་བོད་འདི་བརྗེད་ཀྱི་མེད་པའི་རྣམ་པ་གསལ་པོ་སྟོན་དགོས་པ་མ་ཟད། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་ རང་གི་བོད་དང་རང་གི་བོད་མིའི་ཆེད་དུ་ལས་ཀ་བྱེད་དགོས་པ་དེ་ལྷན་སྐྱེས་ཀྱི་འོས་འགན་ཞིག་རེད་ཅེས་གསུངས་ཡོད་པ་རེད། ཁོང་གིས་ཉིན་ལྟར་ མེལ་ལེ་སུམ་བཅུ་ཙམ་རེ་གོམ་བགྲོད་བྱེད་འཆར་ཡོད་པ་རེད། ལམ་ཐག་ནི་མེལ་ལེ་ ༥༠༠ ཙམ་ཡིན་པ་རེད། ཞིབ་གསལ་གྱི་གནས་ཚུལ་རྣམས་གཤམ་གསལ་གྱི་དྲ་རྒྱ་ན་གསལ་པོར་ཡོད་པ་རེད།
http://www.ambassadorsforworldpeace.org/

img_08861
img_0899
img_0904

གསར་འགྱུར།

Post navigation

Previous Post: ཉི་མ་འདི་ཚོར།
Next Post: རང་སྐྱོང་གི་ཁེ་དབང་།

Comments (13) on “འཇིགས་མེད་ནོར་བུ། རང་བཙན་གོམ་བགྲོད།”

  1. སྐྱབ་བཅོལ་བ། says:
    2010-10-11 at 1:51 am

    ༸རྒྱལ་བའི་བཀའ་མི་བརྩི་མཁན་འདི་ཚོས་རང་བཙན་རྩོད་ཀྱི་འདུག་ག ལམ་དབུ་མ་ལ་རྒྱབ་འགལ་བྱེད་ཀྱིན་བྱེད་ཀྱིན་ད་རུང་ཁོང་ཚོ་རྒྱལ་བའི་ཅིག་ཅིག་མུག་མུག་ཡིན་ཟེར་གི་རེད།

  2. མེ་ཏོག་དཀར་པོ། says:
    2010-10-11 at 2:03 am

    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག

  3. མེ་ཏོག་དཀར་པོ། says:
    2010-10-11 at 2:06 am

    རྒྱལ་བའི་ཐུགས་དང་མ་འགལ་ན། །
    བཀའ་དང་འགལ་ཡང་ཉེས་༷པ་ཆུང་། །
    དེ་བས་སྐྱབས་བཅོལ་མཚན་ཅན་ཁྱོད།། །
    མ་བྷཎི་བགྲང་ནས་དབུ་མ་རྩོད། །

  4. ten zin pema says:
    2010-10-11 at 4:11 am

    རང་བཙན་གོམ་འགྲོད་པ་འཇིགས་མེད་ནོར་བུ་བསམ་དོན་འགྲུབ་པར་སྨོན།

  5. མིག says:
    2010-10-11 at 6:50 am

    རྒྱལ་བའི་བཀའ་དང་འགལ་དང་ཐུགས་དང་འགལ་ཡོད་མེད་ངས་མི་བཤད།
    མདོར་ན་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་པ་དཔའ་བོ་
    འཇིགས་མེད་ནོར་བུ་ལགས་ནང་ཡང་རྒྱལ་གྱུར་ཅིག
    རང་བཙན་གྱི་ཆེད་དུ་སྐུ་སྲོག་བཏང་ཟིན་པ་དང་། སྡུག་བསྔལ་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བ་ཚོ་
    ནང་ཡང་ང་ཚོའི་སྙིང་དཀྱིལ་དུ་གནས་ཡོད་ལ། ཁོང་རྣམ་པའི་སྙིང་སྟོབས་དང་བཀའ་དྲིན་དྲན་བཞིན་ཡོད།

    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིགའཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག

  6. ཀརྡོ་རབ་འབྱམས་པ་ says:
    2010-10-11 at 8:04 am

    བོད་དོན་ལས་འགུལ་རྒྱལ་འགྱུར་ཅིག །

  7. བློ་གྲོས་མཐའ་ཡས། says:
    2010-10-11 at 10:48 am

    སྐྱབ་བཅོལ་བ་འདིའི་མིང་གི་དག་ཐོབ་ལ་བལྟས་ན་ཁོ་ང་ཚོ་དང་འདྲ་བའི་ཡུལ་ཤོར་སྐྱབས་བཅོལ་བ་ཞིག་ཡིན་ས་མ་རེད།    གང་ལྟར་བོད་དོན་ལས་འགུལ་བ་རྣམས་ལ་རྒྱལ་བའི་ཐུགས་དང་འགལ་བ་ཟེར་བ་དེ་ཁོག་པའི་ནང་ན་སྙིང་མེད་པའི་རྟགས་མཚན་ཞིག་རེད།    ༧རྒྱལ་དབང་ཚང་གིས་ནི་ཉི་མ་རེ་རེ་བཞིན་གང་ཉིད་ཀྱིས་མཛད་པའི།   ཡོངས་རྫོགས་བོད་ལྗོངས་༼རང་དབང་གཙང་མ༽འི་དཔལ།།    གསུངས་པ་དེ་སྐྱོར་གྱིན་འདུག

  8. བློ་གྲོས་མཐའ་ཡས། says:
    2010-10-11 at 10:50 am

    འོ་རེད།     འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག།    ཁོང་གི་བསམ་དོན་འགྲུབ་པར་ཤོག། འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག། འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག། འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག།འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག། འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག། འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག།

  9. སྐྱབས་བཅོལ་བ། says:
    2010-10-11 at 11:08 am

    ཡ་ཡ། བློ་གྲོས་མཐའ་ཡས།
    ཡོངས་བོད་ལྗོངས་༼རང་དབང་༽གཙང་མའི་དཔལ། ། ཟེར་གྱི་ཡིན་ནམ་ཡང་ན།
    ཡོངས་རྫོགས་བོད་ལྗོངས་༼རང་བཙན་༽གཙང་མའི་དཔལ། །ཟེར་གྱི་ཡིན་ལན་མྱུར་དུ་བྲིས།

  10. སྐྱབས་བཅོལ་བ། says:
    2010-10-11 at 12:09 pm

    ཨ་རོགས་བློ་གྲོས་མཐའ་ཡས། ཁྱེད་བདེ་མོ་ཡིན་ནམ།

  11. མེ་ཏོག་དཀར་པོ། says:
    2010-10-12 at 11:17 am

    འབྲི་ཞོ། ཐུགས་རྗེས་གཟིགས། ཁྱེད་རང་བོད་དོན་ལས་ཀ་ག་ཚོད་གནང་ཡོད་དམ། གཞན་གྱིས་ལས་འགུལ་སྤེལ་བ་ལ་དངུལ་ཟ་རྒྱུ་སོགས་དེ་འདྲ་གསུངས་འོས་པོ་མིན་འདུག

  12. གཙང་ཁའི་བུ says:
    2010-10-12 at 1:27 pm

    འོ་སྐྱབས་བཅོལ་བ་དངོས་གནས་ཆགས་འདུག དེ་མིན་རང་གི་མིག་འབྲི་མི་ཤེས་མཁན་ཞིག་གིས་གཞན་ལ་དཔྱད་པ་བཏང་བ་ནི་ངོ་མ་སྙིང་མེད་རང་རེད། རེད། མཆན་དེ་ལ་ལྟས་ནའང་སྙིང་མེད་མཁན་འདྲ་བོ་ཞིག་འདུག

    འོ་རེད། འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག།ཁོང་ གི་བསམ་དོན་འགྲུབ་པར་ཤོག།
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག།
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག།
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག།
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག།
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག།
    འཇིགས་མེད་ནོར་བུ་རྒྱལ་གྱུར་ཅིག། ཁོང་གི་བསམ་དོན་འགྲུབ་པར་ཤོག།

  13. ཡེ་ཤེས་རབ་རྒྱས says:
    2010-12-12 at 1:46 am

    རང་བཙན་རྩོད་པར་རྒྱལ་བའི་བཀའ་དང་འགལ་ན། དྲང་བདེན་རྩོད་པ་ཡང་རྒྱལ་བའི་བཀའ་དང་འགལ་བ་རེད་དམ། བོད་མི་ཁྲི་ཕྲག་མང་པོས་རང་བཙན་གྱི་དོན་དུ་གཅེས་སྲོག་དོར་བས། དེ་ཚོ་ཡང་རྒྱལ་བའི་བཀའ་དང་འགལ་བ་རེད་དམ། ཁྱེད་ཀྱིས་ལྟ་ན་རང་བཙན་རྩོད་པར་ངོ་རྒོལ་བྱེད་མཁན་དེ་ཚོས་རྒྱལ་བའི་བཀའ་སྒྲུབ་པ་རེད་དམ། ཕོ་བྲང་ཕོ་ཏ་ལའི་མདུན་དུ་དམར་པོ་ཁྲག་གི་རྒྱ་མཚོ་འཁྱིལ་བའི་དགོས་དོན་མ་བརྗེད་པར་བྱེད་དགོས་ལ། དོན་ཚན་བཅུ་བདུན་རྩིས་མེད་དུ་བཏང་བའི་རྒྱུ་མཚན་དྲན་པར་བྱེད་དགོས། ང་ཚོ་བཙན་བྱོལ་དུ་ཡོང་བའི་རྒྱུ་མཚན་བརྗེད་མི་ཉན། བུ། སྐྱིད་པོ་ཉལ་ནས་སྐད་ཆ་གང་བྱུང་མ་བཤད། མ་གཏོགས་སྐད་ཆ་དེ་ཚོ་རྒྱལ་བའི་བཀའ་དང་མཐུན་གྱིན་ཡོད་མེད་བཤད་ཁག་པོ་རེད་སྙམ། རང་བཙན་རྩོད་མི་ཆོག་ཞེས་རྒྱལ་བས་བཀའ་གཏང་མེད་པས། རང་བཙན་རྩོད་པར་རྒྱལ་བའི་བཀའ་དང་ཇི་ལྟར་འགལ། ཁྱེད་ཀྱིས་རྒྱལ་བའི་བཀའ་ཡང་ཤེས་ཀྱིན་མེད་པར་འདྲ། དེ་འདྲའི་ལྐུགས་པ་ལ་་་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme