Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཁམས་ཀྱི་ཁྲམ་པ་བཅུ། ༼བོད་འགྱུར་མ།༽

Posted on 2010-10-06 By དབང་ཕྱུག་ 22 Comments on བོད་ཁམས་ཀྱི་ཁྲམ་པ་བཅུ། ༼བོད་འགྱུར་མ།༽

རྟ་ནག་སྐལ་བཟང་ལུང་རིགས།

བོད་འགྱུར་མ་འདིའི་གསལ་བཤད།

(藏区十大骗子)”བོད་ཁམས་ཀྱི་ཁྲམ་པ་བཅུ”ཞེས་པའི་བྲིས་རྩོམ་འདི་ ཉེ་ལམ་བོད་མིའི་རིག་གནས་དྲ་བའི་པོད་ཁུག་ཏུ་༼སྙན་ངག་པའི་ལྷ་ཡུལ༽ཞེས་པར་རྒྱ་ ཡིག་གི་ལམ་ནས་བཀོད་ཡོད་ཅིང་། དཔྱད་རིན་ཞིག་དང་བསམ་རིན་ཞིག་འདུག་བསམས་ཏེ་འདིར་བོད་འགྱུར་བགྱིས་པ་ཡིན། རིག་གནས་ཀྱི་ལྟ་ཚུལ་དང་།
མི་གཤིས་ཀྱི་མཛེས་པ་སོགས་ཡོད་ཚད་འགྱུར་བ་ལ་ཕྱོགས་པའི་དུས་འདིར་བྲིས་རྩོམ་ འདི་ལྟ་བུ་ཡང་མཐའ་གཅིག་ཏུ་ཕྱོགས་སྔར་བཟུང་ནས་དགག་རྒྱག་མི་བྱ་བར་བསམ་རྒྱུ་ ཅུང་འདུག་གོ།

བོད་ཁམས་ཀྱི་ཁྲམ་པ་བཅུ།

༡ དང་བོ་བོད་ཀྱི་སྙན་ངག་པ། བོད་ཀྱི་སྙན་ངག་པ་ནི་དེང་དུས་བོད་ཀྱི་རིག་གནས་པའི་བསྡུས་གཟུགས་ཤིག་ཏུ་གྲུབ་ཡོད་ཅིང་། བོད་ཀྱི་ཤེས་ལྡན་པའི་དཔུང་ཁག་ཅིག་ཏུ་འཚོལ་སྙེག་བྱེད་བཞིན་ཡོད། ཁོ་ཚོས་རྒྱལ་ནང་གི་ཤེས་ཡོན་པ་དག་གིས་སྔོན་ནས་དོར་ཚར་བའི་རིག་གནས་ཀྱི་གད་སྙིགས་དག་འཚོལ་སྙེག་གི་ཡུལ་དུ་བྱེད་བཞིན་ཡོད་དེ། དཔེར་ན། མི་རབས་གསུམ་པའི་སྙན་ངག་གི་གྲུབ་མཐའ་བ་དག་གིས་ནུབ་ཕྱོགས་པའི་སྙན་ངག་གང་ཡང་ རུང་བ་ཞིག་གི་ལུགས་ལ་རྗེས་ཟློས་བྱེད་པ་ལྟ་བུའོ།། ཁོ་ཚོས་དེང་རབས་ཀྱི་རིག་གནས་ཀྱི་རྗེས་ཟིན་གྱིན་མེད་པའི་ཁར། སྔར་མེད་གསར་གཏོད་ཀྱི་རྣམ་པར་གནས་པའི་འོད་སྟོང་འབར་བའི་སྲོལ་རྒྱུན་སྙན་ གཞུང་དག་གི་སྲོག་རྩའང་ཆད་ལ་ཉེ། ཁོ་ཚོས་གང་འདོད་ཀྱིས་མིང་ཚིག་ཁ་ཤས་ཤིག་འཐེན་སྣོན་བགྱིས་ཏེ་གྱ་ཚོམ་དུ་བྲིས་ པའི་སྙན་ངག་དག་ལ་འབྲི་བ་བོ་རང་ཉིད་ཀྱིས་ཀྱང་གོ་བ་ལོན་མི་སྲིད་དོ།།

༢ གཉིས་པ་བོད་ཀྱི་དགེ་རྒན་ཆེན་མོ། བོད་ཀྱི་དགེ་རྒན་ཆེན་མོ་ཕལ་ཆེ་བ་ནི་རིག་གནས་འཕྲུལ་ལས་ཀྱི་མི་རེད། དུས་ལྟར་དུ་སློབ་ཁང་དུ་བསླེབ་ལ། སྔ་ཕྱི་མད་པར་ཟླ་ཕོགས་དུས་ལྟར་ལེན་ནོ།། དགེ་རྒན་ཆེན་མོ་དག་གིས་རང་ཉིད་ཀྱི་བསླབ་གཞི་ལས་གཞན་ཤེས་བྱ་ཅི་ཞིག་ཤེས། ད་དུང་སློབ་གསོའི་ཤེས་བྱ་གང་ཞིག་གདའ། ཁོ་ཚོས་ཤེས་པ་ནི་རིག་གནས་གུ་དོག་གི་བསམ་བློ་ཙམ་བརྒྱུད་སྤྲོད་བྱ་རྒྱུ་དེ་ རེད། དགེ་རྒན་ཆེན་མོ་འདིི་དག་ནི་བོད་ཡིག་གི་དགེ་རྒན་འབའ་ཞིག་ཡིན་ནའང་། རང་ཉིད་ཀྱི་བུ་ཕྲུག་རྣམས་བོད་ཡིག་སྦྱང་ཡུལ་གྱི་སློབ་གྲྭ་གང་ནའང་མེད་དོ།།

༣ གསུམ་པ་པ་བོད་ཀྱི་ཞིབ་འཇུག་སློབ་མ། ཞིབ་འཇུག་སློབ་མ་འདི་དག་ནི་ཞིབ་འཇུག་སློབ་མ་དངོས་མ་ཡིན་ནའང་། ཚད་གཞི་ཅི་ཡང་མེད། ཞིབ་འཇུག་སློབ་མ་དེ་དག་གི་དཔྱད་རྩོམ་ནི་གཞན་གྱི་བསམ་བློ་དང་བརྩམས་ཆོས་རྐུ་ བཤུ་བྱས་་ཤིང་། འབྲེལ་ལམ་ཞིག་བརྒྱུད་ནས་ཞིབ་འཇུག་སློབ་མའི་ཁྱབ་ཁོངས་སུ་ཚུད་ཐུབ་པ་བྱས་ཏེ། ཞིབ་འཇུག་སློབ་མའི་དཔང་ཡིག་ཐོབ་ཐུབ་པ་བྱེད་དོ།།
དེ་བས་ཁོ་ཚོས་རིག་གནས་ཞེས་པའི་ནང་དོན་ལ་ཞིབ་འཇུག་ཅི་ཡང་བྱས་མེད།

༤ བཞི་བ་བོད་ཀྱི་རྩོམ་སྒྲིག་པ། བོད་ཀྱི་རྩོམ་སྒྲིག་པ་རིགས་གཉིས་སུ་དགར་ཆོག དང་བོ་ནི་སྲིད་གཞུང་དང་འབྲེལ་ཡོད་ཀྱི་དུས་དེབ་དང་ཚགས་པར་རྩོམ་སྒྲིག་པ་དང་། གཉིས་པ་ནི་སྒེར་གཉེར་གྱི་དུས་དེབ་དང་ཚགས་པར་རྩོམ་སྒྲིག་པའོ།། དང་བོའི་རིགས་ལ་བོད་ཡིག་གི་ཚད་གཞི་ཤིན་ཏུ་ནས་སྐྱོ་བ་མ་ཟད། རུལ་སུངས་རང་བཞིན་གྱི་བག་ཆགས་ཤིན་ཏུ་ཟབ། གཉིས་པའི་རིགས་ཀྱིས་དུས་དེབ་དང་ཚགས་པར་གང་རུང་གི་རྒྱབ་ངོས་སུ་མི་རིགས་ཀྱི་ལ་རྒྱ་གླེང་བའི་ཟོལ་དུ་བགྱིས་གཞན་སེམས་བསླུ་བར་བྱེད་ཅིང་། བོད་ཁམས་ཀྱི་བདེ་འཇགས་དཀྲུགས་ལ། མི་རིགས་ཀྱི་མཐུན་སྒྲིལ་ལའང་ཉམ་ཉེས་ཆེན་པོ་གཏོང་བར་བྱེད་དོ། །

༥ ལྔ་བ་བོད་ཀྱི་རབ་བྱུང་བ། རབ་བྱུང་བ་དག་ཁྱིམ་དང་བྲལ་རྗེས་སླར་ཡང་ཁྱིམ་ཞིག་འཛུགས་པར་བྱེད་དོ།། དེ་ནི་དགོན་པའོ།། དེང་དུས་ཀྱི་རབ་བྱུང་བ་དག་ལ་དགོན་པ་ནི་ཞག་གཅིག་གི་གནས་ཚང་གི་འདུ་ཤེས་ལས་ མེད། ཡུལ་གཞན་དུ་འགྲོ་ས་མེད་ཚེ་གཞི་ནས་དགོན་པར་ལོག་འོང་། བདེ་ཆེན་འདི་ཕྱོགས་ཀྱི་རབ་བྱུང་བ་ཕལ་མོ་ཆེ་རང་གི་འཚོ་གནས་ཀྱི་ཆེད་དུ་རབ་ཏུ་ བྱུང་བ་རེད་དེ། རབ་ཏུ་བྱུང་རྗེས་ཁྱིམ་པ་བ་ནང་བཞིན་ཟང་ཟིང་གི་ལས་ཀར་བཅོལ་གཏོགས་མི་དགོས་པར་ མ་ཟད། ཡོང་སྒོ་དེ་ལས་མང་བའི་ཕྱིར་རོ།། ཕྱི་རོལ་བའི་མི་དག་གི་མིག་མདུན་དུ་ཁོ་ཚོ་ནི་རླབས་ཆེ་བའི་སངས་རྒྱས་ཀྱི་རྗེས་འཇུག་པ་ཡིན་ནའང་། དེང་དུས་སངས་རྒྱས་ཀྱི་རྗེས་འཇུག་པ་དངོས་གནས་ཤིག་མཐོང་དཀའ་བའི་ཚོད་དུ་གདའ་འོ།།

༦ དྲུག་པ་བོད་ཀྱི་ལོ་རྒྱུས་སྨྲ་བ། དེ་སྔ་རྒྱ་ནག་གི་ལྷུག་རྩོམ་འདེམས་སྒྲིག་ཁྲོད་དུ་འདི་འདྲའི་སྐད་ཆ་ཞིག་ཡོད། ལོ་རྒྱུས་ཀྱིས་ཆབ་སྲིད་ལ་ཞབས་འདེགས་ཞུ་དགོས། སྐད་ཆ་འདི་ལ་གནས་ལུགས་ཆེན་པོ་ཞིག་ཡོད། ད་ལྟའི་ལོ་རྒྱུས་སྨྲ་བ་དག་གིས་བྲིས་པའི་བྱུང་བ་ཡོད་ཚད་བརྐུ་བཤུ་དང་ལད་འབྲི་ ཡིན་མོད། ད་དུང་ཁོང་ཚོས་རང་ཉིད་ཀྱི་བརྩམས་ཆོས་སུ་ངོམ་བཞིན་ཡོད། དཔེར་ན། བན་བོན་གཉིས་ཀྱི་འཁྲུགས་ལོང་དེར་བཤད་ཐབས་གསར་བ་ཞིག་སྤྱད་པ་ཙམ་རེད་པས། དེང་དུས་ཀྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་ཁྲམ་པ་རེད་དམ་མ་རེད།

༧ བདུན་པ་བོད་ཀྱི་མོ་བ།

༨ བརྒྱད་པ་བོད་ཀྱི་བསམ་བློ་བ། ད་ལྟ་བོད་ཡུལ་གྱི་མི་མང་བོ་བསམ་བློ་བར་འགྱུར་འདོད་ཀྱི་རེ་བ་ཤིན་ཏུ་ཆེ། དེའི་དབང་གིས་མི་རེ་རེ་ལ་བོད་ཡིག་གི་ཤེས་བྱ་ཉུང་ངུ་རེ་བདོག་པས། ཁོ་ཚོའི་རང་ཉིད་ནི་བསམ་བློ་བ་དང་། ཡང་ན་སྙན་ངག་པའོ་བསམས་ཡོད། སྐྲ་རིང་བོ་འཇོག་པར་མོས་པ་དང་། ཀུན་སྤྱོད་རྒྱུན་ལྡན་མིན་པ་གཉིས་ནི་ཁོ་ཚོས་བསམ་བློ་བར་འགྱུར་བྱེད་ཀྱི་ཆ་ རྐྱེན་དུ་རྩི་བཞིན་ཡོད། ཤེས་ལྡན་པ་གཤའ་མ་ཞིག་གིས་ཁོ་ཚོར་གཟབ་ནན་གྱིས་དཔྱད་པ་བགྱིས་ཚེ། མི་འདི་དག་གིས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་མི་ཤེས་ལ། ནུབ་ཕྱོགས་སྔོན་ཐོན་རིག་གནས་དེ་བས་ཀྱང་ངོ་།། ཁོ་ཚོ་ནི་ཁྲམ་པའི་དམངས་ཁྲོད་ཀྱི་སྨྱོན་པ་ཁྱུ་གཅིག་རེད།

༩ དགུ་བ་བོད་ཀྱི་བོད་རིག་པ་སྨྲ་བ། བདེ་ཆེན་རྫོང་དུ་བོད་རིག་པ་སྨྲ་བ་ཁ་ཤས་ཡོད། ཁོ་ཚོས་ཅི་ཞིག་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་དམ། བོད་རིག་པ་སྨྲ་བ་ཚོས་བོད་ཡིག་གི་མགོ་མཇུག་གང་ཡིན་པའང་མི་ཤེས་སོ།། ཉེ་ཆར་བདག་གིས་དབུས་སའི་དཔེ་འཚོང་ཁང་དུ་བོད་རིག་པ་ཆེད་མཁས་པས་རྩོམ་སྒྲིག་ བགྱིས་པའི་དུས་དེབ་དང་། བོད་རིག་པའི་དཔེ་དེབ་ཅིག་མཐོང་བྱུང་། ཚང་མ་རྒྱ་ཡིག་གིས་བྲིས་འདུག ཁོ་ཚོས་བོད་ཡིག་གཏན་ནས་མི་ཤེས་པ་མིན་ན་ཅིའི་ཕྱིར་དུ་རེད། གལ་སྲིད་སྐད་ཆ་འདི་མི་རིགས་གཞན་ཞིག་ལ་བསྙད་ཚེ་ཡིད་ཆེས་མི་སྲིད། དེ་ལྟ་ནའང་མི་འདི་དག་ལ་བོད་ཡིག་གིས་བརྩམ་བྱ་རྩོམ་པའི་ཚད་གཞི་ཅི་ཡང་མེད་ལ། ཁོ་ཚོ་ནི་རྒྱ་མི་རིགས་ལ་ཁྲམ་ལས་བྱེད་པའི་བོད་རིག་པའི་ཆེད་ལས་པ་སྐོར་ཞིག་ རེད།

༡༠ བཅུ་བ་བོད་ཀྱི་ཡུལ་སྐོར་སྣེ་ཤན་པ། དེང་དུས་ཀྱི་ཡུལ་སྐོར་སྣེ་ཤན་པ་ཕལ་ཆེ་བར་ཡུལ་སྐོར་རིག་གནས་ཀྱི་ཤེས་བྱ་ཅི་ཡང་མེད། ཁོ་ཚོ་ནི་མི་རིགས་འདིའི་ཕུལ་ཏུ་བྱུང་བའི་ཤུལ་བཞག་རིག་གནས་ཚོང་རྫས་བྱེད་པའི་ཁྲམ་པ་སྐོར་ཞིག་སྟེ། ཤུལ་བཞག་རིག་གནས་དེ་དག་གི་སྔོན་མའི་རིན་ཐང་དང་། དེང་སྐབས་ཀྱི་གོང་ཐང་ཙམ་ལས་གང་ཡང་མི་ཤེས། དྲང་མོར་བཤད་ན་ཡུལ་སྐོར་བར་སྣེ་ཤན་གྱི་སྐད་བརྡ་ལས་གཞན། ད་དུང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་ཤེས་བྱ་དང་། མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ལའང་རྒྱུས་མངའ་ཟབ་མོ་དགོས་སོ།།

༼འགྱུར་ལ་དོགས་གནས་འདུག་ཚེ་དྲ་གནས་འདི་ལ་ལྟོས། http://penpatashi.tibetcul.com/107391.html༽

འགྱུར་རྩོམ།

Post navigation

Previous Post: བལ་ཡུལ་གཞུང་ལ་བཀའ་དྲིན་ཆེ། ང་ཚོར་དགོས་དེ་ཡོད།
Next Post: ཡང་མིན་ན་འདི་ལྟར་བྱེད།

Comments (22) on “བོད་ཁམས་ཀྱི་ཁྲམ་པ་བཅུ། ༼བོད་འགྱུར་མ།༽”

  1. བོད་ཀྱི་བུ་ཆུང་། says:
    2010-10-06 at 5:33 am

    འོ་ལོས་ཡིན།

  2. བོད་ཀྱི་བུ་ཆུང་། says:
    2010-10-06 at 5:40 am

    འདི་འདྲ་དེ་བོད་མི་ཁ་ཤེས་ཞིག།
    བོད་མི་ཡོངས་རྫོགས་དེ་འདྲ་མ་རེད།
    བོད་མི་ཡོངས་རྫོགས་དེ་འདྲ་རེད་ཟེར་ན་ཕྱི་ཕྱོགས་ནས་གོང་ས་མཆོག་དང་།
    ནང་ལོག་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སོགས་བོད་པ་ཚང་གི་མི་རེད།
    འདི་འདྲའི་རྒྱ་དམར་ལ་དགའ་བའི་རྩོམས་རྙོག་དེ་མ་བཀོད་རོགས་ཞུ།
    དེ་འདྲ་དེ་བོད་པ་གཅིག་པུ་མིན་པར་འཛམ་གླིང་གང་སར་ཞབས་འདྲེན་མང་པོ་ཡོད་པ་རེད།
    དེ་ཆོས་ཉིད་རེད།

  3. བོད་ཀྱི་བུ་ཆུང་། says:
    2010-10-06 at 5:42 am

    ཁྱེད་རང་ཡང་དེ་འདྲ་བོ་མ་རེད་དམ

  4. གཙང་ཁའི་བུ says:
    2010-10-06 at 6:59 am

    རྟ་ནག་སྐལ་བཟང་ལུང་རིགས་ལགས་ཐུགས་རྗེ་ཆེ། དངོས་གནས་སྒྱུར་རིན་ཆོག་པའི་རྩོམ་ཡིག་ཅིག བོད་ལ་ཤ་ཞེན་ཡོད་པའི་རྩོམ་ཡིག་ཕུལ་བྱུང་ཞིག དེ་འདྲའི་རྩོམ་པ་པོ་རྣམ་དཔྱོད་ཅན་ཞིག གནད་ལ་འཁེལ་བའི་རྩོམ་ཡིག་ཅིག ངོ་མ་གནད་དོན་འདི་དག་ངོས་ཟིན་དགོས་པ་དེ་གལ་ཆེ།
    ཡང་དགོས་རྟ་ནག་ལགས། གནད་དོན་དང་པོ་དེ་ཁྱོད་རང་དང་ཅུང་འབྲེལ་མི་འདུག་གམ།
    བོད་ཀྱི་བུ་ཆུང་ཟེར་བའི་སྙིང་མེད་བྱབ་ཆུང་ཁྱོད་ཀྱི་མཆན་ལ་ལྟོས་དང་གོ་རྒྱུ་ཚོར་རྒྱུ་ཅི་འདུག རྒྱལ་བ་པཎ་ཆེན་ས་འདིར་དྲུད་དགོས་དོན་འདུག་གམ། དངོས་གནས་བླུན་པོ་རང་རློམ་ཅན་རེད། འདི་འདྲ་ཡིན་ན་མཆན་འགོན་ཡང་དོན་ཚན་གཅིག་ནང་འཇོག་དགོས་ཐུག་ས་རེད།

  5. བོད་ཀྱི་བུ་ཆུང་། says:
    2010-10-06 at 8:13 am

    ཧ་ཧ་
    བོད་ཁམས་ཀྱི་ཁྲམ་པ་བཅུ་ཟེར་བ་དེ་བོད་པ་གཅིག་པོ་མ་རེད
    འཛམ་བུ་གླིང་ན་དེ་འདྲའི་མི་མང་པོ་ཡོད་པ་རེད
    ཡིན་གཅིག་མིག་གཅིག་བོད་ཁམས་ཀྱི་ཁྲམ་པ་ལབ་དགོས་དོན་མི་འདུག
    གཙང་ཁའི་བུ་
    ཁྱེད་ཀྱིས་ང་ལ་སྙིང་མེད་བྱབ་ཆུང་བརྗོད་འདུག་ཀྱང་དེ་ལ་སྙིང་པོ་གང་ཡང་མཐོང་གི་མི་འདུག
    ཁྱོད་ཀྱིས་དང་པོ་བོད་ཡིག་གི་ནང་དོད་ཡག་པོ་ཞིག་ཧ་གོ་བ་བྱས་ནས།
    དེ་ནས་མི་གཞན་ལ་སྐྱོན་བརྗོད་བྱས་ན་ལེན་པོ་ཡོད་རེད།
    གཙང་ཁའི་བུ་འམ་གཙང་པའི་ཨོ་ལོ་ལ་ཕུལ

  6. མེ་ཏོག་དཀར་པོ། says:
    2010-10-06 at 9:57 am

    ཕྱོགས་རེ་བ་དེ་འདྲ་ལ་སྐྱོན་དུ་རྩིས་ན་བཅུས་ག་ལ་ཚད།
    ཧ་ཧ་ཧ་ཧ

  7. བཀྲ་ཤིས་ལྷ་དར། says:
    2010-10-06 at 11:20 am

    སེམས་ཕམ་ཡོང་གི་འདུག

  8. སྦྲ་ནག་ཚང་། says:
    2010-10-06 at 11:27 am

    རྩོམ་ཡིག་དེ་བོད་མིའི་་ལེགས་ཉེ་བླང་དོར་གྱི་ཆེད་ཡིནཔས་། རྩོམ་ཡིག་དེ་བོད་ཡིག་ཐོག་མ་བྲིས་བར་། རྒྱ་ཡིག་ཐོག་འབྲི་ཚུལ་ལ་ལྟོས་ན་། རྩོམ་པ་ཁོང་ཉིད་ཀྱང་དོན་༩་ནང་ཚུལ་འདུག།

  9. ཇ་མ་ says:
    2010-10-06 at 11:40 am

    གང་ལྟར་ཁྲམ་པ་ཟེར་ནའང་ཆོག་ལ་འཇོན་པོ་ཟེར་ཡང་ཆོག ང་ཚོའི་དུས་སྐབས་འདིར་མིག་མཐོང་ལག་ཟིན་གྱིས་གནས་ཚུལ་འདི་འདྲ་ངོ་མར་འབྱུང་དང་བྱུང་བཞིན་ཡོད། དེ་བཞིན་མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོངས་ནགས་ན་མེད་ཟེར་བ་ལས་འོས་མེད་རེད་བསམ། ཁྱེད་ཚོས་ལྟས་ན་དེ་འདྲ་ཨེ་རེད།

  10. གཙང་ཁའི་བུ says:
    2010-10-06 at 1:31 pm

    བོད་ཀྱི་བུ་ཆུང་། གང་གི་རྕོམ་ཡིག་ནང་བོད་ཁམས་ཀྱི་ཁྲམ་པ་བཅུ་ལབ་འདུག་པ་ལས་བོད་མི་ཡོངས་རྫོགས་ཡིན་ཚུལ་དངོས་ཤུགས་གང་དུའང་བསྟན་མི་འདུག འོན་ཏེ་ཁྱོད་རང་གིས༼བོད་མི་ཡོངས་རྫོགས་དེ་འདྲ་མ་རེད།
    བོད་མི་ཡོངས་རྫོགས་དེ་འདྲ་རེད་ཟེར་ན་ཕྱི་ཕྱོགས་ནས་གོང་ས་མཆོག་དང་།
    ནང་ལོག་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སོགས་བོད་པ་ཚང་གི་མི་རེད།༽ཅེས་བྲིས་འདུག འདི་ལ་ལྟོས་དང་བོད་ཡིག་གི་ནང་དོན་ཡག་པོ་ཞིག་ཧ་གོ་ཡོད་མེད་གསལ་བོ་རེད།
    ཡང་༼འདི་འདྲའི་རྒྱ་དམར་ལ་དགའ་བའི་རྩོམས་རྙོག་དེ་མ་བཀོད་རོགས་ཞུ།༽ཟེར། འདི་རྒྱ་མི་དགའ་མི་དགའ་དེ་གནད་དོན་ངོ་མ་མ་རེད། ང་ཚོ་བོད་པ་ལ་དེ་འདྲའི་རིགས་ཡོད་མེད་བརྟགས་ནས་ནོར་བཅོས་བྱ་རྒྱུ་གལ་ཆེ་ཕྱོགས་རེད། ངས་བསམ་ན་འདི་ནི་བོད་མི་བྱབ་ཆུང་བ་དག་ལ་ཐེར་འདོན་བྱེད་པ་ལས། བོད་མི་རིགས་དང་རིག་གཞུང་ལ་སྐྱོན་བརྗོད་རྩ་བ་ནས་མ་རེད། ངས་ནང་ཡང་ཁྱོད་རང་གི་མཆན་དེ་བྱབ་ཆུང་དེ་བསམ།
    ཡང་༼དེ་འདྲ་དེ་བོད་པ་གཅིག་པུ་མིན་པར་འཛམ་གླིང་གང་སར་ཞབས་འདྲེན་མང་པོ་ཡོད་པ་རེད། ༽ཟེར། ཚིག་འདིས་བོད་པ་ལ་ཁྲམ་པ་བཅུ་ཡོད་པ་ཁྱོད་རང་གིས་ངེས་ལན་བྱས་འདུག དངོས་གནས་དོན་དག་མ་ཤེས་ན་དཀའ་ངལ་རེད། འདི་ཡང་རྒྱ་མི་དགའ་བའི་རྩོམ་ཡིན་རྒྱུ་རེད། མ་ཤེས་ན་མི་ལ་དྲིས། ངོ་མ་ཁྱོད་རང་སྙིང་རྗེ། རྗེས་མ་ཕེབས་དང་།

  11. གཙང་ཁའི་བུ says:
    2010-10-06 at 1:37 pm

    བོད་ཀྱི་བུ་ཆུང་ལགས། ཁྱོད་ཀྱིས་ང་ལ་༼གཙང་ཁའི་བུ་
    ཁྱེད་ཀྱིས་ང་ལ་སྙིང་མེད་བྱབ་ཆུང་བརྗོད་འདུག་ཀྱང་དེ་ལ་སྙིང་པོ་གང་ཡང་མཐོང་གི་མི་འདུག
    ཁྱོད་ཀྱིས་དང་པོ་࿊བོད་ཡིག་གི་ནང་དོད࿊་ཡག་པོ་ཞིག་ཧ་གོ་བ་བྱས་ནས།
    དེ་ནས་མི་གཞན་ལ་སྐྱོན་བརྗོད་བྱས་࿊ན་ལེན࿊་པོ་ཡོད་རེད།༽ཅེས་བྲིས་པའི་ནང་གི་རྟགས་ཅན་ཚིག་ནོར་འདི་དག་བཅོས་རོགས། ཚིག་འདི་དག་ལས་དོན་ཞིག་རག་མི་འདུག

  12. མེ་ཆ་། says:
    2010-10-06 at 2:25 pm

    གོང་གི་བརྩོམ་འདི་གོང་ཁྲིན་གྱིས་བཤད་པས་རྒྱལ་གཅེས་ཆོསགཅེས་ཀྱི་ཆ་ཤས་གཅིག་ཡིན་པ་འདྲ་།

  13. རིན་ཆེན་རིལ་བུ། says:
    2010-10-06 at 3:35 pm

    གྲོགས་པོ་ཚོ། འདིས་ཅི་ཡང་ཤོད་མི་འདུག ནང་རྩོད་རྒྱག་རིན་མེད་ཁུ།

  14. ཚངས་དབྱངས་། says:
    2010-10-06 at 5:42 pm

    འདིའི་ནང་བདེན་པ་ཁ་ཤས་འདུག ད་དུང་སྣོན་མ་བརྒྱབ་ན།

    ༡༡ བོད་པའི་སྤྲུལ་སྐུ།་་་་་་་་་་་་་་་་་་དངུལ་དང་བུད་མེད་རྟག་ཏུ་བསྟེན། ཆོས་དང་གཞན་ཕན་རྒྱབ་ཏུ་སྤངས།

    ༡༢ བོད་ནང་གི་བོད་པའི་དཔོན་པོ། རང་གི་མི་རིགས་རོ་བཞིན་དོར། བཙན་རྒྱལ་རྗེས་སུ་ཁྱི་བཞིན་རྒྱུག

    ༡༣ བོད་པའི་དྲ་བའི་ཟིན་བྲིས་མཆན་པོ། ༼འདི་ཁྱེད་ཚོས་འབྲི་རོགས།༽

    ༡༤ བོད་པའི་སྤྱི་འཐུས། བོད་མིའི་རྩ་དོན་རྐུབ་འོག་བཅུག རང་གི་སྒེར་དོན་མགོ་ལ་འཁུར། 

    ༡༥ བོད་པའི་བཤད་གྲྭ་བ། གྲུབ་མཐའི་འཐེན་ཁྱེར་སྙིང་ལ་འཁུར། བོད་ཀྱི་རྩ་དོན་གཏིང་ནས་སྟོར།

    ༡༦ ད་དུང་སུ་འདུག

  15. གཙང་ཁའི་བུ says:
    2010-10-07 at 5:51 am

    ཚངས་དབྱངས་ངས་བྲི། ༡༣ བོད་པའི་དྲ་བའི་ཟིན་བྲིས་མཆན་པོ།

    ཡང་དག་རྒྱུ་མཚན་དྲི་མ་དབེན། །
    ཐམས་ཅད་ཕྱོགས་རིས་ཆགས་སྡང་འོག །
    སྒྲོ་སྐུར་རི་རབ་ལྷུན་པོ་སྤུངས། །
    ངོ་ཚ་ཞེ་ཁྲེལ་ཅི་ཡང་མེད།

  16. མེ་ཏོག་དཀར་པོ། says:
    2010-10-07 at 7:09 am

    གཙང་ཁའི་བུ་གཅིག་ཆད་འདུག

    དཔེར་ན་གཙང་ཁའི་བུ་བཞིན་ནོ། །འདི་ཡར་སྣོན་ཅིག

  17. གཙང་ཁའི་བུ says:
    2010-10-07 at 7:44 am

    མེ་ཏོག་དཀར་པོ་ལགས་བློ་སྐྱེད་གནང་བ་ཐུགས་རྗེ་ཆེ། ང་སྦྱར་འདོད་ཀྱང་མ་ཤེས་ནས་ལུས་སོང་།

    ཡང་དག་རྒྱུ་མཚན་སྣ་གཅིག་མེད། །
    དཔེར་ན་མེ་ཏོག་དཀར་པོ་བཞིན། །
    ཐམས་ཅད་ཆགས་སྡང་འོག་ཏུ་བྱིངས། །
    དཔེར་ན་མེ་ཏོག་དཀར་པོ་བཞིན། །
    སྒྲོ་སྐུར་ལྷུན་པོའི་ནང་དུ་ནུབ། །
    དཔེར་ན་མེ་ཏོག་དཀར་པོ་བཞིན། །
    ངོ་ཚ་ཞེ་ཁྲེལ་ཅི་ཡང་མེད།།
    དཔེར་ན་མེ་ཏོག་དཀར་པོ་བཞིན། །

    ངོ་མ་དཔེ་དོན་མཐུན་སོང་།

  18. འཇིགས་མེད་བཀྲ་་་་ཤིས། says:
    2010-10-07 at 10:06 am

    སྐྱོན་འདི་དག་ལ་བདེན་པའི་ཆ་མང་པོ་འདུག འོན་ཀྱང་སྐྱོན་ཆ་ངོས་བཟུང་བ་ཙམ་མ་གཏོགས། སྐྱོན་སེལ་ཐབས་ཇི་ལྟར་བྱེད་དགོས་པའི་སྐོར་བཤད་མི་འདུག སྐྱོན་གྱི་འབྱུང་རྐྱེན་ཡང་བཤད་མི་འདུག ངས་བལྟས་ན། སྐྱོན་འདི་དག་ཕལ་ཆེ་བའི་འབྱུང་རྩ་ནི། རྒྱ་ནག་གཞུང་གིས་བོད་མི་ཚོར་སློབ་སྦྱོང་སྤྲོད་སྟངས་ལ་ཐུག་འདུག རྒྱ་གཞུང་གི་སློབ་གསོའི་སྲིད་ཇུས་ངན་པའི་འོག་ནས་ཐོན་པ་ཚོར་འདི་ལས་ལྷག་ཡོང་རྒྱུ་མེད། དེས་ན། བོད་ནང་གི་སློབ་གསོའི་སྲིད་ཇུས་སམ་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཞིག་བོད་ནང་དུ་ཁྱབ་ཐབས་བྱེད་དགོས། དེ་ལ་དང་པོར་བོད་ནང་དུ་སྐྱོན་འདི་དག་ར་སྤྲོད་བྱེད་རྒྱུ་གལ་ཆེ། སྐྱོན་གཞན་དག་ཀྱང་གསལ་སྟོན་བྱེད་དགོས། མང་པོ་ཞིག་གིས་སྐྱོན་འདི་རིགས་མཐོང་གི་མེད།

  19. མེ་ཏོག་དཀར་པོ། says:
    2010-10-07 at 11:42 am

    གཞན་ལ་རྒྱུ་མཚན་སྣ་གཅིག་མེད། །
    གཙང་ཁའི་བུ་ལ་རྒྱུ་མཚན་མང་། །
    རྒྱུ་མཚན་ལྡན་པའི་བཀྲ་ཤིས་ཤོག །

    ཐམས་ཅད་ཆགས་སྡང་འོག་ཏུ་བྱིངས། །
    གཙང་ཁའི་བུ་ལ་ཆགས་སྡང་མེད། །
    ཆགས་སྡང་མེད་པའི་བཀྲ་ཤིས་ཤོག །

    ཀུན་ཀྱང་སྒྲོ་སྐུར་ནང་དུ་ནུབ། །
    གཙང་ཁའི་བུ་ལ་སྒྲོ་སྐུར་བྲལ། །
    སྒྲོ་བསྐྲུར་བྲལ་བའི་བཀྲ་ཤིས་ཤོག །

    གཞན་ལ་ངོ་ཚ་ཞེ་ཁྲེལ་མེད། །
    གཙང་བུར་ངོ་ཚ་ཁྲེལ་ཡོད་ལྡན། །
    ངོ་ཚ་ཁྲེལ་ཡོད་བཀྲ་ཤིས་ཤོག །

    གཞན་པ་ངན་པ་དགུ་འཛོམས་ལ། །
    གཙང་ཁའི་བུ་ལ་བཟང་བཅུ་འཛོམས། །
    ངན་བྲལ་བཟང་འཛོམས་བཀྲ་ཤིས་ཤོག །

  20. lala says:
    2010-10-08 at 5:21 pm

    དུས་དེབ་དང་ཚགས་པར་གང་རུང་གི་རྒྱབ་ངོས་སུ་མི་རིགས་ཀྱི་ལ་རྒྱ་གླེང་བའི་ཟོལ་དུ་བགྱིས་གཞན་སེམས་བསླུ་བར་བྱེད་ཅིང་། བོད་ཁམས་ཀྱི་བདེ་འཇགས་དཀྲུགས་ལ། མི་རིགས་ཀྱི་མཐུན་སྒྲིལ་ལའང་ཉམ་ཉེས་ཆེན་པོ་གཏོང་བར་བྱེད་དོ།
    ཧ་ཧ། སྐད་ཆ་དེ་ཙམ་གྱིས་རྒྱ་མིའི་རྒྱུགས་ཁྱི་དང་རྒྱ་མིའི་གདོན་འདྲེ་ཁོག་ཞུགས་ཤིག་ཡིན་པ་ཐག་གིས་ཆོད། ཟུར་ཞིག་ལ་ཁ་རྡོ་ཙོག་ལྟར་བཙུམས་ནས་བཞག་ཞོག

  21. གཞོན་ནུ་ཟླ་མེད། says:
    2010-10-08 at 5:46 pm

    ཀྲུང་གོས་མི་རིགས་སྡེ་ཚན་གྱི་སློབ་མ་རྣམས་ལ་རྩ་གཏོར་གྱི་སློབ་སྦྱོང་མ་གཏོགས། རྩ་འཛུགས་ཀྱི་སློབ་གསོ་སྤྲད་ཡོད་པ་མ་རེད། དེ་བས་ན་ན་གཞོན་སློབ་གྲྭ་བ་རྣམས་ཀྱིས་གང་ཞིག་གཏོར་སྟངས་མ་གཏོགས། གང་ཞིག་མི་རིགས་རང་ཉིད་ལ་ཁེ་ཕན་སྒྲུབ་སྟངས་ཤེས་ནི་མ་རེད་ཡ།

  22. དྭངས་གཙང་ says:
    2013-02-05 at 2:59 pm

    ༆དོན་ཚན་བཅུ་ག་བོད་མིའི་དགོས་མཁོར་མཐོང་བས་དེ་ལ་སྡང་ཞུགས་ཀྱིས་ཁྲམ་པ་ཞེས་བརྗོད་པ་པོ་ནི་སྣང་སྲིད་དགྲར་ལང་པའམ་ཡང་ན་གུང་ཁྲན་ལ་སྤྲེལ་ལད་ཁྲབ་འདོད་པ་གང་རུང་གིས་ལན་པར་སེམས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme