Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཅི་ཞིག་ལ་སློབ་སྦྱོང་ཟེར།

Posted on 2008-06-12 By དབང་ཕྱུག་ 2 Comments on ཅི་ཞིག་ལ་སློབ་སྦྱོང་ཟེར།

ལྷ་ལུང་རྒྱལ།

མི་ཤེས་པ་བསླབས་ཏེ་ཤེས་པར་བྱས་པའི་མཐུས། སེམས་ཀྱི་རྨོངས་པ་གང་ཞིག་སྦྱོང་བའམ་རྨེག་མེད་གཙང་སེལ་གྱི་བྱ་བའི་རིམ་པར་སློབ་སྦྱོང་ཟེར་ཞིང༌། སློབ་སྦྱོང་ནི་གཙོ་བོ་སེམས་ཀྱི་བསམ་གཞིགས་བྱ་སྟངས་རིགས་ཤིག་ཡིན། སློབ་སྦྱོང་བྱ་བཞིན་པའི་མི་གང་རུང་བ་ཞིག་ལ་ཅི་ཞིག་ནི་སློབ་སྦྱོང་ཡིན་ཅེས་དྲི་བ་བཏང་བའི་དབང་དུ་བཏང་ན། འབྲི་ཀློག་དྲི་གསུམ་གྱི་སྦྱོར་བར་སློབ་སྦྱོང་ངོ་ཞེས་ཐོགས་ཐུག་མེད་པར་ལན་འདེབས་བྱ་ངེས་ལས། སློབ་སྦྱོང་ནི་བསམ་གཞིགས་རིགས་ཤིག་ཡིན་པའི་དོན་དངོས་ལན་དུ་ཐོབ་མཁན་ཞིག་ཧ་ཅང་ཉུང་ཉུང་ཡིན་རྒྱུ་རེད།
དོན་ངོ་མར། འབྲི་ཀློག་དྲི་འདེབས་དེ་བསམ་གཞིགས་ཀྱི་སྐུལ་སྐྱེད་ཐོན་དངོས་ལས། རྒྱུ་མེད་རྐྱེན་མེད་དུ་བརྡོལ་འོང་བ་ཞིག་མ་རེད་ལ། བསམ་གཞིགས་ཀྱི་འོ་མ་དཀྲོག་པ་ལས་འབྲི་ཀློག་དྲི་སོགས་ཀྱི་སྦྱོར་བའི་མར་ལོ་ཐོན་ཅིང༌། མར་དེས་སླར་ཡང་སེམས་ཀྱི་ཕུང་ཁམས་གསོ་བར་བྱེད་པ་བཅས་དེ་གཉིས་ཕར་ཚུར་འཁོར་བསྐྱོད་ཀྱི་འབྲེལ་བ་ཧ་ཅང་དམ་པོ་ཡིན།
ཡིན་ནའང༌། བསམ་གཞིགས་ལ་གནད་དུ་ཐོན་མིན་གྱི་ཚད་རིམ་མི་འདྲ་བ་མང་ཞིང༌། དེ་བཞིན་བསམ་གཞིགས་བྱ་སྐབས་ཀྱི་སེམས་པའི་ཤེད་རྩོལ་ཡང་ཆེ་ཆུང་མི་མཚུངས། བྱ་དངོས་ལ་ཤས་ཤིག་ལ་བསམ་གཞིགས་བྱེད་དུས་སེམས་ངལ་ལྕི་ལ། རེ་འགར་དེ་ཙམ་མིན་པ་ལྟ་བུ་ཡུལ་ཅན་སེམས་པ་འཇུག་སའི་ཡུལ་གང་རུང་བའི་ངོ་བོ་རྙོག་འཛིང་ཡིན་མིན་གྱིས་སེམས་ངལ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
ཕྱི་རོལ་ཡུལ་གྱི་དངོས་པོ་དག་སེམས་སུ་ཚུར་འདྲིས་པར་བྱེད་པ་ནི་སློབ་སྦྱོང་དང༌། སློབ་སྦྱོང་ནི་ཆུ་བཞིན་རྙོག་ལ་རྩ་ལྟར་འཛིང་བ་ཞིག་ཡིན་སྟབས། གང་ལྟར། སློབ་སྦྱོང་བྱེད་མཁན་རྣལ་མ་ཞིག་ལ་མཚོན་ན་བསམ་གཞིགས་ཀྱི་སེམས་ངལ་གཞན་ལས་ལྕི་བ་ཡིན་ཟེར། གནས་ལུགས་འདི་ཤེས་རྗེས། ཕྱིར་རང་ཉིད་ཀྱི་སློབ་སྦྱོང་རྒྱུད་རིམ་ལ་བསམ་བློ་རེ་བཏང་ཡོང་དུས། མི་ལོ་ཉི་ཤུ་ལྷག་གི་སློབ་སྦྱོང་དེ་སློབ་སྦྱོང་ཡིན་མིན་གྱི་ཐེ་ཚོམ་ཞིག་སྐྱེ་ཡི་འདུག གང་གིས་ཞེ་ན། ང་རང་ལ་མཚོན་ན། འབྲི་ཀློག་དྲི་འདེབས་ཀྱི་སྦྱོར་བར་ཞུགས་པ་ཙམ་མ་གཏོགས། བསམ་གཞིགས་ཀྱི་སེམས་ངལ་ལྕི་མོས་སློབ་སྦྱོང་བྱས་བ་ཞིག་དྲན་གྱི་མི་འདུག་པས་རེད། འདི་ལྟར་བསམ་གཞིགས་ཀྱི་ནུས་སྟོབས་རྩལ་དུ་མ་སྟོན་པར་སློབ་འབྲས་ལེགས་པོ་ཞིག་ལེན་མི་ཐུབ་ཅིང༌། རང་ཉིད་ཀྱི་བསམ་བློའི་སེམས་ངལ་དང་བྲལ་བའི་སློབ་སྦྱོང་རྐྱང་ལས། བསམ་གཞིགས་རྒྱུན་འཁྱེར་གྱི་སློབ་སྦྱོང་བྱ་ཐབས་ཤིག་བསྟེན་ཐུབ་མ་བྱུང་བ་ཅི་ཞིག་གིས་མ་འགྲིག་པའི་ཐད་ལ་མནོ་བསམ་གཏོང་དུས། བསམ་གཞིགས་ནི་ཆུང་ནས་རྒྱུད་ལ་གོམས་འདྲིས་སུ་གཏོང་རྒྱུ་ཞིག་ཡིན་འདུག་ཅིང༌། དེའང་ཕ་མ་དང་དགེ་རྒན་གྱི་ལམ་སྟོན་རོགས་འདེགས་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། ཡིན་ནའང༌། ང་ཚོའི་ཕ་མ་ཚོ་སྨོས་ཅི། དགེ་རྒན་ཚོས་ཀྱང་ཇི་ལྟར་བསམ་གཞིགས་བྱ་སྟངས་ཀྱི་ལམ་སྟོན་རོགས་འདེགས་ཁ་ཚ་དགོས་གཏུགས་ཅན་ཞིག་བྱེད་ཐུབ་ཀྱི་མེད། ཁོང་ཚོས་ནམ་རྒྱུན་སློབ་སྦྱོང་ལ་ཧུར་བརྩོན་བྱ་དགོས་ཚུལ་སོགས་ཡང་དང་བསྐྱར་མས་བཤད་རྒྱུའི་གོམས་སྲོལ་ཡོད་པ་མ་ཟད། ཐ་ན་ཤ་ཚས་རྡུང་རྡེག་བྱེད་སྲོལ་ཡང་ཡོད་མོད།
འོན་ཏང༌། ཇི་ལྟར་ཧུར་བརྩོན་བྱ་དགོས་བའི་ཐབས་ལམ་རྒྱས་སྟོན་བྱེད་ཐུབ་ཀྱི་མེད་ལ། སློབ་སྦྱོང་དང་བསམ་གཞིགས་གཉིས་ཕན་ཚུན་དབར་གྱི་འབྲེལ་བའི་ཐད་ལ་དེ་བས་ཀྱང་ཅི་གང་བཤད་ཀྱི་མེད། ང་ཚོའི་ཕ་མ་ཚོ་དང་དགེ་རྒན་ཚོས་སློབ་ཞུགས་ཀྱི་ཉིན་མ་དང་པོ་ནས་བཟུང༌། མཁས་པ་སློབ་པའི་དུས་ན་སྡུག ལྟ་བུའི་ཚིག་བཅད་རེ་འགའི་ནང་དོན་འགྲེལ་བཤད་ཀྱི་ཞོར་དུ། སུ་དང་གང་རྣམས་ཀྱིས་དཀའ་སྡུག་གིས་སློབ་སྦྱོང་བྱས་རབས་ཀྱི་མི་སྣ་དཔེ་སྟོན་ཅན་རེ་འགའ་བགྲངས་ཏེ། དེ་དང་དེ་ལ་མིག་བལྟས་བྱ་འོས་པའི་སྐུལ་མ་བྱེད་ཀྱི་ཡོད། སློབ་གྲྭ་ནས་ཕྱི་ལ་མ་ཐོན་བར་སློབ་སྐུལ་རོགས་འདེགས་ཀྱི་ལམ་སྟོན་རྒྱུན་ལྡན་ཅན་ཞིག་ཡོད་པ་ནི་དེ་ལྟ་བུ་ཞིག་ལས་མེད།
སློབ་སྦྱོང་ནི་སྔ་ཕྱིའི་བརྒྱུད་རིམ་སྤྱི་དང༌། ལྷག་དོན་དེང་གི་རིག་གནས་སློབ་གཉེར་བ་ཞིག་གི་ངོས་ནས་བཤད་ན། རང་ཉིད་ཀྱི་སེམས་པའི་འགུལ་སྐྱོད་དང་མཐུན་པའི་སློབ་སྦྱོང་ཐབས་ལམ་ཞིག་འཚོལ་དགོས་ལ། དེའང་བསམ་གཞིགས་བྱ་སྟངས་ཤིག་གིས་ཡིན་པ་ངོས་ཟིན་དགོས་རྒྱུ་དེ་ཅི་བས་ཀྱང་གལ་ཆེན་པོ་རེད།

སྣ་ཚོགས།

Post navigation

Previous Post: ༼ཨི་ནེས༽གླེང་བ།
Next Post: ལྷ་ས་སྨན་རྩིས་ཁང་གི་ལོ་ཐོ་དེའི་ནང་ས་ཡོམ་གྱི་སྐོར་བཀོད་འདུག་ཟེར། དེ་བདེན་པ་རེད་པས།

Comments (2) on “ཅི་ཞིག་ལ་སློབ་སྦྱོང་ཟེར།”

  1. སྔོ་དེའུ says:
    2008-06-15 at 4:29 am

    སློབ་སྦྱོང་ཞེས་པའི་ཐ་སྙད་ལ་ཟུར་མི་འདྲ་བ་ནས་འགྲེལ་བརྗོད་ཀྱང་འདྲ་མི་འདྲ་སྣ་ཚོགས་བྱེད་ཆོག་ཆོག་ཡིན། ཐ་སྙད་རྐྱང་རྐྱང་གི་ཆ་་ནས་སྤྲོས་པ་ཆེར་བྱེད་པ་ལ་དགོས་པ་ཆེན་པོ་མ་མཐོང་། འཚོ་གནས་ནི་སློབ་སྦྱོང་དང་སློབ་
    སྦྱོང་ནི་འཚོ་གནས་ཡིན་པ་ངོས་ཟིན་དགོས་རྒྱུ་དེ་ཅི་བས་ཀྱང་གལ་ཆེན་པོ་རེད། དེ་ལས་ཀྱང་གལ་ཆེ་ཤོས་ནི་བསླབས་
    པའི་རིག་པ་ལོབས་པ་དང་སྦྱངས་པའི་ཆོས་་ལ་བྱང་སྟེ་ཕ་ཤུལ་བུ་ཡིས་ཟིན་རྒྱུ་དེ་རེད་སྙམ། ཁྱེད་རང་གིས་བལྟས་ན་ག་
    འདྲ་རེད།

  2. སྔོ་དེའུ says:
    2008-06-15 at 4:29 am

    སློབ་སྦྱོང་ཞེས་པའི་ཐ་སྙད་ལ་ཟུར་མི་འདྲ་བ་ནས་འགྲེལ་བརྗོད་ཀྱང་འདྲ་མི་འདྲ་སྣ་ཚོགས་བྱེད་ཆོག་ཆོག་ཡིན། ཐ་སྙད་རྐྱང་རྐྱང་གི་ཆ་་ནས་སྤྲོས་པ་ཆེར་བྱེད་པ་ལ་དགོས་པ་ཆེན་པོ་མ་མཐོང་། འཚོ་གནས་ནི་སློབ་སྦྱོང་དང་སློབ་
    སྦྱོང་ནི་འཚོ་གནས་ཡིན་པ་ངོས་ཟིན་དགོས་རྒྱུ་དེ་ཅི་བས་ཀྱང་གལ་ཆེན་པོ་རེད། དེ་ལས་ཀྱང་གལ་ཆེ་ཤོས་ནི་བསླབས་
    པའི་རིག་པ་ལོབས་པ་དང་སྦྱངས་པའི་ཆོས་་ལ་བྱང་སྟེ་ཕ་ཤུལ་བུ་ཡིས་ཟིན་རྒྱུ་དེ་རེད་སྙམ། ཁྱེད་རང་གིས་བལྟས་ན་ག་
    འདྲ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme