Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བཙུམས་རོགས་གནང་། ཁ་གདངས་རོགས་གནང་།

Posted on 2010-10-012010-10-04 By ཡེ་ཤེས་ 9 Comments on ཁ་བཙུམས་རོགས་གནང་། ཁ་གདངས་རོགས་གནང་།

mouth1
ཀླུ་སྨྱོན
སྐད་ཆ་བཤད་དུས་ཁ་གདངས་བཙུམ་བྱེད་དགོས་པ་ནི་འགྲོ་བ་མིའི་རིགས་ཀྱིས་གཙོས་པའི་སྐད་ཆ་བཤད་ཤེས་པའི་སྲོག་ལྡན་དག་གི་ལྷན་སྐྱེས་ཀྱི་ངང་ཚུལ་ཞིག་རེད། ཡིན་ན་ཡང་སྐད་ཆའི་རྗེས་སུ་ཡི་གེ་ཟེར་བའི་མགོ་རྙོག་ཚ་བོ་འདི་བྱུང་བ་ནས་བཟུང་སྟེ། ཡི་གེ་རེ་རེར་སྐྱེ་གནས་ཟེར་བའི་རྙོག་དྲ་ཚ་བོ་ཞིག་ངོས་བཟུང་སྟེ་ཡི་གེའམ་སྐད་ཀྱི་གདངས་འབྱིན་དུས་སྐྱེ་གནས་གཏན་ཁེལ་བ་དེ་རང་ནས་སྒྲ་དེ་འབྱིན་དགོས་པའི་གཏན་འབེབ་བྱས་ཡོད། དཔེར་ན་བོད་ཡིག་གི་ཀ་ཁ་སུམ་ཅུ་བོ་རེ་རེ་བཞིན་སྐྱེ་གནས་ཀྱི་སྒྲིག་ཁྲིམས་འོག་ཏུ་གནས་དགོས་པའི་ཁྲིམས་སྲོལ་ལམ་བརྡ་སྤྲོད་པའི་རིག་པའི་གཞུང་ལུགས་ཤིག་བརྩམས་ཡོད།
དཔེར་ན་བོད་ཡིག་གི་གསལ་བྱེད་”ན་”ཡིག་ལ་མཚོན་ན་དེའི་སྐྱེ་གནས་ནི་ལྕེའི་རྩེ་མོ་ཡིན་ཞིང་། དེ་ཡང་ན་སྒྲ་འབྱིན་དུས་ལྕེ་རྩེ་སོ་བར་དུ་བཙུར་ནས་དང་པོར་སྣ་ནང་ནས་དབུགས་ཕྲ་མོ་ཞིག་ཕྱུངས་དང་བསྟུན་ནས་སོ་བར་གྱི་ལྕེ་རྩེ་ལྷོད་དེ་”ན་”སྒྲ་འདི་འབྱིན་དགོས། དེ་བཞིན་”ང་”ཡིག་ལ་མཚོན་ན་ཡང་ལྕེའི་རྩ་བ་ནས་སྒྲ་འབྱིན་པ་སྟེ། ཁ་གདངས་ཏེ་ཐོག་མར་དབུགས་ཕྲ་མོ་ཞིག་སྣ་སྦུག་ནས་ཕྱིར་ཕྱུངས་རྗེས་ལམ་སེང་དབུགས་དེ་འབྱིན་མཚམས་བཅད་ནས་”ང་”སྒྲ་དེ་ལྕེའི་རྩ་བ་བརྒྱུད་དེ་ཕྱིར་འབྱིན་དགོས་པ་རེད།
དེ་ལྟར་”ན་དང་ང་”སྒྲ་གཉིས་འབྱིན་དུས་ལྕེ་ཡི་རྩེ་མོ་དང་རྩ་བའི་ཁྱད་པར་ཙམ་མ་གཏོགས་ཁ་གདངས་ནས་”ན་”དང་”ང་”ཞེས་བརྗོད་དགོས་པ་དང་། ང་ན་གཉིས་ཀྱི་རྗེས་འཇུག་ཡོད་པའི་མིང་ཚིག་གང་ཞིག་རྗོད་དུས་ཀྱང་ཁ་གདངས་ནས་བརྗོད་དགོས་པ་ནི་ནམ་ལངས་ཉི་ཤར་ཡིན་མོད། དབུས་གཙང་པ་སྐོར་ཞིག་དང་ཡང་སྒོས་རྒྱ་གར་དང་བལ་ཡུལ་སོགས་ཕྱི་ཡུལ་དུ་སྡོད་པའི་བོད་མི་དང་ཕྱི་ཡུལ་དུ་སྐྱེས་པའི་བོད་ཕྲུག་ཚོས་རྗེས་འཇུག་”ན་”དང་”ང་”ཡོད་པའི་མིང་ཚིག་ཅིག་རྗོད་དུས་ཕལ་མོ་ཆེར་ཁ་བཙུམས་ནས་རྗོད་བཞིན་ཡོད་པ་སྟེ། དེ་རིང་གི་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ལས་བོད་ཀྱི་རོལ་གཞས་ཞིབ་འཇུག་པར་གྲགས་པའི་ངག་དབང་ཆོས་འཕེལ་ལ་ཁོས་བཟོས་པའི་གློག་བརྙན་”དབྱངས་ལ་ཐིམ་པའི་བོད་”ཅེས་པ་དེའི་སྐོར་བཅར་འདྲི་བྱེད་སྐབས། ངག་ཆོས་ཀྱིས་ངའི་གློག་བརྙན་དེ་ཡོང་སའི་”སྒྲུམ་”དེ་ཞེས་”སྒྲུང་”གི་རྗེས་འཇུག་”ང་”ཡིག་དེ་ཁ་བཙུམས་ནས་”མ་”ཡིག་ཏུ་བཀླགས་སོང་།
དེ་ནས་ཡོངས་ཁྱབ་ཀྱི་གནད་དོན་ཚབས་ཆེན་ཞིག་སྟེ། གཞིས་ཆགས་ཀྱི་མི་རྒན་དར་གཞོན་གསུམ་མང་པོ་ཞིག་དང་ལྷག་པར་དུ་ན་གཞོན་ཚོས་ལག་པས་”བཟུང་”ཟེར་སྐབས་ལག་པས་”ཟིམ”་ཞེས་དང་། དུས་ཚོད་”ཟིན་སོང་”ཞེས་པར་དུས་ཚོད་”ཟིམ་སོང་”། ཉེན་རྟོག་པས་”བཟུང་”ཞེས་པར་ཉེན་རྟོག་པས་”ཟིམ་”སོང་ཞེས་ཁ་གདངས་ནས་བརྗོད་དགོས་པའི་མིང་ཚིག་དག་ཁ་བཙུམས་ནས་བརྗོད་པའི་གོམས་གཤིས་ཤིག་རྒྱུན་འབྱམས་སུ་སོང་ཡོད། ཡང་ཁམས་ཕྱོགས་ཀྱི་ས་ཆ་ལ་ལ་ཞིག་ནས་གཅིག་གཉིས་གསུམ་ཞེས་པའི་”གསུམ་”རྗོད་དུས་ཁ་མི་བཙུམས་པར་”གསུང་”ཞེས་ཁ་གདངས་ནས་རྗོད་བཞིན་འདུག་སྟེ། བོད་ཀྱི་གཞས་མ་གྲགས་ཅན་ཚེ་དབང་ལྷ་མོས་ནག་ཆུའི་སྒོར་གཞས་http://www.youtube.com/watch?v=hNPVksuDaSwཞེས་པ་དེ་ལེན་དུས། རྫ་རི་སྤང་རི་ནགས་རི་”གསུམ་”ཞེས་པར་རྫ་རི་སྤང་རི་ནགས་རི་”གསུང་”ཞེས་ཁ་གདངས་ནས་ལེན་བཞིན་པ་ལྟ་བུ་རེད། ཁ་བཙུམས་དགོས་སར་ཁ་མི་བཙུམས་པའི་གནད་དོན་དང་། ཁ་བཙུམས་དགོས་སར་ཁ་མི་བཙུམས་པའི་གནད་དོན་འདི་རིགས་ལ་ཤེས་ལྡན་དག་གིས་དོ་སྣང་རེ་གནང་སྟེ་ཁ་གདངས་བཙུམས་ཀྱི་བར་འདི་ནས་ཀྱང་བོད་རང་གི་བརྡ་སྤྲོད་པའི་རིག་གཞུང་ཞིག་ལ་གས་ཆག་ཤོར་དང་འཆོར་བཞིན་ཡོད་པ་ངོ་སྤྲོད་རེ་གནང་རྒྱུ་གལ་ཆེའོ།། འདིར་ཨ་མདོ་བས་ཁྲ་ཁྲ་ཟིང་ཟིང་ཞེས་པར་ཁྱ་ཁྱ་ཟིང་ཟིང་ཞེས་རྗོད་པར་ཡང་སྐད་གདངས་གཅིག་གྱུར་ལ་བསམས་ན་ཁྲ་ཁྲ་ཞེས་བརྗོད་དགོས་པ་སོགས་མང་ཡང་རེ་ཞིག་འདི་ཙམ་མོ།།

དཔྱད་རྩོམ། Tags:qqqq

Post navigation

Previous Post: སྐུ་མདུན་མཁོ་དང་མང་གཙོ་མཁོ་ཞེས་བ་མཐའ་དཔྱོད།།
Next Post: ༅༅།། རང་གི་དབང་ཆ་བེད་མེད་དུ་མ་བསྐྱུར།

Comments (9) on “ཁ་བཙུམས་རོགས་གནང་། ཁ་གདངས་རོགས་གནང་།”

  1. ཀརྡོ་རབ་འབྱམས་པ་ says:
    2010-10-01 at 4:31 pm

    བོད་རིགས་རང་གི་ཁ་ནས་གང་ཐོན་པའི་རང་སྐད་འདི། བོད་རིགས་སྤྱི་སྐད་སྤྱི་མཚུངས་དང་། མཐུན་དང་མི་མཐུན་དྲན་པ་དང་བཤེས་བཞིན་བྱ་རས་དཔྱད་ནས། བཤད་ན་བོད་ཀྱི་སྐད་ཡིག་ཡོ་སྲང་ཡར་རྒྱས་ལ་ཕན་ཐོགས་ཆེ་བར་ངེས།

  2. ཀརྡོ་རབ་འབྱམས་པ་ says:
    2010-10-01 at 4:59 pm

    སྒྲུང་ལ་སྒྲུམ་དང་། བཟུང་ལ་ཟིམ་ཞེས་ནོར་བ་དང་། ཡོད་ལ་ཡོག་དང་། ཡིན་ནའང་ལ་ཡིནའི་ཟེར་སྲོལ་རྣམས་བཟོ་བཅོས་གང་མགྱོགས་ཡོང་བར་ཀུན་གྱིས་རེམས་པར་ཞུ།

  3. ཀརྡོ་རབ་འབྱམས་པ་ says:
    2010-10-01 at 6:00 pm

    ངས་བསམ་ཚོད་བྱས་ན། ཤོད་སྟངས་ལྟར་འབྲི་སྟངས་ཀྱང་། སྐད་ཡིག་གཞན་མཚུངས་ལྟར། དུས་གསུམ་དམར་རྗེན་དུ་སྟོན་ཐུབ་པ་འདི་ལྟར་དགོས་ཏེ། དཔེར་ན། རྒྱ་མིས་བོད་རིགས་མང་པོ་བཟུང་འདུག་ཟེར་བགྱིད་འདུག ཨ་ཕས་ང་ལ་འདི་རིང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྒྲུང་ཅིག གསུངས་རོགས་གནོངས་དང་། བོད་ནང་ཆབ་སྲིད་རྙོག་དྲ་ཚ་པོ་ཡོད་རེད་ཟེར་བགྱིད་འདུག ཡིན་ནའང་ངས་དེ་ཚོ་ཡག་པོ་ཤེས་བགྱིད་མེད། སང་ཉིན་ཡང་བསྐྱར་འདྲི་བགྱི་མིན། ལྟ་བུར་བྲི་ཤོད་བྱེད་དགོས་འདུག་སྙམ།

  4. ཀརྨ་དགེ་ལེགས། says:
    2010-10-02 at 2:05 am

    ན་ང་གཉིས་གཅིག་པོ་ལ་ཐུན་མོངས་མ་ཡིན་པའི་སྒྲ་འབྱིན་ཚུལ་ཞིག་ཡོད་ཨེ།
    འོ། བོད་སྐད་དག་མ་ཡིན་ན། ཁ་བཙུམས་དགོས་པའི་མིང་ཚིག་ཞིག་ཡིན་ན་སྡེ་བ་བཞི་བའི་ཡི་གེ་གང་རུང་ཞིག་ཡིན་པའི་ཁྱབ།

  5. གཙང་ཁའི་བུ says:
    2010-10-02 at 10:34 am

    ཨ་ལགས་དྲིན་པོ་ཆེ། ངོ་མ་སྐད་ཅིག་གཅིག་གྱུར་གྱི་ཆེད་དུ་བོད་ས་ནས་མཁས་མང་ལྷན་འཛོམས་དང་། མཁས་བརྒྱ་བགྲོ་གླེང་གིས་འབད་བརྩོན་གནང་གི་ཡོད་ལ། ང་ཚོ་རང་དབང་ལུང་པར་གནས་པ་དག་གིས་ཀྱང་དེ་བཞིན་འབད་དགོས་གལ་ཆེ་མཐོང་། མ་ཟད་སྐྱེ་གནས་མཐུན་མིན་གྱིས་སྐད་ངག་ལ་མི་འདྲ་བ་རེ་འབྱུང་སྲིད་ཀྱང་། ཡི་གེ་ལ་གཅིག་གྱུར་དགོས་པ་ལས་ལུང་ཚན་བྱེ་བྲག་པ་རེས་རང་གི་སྐད་ངག་དང་མཐུན་པ་རེ་འབྲི་ན་རྩ་བ་ནས་རུང་གི་མ་རེད་སྙམ། གསལ་འདེབས་ཞུ་རྒྱུ་ཞིག་ལ།
    དང་པོ། པྲ་ཏི་ཚང་གིས་རྗེས་འཇུག་རྟགས་ཀྱི་དབྱེ་བར་མི་མཐུན་པ་གཉིས་གསུངས་པ་དེར་རྒྱུ་མཚན་གང་ཡོད་དམ།
    གཉིས་པ། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ངོ་བོ་ཉིད་ཀྱི་ད་དྲག་ཅེས་གསུངས་དེའི་འཇུག་ཡུལ་ལ་ངེས་བཟུང་ཡོད་དམ། ཨ་ལགས་དྲིན་པོ་ཆེ་སོགས་དྲ་གྲོགས་ཚོས་ལན་ཞིག་གསུང་གནང་འཚལ།

  6. འཇིགས་མེད་བཀྲ་་་་ཤིས། says:
    2010-10-03 at 1:14 am

    དབུས་སྐད་ལ་དབྱངས་ཀྱི་ཁྱད་པར་ལེགས་པར་ཐོན་ཀྱང་སྔོན་རྗེས་ཀྱི་ཁྱད་པར་མི་ཐོན། ཨམ་སྐད་ལ་སྔོན་རྗེས་ཀྱི་ཁྱད་པར་ལེགས་པར་ཐོན་ཀྱང་དབྱངས་ཀྱི་ཁྱད་པར་མི་ཐོན།
    ཁམས་སྐད་ལ། གཅིག་ལ་གཙི་དང་། ཟེར་ལ་ཞེ། སོགས་མི་འདྲ་བ་མང་ཙམ་འདུག་ནའང་རྒྱུས་དེ་ཙམ་མེད། ཀློག་སྟངས་མི་འདྲ་བ་འདི་དག་གཅིག་གྱུར་ཡོང་དཀའ་བས་སྤྱི་སྐད་ནི་སྔར་བཞིན་ཡིག་སྐད་རང་བྱས་ནས་འགྲོ་བ་ལས་ཁ་སྐད་གཅིག་གྱུར་ཞིག་ཡོང་རེ་དཀའོ་སྙམ་མོོ།

  7. བཟོད་པ་ལྷ་རྩེ་ says:
    2010-10-03 at 6:24 am

    དེང་བཙན་བྱོལ་སྤྱི་ཚོགས་ནང་མཁས་པ་དང་བླུན་པོ་སུ་འདྲ་ཞིག་ཡིན་ཀྱང་། བོད་སྤྱི་ལ་ལྷག་བསམ་དང་ཞེན་པ་མེད་པར་རང་ཕྱོགས་ཀྱི་ཆོལ་ཁ་དང་བྱེ་བྲག་ལུང་ཚན་ཆུང་ཆུང་རེ་བཞེན་ཆགས་ཀྱི་བོད་སྤྱི་ཡོངས་ལ་སྨད་པ་སོགས་ནི་བོད་འཕོངས་བའི་སྔར་རྟགས་ཞིག་མིན་ནམ་སྙམ་སེམས་ཚབ་སྐྱེ་གཞི་ཞིག་ཡིན་པར་འདོད།
    དཔེར་ན་སྐུ་ཞབས་ཨ་ལགས་ཀླུ་མྱོན་ལགས་ནས་གསུང་པར་ཞིགས་ན་ཁ་བཙུམས་མཁན་ནི་དབུས་གཙང་པ་ཡིན་པའི་སྐྱོན་བརྗོད་དང་། ཁ་གདངས་མདོ་སྟོད་ཡིན་པའི་སྐྱོན་བརྗོད་ཚ་ཐག་གཅོད་ཞིག་གནང་བའི་ཤུགས་ལ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་མདོ་སྨད་པ་དག་ཡིན་པ་སོད་བཞིན་ལ་རྟགས་ན་གཟུར་པོར་གནས་པའི་གཏམ་ཞིག་ཡིན་པའི་བདེན་དཔང་མི་ཐུབ་ལའང་། དབུས་གཙང་དང་མདོ་སྟོད་ལ་ཁ་སྐད་དང་ཡིག་སྐད་སོ་སོར་ཡོད་པ་ཇི་བཞིན་མདོ་སྨད་ལའང་ཁ་སྐད་དང་ཡིག་སྐད་སོ་སོར་ཡོད་པ་ཨ་ལག་ཁོང་གི་མ་མཁྱེན་པ་མིན་ཡང་ཞེན་ཁོག་ཐུག་པོ་ཞིག་གི་སྒྲིབ་ནས་ཡོད་པ་སྙིང་རྗེའི་ཡུལ་རང་ཡིན་ཨོྃ་མ་ཎི་པདྨེ་ཧཱུྃ།

  8. གཙང་ཁའི་བུ says:
    2010-10-04 at 1:20 pm

    ཨ་ལགས་དྲིན་པོ་ཆེ། ངས་ཁྱོད་ལ་གཏམ་བཟང་ཤོད། དེ་རིང་དགོང་མོར་ང་དྲྭ་ཁང་དུ་སླེབས་དུས་བུད་མེད་མཛེས་མ་མོ་ལོ་བཅོ་བརྒྱད་ཙམ་ཟིན་པ་ཞིག་དང་ཐུག ངེད་གཉིས་དཔུང་པ་མཉམ་གཤིབ་ཀྱིས་དྲྭ་རྒྱ་སྔོགས་དུས་ཁོས་མཆུ་དམར་ལ་སོ་ཕྲེང་དཀར་བ་འདི་སུ་ཞིག་གི་ཁ་རེད་ཟེར། ངས་་་་་་་་་་་་་ཨོ་་་་་་་་་་འདི་ཨ་ལགས་ཀླུ་སྨྱོན་ཚང་གི་རེད་ཅེས་ངོ་སྤྲོད་བྱས་མ་ཟིན་མཚམས་དེར། ཁོས་ཐབས་བཀོད་པ་འདྲས་ཨ་ལགས་ཚང་གི་སྒོ་བྱང་འདྲ་ཨེ་རྙེད་ཟེར། ངས་དྲྭ་ཐོག་ནས་ཁ་བརྡ་ཞིག་བྱེད་དང་། ཨ་ལགས་ཚང་གིས་མཁྱེན་ན་གནང་གི་རེད་ཅེས་ལན་སྦྱིན་ཡོད། ངོ་མ་མཛེས་མ་ཞིག་རེད། ཨ་ལགས་ལགས། སྒོ་བྱང་དྲྭ་ཐོག་འདིར་འཇོག་རོགས། ཅིག་བྱེད་ན་རྫོགས་པ་ཆེན་པོའི་ལྟ་བའང་རྙེད་སྲིད།

  9. ཀླུ་སྨྱོན། says:
    2010-10-04 at 1:30 pm

    ཨ་རོགས། ངས་ངོ་མི་ཤེས་པའི་མི་ལ་འབྲེལ་བ་ནམ་ཡང་བྱེད་ཀི་མེད། ཡིན་ན་ཡང་བོད་རིགས་ན་གཞོན་དོན་གཉེར་ཅན་རེ་ཡིན་ན་skypeབརྒྱུད་ནས་ཁ་བརྡ་རེ་བྱེད་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme