Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། རང་གི་དབང་ཆ་བེད་མེད་དུ་མ་བསྐྱུར།

Posted on 2010-10-01 By ཁང་གསར་རྡོ་རྗེ་ 4 Comments on ༅༅།། རང་གི་དབང་ཆ་བེད་མེད་དུ་མ་བསྐྱུར།

༅༅།། ཕྱི་ཟླ་ ༡༠ ཚེས་ ༣ ཉིན་ནི་ང་ཚོ་བཙན་བྱོལ་བོད་མི་ཚོས་བོད་ཀྱི་ཡུལ་མིའི་ཐོབ་ཐང་དང་ལས་འགན་ཆེན་པོ་ཞིག་ཕྲག་ཏུ་ལེན་པའི་དུས་ཚོད་ཡིན། འདས་པའི་ལོ་ལྔའི་ནང་། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་དེ་སྔར་བས་ཛ་དྲག་དང་དཀའ་ངལ་ཆེ་རུ་སོང་སྟེ། ད་ལྟ་བོད་འདི་འགག་འཕྲང་ནས་ཐར་དང་མི་ཐར་གྱི་སོ་མཚམས་ཤིག་ཏུ་ལྷུང་ཡོད།
གནས་སྟངས་འདིའི་འོག་ཉུང་མཐར་བོད་མི་མང་ལ་ཞབས་འདེགས་ཞུ་མ་ཐུབ་ཀྱང་ཞབས་འདྲེན་མི་ཞུ་མཁན་གྱི་གྲོས་ཚོགས་ཤིག་དང་། བོད་ཀྱི་འཐབ་རྩོད་ལ་གསོན་ཤུགས་དང་སྣེ་འཁྲིད་ཀྱི་ནུས་པ་འདོན་ཐུབ་པའི་བཀའ་ཤག་ཅིག་དགོས་ཀྱི་ཡོད། དེ་ལྟར་འབྱུང་ཐུབ་པ་ཞིག་བཟོ་དང་མི་བཟོ་ནི། མཐར་གཏུགས་ན། ང་རང་ཚོའི་ལག་པར་ཡོད་པའི་འོས་ཤོག་དེ་ཚོར་ཐུག་ཡོད། ང་ཚོའི་འདས་པའི་སྤྱི་འཐུས་ཚོར་བལྟ་སྐབས། འདོད་པར་མ་བབས་པའི་སྤྱི་འཐུས་མང་པོ་མཐོང་རྒྱུ་ཡོད། སྤྱི་འཐུས་དེ་ཚོ་ཇི་ལྟར་སླེབས་པ་རེད། དེ་ནི་ཁྱེད་རང་གིས་འོས་ཤོག་འཕངས་ནས་སླེབས་པ་མིན་ན། འོས་ཤོག་མ་འཕངས་པའི་དབང་གིས་སླེབས་པ་རེད། དེ་ཡང་ཁྱེད་རང་གིས་གཟབ་ནན་མ་བྱས་པར་འོས་ཤོག་འཕངས་ཚེ། མི་ངན་དེ་འདྲ་སྤྱི་འཐུས་སུ་སླེབས་སྲིད་པ་རེད། གལ་ཏེ་ཁྱེད་རང་གིས་འོས་ཤོག་མ་འཕངས་ཚེ། ཁྱེད་རང་གིས་འདོད་མོས་ཡོད་པའི་མི་ཡག་པོ་དེ་ཚོ་སྤྱི་འཐུས་སུ་སླེབས་དཀའ་བ་རེད།
མི་རེ་ཟུང་གིས། རང་གི་འོས་ཤོག་གཅིག་དེའི་ནུས་པ་ལ་མཐོང་ཆུང་ངམ་སྣང་མེད་བྱེད་ཀྱི་ཡོད། དོན་དངོས་སུ་འོས་བསྡུའི་རྒྱལ་ཁ་ནི་འོས་ཤོག་གཅིག་ཐོག་གཅིག་བསྣན་གྱིས་ཁྱད་པར་འགྲོ་བཞིན་ཡོད་པས། ཁྱེད་རང་གི་འོས་ཤོག་དེར་འོས་ཤོག་གཞན་ཚང་མ་དང་འདྲ་མཚུངས་ཀྱི་ནུས་པ་ལྡན་ཡོད། འཛམ་གླིང་འདིར་འོས་ཤོག་རྐང་གཅིག་གི་བར་ཁྱད་ཤོར་ཏེ། ཧང་སངས་དགོས་པའི་འགྱུར་བ་སོང་བའི་དཔེ་མཚོན་མང་པོ་ཡོད།
དཔེར་ན། འོས་ཤོག་གཅིག་མང་བ་ཐོབ་པས། སྐུ་ཞབས་ཨོ་ལི་ཝར་ ཁོ་རོམ་ཝེལ་(Oliver Cromwell) མཆོག་ལ་དབྱིན་ཡུལ་ཡོངས་ཁ་ལོ་བསྒྱུར་ཆོག་པའི་དབང་ཆ་རག་པ་རེད། དེ་བཞིན་འོས་ཤོག་གཅིག་མང་བ་བྱུང་བས་རྐྱེན་བྱས་ཏེ། དབྱིན་ཡུལ་གྱི་ཅལ་ལེ་སེ་དང་པོ་ (Charles I) སྲོག་ཐོག་ཏུ་བཏང་བ་རེད། འོས་ཤོག་གཅིག་གི་བར་ཁྱད་དབང་གིས་སྐུ་ཞབས་ཨཱ་རོན་ བྷུར་ (Aaron Burr) ཨ་རིའི་སྲིད་འཛིན་ཆགས་མ་ཐུབ་པར་སྲིད་འཛིན་ཐཱོ་མ་སེ་ ཇེ་ཕར་སོན་ (Thomas Jefferson 1801-1805) གྱི་འོག་ཏུ་སྲིད་འཛིན་གཞོན་པ་བྱས་ནས་སྡོད་དགོས་བྱུང་བ་རེད། དེ་བཞིན་འོས་ཤོག་གཅིག་གི་རྒྱལ་ཁའི་དབང་གིས་ཡུལ་ཊེག་སཱེ་སེ་ (Texas) ཞེས་པ་དེ་ཨ་རིའི་མངའ་ཁོངས་ཆགས་པ་རེད། འོས་ཤོག་གཅིག་གི་བར་ཁྱད་དབང་གིས་ཧྥ་རན་སི་དེ་རྒྱལ་རྒྱུད་ཀྱིས་སྐྱོང་བའི་རྒྱལ་ཁབ་ནས་སྤྱི་མཐུན་རྒྱལ་ཁབ་ཏུ་བསྒྱུར་བ་རེད། འོས་ཤོག་གཅིག་རང་གི་ཁྱད་པར་ཐོག་ནས་མི་ངན་ཧི་ཏ་ལར་(Adolph Hitler)ཞེས་པ་དེ་ནཱ་ཛི་ཚོགས་པའི་ (Nazi Party)འགོ་གཙོར་གྱུར་ནས་མི་འབུམ་མང་པོའི་ཚེ་སྲོག་ཤོར་པ་རེད། འདི་ལྟར་འོས་ཤོག་རྐང་གཅིག་གིས་ཁྱད་པར་གྱིས་བཟོས་པའི་དཔེ་མཚོན་བཟང་ངན་ཆ་ཚང་དྲངས་ན། ཐོ་གཞུང་ཧ་ཅང་རིང་པོ་ཞིག་ཆགས་རྒྱུ་རེད། རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུའང། འོས་ཤོག་གཅིག་གི་ཁྱད་པར་གྱི་དབང་གིས་ཆོས་རྒྱུད་ཀྱི་སྤྱི་འཐུས་དེ་ཚོ་ད་བར་གནས་ཐུབ་པ་བྱུང་བ་རེད། སྤྱི་འཐུས་གཅིག་གིས་རང་གི་འོས་ཤོག་དེ་ཕྱོགས་གང་རུང་གཅིག་ལ་མ་འཕངས་པའི་དབང་གིས། སྤྱི་འཐུས་སྤེན་པ་ཚེ་རིང་དང་ཀརྨ་ཆོས་འཕེལ་གྱི་དབར་ཚོགས་གཙོའི་ལས་ཡུན་བགོ་དགོས་བྱུང་ཡོད།
གོང་གསལ་དཔེ་མཚོན་གྱི་ཐོག་ནས། འོས་ཤོག་རེ་རེ་བཞིན་རྩ་ཆེན་ཡིན་པ་དང་འོས་ཤོག་རེ་རེ་ལ་ནུས་པ་ཡོད་པ་མཐོང་ཐུབ། དེས་ན། ཚེས་ ༣ ཉིན་ཁྱེད་རང་གི་རིན་ཐང་དང་ནུས་པ་ཆེ་བའི་འོས་ཤོག་དེ་རིན་མེད་དང་ནུས་མེད་ཅིག་ཏུ་འཇོག་མི་རུང་། འདི་ནི་རང་རེར་ལོ་ལྔ་རེའི་མཚམས་སུ་ཐེངས་རེ་འབྱུང་བའི་གོ་སྐབས་ཤིག་ཡིན་ལ། ཡུལ་ལུང་ལ་ལས་ཤ་ཁྲག་གི་འགྲོ་སོང་བཏང་ཞིང་། ཡུལ་ལུང་ལ་ལས་ད་ལྟའང་ད་དུང་རེ་སྒུག་བྱེད་བཞིན་པའི་རྩ་ཆེའི་གོ་སྐབས་ཤིག་རེད།། །།

གསར་འགྱུར།

Post navigation

Previous Post: ཁ་བཙུམས་རོགས་གནང་། ཁ་གདངས་རོགས་གནང་།
Next Post: ཐེ་སྨད་འབྲུག་ཆུའི་ཁུལ་དུ་གནོད་འཚེའི་འོག་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་བདུན་ཚིགས་མཐའ་མའི་མཆོད་འབུལ།

Comments (4) on “༅༅།། རང་གི་དབང་ཆ་བེད་མེད་དུ་མ་བསྐྱུར།”

  1. འཇིགས་མེད་བཀྲ་་་་ཤིས། says:
    2010-10-02 at 4:03 am

    འོས་ཤོག་འཕངས་པའི་ཕན་ཡོན་དང་མ་འཕངས་པའི་ཉེས་དམིགས་གསུངས་པ་ལེགས། ད་དུང་རྒྱས་ཙམ་གསུང་ཐུབ་ན་འོས་བསྡུ་ལས་ཁང་ལ་ཕུལ་ཏེ་འོས་བསྡུའི་འགན་འཛིན་གྱིས་རིན་མེད་ཀྱི་གསུང་ཆོས་ཤིག་གནང་ཐུབ་ན་ལེགས་ངེས་སྙམ། ཨ་ལེ་ཀུ་རེ་ཡིན། ཡག་པ་བྲིས་འདུག

  2. གངས་ལྷ། says:
    2010-10-02 at 5:38 am

    ཁང་རྡོར། རྩོམ་འདི་འདྲ་འབྲི་བ་ལས། གཞུང་དང་སྲིད་བྱུས་ལ་དཔྱད་པའི་གཏམ་བྲིས་ན་ཁྱེད་ལ་འཚམས་པོ་འདུག འདིར་བྲིས་པ་རྣམས་ཡག་པོ་མེད་པ་དང་འགྲིག་མི་འདུག་ཟེར་གྱི་མེད། འོན་ཀྱང་ཁྱེད་རང་གིས་སྲིད་དོན་དཔྱད་བརྗོད་བྲིས་ན་འཚམས་པ་འདུག

  3. དབྱར་ཁབ་པ། says:
    2010-10-02 at 8:06 am

    འབྲེལ་མེད་རེད་མ་གསུང་རོགས། ངས་སྤྱི་མཐུས་བརྗོད་གཞི་ལས་དྲངས་ཏེ་ཟེར་རྒྱུ་ཞིག་གླེང་འདོད་ཡོད།
    ང་ཚོས་ཆོས་རྒྱུད་སྤྱི་མཐུས་ལང་འདོད་མེད་པ་ཞིག་དང་། ཆོས་རྒྱུད་སྤྱི་མཐུས་མི་དགོས་ཟེར་ནས་དགག་བྱ་གནང་མཁན་ཞིག་ཆོས་ལུགས་ཀྱི་སྤྱི་མཐུས་ལ་བསྐོ་བཞག་བྱེད་ན་མཁྲིས་ནད་ཅན་ལ་མར་ཁུར་སྟེར་བ་དང་ཁྱད་ཅི་ཡོད།
    ངས་དེ་རིང་གསལ་བསྒྲགས་ཤིག་གི་ནང་དུ་ས་སྐྱའི་ཆོས་སྒར་དང་། ངོར་མ་དགོན། རྫོང་དཀར་ཆོས་ལྡན། ས་སྐྱའི་མཐོ་སློབ་བཅས་དགོན་སྡེ་ཁག་བཞི་ནས།
    པད་མ་འབྱུང་གནས་དང།
    པད་མ་ནོར་བུ་གཉིས་ལ་དམ་ཕྲུག་ཆེ་ཐག་ཆད་རེ་རྒྱག་ཏེ་དཔལ་ལྡན་ས་སྐྱའི་སྤྱི་མཐུས་ལ་བསྐོ་བཞག་བྱ་རྒྱུའི་གཏད་ཁེལ་གནང་འདུག
    དགོན་པ་སོ་སོའི་དམ་ཕྲུག་དེས་དགོན་པ་དེའི་ཁྱབ་ཁོངས་སུ་ཡོད་པའི་གྲྭ་མང་གི་བསམ་བློའི་ཚབ་མཚོན་ཐུབ་ན་དགོན་སྡེ་ཆེ་ཁག་བཞི་ནས་མཐུས་མི་བདམས་ཟིན་པས་གཞན་གྱིས་རྒྱར་སྐྱོར་བྱེད་མི་ལ་མ་ལྟོས་པ་མང་མོས་ཐོག་ནས་བསྐོས་བཞག་བྱེད་པའང་མཚོན་ཐུབ་པས་འོས་ཤོག་བླུག་པའི་ངལ་བ་ཅི་ཞིག་དགོས།
    གལ་ཏེ་ས་སྐྱའི་དགོན་སྡེ་ཁག་བཞིའི་ཡོད་པའི་གྲྭ་མང་རྣམས་མོས་མཐུན་མེད་བཞིན་དུ་དམ་ཕྲུག་དེ་བེད་སྤྱད་བྱས་པ་ཡིན་ན། ལས་སྣེ་རང་གི་དམ་ཕྲུག་བེད་སྤྱད་ལོག་པ་བྱས་པ་དང་།
    དགོས་སོ་སོའི་ཞེན་ཁོག་གི་བསམ་བློ་གསལ་པོ་མངོན་པ་ལས་དོན་སྙིང་ཅི་ཞིག་ཡོད།
    མ་ཟད་མང་གཙོ་ཡང་དག་པའི་ལམ་ལུགས་དང་ཡང་འགལ་ཞིང་དེ་སྔོན་འདི་འདྲ་སུ་གང་གིས་བྱས་མྱོང་མེད་པ་ཞིག་རེད། པད་མ་འབྱུང་ནས་ནི་ཆོས་ལུགས་ཀྱི་སྤྱི་མཐུས་མི་དགོས་ཟེར་མཁན་གྱི་གཏེར་བོ་ཡིན་པ་ཚང་མས་མཁྱེན་གསལ་རེད།
    འདི་ངས་དགོན་སྡེ་ཁག་བཞི་ལ་སྐྱོན་བརྗོད་བྱེད་ཀྱི་མ་ཡིན་ཞིང་། འོན་ཀྱང་ཕྱོགས་རིས་ནད་ཀྱིས་ཟིན་པའི་ལས་སྣེ་འགའ་རེས་ཅི་ཡང་མི་ཤེས་པའི་རྒྱུག་ཁྱི་ཁ་ཤས་དབང་བསྒྱུར་བྱས་ཏེ་དགོན་པ་སྤྱིའི་མིང་ཁྱེར་བ་ལ་ང་མི་དགའ་འི།

  4. གཙང་ཁའི་བུ says:
    2010-10-03 at 1:14 pm

    དྲ་གྲོགས་ཚོ། དེང་གི་སྐབས་འདིར་དམ་ཕྲུག་ཕར་ཟད་ལས་སྣེ་རང་གི་ངོ་དམ་ཕྲུག་ལ་ཕབ་ཀྱང་མི་སུ་ཞིག་གི་ཁས་ལེན་རྒྱུ་མ་རེད། དངོས་གནས་སྤྱི་ཚོགས་གསར་བ་ཞིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme