Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་སྒམ་ཞབས་རྡོལ།

Posted on 2010-10-072010-10-07 By ཁ་བརྡ་ 27 Comments on འོས་སྒམ་ཞབས་རྡོལ།

མདོ་འདུམ་ཚང་།

བཙན་བྱོལ་དུ་བོད་མི་ཆིག་འབུམ་བཞི་ཁྲི་ཙམ་ཡོད། ད་ལོར་འོས་འཕེན་གྱི་ཐོབ་ཐང་ཡོད་མཁན་༨༨༣༡༢ཙམ་ཡོད། དངོས་སུ་དེབ་སྐྱེལ་བྱེད་མཁན་༧༩༤༤༩ཙམ་བྱུང་འདུག སྐབས་སྔོན་མ་དག་དང་བསྡུར་ན། དེབ་སྐྱེལ་བྱེད་མཁན་གྱི་གྲངས་འབོར་འཕར་བཞིན་ཡོད། ལོ་རེ་ནས་ལོ་རེར་འཕར་བཞིན་ཡོད། བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་བདུན་ཅུ་ཙམ་རྒྱ་གར་དང་བལ་ཡུལ་གཉིས་སུ་ཡོད། བཙན་བྱོལ་བའི་ལོ་རྒྱུས་ཁྲོད། ད་ལོ་ལྟ་བུའི་འོས་བསྡུའི་འཁྲུགས་ཆ་ཞིག་བྱུང་མྱོང་མེད། མི་མང་གི་ངོས་ནས་དང་བླངས་སྒོས་བཀའ་ཁྲི་འཚོལ་མཁན་ཇེ་མང་ལ་ཕྱིན། བཀའ་ཁྲིའི་འོས་མི་ཁྱབ་བསྒྲགས་ཀྱི་ཆེད་དུ་འཛམ་གླིང་ཡུལ་གྲུ་བསྐོར་མཁན་ཡང་བྱུང་། དང་བླངས་སྒོས་བཀའ་ཁྲིར་ལངས་མཁན་ཡང་ཇེ་མང་ལ་སོང་། ཇེ་མང་ལ་སོང་བ་ཙམ་ག་ལ་ཡིན། གཅིག་རྗེས་གཉིས་མཐུད་བྱས་ནས་ལངས་། མང་གཙོའི་འོས་བསྡུ་ལ་མི་མང་གིས་དོ་སྣང་ཆེན་པོ་འཇོག་བཞིན་པ་འདི་ནི་ཡར་རྒྱས་ཤིག་ཡིན། འོན་ཀྱང་། མང་གཙོའི་ཁྲིམས་དང་སྒྲིག་གཞིར་བརྩི་སྲུང་དང་ལག་ལེན་ཇི་ཙམ་ཡོང་གི་ཡོད་མེད་ད་ལྟ་བཤད་དཀའ་བ་ཞིག་ཡིན། བཙན་བྱོལ་གྱི་སྔོན་འགྲོའི་འོས་བསྡུ་དེ་འུར་འུར་ཚ་ཚའི་སྒོ་ནས་འགྲོ་བཞིན་པའི་སྐབས་སུ།
བལ་ཡུལ་དུ་འོས་སྒམ་བཙན་འཁྱེར་གྱི་གནས་ཚུལ་བྱུང་། གནས་ཚུལ་ཡིད་སྐྱོ་བ་དེ་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་བྱུང་བ་ཐེངས་དང་པོ་ཡིན། འོས་སྒམ་བཙན་འཁྱེར་དེའི་རྒྱབ་ན། ནང་གི་བཙན་གནོན་དེ་ཕྱི་རུ་སླེབས་བཞིན་པའི་མངོན་རྟགས་ཤིག་ཡོད།
བོད་ནང་དུ། བོད་མིས་མྱོང་བཞིན་པའི་བཙན་གནོན་དེ། ད་ལྟ་ཧི་མ་ལ་ཡའི་རྒྱབ་ལོགས་ཀྱི་བོད་མིའི་མང་གཙོའི་སྒང་ལ་ཡོང་རྒྱུའི་སྟ་གོན་བྱེད་བཞིན་འདུག འདི་ཉེན་ཁ་་གསར་བ་ཞིག་རེད། འབྱུང་འགྱུར་གྱི་ལོ་ཁ་ཤས་ནང་། ཉེན་ཁ་དེའི་རྣམ་པ་ཇེ་གསལ་དུ་འགྲོ་སྲིད། བལ་ཡུལ་དུ་འོས་སྒམ་བཙན་འཁྱེར་བྱས་རུང་། བོད་མི་ཚོས་སྔོན་འགྲོའི་འོས་བསྡུའི་གསལ་བསྒྲགས་ལ་སྒུག་བཞིན་ཡོད། བཀའ་ཁྲིར་ལངས་མཁན་ཚོས་ཉིན་སྒུག་མཚན་སྒུག་བྱེད་བཞིན་ཡོད།
དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་འཇམ་དཔལ་ཆོས་བཟང་གིས་གསུངས་ན། སྔོན་འགྲོའི་འོས་བསྡུའི་མཇུག་འབྲས་དེ་ཟླ་ངོ་གཅིག་གི་རྗེས་སུ་གསལ་བསྒྲགས་བསྐྱངས་གི་ཡིན་ཟེར། འོན་ཀྱང་། རྒྱ་གར་གྱི་ས་གནས་ཁ་ཤས་སུ་འོས་སྒམ་གྱི་ཞབས་བརྡོལ་འདུག དཔེར་ན། རྡ་ལམ་ས་ལ་ནས་འོས་སྒམ་གྱི་ཞབས་བརྡོལ་འདུག རྒྱ་གར་ལྷོ་ཕྱོགས་མོན་གྷོ་སྒྲི་ནས་འོས་སྒམ་གྱི་ཞབས་བརྡོལ་འདུག རྡར་ཇིན་གླིང་ནས་འོས་སྒམ་གྱི་ཞབས་བརྡོལ་འདུག
མོན་གྷོ་སྒྲི་ནས་བློ་བཟང་སེང་གེར་འོས་ཤོག་སུམ་སྟོང་ལྷག། བཀྲས་མཐོང་ལ་བདུན་བརྒྱ་ལྷག གཞན་ཚོར་བརྒྱ་སྐོར་རེ། འདི་འདྲ་ཨེ་ཡིན་ན། འདི་འདྲ་ཡིན་མིན་མི་ཤེས། གང་ལྟར། འོས་སྒམ་གྱི་ཞབས་བརྡོལ་འདུག

གསར་འགྱུར།

Post navigation

Previous Post: མིག་ཆུ་ཐིགས་པ་གཅིག
Next Post: འབྲས་སྤུངས་དགོན་པའི་དགེ་བསྐོས་དང་དཔེ་འཁྲིད་དགེ་རྒན་གཉིས་ལ་ཚེ་བཙོན་དང་ ལོ་ཉེར་ཤུའི་ཁྲིམས་ཐག་བཅད་ཡོད་པ།

Comments (27) on “འོས་སྒམ་ཞབས་རྡོལ།”

  1. ལྷ་སྨོན་པ། says:
    2010-10-07 at 9:30 pm

    དྲ་གྲོགས་ལགས་ས་གནས་ཁག་ནས་འོས་བསྡུའི་གྲུབ་འབྲས་སྤྱི་ཚོགས་ནང་ཁྱབ་བཞིན་པ་དངོས་བདེན་རེད་འདུག་ཀྱང་། དེ་ལ་འོས་སྒམ་ཞབས་བརྡོལ་བའི་ཐ་སྙད་འདི་སྦྱར་འོས་སམ། སྤྱིར་འཛམ་གླིང་གི་མང་གཙོའི་ལུང་པ་ཆེ་ཁག་གི་ནང་དུ་ས་གནས་ཁག་ཏུ་འོས་བསྡུ་བྱེད་པའི་སྐབས་སུ་མཇུག་འབྲས་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཏུ་བལྟ་རྒྱུ་ཡོད། བཙན་བྱོལ་བོད་མིའི་འོས་ས་གནས་ཁག་ནས་ཀྱང་དེ་བཞིན་ཁྱབ་བསྒྲགས་བྱེད་ཐུབ་ན་ཡག་པོ་རེད། ས་གནས་ཁག་ཅིག་ནས་གསང་བ་རེད་ཅེས་གསུང་གི་ཡོད་ཚུལ་འདུག གསང་བ་བྱེད་དགོས་ཞེས་པ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གང་གི་ནང་དུའང་གསལ་མེད། དེར་བརྟེན་ས་གནས་ཁག་ནས་དུས་ནས་དུས་སུ་གསལ་བསྒྲགས་བྱེད་ཐུབ་ན་ལེགས་པར་མཐོང་། འདི་ངའི་ལྟ་ཚུལ་ཡིན།
    བལ་ཡུལ་གཞུང་གིས་འོས་བཙན་འཕྲོག་བྱས་པ་དེ་ཧ་ཅང་བློ་ཕམ་པ་རེད། དེའི་ཆེད་དུ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་འཚོལ་དགོས་པ་དང་། བོད་པའི་ངོས་ནས་ཀྱང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་གལ་ཆེ་བར་སྣང་།

  2. ལྷ་སྨོན་པ། says:
    2010-10-07 at 9:30 pm

    དྲ་གྲོགས་ལགས་ས་གནས་ཁག་ནས་འོས་བསྡུའི་གྲུབ་འབྲས་སྤྱི་ཚོགས་ནང་ཁྱབ་བཞིན་པ་དངོས་བདེན་རེད་འདུག་ཀྱང་། དེ་ལ་འོས་སྒམ་ཞབས་བརྡོལ་བའི་ཐ་སྙད་འདི་སྦྱར་འོས་སམ། སྤྱིར་འཛམ་གླིང་གི་མང་གཙོའི་ལུང་པ་ཆེ་ཁག་གི་ནང་དུ་ས་གནས་ཁག་ཏུ་འོས་བསྡུ་བྱེད་པའི་སྐབས་སུ་མཇུག་འབྲས་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཏུ་བལྟ་རྒྱུ་ཡོད། བཙན་བྱོལ་བོད་མིའི་འོས་ས་གནས་ཁག་ནས་ཀྱང་དེ་བཞིན་ཁྱབ་བསྒྲགས་བྱེད་ཐུབ་ན་ཡག་པོ་རེད། ས་གནས་ཁག་ཅིག་ནས་གསང་བ་རེད་ཅེས་གསུང་གི་ཡོད་ཚུལ་འདུག གསང་བ་བྱེད་དགོས་ཞེས་པ་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གང་གི་ནང་དུའང་གསལ་མེད། དེར་བརྟེན་ས་གནས་ཁག་ནས་དུས་ནས་དུས་སུ་གསལ་བསྒྲགས་བྱེད་ཐུབ་ན་ལེགས་པར་མཐོང་། འདི་ངའི་ལྟ་ཚུལ་ཡིན།
    བལ་ཡུལ་གཞུང་གིས་འོས་བཙན་འཕྲོག་བྱས་པ་དེ་ཧ་ཅང་བློ་ཕམ་པ་རེད། དེའི་ཆེད་དུ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་འཚོལ་དགོས་པ་དང་། བོད་པའི་ངོས་ནས་ཀྱང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་གལ་ཆེ་བར་སྣང་།

  3. མི་ནག་མདུང་ཐུང། says:
    2010-10-07 at 10:20 pm

    མདོ་འདུམ་པ་ལགས་ཀྱིས་དབྱེ་ཞིབ་ཡག་པོ་གནང་འདུག འདི་ཚོ་ངེས་པར་གླེང་དགོས་པ་ཞིག་རེད། ཁོང་གི་དབྱེ་ཞིབ་འདིར་ཁ་སྣོན་ཞིག་འབུལ་རྒྱུ་བྱས་ན།

    མོན་གྷོ་དང་བྷེལ་ཀོབ། རྡ་ས་གསུམ་གྱི་འོས་ཤོག་ཞིབ་བཤེར་དེ་གཞུང་འབྲེལ་གྱིས་ཕྱིར་བསྒྲགས་བྱས་མེད་ནའང་། ད་ལྟ་བྷེལ་ཀོབ་ནས་བློ་བཟང་སེང་གེ་འོས་ཤོག་མང་ཤོས་དང་། རྒྱ་རི་སྒྲོལ་མ་ལ་སུམ་བརྒྱ་འདུག ཕུར་བུ་རྡོ་རྗེ་སོགས་ལ་མི་འདུག་ཅེས་དང་། མོན་གྷོ་ནས་བློ་བཟང་སེང་གེ་དང་བསྟན་འཛིན་རྣམ་རྒྱལ་གཉིས་འདྲ་མཚུངས་རེད། ཡང་དཔེར་ན། དགེ་ལུགས་སྤྱི་འཐུས་འོས་མང་ཤོས་དེ་ཟམ་གདོང་རིན་པོ་ཆེ་རེད། གཉིས་པ་བེ་རི་འཇིགས་མེད་དབང་རྒྱལ་རེད། གསུམ་པ་རོང་པོ་བློ་བཟང་སྙན་གྲགས་རེད། བཞི་བ་ཚོགས་ཟུར་ཀ་རྨ་ཆོས་འཕེལ་རེད། ལྔ་བ་བོན་སྤྱི་གཡུང་དྲུང་རྒྱལ་མཚན་རེད་ཅེས་ལྷོ་ཕྱོགས་ཀྱི་མི་ཚོས་བྱང་ཕྱོགས་ལ་བསྒྲགས་ཀྱི་འདུག དེ་བཞིན་བྱང་པྱོགས་ཀྱི་མི་ཚོས། སྤྱི་འཐུས་འོས་མི་ཅིག་ཅིག་ལ་རྡ་ས་ནས་འོས་འོག་བརྒྱ་དང་སོ་གཉིས་འདུག ཐུབ་བསྟན་ལུང་རིགས་ལ་འོས་ཤོག་མང་པོ་འདུག་ཟེར་བ་སོགས་གྲངས་ལ་ཏག་ཏག་ཅིག་བརྒྱ་སྡེའི་ཁ་ན་གྲག་གིན་པ་འདི་ལ་བལྟས་ན། འོས་སྒམ་གྱི་ཞབས་བརྡོལ་ཡོད་མེད་མི་ཤེས་ཀྱང་། གཞུང་འབྲེལ་གྱི་འོས་གྲངས་གསལ་བསྒྲགས་མ་གནང་གོང་ལ་སྒེར་བ་མི་གང་འཚམ་གྱིས་གཞུང་གི་ཚབ་བགྱིས་ནས་མང་ཚོགས་ལ་ཨ་ལན་བརྡ་ལན་གསལ་ནས་གསལ་དུ་འགྲོ་གི་འདུག

  4. མི་ནག་མདུང་ཐུང། says:
    2010-10-07 at 10:23 pm

    འོས་ཤོག་ཞིབ་བཤེར་དག་གིས་ཉི་མ་རེ་རེའི་འོས་གྲངས་ཀྱི་གནས་སྟངས་མང་ཚོགས་ལ་གསལ་བསྒྲགས་གནང་གིན་འདུག་པ་འདི་ཡག་པོ་རེད། ད་ཕལ་ཆེར་གཞུང་འབྲེལ་གྱི་གསལ་བསྒྲགས་དེ་མ་བྱས་ནའང་། ཕལ་ཆེར་མང་ཚོགས་ཀྱིས་རོབ་ཚོད་ཅིག་ཤེས་ཐུབ་ཡོད། འོས་ཤོག་ཞིབ་བཤེར་བ་ཚོ་སྐུ་དྲིན་ཆེན་པོ་རེད། ཁྲིམས་མཐུན་ཡིན་མིན་མི་ཤེས།

  5. གཙང་ཁའི་བུ says:
    2010-10-07 at 11:10 pm

    གྲོགས་པོ་ཚོས་ནོར་འདུག འོས་སྒམ་ཞབས་རྡོལ་བ་མ་རེད། མི་ཞབས་རྡོལ་བ་རེད། འདི་གཉིས་ལ་ཁྱད་པ་ཡོད།

  6. མི་ནག་མདུང་ཐུང་། says:
    2010-10-08 at 12:06 am

    ད་ལོ་ནི་བཙན་བྱོལ་བོད་ཀྱི་འོས་འདེམས་བརྒྱུད་རིམ་ནང་གི་འཁྲུག་ཆ་དོད་ཤོས་དང་། དོ་སྣང་ཆེ་ཤོས་ཀྱི་འོས་བསྡུ་ཞིག་ཆགས་ཡོད་ཅེས་གསར་གནས་ཁག་གིས་ཡང་ཡང་བསྒྲགས་དང་སྒྲོག་གིན་ཡོད། འདི་ཟླའི་ཚེས་གསུམ་ཉིན། བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་དེ་ཚ་ཚ་འུར་འུར་གྱིས་བླུག་ཡོད། ད་ནི་ས་གནས་ཁག་ན་འོས་ཤོག་གྲངས་བཤེར་གྱི་སྐབས་འཁེལ་ཡོད། འོས་གྲངས་དེ་ཚོ་དབུས་འོས་བསྡུ་ལས་ཁུངས་ལ་མ་འབྱོར་གོང་རྒྱ་ཆེའི་མང་ཚོགས་ལ་འབྱོར་ཡོད། ཁ་སྔོན་འོས་གཞིའི་སྐོར་གྱི་གླེང་སློང་ཆེན་པོ་བྱས་པ་དང་། ད་ཆ་འོས་གྲངས་སྐོར་དེ་གླེང་གཞི་ཆེན་པོ་ཆགས་ཡོད། དེ་ནི་འདི་འདྲ་རེད། བྷེལ་ཀོབ་ཀྱི་འོས་ཤོག་གྲངས་འབོར་ནི་མང་ཚོགས་ཀྱི་རྣ་བར་བསྒྲགས་སྔ་ཤོས་དེ་ཆགས་ཡོད། ད་ཆ་ཉིན་རེ་བཞིན་ས་གནས་ཁག་ནས་འོས་གྲངས་ཀྱི་སྐད་ཆ་གསར་པ་རེ་ཐོས་ཡོང་སྐབས། མང་ཚོགས་ཀྱིས་མཐའ་མའི་གྲངས་འབོར་ལ་ཚོད་དཔག་སྣ་ཚོགས་བྱེད་པའི་འུར་ཟིང་ཡང་ཇེ་ཆེར་འགྲོ་བཞིན་འདུག དཔེར་ན། བྷེལ་ཀོབ་ཁུལ་ནས་མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་མང་ཤོས་དེ་ཐུབ་བསྟན་ལུང་རིགས་རེད། དེར་འོས་ཤོག་བརྒྱ་དང་ལྔ་བཅུ་ང་གསུམ་འདུག་ཅེས་ཉིན་ཤས་གོང་ནས་བསྒྲགས་འདུག་ལ། ཡང་མོན་གྷོ་ཁུལ་ན་འོས་བསྡུའི་ཐོ་འགོད་བྱས་ཡོད་མཁན་མདོ་སྨད་པ་ལྔ་བརྒྱ་ཡོད་པ་དག་གིས་ཀྱང་ཐུབ་བསྟན་ལུང་རིགས་མཐོ་ཤོས་ལ་བསྐྱལ་འདུག་ཟེར། གཞན་ཡང་བྷེལ་ཀོབ་ཁུལ་ནས་བློ་བཟང་སེང་གེར་འོས་ཤོག་སྟོང་ཕྲག་བདུན་བརྒལ་བ་དང་། རྒྱ་རི་སྒྲོལ་མར་སུམ་བརྒྱ་ལས་མི་འདུག་ཅེས་ཀྱང་གོ་རྒྱུ་འདུག

  7. སྐྱབ་བཅོལ་བ། says:
    2010-10-08 at 12:27 am

    ཀོ་ལི་སྒར་ནས་མཁས་དབང་བློ་བཟང་སེང་གེ་ལ་ ༦༠༠ ལྷག བཀྲས་མཐོང་ལ་ ༣༠༠ རྒྱ་རི་སྒྲོལ་མ་ལ ༧༠ །
    མོན་གྷོ་ནས་བློ་བཟང་སེང་གེར་ ༣༠༠༠ ལྷག། བཀྲས་མཐོང་ལ་ ༧༠༠ ལྷག རྒྱ་རི་སྒྲོལ་མ་ ༢༠༠ །
    བྷེ་ཀོབ་པ་ནས་ བློ་བཟང་སེང་གེར་ལ་ ༥༠༠༠ ལྷག བཀྲས་མཐོང་མ་ཤེས། རྒྱ་རི་སྒྲོལ་མ་ ༤༠༠ །
    ལ་དྭགས་ནས་བློ་བཟང་སེང་གེ་ལ་བརྒྱ་ཆ་དགུ་བཅུ།
    ལྡ་ལ་ཧོ་སི་ནས་བློ་བཟང་སེང་གེ་ལ་ ༡༣༠ ། བཀྲས་མཐོང་ ༣༠ ། རྒྱ་རི་སྒྲོལ་མ་ ༣།

  8. སྐྱབ་བཅོལ་བ། says:
    2010-10-08 at 12:35 am

    ས་གནས་གང་ས་ནས་མཁས་དབང་བློ་བཟང་སེང་གེ་ཨང་ ༡ དང་པོ་ཡིན་མིན་ལ་ཐེ་ཚོམ་ཁྱོན་ནས་མི་འདུག གོང་དུ་བཀོད་པའི་གནས་ཚུལ་འདི་དག་རྒྱ་གར་ཤར་ལྷོ་ནུབ་བྱང་ཀུན་ཏུ་ལག་འཛིན་ཁ་པར་ཐོག་འཕྲིན་ཐུང་སླེབས་ཀྱི་ཡོད་པ་རེད་འདུག

  9. མེ་སྟག says:
    2010-10-08 at 12:51 am

    བོད་ཀྱི་བང་ཆེན་ལས་འདིར་འདྲེན་བཀོད་བྱས་པ་ཡིན། འདི་ཡང་ཧ་ཅང་གལ་ཆེན་པོ་ཞིག་རེད་སྙམ།

    ༼ རེའུ་མིག་ཆ་ཚང་མ་བསྐངས་ན་འོས་ཤོག་རྩིས་མེད་རེད་ཟེར།
    གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།

    ཉིན་གྲངས་འགའི་སྔོན་ནས་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་ ཚར་མ་ཐག་ཡིན་པས། ས་གནས་མང་པོའི་ནང་གྲངས་བཤེར་བྱེད་ཀྱི་ཡོད་པ་རེད། སྤྱིའི་ཆ་ནས་ད་ཐེངས་ཀྱི་འོས་བསྡུའི་ནང་སྔར་དང་མི་འདྲ་བ་མི་མང་འཛུལ་ཞུགས་ ཅུང་ཟད་མང་དུ་སོང་ཡོད་ནའང། དེ་དང་འབྲེལ་ནས་འོས་ཤོག་མང་པོ་ཞིག་རྩིས་མེད་སོང་ཡོད་པ་རེད།

    ས་གནས་མང་པོ་ཞིག་ནས་མི་མང་གིས་འོས་འཕེན་སྐབས། འགའ་རེས་འགེངས་ཤོག་གི་རེའུ་མིག་གཉིས་ཙམ་ལས་བསྐངས་མེད་པ་དང་། འགའ་རེས་གསུམ་ཙམ་བསྐངས་པ་སོགས་རེའུ་མིག་ཆ་ཚང་མ་བསྐངས་བའི་འོས་ཤོག་མང་པོ་ ཐོན་བཞིན་ཡོད་པས། ས་གནས་ནས་དབུས་ལ་འབྲེལ་བ་བྱེད་སྐབས་བརྩི་མེད་གཏོང་དགོས་པའི་བཀའ་ཕེབས་ཡོད་པ་ རེད།

    དེ་དང་འབྲེལ་ནས་འདི་གའི་གསར་འགོད་པས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་ དཔལ་ཆོས་བཟང་ལགས་སུ་དེའི་སྐོར་བཅར་འདྲི་ཞུས་པར། ཁོང་གིས། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང། བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་འགེངས་ཤོག་གི་སྐོར་གསལ་བའི་ནང་། གཤམ་གསལ་རེའུ་མིག་ཆ་ཚང་ངེས་པར་བསྐངས་དགོས་ཞེས་འཁོད་ཡོད་པས། ང་ཚོས་འོས་བསྡུའི་སྒྲིག་གཞི་འདི་ཚད་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་བྱུང།

    ཡིན་ནའང་སྒྲིག་གཞིའི་ནང་འོས་ཤོག་རྩིས་མེད་འགྲོ་བའི་ཆ་རྐྱེན་གྱི་ཁོངས་སུ། རེའུ་མིག་ཆ་ཚང་མ་བསྐངས་ན་བརྩི་མེད་ཡིན་ཞེས་འཁོད་མི་འདུག་ཞུས་པས། ཁོང་གིས། གང་ལྟར་ཡང་ང་ཚོ་འོས་བསྡུའི་ལས་ཀ་བྱེད་མཁན་ཚང་མ་ཆ་བགོས་ཀྱིས། ས་གནས་གང་སར་འགེངས་ཤོག་ཆ་ཚང་སྐོང་དགོས་པའི་ཁྱབ་བསྒྲགས་བྱས་པ་དང། རེའུ་མིག་ཆ་ཚང་ངེས་པར་དུ་སྐོང་དགོས་གསུངས་པ་ཚད་འཛིན་བྱེད་ཀྱི་ཡོད་པས། ཆ་ཚང་མ་བསྐངས་པའི་རིགས་ཚང་མ་བརྩི་མེད་འགྲོ་ཡི་རེད་ཅེས་གསུངས་བྱུང།།

    མཐའ་མའི་བསྐྱར་བཅོས། ( ‘༢༠༡༠, ༡༠, ༦’ ) ༽

  10. གཙང་ཁའི་བུ says:
    2010-10-08 at 11:27 am

    ཡང་རྩོད་གཞི་རིགས་པ་ཞིག་གཏོང་ངེས་འདྲ། བསམ་ངན་སྦྱོར་རྩིབ་ལ་གོམས་འདུག འདི་འདྲ་ཞིག་གིས་ང་ཚོ་སྐྱེལ་བ་རེད།

  11. ལྷ་སྨོན་པ། says:
    2010-10-08 at 12:07 pm

    ས་གནས་ནས་འོས་ཤོག་གི་གྲངས་ཀ་བཤད་པ་དེ་ཁྲིམས་སྒྲིག་གང་དང་ཡང་འགལ་ཡོད་པ་མ་རེད་ལ། གནས་ལུགས་དང་རྒྱུ་མཚན་གྱི་ཐོག་ནས་ཀྱང་བཤད་མི་ཆོག་པ་ཞིག་གང་ཡང་མ་རེད་བསམ་གྱི་འདུག རྒྱ་གར་ལྟ་བུ་ལ་མཚོན་ན་འོས་ཤོག་བླུག་བཞིན་པའི་སྐབས་སུ་གྲུབ་འབྲས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད། ཨ་རི་ཡང་དེ་བཞིན་གཅིག་མཚུངས་རེད། གནད་དོན་འདི་ཧང་སངས་དགོས་པ་ཞིག་གང་ཡང་མ་རེད། ཕྱོགས་ཞེན་གྱིས་གྲངས་ཀ་རྩིས་བཤེར་སྐབས་རྩིས་མེད་བཏང་བ་ལྟ་བུ་གལ་སྲིད་ཡོང་གི་ཡོད་ན་འདི་དག་ཧང་སངས་དགོས་པའི་གནད་དོན་ཞིག་རེད། འོན་ཀྱང་ད་བར་གོ་ཐོས་མི་འདུག

  12. མེ་ཏོག་དཀར་པོ། says:
    2010-10-08 at 12:39 pm

    ཨ་རི་ནི་གང་ཤེས་ཏེ་རྒྱ་གར་ནང་འོས་ཤོག་བླུག་བཞིན་པའི་སྐབས་གྲུབ་འབྲས་ཕྱིར་བསྒྲགས་བྱས་གི་ཡོད་པ་ནི་གཏན་ནས་མ་རེད། སྤྱིར་བཏང་ནས་འོས་བླུག་བཞིན་པའི་སྐབས་གྲུབ་འབྲས་མངོན་ཤེས་ཀྱིས་བཤད་ན་ལས་གྲུབ་འབྲས་ཕྱིར་བསྒྲགས་ཇི་ལྟར་བྱེད་དེ་འོས་བླུག་བཞིན་པའི་ཕྱིར་རོ།།
    རྒྱ་གར་ནང་དབུས་གཞུང་། མངའ་སྡེ་གཞུང་། ས་གནས་པན་ཇ་ཡཏ་ཞེས་བརྒྱ་དཔོན་ལྟ་བུ་འོས་བླུག་སྐབས་ཚེས་གྲངས་གཏན་འབེབས་ཀྱིས་གྲངས་བགྲང་བ་དང་། སུ་རྒྱལ་མིན། འོས་གྲུངས་མང་ཉུང་སོགས་རེ་རེ་ནས་འོས་ས་གནས་དང་དབུས་འོས་བསྡུ་ལྷན་ཁང་གི་ལས་བྱེད་པས་གསལ་བསྒྲགས་བྱེད་གི་རེད། དེ་ཡིན་དུས་ཇི་སྲིད་འོས་བསྡུ་ལྷན་ཁང་ནས་གཞུང་འབྲེལ་གསལ་བསྒྲགས་མ་བསྐྱངས་བར་འོས་བསྡུའི་ཐད་ག་རེ་བཤད་ཀྱང་འཆལ་གཏམ་འབའ་ཞིག་ལ་ངོས་འཛིན་བྱ་དགོས། གལ་ཏེ་ད་ལྟ་གླེང་བཞིན་པའི་འོས་མང་ཉུང་རྣམས་སང་ཉིན་དངོས་སུ་དེ་ལྟར་འབྱུང་སྲིད་ནའང་དེ་ནི།
    སྲིན་འབུའི་ཁ་ཆུ་དར་སྐུད་དུ། །
    འགྲོ་བ་མཁས་ནས་བྱུང་བ་མིན། །
    ཞེས་དང་མོ་སྟོན་ཕག་མགོའི་མོ་ལྟ་བུ་ལས་གཞན་ཅི།

    ད་ལྟ་རྒྱ་གར་ནང་འོས་ཕལ་ཆེ་བ་གློག་གི་འཕྲུལ་ཆས་ཡིན་སྟབས་རྩིས་མེད་འགྲོ་སྟངས་མེད།
    སྔ་མོ་ཤོག་བུ་སྒང་ནས་འོས་འཕེན་སྐབས་མཐིལ་བསྣོན་ས་ལས་གཞན་ལ་ནག་ཐིག་ཆུང་ངུ་ཞིག་ཕོག་ཀྱང་རྩིས་མེད་དུ་གཏོང་གི་ཡོད། དེ་ཡང་འོས་གྲངས་གཤེར་སྐབས་འོས་བསྡུ་ལྷན་ཁག་གི་གཞང་གི་ལས་བྱེད་དང་། ཆབ་སྲིད་ཕྱོགས་ཁག་སོ་སོ་ནས་དཔང་པོ་རེ་རེ་བཅས་ལྟ་རྟོག་ཆེད་དེར་སྡོད་གི་ཡོད། དེས་ན་འོས་རྟགས་གཅིག་ལ་རྟགས་གཙང་སེང་ངེ་མེད་པར་རྟགས་གཉིས་པ་དེར་ནག་ཐིག་ཕོག་ན་ཕྱོགས་ཁག་སོ་སོས་ཁས་ལེན་གི་མེད་སྟབས་རྩིས་མེད་གཏོང་། དེར་བརྟེན་རྩིས་མེད་གཏོང་བར་ཕྱོགས་ཞེན་ཞེས་རྫིག་རྫིག་
    བཤད་པས་ཕན་པ་མེད།

  13. lala says:
    2010-10-08 at 5:00 pm

    མང་ཚོགས་ཀྱི་རང་གི་འདོད་མོས་བཞིན་ཚོད་དཔག་དང་རྩིས་འཐེན་བྱས་པ་དེར་འོས་སྒམ་ཞབས་བརྡོལ་འདུག་ཟེར་ན་དངོས་གནས་མགོ་མ་ཚོས་ཀླད་པ་བརྡག རི་བོང་ཅལ་འདྲོགས། གཏམ་འཆལ་རླུང་འཁྱེར་བྱེད་མཁན་རང་རེད། ཚོད་རྩིས་བྱས་ཆོག་པ་རེད། རང་འདོད་བཤད་ཆོག་པ་རེད། རྩིག་ཟུར་ཁུག་ཀྱོག་གི་གཏམ་ཐུན་རྣ་ཅོག་ཀྲོང་ཀྲོང་དང་ཁ་ཤ་འཕེར་པོས་བཤད་ཆོག་པ་རེད། རང་འདོད་རེད། དེར་འུད་སྒྲོག་གིས་འོས་སྒམ་ཞབས་བརྡོལ་རེད་ཅེས་རྩོམ་སྤེལ་བ་ནི་དངོས་གནས་བཞད་གད་ཀྱི་རྒྱུ་རང་རེད། དེ་རིང་ཁ་སང་རྩོམ་བྲིས་མཁན་མི་ཁ་ཤས་འདུག ཀློག་པ་པོ་ཧང་སངས་ཡག་དང་ཀློག་འདོད་ལངས་ཡག་གི་ཆེད་དུ་གཏམ་མགོ་རྔ་མ་ཟིན་པ་ལུང་པ་གང་འཁྱེར་ཡོང་བ་དང་། ངས་གོ་བྱུང་། ཁོས་ཐོས་བཞག དེ་འདྲ་ཡིན་ས་རེད། ངས་བྱས་ན་དེ་འདྲ་རེད་ཅེས་རྟགས་དང་ཁུངས་ལུང་བཙན་པོ་ཁྱོན་ནས་མེད་པར་བསམ་ཚོད་དང་ཡིན་ཚོད་ལྟ་ཚོད་ཁོ་ན་བཤད་མཁན་ཁ་ཤས་འདུག དེ་འདྲ་བཤད་ཀྱང་ཡག་པོ་འདུག ཐོག་མར་ཀློག་མཁན་ཚོ་མགོ་ཉོག་ཉོག འཐོམས་བཟི་བཟི་ཕྲན་བུ་བཟོ་ཐུབ་ཀྱང་། བལྟས་བལྟས་རིག་རིག་ནང་དཔྱོད་ཤེས་འཕེར་བ་དང་རིག་པ་སྨིན་ནས་ཉོག་གཏམ་འཆོལ་གཏམ་དེ་ཚོ་འཕྲལ་མར་ལྷང་ལ་འབུད་འགྲོ་ཡི་འདུག རྩོམ་མིང་ཐོབ་ཙམ་གྱི་ཡི་གེ་དེ་ཚོས་རང་མིང་འཛད་རོགས་དང་རང་ཉིད་ཁྲོམ་ལམ་གྱི་ཨ་ལྕེ་སྐད་ཆ་རྣ་ལ་ཐོས་མ་ཐག་ཀླད་པར་འཁོར་ཁོམ་མེད་པར་ལྕེ་ནས་འབུད་རྒྱག་གཏོང་མཁན་ཀླད་མེད་ཁ་བདེ་རྫུན་རྐྱལ་དེ་ཚོ་དང་ཅི་མི་འདྲ། ཨ་ཙི། བུད་མེད་ལ་མཐོང་ཆུང་མིན་གདའ།

  14. མི་རྐྱང་སྨྱོན་པ། says:
    2010-10-09 at 12:48 am

    དྲ་གྲོགས་ཚོ། གོང་གི་བཀའ་ཁྲིའི་འོས་ཤོག་གི་མང་ཉུང་གཤིབ་བསྡུར་བྱས་ཡོད་པ་དེ་དག་དངོས་བདེན་ཡིན་མིན་ལ་ཐེ་ཚོམ་ཞིག་མི་སྐྱེའམ། འདི་འདྲ་ཞིག་ཡིན་སྲིད་དམ། ཡིན་ན་དགའ་བ་ལ་ཨང་།

  15. སྨྱུ་གུ། says:
    2010-10-09 at 2:22 am

    སུ་ལ་མི་མང་གིས་འོས་འཕངས་ཀྱང་དེ་ལ་རྒྱབ་སྐྱོར་མཐའ་ཅིག་ཡོད།

  16. མིག says:
    2010-10-09 at 11:31 am

    བཀའ་ཁྲིའི་འོས་གཞི་འདི་འདྲ་ཞིག་ཡིན་པས་དེ་ཙམ་དགའ་རྒྱུ་མི་འདུག གལ་ཆེ་ཕྱོགས་དེ་ནང་རུལ་གྱིས་ཞབས་འདྲེན་སྐྱུགས་བྲོ་བ་དེ་ཚོ་ནང་ཡང་མི་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡོད། ང་སྐྲག་ས་བལ་ཡུལ་གྱི་འོས་སྒམ་དེ་ཚོ་རེད། ང་མ་གང་འདྲ་ཞིག་ཡིན་ནམ།

  17. མིག says:
    2010-10-10 at 7:42 am

    བཅོས། ངོ་མ་གང་འདྲ་ཞིག་ཡིན་ནམ།

  18. སྐྱབ་བཅོལ་བ། says:
    2010-10-10 at 11:21 am

    མཁས་དབང་བློ་བསང་སེང་གེ་ལ་འོས་ཤོག་ཁྲི་གཉིས་ ༢༠༠༠༠ ལྷག་ཐོབ་པའི་ཚོད་དཔག་དང་།
    བཀྲས་མཐོང་ལ་མང་ན་ལྔ་སྟོང་ ༥༠༠༠ །
    རྒྱ་རི་སྒྲོལ་མ་ལ་ཧ་ལས་ན་གཅིག་སྟོང་ལྷག ༡༠༠༠ ཡོད་པ་བཅས་རེད།
    གཞན་ཚོ་སྣང་མེད་བྱས་ཆོག

  19. གཙང་ཁའི་བུ says:
    2010-10-10 at 11:58 am

    གཞན་ཚོར་སྣང་མེད་བྱས་ཆོག་ཀྱང་རང་གི་མིག་གི་དག་ཆ་ལ་སྣང་མེད་བྱས་ན་ག་ལ་འགྲུབ།
    མ་ཤེས་ན་མི་ལ་དྲིས།

  20. གཅན་བཟོད་རྒྱམ། says:
    2010-10-10 at 12:37 pm

    ང་ཚོར་ཁ་དཔེ་ཞིག་ཡོད་པ་རེད། ཆང་འཐུང་གིས་ཆང་འཐུང་བསྐྱོར། ཞར་བས་ཞར་བར་ལམ་ཁྲིད་ཟེར་གི་རེད། གཞན་ལ་བཤད་རྐྱང་བྱེད་པ་ལས་རང་གིས་གཟབ་དགོས་པ་རང་གིས་བྲིས་པར་བལྟས་པ་ཙམ་གྱིས་ལོས་ཤེས། ཁྱོད་ལ་སྐྱོན་ཁོ་ན་བཤད་ཀི་མེད། གཙོ་བོ་གཞན་ལ་སྐྱོན་བཤད་ཀིན་བཤད་ཀིན་རང་གིས་འདི་ལྟར་བྲིས་ན་འོས་འཚམས་ཤིག་གཏན་ནས་མ་རེད། སྐུ་རླུང་མ་བཞེངས་རོགས།

  21. གཅན་བཟོད་རྒྱམ། says:
    2010-10-10 at 12:39 pm

    ང་ཚོར་ཁ་དཔེ་ཞིག་ཡོད་པ་རེད། ཆང་འཐུང་གིས་ཆང་འཐུང་བསྐྱོར། ཞར་བས་ཞར་བར་ལམ་ཁྲིད་ཟེར་གི་རེད། གཞན་ལ་བཤད་རྐྱང་བྱེད་པ་ལས་རང་གིས་གཟབ་དགོས་པ་རང་གིས་བྲིས་པར་བལྟས་པ་ཙམ་གྱིས་ལོས་ཤེས། ཁྱོད་ལ་སྐྱོན་ཁོ་ན་བཤད་ཀི་མེད། གཙོ་བོ་གཞན་ལ་སྐྱོན་བཤད་ཀིན་བཤད་ཀིན་རང་གིས་འདི་ལྟར་བྲིས་ན་འོས་འཚམས་ཤིག་གཏན་ནས་མ་རེད། དྲ་ཐོག་ན་གཞན་གྱིས་བྲིས་པའི་རྩོམ་ཡིག་དང་མཆན་བུར་འདིར་ལྟར་འདྲ་མི་འདྲ་བཤད་མཁན་མང་པོ་འདུག དེ་ཚོ་ཡག་པོ་རང་མི་འདུག་སྙམ། སྐུ་རླུང་མ་བཞེངས་རོགས།

  22. སྐྱབ་བཅོལ་བ། says:
    2010-10-10 at 12:42 pm

    དགེ་ལུགས་སྤྱི་འཐུས་རྙིང་པ་གཉིས་ཆ་ཟག་འགྲོ་ཡི་ཡོད་ས་རེད། དགེ་ལུགས་སྤྱི་འཐུས་འོས་ཤོག་མཐོ་ཤོས་ཟམ་གདོང་རིན་པོ་ཆེ་རེད། མདོ་སྟོད་འོས་ཤོག་ནང་ཟམ་གདོང་ཨང་གྲང་ ༥། ༦། ཡིན་ཚོད་རེད། ཆབ་སྲིད་དབྱེ་ཞིབ་པ་ཚོས་བཤད་རྒྱུར། ཟམ་གདོང་བསྐྱར་དུ་སྤྱི་འཐུས་ནང་བཞུགས་ཀྱི་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

  23. གཙང་ཁའི་བུ says:
    2010-10-10 at 1:37 pm

    གཅན་བཟོད་རྒྱམ་ལགས། ཆང་འཐུང་གིས་ཆང་འཐུང་བསྐྱོར། ཞར་བས་ཞར་བར་ལམ་ཁྲིདཅེས་པའི་དཔེ་དེ་དངོས་གནས་དོན་དང་མཐུན་ཐལ། གཞན་ལ་བཤད་རྐྱང་བྱེད་པ་ལས་རང་གིས་གཟབ་དགོས་པ་རང་གིས་བྲིས་པར་བལྟས་པ་ཙམ་ གྱིས་ལོས་ཤེས། ངས་ཀྱང་ཁྱོད་ལ་སྐྱོན་ཁོ་ན་བཤད་ཀྱིན་མེད། ཁྱོད་རང་གིས་ཀྱང་གཟིགས་དང་།
    ང་ཚོས་འདི་ལྟར་བཤད་པ་ཕན་ཚུན་གཉིས་ཆར་ཕན་ཐབས་དང་། རིག་གཞུང་ལ་གཅེས་སྐྱོང་ལས་ཁོང་ཁྲོ་སློང་བྱེད་ཇི་ལྟར་ཡིན། དྲང་པོར་བཤད་ན་ཁག་ཅིག་མ་ཤེས་ནས་ལས་སྲིད་ལ། ཁག་ཅིག་བསྐྱར་མར་བྲིས་ཡོང་དུས་མཛུབ་རྩེའི་གཡོ་འགུལ་ལས་ཀྱང་ཤོར་གྱི་འདུག རང་གི་མིག་ཀྱང་འདི་འདྲའི་སྣང་མེད་དུ་བཞག་པ་ནི་རིག་གཞུང་ལ་མཐོང་ཆུང་ངམ་མ་ཤེས་པ་གང་རུང་ལས་འགྲེལ་བཤད་ཅི་ཡོད།

  24. དམག་ལོག་ says:
    2010-10-10 at 5:55 pm

    ས་ཁུལ་གཉིས་ནས་འོས་སྒམ་ཞབས་རྡོལ་བ་ཟེར་བ་ནི་ལྟས་ངན་པ་ཞིག་ཨེ་ཡིན།

  25. སྤྱི་སེམས says:
    2010-10-11 at 1:10 am

    འོས་སྒམ་ཞབས་རྡོལ་བ་ཟེར་བའི་སྐོར་མང་པོ་གལ྄ེང་འདུག་ མི་མང་གི་དོ་སྣང་ལ་དགའ་བ་ཆེ། འདིར་དམིགས་ཧ་ལས་དགོས་པ་ཞིག་རང་མ་མཐོང་།
    ངས་ཤེས་ཚོར་བྱས་ན་སྔོན་འགྲོའི་འོས་ཤོགས་ས་གནས་སོ་སོར་གྲགས་ཀ་ཞིག་རྒྱག་གི་ཡོད་མ་རེད་པས། གྲངས་བཤེར་བྱེད་མཁན་ནང་ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔངས་སོགས་མི་སྣམ་མི་ཉུང་བ་ཡོད་ན། དེ་དག་ནས་དམ་བཅའ་གང་ཡང་ཕུལ་དགོས་ཀྱི་མེད་ན་གྲངས་ཐོ་ཕྱིར་བསྒྱགས་ཡོང་ཡོང་པ་ླཏ་བུ་ཞིག་མ་ཡིན་ནམ།
    གྲངས་ཐོ་འདི་དག་ཚད་འཛིན་ཞིག་ལ་ངོས་འཛིན་བྱ་མཁན་མེད་ལ་བྱ་རྒྱུ་ཡང་མེད་པ་ཞིག་ཏུ་མངོན། ་མཐའ་མའི་ངེས་ཏན་གྱི་གྲངས་ཐོ་དེ་ནི་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བྱས་པ་དེར་ཆ་འཛིན་བྱ་དགོས་པ་ཡིན་པ་སྙམ་མོ།

  26. མིག says:
    2010-10-11 at 6:59 am

    དྲ་གྲོགས་མང་པོ་ཞིག་གིས་འོས་སྒམ་ཞབས་རྡོལ་ཟེར་གྱི་འདུག
    དངོས་གནས་ཡིན་ན་གཙང་བུའི་བཤད་པ་ལྟར། འོས་སྒམ་ཞབས་རྡོལ་བ་མ་རེད། མི་ཞབས་རྡོལ་བ་རེད།
    འདི་གཉིས་ལ་ཁྱད་པ་ལུས་ཡོད།

  27. མང་ར་བ་གཡང་རྒྱལ་འབུམ། says:
    2010-11-05 at 5:35 am

    རང་ཤ་བཅད་ནས་ཁྱི་ཁར་གཡུག་ཟེར་བ་འདི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme