Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་སྒམ་བཙན་འཕྲོག་བཅོམ་གྱི་དོན་རྐྱེན།

Posted on 2010-10-04 By དགེ་རབ་ 8 Comments on འོས་སྒམ་བཙན་འཕྲོག་བཅོམ་གྱི་དོན་རྐྱེན།

གྲགས་པས།
དེ་རིང་བཙན་བྱོལ་བོད་མིའི་ས་གནས་ཁག་ནས་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་ཤོག་བླུག་གི་ཡོད་པ་ལྟར། འདི་ག་བལ་ཡུལ་དུ་གནས་སྡོད་བྱེད་མཁན་ས་གནས་ཆོལ་གསུམ་བོད་རིགས་མང་ཚོགས་ཀྱིས་གལ་ཆེ་དོན་ཆེན་གྱིས་འོས་བསྡུའི་ལས་རིམ་ལ་ཞུགས་ནས་སྔ་དྲོའི་ཚོུད་༩་ནས། ཕྱི་དྲོའི་ཚོུད་༤ཟ་མ་ཟིན་གྱི་མཚམས་ལ་བསླེབས་དུས་བློ་བུར་དུ་བལ་ཡུལ་གྱི་དྲག་ཆས་ཉེན་རྟོག་པ་རླངས་འཁོར་གཅིག་དང་། ཉེན་རྟོག་པ་རླངས་འཁོར་གཅིག་ཡོང་ནས་མི་མང་གིས་བླུགས་ཚར་པའི་འོས་སྒམ་ཁ་ཤས་འཕྲོག་བཅོམ་བྱས་པས་མ་ཚད། འོས་འཕེན་པ་དེ་ཚོའི་ཐོག་དྲག་པོའི་རྣམ་འགྱུར་ཤུགས་དྲག་བསྟན་སོང་། ད་དུང་དྲག་ཆས་ཉེན་རྟོགས་པ་དེ་ཚོ་ནི་ལག་ཏུ་དབྱུག་པ་དང་། མི་མདའ་ཐོག་པ་དེ་འདྲ་རེད་འདུག ཉམས་ཐག་པའི་བོད་རིགས་མང་ཚོགས་ཀྱི་གདོང་ལ་སྐྱོ་ཉམས་དང་བཅས། ཇི་བྱ་གཏོར་མེད་དུ་གྱུར་ནས་རང་སོར་ཕྱིར་ལོག་བྱེད་དགོས་བྱུང་ཞིང་། ད་ལོའི་འོས་ཤོག་གི་ལས་རིམ་འདིའི་ནང་བལ་ཡུལ་ས་གནས་ཀྱི་བོེད་རིགས་མང་ཚོགས་ཀྱིས་ཁུར་བླངས་ནས་འཚང་ཁ་ཤིགས་ཤིགས་ཀྱིས་བང་སྒྲིག་ནས་ལས་དོན་ལེགས་འགྲུབ་འབྱུང་བཞིན་པའི་སྐབས་དེ་འདྲའི་དོན་རྐྱེན་བྱུང་བ་དེ། ད་བར་བྱུང་མ་མྱོང་བའི་ཐབས་སྐྱོ་བའི་གནད་དོན་ཞིག་རེད། དོན་གནད་འདིའི་ཐོག་ནས་ང་ཚོར་ར་འཕྲོད་པ་ནི། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་པ། དེ་སྲིད་དུ་བལ་ཡུལ་ནང་གནས་སྡོད་བོད་རིགས་མང་ཚོགས་ཀྱིོས་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཆ་ཤས་ལེན་རྒྱུར་བཀག་འགོག་ཤུགས་ཆེ་བྱེད་རྒྱུ་མ་ཟད། ཕར་འགྲོ་ཚུར་འོང་གི་ཐོབ་ཐང་དེ་ཚོ་ཡང་མེད་པ་བཟོ་རྒྱུའི་མངོན་རྟགས་ཤིག་ཏུ་འཁུམ། ད་ནས་བཟུང་གཞུང་སྒེར་གཉིས་ཀའི་ངོས་ནས་ཐབས་ལམ་གཞན་དག་ཅིག་མ་བཙལ་ན་འགྲིག་ཐབས་མེད་པ་ཞིག་རེད། འདས་པའི་བྱུང་རབས་ལ་ཕྱིར་མིག་ཅིག་བལྟས་ཀྱང་། རང་གཞུང་གི་སྐུ་ཚབ་དོན་གཅོད་དེ་ཡང་ཁྲིམས་ཐོག་ནས་དེབ་སྐྱེལ་ཙམ་ཡང་བྱེད་ཐུབ་མེད། ད་དུངམུ་འཐུད་ནས་ང་ཚོ་འདོར་ལུགས་ནས་བསྡད་པ་ཡིན་ན་ནམ་ཞིག་འབྲུག་པ་སྐྱབས་བཅོལ་བ་ནང་བཞིན་མི་ཡོངབའི་ངེས་པ་མེད་པར་སེམས། ང་ཚོར་ནམ་རྒྱུན་༧གོང་ས་༧་སྐྱབས་མགོན་དོན་གྱི་བདག་པོས། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་དང་། རེ་བ་བཟང་སར་རྒྱག་དགོས་ཚུལ་གསུངས་པའི་བཀའ་སློབ་དེ་ཚོ་ཡིད་ལ་ལྷང་ལྷང་དུ་ཤར་འོང་གི་འདུག བལ་ཡུལ་ནང་མཚོན་ན་བོད་པ་གཉིས་ཁྲི་ཟ་མ་ཟིན་ཡོད་ཅིང་། འདི་ཚོའི་མ་འོངས་མདུན་ལམ་གྱི་ཐོག་ནས་ལྟ་ས་མེད་པར་གྱུར་སོང་ན་ཧ་ཅང་གི་བློ་ཕམས་པོ་རེད། དེས་ན་རང་རེ་བོད་མི་རྣམས་ཀྱིས་བལ་ཡུལ་གཞུང་གི་ལག་ནས་ཐོབ་ཐང་ཞིག་མ་རག་ཀྱང་། ས་གནས་བལ་ཡུལ་མི་མང་གིས་རྒྱབ་སྐོར་རག་ཐབས་ཤིག་ངེས་པར་དུ་བྱེད་དགོས་པ་གལ་གནད་ཆེ། དེས་ན་བལ་ཡུལ་ནང་གི་ས་གནས་བོད་རིགས་མང་ཚོགས་ཀྱིས་བློ་དང་། རིག་པ་སྒྲིམ་དགོད་པའི་དུས་ལ་སླེམ་འདུག

རྩོམ་རིག

Post navigation

Previous Post: འོས་སྒམ་བཙན་འཁྱེར་བྱས་སོང་།
Next Post: ཟམ་གདོང་རིན་པོ་ཆེ་སྡེ་སྲིད་ཁྲི་པར་ཕེབས་ཀྱི་རེད།

Comments (8) on “འོས་སྒམ་བཙན་འཕྲོག་བཅོམ་གྱི་དོན་རྐྱེན།”

  1. ཨ་རུ་ར། says:
    2010-10-04 at 8:55 am

    སྐུ་དྲག་དེ་ཚོའི་སོ་སོའི་ལུང་བ་བདག་འཛིན་སྲུང་སྐྱོབས་ལ་དོན་སྣང་མ་བྱས་པར་སྒྲོག་ཙེ་སྒང་དུ་ཁང་བ་གསར་རྒྱག་གི་ལས་དོན་ཆུང་ཙག་ལ་མགོ་འཁོར་བའི་མཇུག་འབྲས་འདི་བྱུང་བ་རེད། སོ་སོ་ལ་ལུང་བ་མེད་པའི་སྐྱབས་བཅོལ་བ་རེད། ལུང་བ་གཞན་ཞིག་གི་ནང་དུ་ང་ཚོས་མང་གཙོས་ཐོབ་ཐང་ལོངས་སུ་སྤྱོད་ཀྱི་ཡིན་ལུགས་བཤད་པ་གཞན་དབང་ལ་བསྟུན་དགོས་སྟབས་སྐབས་རེ་འདི་ལྟ་ཡོང་གི་རེད། ཡིན་ནའང་སེམས་ཤུགས་ཆགས་མི་རུང་།

  2. ལྷ་སྐྱེས་སྨྱུག་དགའ། says:
    2010-10-04 at 10:39 am

    ང་ཚོ་བལ་ཡུལ་ཁུལ་དུ་གཏན་འཇགས་བསྡོད་མཁན་ནི་དབྱུག་པ་དང་མེ་མདེའི་སོ་ཁའི་འོག་ནས་མགོ་བོ་འབུར་ཙམ་ཡང་བྱེད་ས་མེད་པའི་མཚོན་རྟགས་ཞོག་རེད།

  3. སྦྲ་ནག་ཚང་། says:
    2010-10-04 at 1:11 pm

    གོང་དེར་འབུ་ཨ་རུ་ར་ནས་། ཁ་དགྲ་ལ་མཁོར་ནས་ཀི་མི་འདེབ་པར་། ཁ་ནང་ལ་མཁོར་ནས་ཧོ་འདེབས་པ་འདི་ཡག་པོ་མ་རེ་ད།
    ད་ནི་དོན་དངོས་ཐོག་བལ་ཡུལ་དུ་གནས་སྡོད་བོད་མི་དག་གི་འགྲོ་བ་མིའི་ཐོབ་ཐང་ཐད་། མཉམ་འབྲེལ་རྒྱལ་ཚོགས་རྒྱུད་པ་འམ་ཡང་ན་མི་རེ་རེ་ངོས་ཐད་ཀར་རང་རང་བསྡོད་སའི་བལ་པའི་དོན་གཅོད་ཁང་དག་ལ་ཞུ་འབོད་བྱེད་པ་འམ་ཡང་ན་སྡུག་སྐུལ་བྱེད་པས་དུས་ལ་བབ་པ་རེད་།
    བོད་མིང་ཐོག་ནས་ལྟོ་གོས་དང་ཐོབ་ཐང་ལེན་བཞིན་པས་ཤར་བ་པ་དང་རྟ་མིང་བ་དེ་གིས་ཀྱང་བསམ་བློ་རེ་གཏོང་ན་འགྲིག།
    ཨ་རི་གནས་སྡོད་བལ་པོ་དོན་གཅོད་ལ་ཐད་ཀར་ཞུ་གཏུགས་བྱེད་ན་མིང་དང་ཁ་བྱང་འདི་ཡིན།
    Mr Shankar P. Sharma to
    info@nepalembassyusa.org

  4. གཅན་བཟོད་རྒྱམ། says:
    2010-10-04 at 1:32 pm

    སྦྲ་ནག་ཚང་གི་བསམ་ཚུལ་ཡག་པོ་བཤད་འདུག སྐབས་འདྲ་ལའང་ཚིག་གཅིག་གིས་བོད་མིའི་བདེ་སྡུག་མི་གླེང་བར་མི་དགོས་པའི་ཚིག་ངན་རང་གི་ནང་དུ་བསྐོར་ནས་གང་ནུས་ཅུ་ཏུབ་ཀྱིས་ཅིག་ཅིག་མིག་མིག་ཅེས་བཤད་ཁུལ་བྱས་ནས་ཅི་ཕན། སྡུག་ཐིག་ལ་སྡུག་དང་། རོ་ཐོག་ལ་རྟ་མ་རྒྱུགས་ན་མི་བཟང་ངམ། བལ་ཡུལ་མི་དམངས་ལ་འཕྲད་པའི་དཀའ་ངལ་སྤྱི་དང་། སྒོས་སུ་ད་ཏེངས་ཀྱི་གནས་སྟངས་སདུག་ཅག་འདིས་ང་ཚོ་སྐྱབས་བཅོལ་བ་སྤྱི་དང་། བོད་གཞིས་བྱེས་གཉིས་ཀའི་སེམས་ལ་རྨ་ཁ་ཆེན་པོ་ཞིགབཞག་མི་འདུག སྤྱིར་འགྲོ་མིའི་ཐོབ་ཐང་དང་སྒོས་སུ་སྐྱབས་བཅོལ་བའི་ཐོབ་ཐང་ཙམ་ལ་ཡང་བརྩི་སྲུང་བྱེད་པ་ཕར་ཟད། འདི་ལྟར་ཐུབ་ཚོད་དང་། བོད་མིའི་དམངས་གཙོའོ་ཐོབ་ཐང་ལག་ལེན་བྱེད་པར་རྡོག་བརྫིས་བཏང་བར་སྐད་ཆ་ཚིག་གཅིག་ཙམ་རེ་ཤོད་ན་ལས། དེ་མིན་སྐབས་འདི་འདྲ་ལ་༼རལ་གྲིའི་སོ་ཁ་༽ནང་དུ་མ་སྐོར་རོགས། ཐུགས་རྗེས་གཟིགས།

  5. བསེ་རོང་འོད་ཟེར། says:
    2010-10-05 at 2:04 am

    བལ་ཡུལ་གནས་སྡོད་བོད་མིའི་འོས་སྒམ་འཕྲོག་བཅོམ་བྱས་པའི་གནས་ཚུལ་འདི་ངེས་པར་རྒྱལ་སྤྱིའི་གསར་ལམ་ཁག་ལ་གཞུང་སྒེར་གཉིས་ཀས་སྐྱེལ་ཐུབ་པ་ཞིག་དགོས།
    དེ་ནི་བཙན་བྱོལ་བོད་མིའི་མང་གཙོ་བོ་ལམ་ནས་མང་མོས་འོས་བསྡུ་བརྒྱུད་དེ་མི་མང་གི་དབུ་ཁྲིད་མི་མང་གིས་འདེམས་བཞིན་པའི་དོན་དངོས་དེ་ཡང་ཞོར་དུ་ཁྱབ་བསྒྲགས་འགྲོ་ངེས་རེད།
    བལ་ཡུལ་གནས་སྡོད་བོད་མི་ཚོ་དངོས་གནས་སེམས་ཤུག་འདུག

  6. ཨ་རུ་ར། says:
    2010-10-05 at 1:50 pm

    བལ་ཡུལ་དུ་འོས་སྒམ་བཙན་འཕྲོག་བྱས་པ་འདི་བལ་བོ་གནས་སྡོད་བོད་མི་གཅིག་པོའི་གནད་དོན་ཞིག་མིན་པར་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་འདས་པའི་ལོ་རྒྱས་ལ་ཕྱི་མིག་ཅིག་བལྟ་རྒྱུ་དང་། ད་ལྟའི་གནས་ཚུལ་འདིའི་ང་ཚོ་ལ་ཉམས་མྱོང་ཞིག་སྤྲད་པ་རེད། ད་དུང་་བཀའ་བློན་ཁྲི་བ་དང་། བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་འདེམས་བྱེད་རྒྱུ་ལྷག་ཡོད་པའི་ང་ཚོའི་སེམས་ཤུགས་མི་ཆག་པར་དངོས་གཞིའི་འོས་འཕེན་བྱེད་ཐུབ་པར་ཐབས་ལམ་གསར་བ་ཞིག་བཙལ་རྒྱུ་གལ་ཆེན་རེད།།
    རྒྱ་དམར་གྱིས་བལ་བོ་གཞུང་ལ་གནོན་ཤུགས་སྤྲད་པས་བལ་གཞུང་གི་མི་འདོད་བཞིན་དུ་བྱེད་དགོས་བྱུང་བ་ཞིག་ཡིན་སྲིད། དེ་འདྲ་སོང་ཙང་བལ་བོའི་གཞུང་ལ་ང་ཚོས་ཁ་ནས་ཐོན་ཚད་བརྗོད་ན་རྗེས་སུ་བལ་ཡུལ་གནས་སྡོད་བོད་མི་ཚོ་ལ་དེ་ལས་དཀའ་ངལ་འཕར་མ་བཟོ་བའི་ཉེན་ཁ་ཡོད་པའི་དོག་ཟོན་བྱེད་གལ་མཐོང་།
    ཁ་དགྲ་ལ་འཁོར་ནི་ཀི་འདེབ་པའི་ཕན་ཐོགས་ཡོང་རྒྱུ་མེད་པར་སེམས།

  7. གཡུ་འབྲུག་དཀར་པོ། says:
    2010-10-06 at 3:29 am

    ཨ་རུ་རས་བཤད་པ་ནི་བདེན་པ་རེད། བལ་ཡུལ་ནི་བལ་གཞུང་གི་དབང་ཆ་རེད། ཨ་རི་ལ་ཞུ་གཏུགས་བྱེད་ཀྱང་མ་བྱེད་ཀྱང་ཆོ་མི་ཡོང་། དེ་བས་བལ་གཞུང་ལ་གསོལ་བ་འདེབས་ནས་འབྲེལ་བ་བཟོ་ན་ཡག
    སྐྱབས་བཅོལ་བོད་མི་ཚོས། ག་དུས་ཡིན་ཡང་བོད་ཀྱི་ཆབ་སྲིད་ཀྱི་སྐད་ཆ་དང་མཉམ་དུ་འབྲུག་འཐེན་ཁྱེར་བྱེད་ཀྱི་འདུག ངས་བྱེད་ན་དེ་ནི་ཡག་རྟགས་ཤིག་མ་རེད།
    འབྲུག་གཞུང་ནི་སྐྱབས་བཅོལ་བོད་མི་ཡོངས་ལ་བཀའ་དྲིན་ཆེ་ཤོས་ཤིག་རེད། བཀའ་དྲིན་བསམ་དགོས་པ་རེད། བཀའ་དྲིན་ཅན་ལ་བཀའ་དྲིན་བསམ་མི་ཤེས་པ་ནི། བཟང་སྤྱོད་རྣམ་གཞག་མ་རེད།

  8. གཡུ་འབྲུག་དཀར་པོ། says:
    2010-10-06 at 3:29 am

    ཨ་རུ་རས་བཤད་པ་ནི་བདེན་པ་རེད། བལ་ཡུལ་ནི་བལ་གཞུང་གི་དབང་ཆ་རེད། ཨ་རི་ལ་ཞུ་གཏུགས་བྱེད་ཀྱང་མ་བྱེད་ཀྱང་ཆོ་མི་ཡོང་། དེ་བས་བལ་གཞུང་ལ་གསོལ་བ་འདེབས་ནས་འབྲེལ་བ་བཟོ་ན་ཡག
    སྐྱབས་བཅོལ་བོད་མི་ཚོས། ག་དུས་ཡིན་ཡང་བོད་ཀྱི་ཆབ་སྲིད་ཀྱི་སྐད་ཆ་དང་མཉམ་དུ་འབྲུག་འཐེན་ཁྱེར་བྱེད་ཀྱི་འདུག ངས་བྱེད་ན་དེ་ནི་ཡག་རྟགས་ཤིག་མ་རེད།
    འབྲུག་གཞུང་ནི་སྐྱབས་བཅོལ་བོད་མི་ཡོངས་ལ་བཀའ་དྲིན་ཆེ་ཤོས་ཤིག་རེད། བཀའ་དྲིན་བསམ་དགོས་པ་རེད། བཀའ་དྲིན་ཅན་ལ་བཀའ་དྲིན་བསམ་མི་ཤེས་པ་ནི། བཟང་སྤྱོད་རྣམ་གཞག་མ་རེད། དེ་ནི་ངའི་བསམ་ཚུལ་ཙམ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme