Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྕགས་པོ་རི།

Posted on 2010-10-042010-10-04 By ཁ་བརྡ་ 3 Comments on ལྕགས་པོ་རི།

དོལ་སྨྱོན།

དམྱལ་ཁམས་ཀྱི་མུན་པ་གངས་ལྗོངས་སུ་མ་མཆེད་པའི་སྔོན་ལ། སྨན་གྱི་བླ་མའི་
ལྷུང་བཟེད་ནང་འཁྱིལ་བའི་ལྕགས་པོ་རི།
ཁྱོད་ཀྱི་མཁའ་དབྱིངས་སུ་རྒྱུ་བ་ནི་དྭངས་གཙང་གི་བསིལ་རླུང་ཡིན་ལ། ཁྱོད་ཀྱི་ཉེ་
འཁོར་ན་འཐུལ་བ་ནི་ཞི་བདེའི་དྲི་བསུང་ཡིན། འོན་ཀྱང་ད་ལྟ་མཐོ་སྒང་གི་ཡོད་ཚད་
ནས་ཡོད་ཚད་གཤིན་རྗེའི་བཙོན་རར་གྱུར་ཚར་དུས། ཁྱོད་ཀྱི་མཁའ་དབྱིངས་སུ་
འཁྲིགས་པ་ནི་དམར་ནག་གི་ཆུ་འཛིན་རེད་ལ། ཁྱོད་ཀྱི་ཉེ་འཁོར་དུ་འཐུལ་བ་ནི་
འབར་རྫས་ཀྱི་དྲི་ངད་རེད།

གཤིན་རྗེའི་རྩ་ཁྲིམས་མཐོ་སྒང་དུ་མ་གྲགས་པའི་སྔོན་ལ། བདེན་བྲལ་གྱི་ཕྱོགས་སུ་
ལྷིང་ངེར་འགྱིངས་བའི་ལྕགས་པོ་རི།
ཁྱོད་ནི། ཕྱག་ན་རྡོ་རྗེའི་བླ་རི་དང་སྨན་གྱི་བླ་མའི་གྲོང་ཁྱེར། ཐང་སྟོང་རྒྱལ་པོའི་སྒྲུབ་
ཕུག་དང་གསོ་བ་རིག་པའི་འདུས་སྡེ། འཚོ་བྱེད་ཀུན་གྱི་འབྱུང་གནས་དང་ལུས་ཅན་
ཡོངས་ཀྱི་སྐྱབས་གནས་སུ་གྲུབ། འོན་ཀྱང་ད་ལྟ་གངས་ཅན་གྱི་འཁོར་ཡུག་ཡོད་ཚད་
ལ་གཤིན་རྗེའི་རྩ་ཁྲིམས་ཀྱིས་ཁྱབ་ཚར་དུས། ཁྱེམ་དང་ཏོག་ཙེ་ཐོགས་པའི་གཤིན་རྗེའི་
ལས་མཁན་རྣམས་ཀྱིས། ཁྱོད་ཀྱི་ཕྱི་ནས་དྲུས་ཤིང་ནང་ནས་བསྔོགས། འོག་ནས་ཕུག་ཅིང་
སྟེང་ནས་བརྟོལ་ཏེ། ཁྱོད་ཀྱི་བྱིན་རླབས་ཀྱི་མཚན་ཁ་ཡོད་ཚད་མོག་པོར་བཏང་།

ལྕེ་སྤྱང་གི་མིག་ཟུང་བསིལ་ལྡན་གྱི་ལྗོངས་སུ་མ་བགྲད་པའི་སྔོན་ལ། རྒྱ་གླིང་དང་དུང་
ཆེན་གྱི་འགྱུར་ཁུག་སྙན་པའི་ལྕགས་པོ་རི།
ཁྱོད་ཀྱི་འཁོར་ཡུག་ཡོད་ཚད་ལ། སྨན་གྱི་བླ་མའི་བདུད་རྩི་དང་ཐང་སྟོང་རྒྱལ་པོའི་བྱིན་རླབས་ ལྔ་བ་ཆེན་པོའི་ཐུགས་བསྐྱེད་དང་སངས་རྒྱས་རྒྱ་མཚོའི་མཛད་རྗེས། ད་དུང་།
རྒྱུད་བཞིའི་དབྱངས་རྟ་སྙན་མོ། ཡོད་ཚད་ནས་ཡོད་ཚད་ཁྱོད་ཀྱི་རི་ཆུ་ནགས་གསུམ་ལ་
ཁྱབ་ནས་ཡོད་ཅིང་། ཁྱོད་ཀྱི་ཕྱི་ནང་གསང་གསུམ་ལ་ཐིམ་ནས་ཡོད། འོན་ཀྱང་ད་ལྟ་མཐོ་
བོད་ཀྱི་ཡུལ་ལྗོངས་ཐམས་ཅད་ལྕེ་སྤྱང་གི་མིག་ཟུང་ནང་ཐིམ་ཚར་དུས། ལྕགས་པོ་རི།
ཁྱོད་ཀྱི་རླབས་ཆེན་གྱི་མཛད་རྗེས་ཡོད་ཚད་ངམ་གནག་གི་རྡུལ་དང་བསྲེས་ཏེ་ཡར་ཀླུང་
གཙང་པོར་བསྐུར་ཟིན།

ད་དུང་། ལྕགས་ཀྱི་ཀ་བ་བར་སྣང་གི་མཐོངས་སུ་བཙུགས་པ་ནི།
གསོ་རིག་གི་བསྟན་པར་དུང་བ་ཞེན་པའི་མི་བུ་དག་གི་སྙིང་ལ་ཟུར་གསུམ་གྱི་གྲི་རིང་
བཙུགས་པ་དང་ཀུན་ནས་མཚུངས།

སྣ་ཚོགས།

Post navigation

Previous Post: སྙིང་གཏམ་གྱིས་ང་རང་བསླུས་སོང་།
Next Post: བོད་ཆེན་པོའི་ན་ཚ་ཆེ་ཤོས།

Comments (3) on “ལྕགས་པོ་རི།”

  1. དམུ་རབ། says:
    2010-10-05 at 4:20 am

    དོལ་སྨྱོན་ལགས་ཀྱིས་བཤད་པ་དེ་བདེན་པ་རེད།
    ལྕགས་པོ་རི་ནི་ཕྱི་ལོ༡༦༩༦ལོར་གསང་བདག་ཕྱག་ན་རྡོ་རྗེའི་བླ་རི་གནས་མཆོག་ལྕགས་པོ་རིར། རྒྱལ་མཆོག་ལྔ་པ་ཆེན་པོའི་ཐུགས་དགོངས་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱག་འདེབས་མཛད་པ་ནས་ད་བར་དུས་འགྱུར་གྱི་དབང་གིས་འཕེལ་འགྲིབཐེངས་འགའ་བྱུང་ཡོད་ནའང། ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ་བོད་ཀྱིགསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེངས་ཡོད། མ་ཟད་བོད་གངས་ཅན་གྱི་གནས་ཚུལ་ཉག་ཕྲ་བའི་དུས་སྐབས་འདིར་ཡང་སྐྱབས་རྗེ་ཁྲོ་དགའ་བོ་རིན་པོ་ཆེའི་བླ་ན་མེད་པའི་ཐུགས་བསྐྱེད་དང་བཀའ་དྲིན་འོག འཕགས་ཡུལ་རྡོ་རྗེ་གླིང་དུ་ལྕགས་པོ་རིའི་དྲན་རྟེན་བསྐྱར་འཛུགས་ཀྱིས་བོད་ལུགས་གསོ་བ་རིག་པའི་བསྟན་པའི་རྒྱུད་འཛིན་གསོ་སྐྱོང་དང་བསྟན་པའི་ཞབས་འདེགས་ཞུ་མུས་སུ་ཡོད་པའི་གཏམ་བཟང་སྔར་ནས་གོ་ཐོས་བྱུང།

  2. དམུ་ཐག་དཀར་པོ། says:
    2010-10-05 at 10:24 am

    ༼ལྕགས་པོ་རི་བཻཌཱུརྱ་ལྟ་ན་ངོ་མཚར་འགྲོ་ཕན་རིག་བྱེད་གླིང་།༽

    ཕུན་ཚོགས་རྡུལ་མང་རབ་བརྩེགས་ལྕགས་པོ་རི།།
    རྩེ་མོ་བཻཌཱུརྱ་ཡི་མཁར་སྙེག་པ།།
    ལྟ་ན་ལྷུན་སྡུག་ངོ་མཚར་འགྲོ་ཕན་འབུམ།།
    མཛད་པ་ཚེ་ཡི་རིག་བྱེད་འཛིན་པའི་གླིང་།།

    ཞེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས།

  3. དོལ་སྨྱོན། says:
    2010-10-07 at 4:40 am

    རྩོམ་ཡིག་འདི་དང་སྙམ་དུ་ཕྲན་གྱིས་ལྕགས་པོ་རིའི་འདྲ་པར་ཞིག་བསྐུར་ཀྱང་
    འདིར་རྩོམ་ཡིག་དང་སྙམ་དུ་བཀོད་མི་འདུག་པས་ཕྲན་གྱིས་བསྐུར་སྟངས་མ་འགྲིག་པ་འདྲ་
    གང་ལྟར་འདྲ་པར་དེ་རྩོམ་ཡིག་གི་སྟེང་དུ་ཡོད་རྒྱུ་ན་རྩོམ་ཡིག་གི་དྲོ་བ་ལ་ཅུང་ཕན་ཆེ་བར་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme