Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབུམ་རམས་པ་བློ་བཟང་སེང་གེ་བཀའ་ཁྲིར་བདམས་ན་རྒྱ་ནག་ལ་བརྡ་ལན་ཆེན་པོ་གསུམ་སྤྲོད་ཀྱི་ཡོད།

Posted on 2010-09-222010-09-22 By དབང་ཕྱུག་ 21 Comments on འབུམ་རམས་པ་བློ་བཟང་སེང་གེ་བཀའ་ཁྲིར་བདམས་ན་རྒྱ་ནག་ལ་བརྡ་ལན་ཆེན་པོ་གསུམ་སྤྲོད་ཀྱི་ཡོད།

རྫ་ཚེ་རིང་བཀྲ་ཤིས།

ང་ཡང་བོད་མི་སྤྱི་དང་འདྲ་བར་ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་འདེམས་ཆེན་མོའི་ཆེད་སེམས་ཁུར་དང་ཚོར་བ་ཆེན་པོ་ཡོད་ན་ཡང་། ད་བར་རྩོམ་ཡིག་ཅིག་ཀྱང་མ་སྤེལ་བ་ནི་རྒྱུ་འབྲས་མ་དྲང་པ་རང་རེད། ལར་རང་ངོས་ནས་མང་མང་དང་ཉུང་ཉུང་། ང་ན་ལྟ་བ་དང་ལངས་ཕྱོགས་ཀྱི་ཆ་ནས་ཡིད་མོས་བྱེད་མཁན་དང་མི་བྱེད་མཁན་ཚང་མའི་ སྔུན་ནས་དགའ་ངོ་ཡག་ངོ་མེད་པར་ཚིག་ཐག་ཆོད་པོས་༼ངའི་འོས་ཤོག་ནི་མཁས་དབང་བློ་ བཟང་སེང་གེར་འཕེན་རྒྱུ་ཡིན་༽ཞེས་སུའི་དབུགས་ཐོག་གཅིག་ལ་ཤོད་ཀྱི་ཡོད། སུས་འཇོན་དང་མི་འཇོན་ཟེར་བ་དེ་མཐའ་གཅིག་ཏུ་བཤད་ཚོད་མི་ཐིག་ལ་ཉམས་མྱོང་གི་ རམ་འདེགས་དགོས་པ་དེ་ཡང་གནས་ལུགས་མེད་པ་ཞིག་མ་རེད་མོད། ངས་ལྟས་ན་མཁས་དབང་བློ་བཟང་སེང་གེ་ནི་ཤེས་ཚད་དང་སྤོབས་པ་ལ་རྒྱལ་སྤྱིའི་ཚད་ གཞི་ཡོད་པ་དང་། དཔལ་དུ་འབར་བའི་སྐྱེས་སྟོབས་ཀྱི་གཟི་བརྗིད་ཀྱིས་ཀྱང་མི་རྣམས་ཀྱི་མིག་ཡིད་ལ་ བག་ཆགས་བཟང་པོ་འཇོག་ཐུབ་པའི་གཞོན་སྐྱེས་ཡར་ཐོན་ཅན་གྱི་མཚོན་དཔེ་ཨང་དང་པོ་ དེ་རེད།
ངའི་བསམ་ཚུལ་ནོར་མེད་ན། གལ་ཆེ་བ་ཞིག་ལ་མཁས་དབང་བློ་བཟང་སེང་གེ་ཁོང་བཀའ་བློན་ཁྲི་པར་ཕེབས་པ་ཡིན་ན་ བོད་ཀྱི་རྩ་དོན་ཐོག་རྒྱལ་སྤྱི་དང་རྒྱ་ནག་གཞུང་ལ་བརྡ་ལན་ཆེན་པོ་གསུམ་སྤྲོད་ ཀྱི་ཡོད་དེ།

༼གཅིག༽
ཕྱི་ལོགས་སུ་ཡོད་པའི་བོད་པའི་མི་རབས་གསར་པའི་ཁྲོད་ན་ཨ་རིའི་ཧ་ཝར་ཊི་གཙུག་ ལག་སློབ་གྲྭ་ཆེན་མོ་ལས་ཁྲིམས་ལུགས་ཀྱི་སློབ་སྦྱོང་ཐོན་པའི་མཁས་པ། དེང་དུས་ཀྱི་ཤེས་ཡོན་ཚད་དུ་ལོངས་པའི་འཇོན་ཐང་ཅན་བཀའ་བློན་ཁྲི་པའི་ལས་ཁུར་ལ་ བརྩོན་ལེན་བྱེད་མཁན་ཡོད་པ་དེས་བོད་ཀྱི་མི་རབས་གསར་བའི་སྐྱེས་སྟོབས་མཚོན་ ཞིང་།། དེས་༸གོང་ས་མཆོག་སྐུ་མི་བཞུགས་པའི་སྐབས་བོད་དོན་འཐབ་རྩོད་མེད་པར་མི་འགྱུར་ བ་དང་། རྡ་སའི་སྲིད་གཞུང་དེ་རྙིང་ཧྲུལ་གོག་ཟད་ཅིག་ཏུ་གྱུར་མེད་པ་དེ་ཤེས་སུ་འཇུག

༼གཉིས།༽
བོད་ཀྱི་གནའ་བོའི་ཁྱིམ་རྒྱུད་ཆེན་མོར་གཏོགས་པ་མ་ཡིན་པའི་མིང་མེད་པའི་མི་ཚང་ དཀྱུས་མ་བལ་གོས་བཙོང་མཁན་ཞིག་གི་ཕྲུ་གུས། རང་ཉིད་སློབ་སྦྱོང་གི་ཐེམ་པ་རིམ་གྱིས་འཛེགས་ནས་བླ་ན་མེད་པའི་དབང་གྲགས་ཀྱི་ མཚན་རྟགས་བཀའ་བློན་ཁྲི་པར་བརྩོན་ལེན་བྱས་ཤིང་རྒྱལ་ཁ་ཐོབ་པ་དེས་བོད་ཀྱི་བཀས་ བཀོད་བརྒྱུད་འཛིན་ལམ་ལུགས་དེ་ངེས་པ་དོན་གྱི་ཐོག་ནས་མཇུག་སྒྲིལ་ཟིན་པ་དང་། ། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལྟེ་བ་དེ་ཡང་དག་པའི་མང་གཙོའི་ཕྱོགས་སུ་ཡོངས་ སུ་བསྐྱོད་ཟིན་པ་ཤེས་སུ་འཇུག

༼གསུམ།༽
བོད་ཕྱི་ལོགས་ཀྱི་མི་མང་དག་ཀྱང་བླུན་པོ་ཆུ་སྣ་གར་ཁྲིད་ཀྱིས་རྨོངས་ཞེན་གཡམ་ རྒྱུག་བྱ་མཁན་དང་། རྡ་སའི་གཞུང་དང་འབྲེལ་བ་མེད་པའི་ཐག་ཞོར་འབྲེང་དྲུང་དུ་སོང་བའི་ལྟས་དབང་གི་ ཡུལ་གྱར་བ་ཞིག་མ་ཡིན་པར་རང་ཉིད་ཀྱི་དབུ་ཁྲིད་འདེམས་པའི་དུས་དང་མཐུན་པའི་ རྣམ་དཔྱོད་གྱི་བློ་མིག་དང་འགན་འཁྲིའི་འདུ་ཤེས་གསལ་བོ་ཡོད་པའི་སྤྱི་ཚོགས་ ཀྱི་དཔུང་སྡེ་ཆེན་པོ་ཞིག་སྟེ། ། མི་མང་གི་གོ་རྟོགས་དང་སྤུས་ཚད། གོང་བུའི་ནུས་པ་བཅས་མཚོན་ཞིང་། བོད་དོན་འཐབ་རྩོད་དེ་མུན་ནག་གི་སྤྱི་ཚོགས་སུ་ཕྱིར་ལོག་བྱེད་པའི་འཐབ་རྩོད་ ཅིག་མིན་པ་ཤེས་སུ་འཇུག

དེས་ན་རྡར་ངན་སྣུམ་བྱུག་བྱས་པའི་བཀའ་ཟུར་བགྲེས་པོ་ཞིག་གམ། ཡང་ན་སྤྱིར་བཏང་གི་འཇོན་ཐང་ཙམ་ཡོད་པའི་མི་སུ་འདྲ་ཞིག་ཡིན་ཀྱང་ཁོང་མི་དོ་བར་མ་ཟད། ཁོང་ལ་རྒྱལ་ཁ་ཐོབ་དང་མི་ཐོབ་ནི་ངེས་པར་དུ་གཞོན་རབས་པའི་ཡར་ཐོན་ཆེ་བའི་བསམ་བློའི་རྒྱལ་ཕམ་གྱི་མཚོན་རྟགས་ཤིག་ཏུའང་འགྱུར་གྱི་ཡོད། མ་མཐའ་ཡང་ཁོང་ནི་འཛམ་གླིང་གི་སྟོང་ལོ་གསར་བའི་ནང་གི་མི་མང་གི་དགའ་བསུ་ཚད་ འཐོ་ཤོས་ཐོབ་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་བཟོ་གྲྭ་གཅིག་ནས་ཐོན་པའི་ཅ་དངོས་རེད།། ངས་མ་མཐའ་ཡང་འདི་ལྟར་འགྲེལ་བཤད་རྒྱག་ངེས། ༸གོང་ས་མཆོག་གིས་ཀྱང་ཡར་ཐོན་ཅན་གྱི་སྐྱེས་བུ་ཁོང་ལྟ་བུ་ཉུང་ཉུང་ཡིན་པའི་ ཐུགས་ཕམ་གྱི་གསུང་བཤད་དེ་༼བོད་ཁྱིམ་གྱི་བཀའ་སློབ་༽ཕེབས་པ་ཡིན་ཞིང་། གོང་ས་མཆོག་གི་ཐུགས་ཚོར་ནི་འཇིག་རྟེན་གྱི་ལུགས་སུ་བྱས་ན་རྒྱ་ནག་སོགས་ནས་ དུས་ཕྱིས་ནུབ་ཕྱོགས་སུ་ཕྱིན་པ་དག་གི་ནང་དུ་ཡང་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ ཏུ་འགན་ཁུར་ཐུབ་པའི་མཁས་དབང་མང་པོ་གཟིགས་པའི་ཉེར་ལེན་ལ་རྟེན་ནས་བྱུང་ཞིང་། བཀའ་སློབ་འདི་ལས་ང་ཚོས་ང་ཚོ་ལ་ཁོང་ལྟ་བུའི་མི་དེ་ཅི་ཙམ་གལ་ཆེན་པོ་ཡིན་པའི་དགོངས་གཞི་དེ་རྟོགས་ཐུབ། ང་ཚོ་དྲན་པ་རྣལ་དུ་གནས་ན་འདངས་རྒྱག་ཅིག་ཅིས་ཀྱང་མི་རན་ནམ། ད་དུང་མཁས་དབང་བློ་བཟང་སེང་གེ་ལྟ་བུའི་གསོན་ཤུགས་དཔལ་དུ་འབར་བའི་ན་གཞོན་ ཞིག་བཀའ་ཁྲིར་སླེབས་ན་དེང་དུས་བོད་ནང་གི་མི་རབས་གསར་བའི་ན་གཞོན་གྱི་རུ་ དཔུང་དག་གིས་ཀྱང་ཆོས་ལུགས་དང་དད་མོས་ཀྱི་འདུ་ཤེས་གཙོ་བོར་བཟུང་པའི་མི་རབས་ རྒན་པ་དག་གི་བོད་དོན་གྱི་གོ་བ་ལེན་སྟངས་དང་ཅུང་མི་འདྲ་བར་ཤེས་རྟོགས་དང་འདུ་ ཤེས་གསར་བའི་ཁྲོད་ཀྱི་བསམ་བློར་ཡིད་ཆེས་དང་སྤོབས་པའི་གསང་བརྡ་གཞན་ཞིག་ཐོབ་རྒྱུ་ཡིན་ཞིང་། ཁོང་ཚོ་ནི་འདོད་པ་ཡོད་མིན་ལ་མ་ལྟོས་པར་ང་ཚོའི་བོད་ཕྱི་མ་དག་གི་ངོ་གདོང་ངོ་ མ་དེར་འགྱུར་གྱི་རེད།
མཐར་བནྡེ་ངས་ཞུ་འདོད་པ་དེ། ང་ཚོས་དོན་ཆེན་འགག་ལ་ཐུག་དུས་༼བོད་མིའི་སྐྱིད་སྡུག་ཉམས་མྱོང་༽གི་གཤིན་པོའི་ ཁ་ཆེམས་དང་གསོན་པོའི་རེ་བཞག་མ་བརྗེད་པའི་དོན་དམ་པའི་གཅིག་སྒྲིལ་ཞིག་བྱེད་ དགོས། ང་ཚོས་སྤྱི་ཆུས་གསེར་ནག་གི་ཕ་བོང་ལ་རང་འདོད་དུག་ནག་གི་རྟ་རེ་རྩ་བ་གནས་གཡུག་ མི་རུང་། ལར་ང་ཡང་མེ་མདའ་དང་ལྕག་སྒྲོག་གི་བར་ནས་ཀྱང་བོད་ཀྱི་ལས་དབང་འདིའི་ཆེད་མགྱོད་ པ་མེད་པའི་བསམ་ཚུལ་ཁ་ལ་བཏོན་པ་ཞིག་ཡིན་ན་ཡང་། དེང་གི་སྤྱི་ཚོགས་འདིར་ཕན་པ་མེད་པ་སྐད་ཆ་མང་པོ་ཞིག་བཤད་འདོད་ཀྱི་སྤྲོས་པ་རིམ་གྱིས་ཉུང་ངུར་ཕྱིན་ཟིན་མོད། ད་ཐེངས་ཀྱི་འོས་བསྡུ་འདི་ནི་འདོམ་གང་གིས་འཆུག་ན་བང་གང་གིས་མི་སླེབས་པའི་གནད་འགག་གི་མཚམས་སུ་ཡོད་ཅིང་། ཆབ་སྲིད་རང་འདོད་ཀྱི་སྐད་ཆ་ཡ་ང་བ་དག་གིས་,,བཻཌུརྱའི་བུམ་པ་རྡོ་ལ་བརྡབས་ན་’’གཏན་ནས་མི་རུང་བས་ན་ངས་ཀྱང་བོད་མི་དཀྱུས་མ་ཞིག་གི་ངོས་ནས། ། བློ་གཅིག་སེམས་གཅིག་དང་ཁ་ཞེ་གཉིས་མེད། ལྷག་བསམ་ཟོལ་མེད་བཅས་ཀྱིས་ཞུ་འབོད་བྱེད་རྒྱུ་ཡིན་པས་ཕྱོགས་ཞེན་གྱི་བག་ཆགས་ འཐུག་པོ་ཡོངས་སུ་དོར་ནས་ང་དང་མཉམ་དུ་ང་ཚོའི་སྐྱེས་སྟོབས་དཔལ་དུ་འབར་བའི་ བཀའ་ཁྲི་དེ་འདེམ་རོགས། ཁྱེད་ཀྱིས་རང་གི་རྣམ་དཔྱོད་བེད་སྤྱོད་བྱེད་པའི་རང་ཚུགས་ཀྱི་གཤིིས་ཀ་མ་འདོར་ རོགས།
གཅེས་པར་འོས་པའི་འབྱུང་འགྱུར་གྱི་བཀའ་ཁྲི་དེ་མ་ནོར་བ་གནང་རོགས། གལ་ཏེ་ཐེངས་འདིའི་བཀའ་བློན་ཁྲི་བ་དེར་བློ་བཟང་སེང་གེ་འདེམས་ཐོན་མ་བྱུང་ན་ གུས་པའི་ངོས་ནས་རྡ་སའི་སྲིད་གཞུང་འདིར་གཞི་བྱེས་མཉམ་འཛོམས་གྱི་ཆོད་སེམས་ གཏན་པོ་ཡོད་པའི་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་ཏུ་ངོས་འཛིན་བྱ་དཀའ་ཞིང་། དེ་ལས་ལྡོག་སྟེ། མང་པོ་ཞིག་གི་འཆར་སྣང་དང་དགྲ་བོའི་གླེང་ཕྱོགས་བཞིན། བོད་ནང་གི་བློ་སྟོབས་ཆེ་བའི་དཔའ་བོ་གླེན་པ་དག་དར་ཆར་བཟུང་ནས། རྒྱལ་སྤྱིའི་བོད་དོན་རོགས་སྐྱོར་གྱི་ཟས་གོས་ཀྱིས་ཉི་མ་སྐྱེལ་བའི་སྡིངས་ཆ་གཞན་ཞིག་ཏུ་ངོས་འཛིན་བྱེད་མི་སྲིད་པའང་གཏན་ནས་མིན།
འདི་ནི་ངའི་མཐའ་མཇུག་གི་ཐ་ཚིག་དམར་པོ་དེ་ཡིན། ངའི་སེམས་གྱི་བཀའ་ཁྲི། མི་རབས་གསར་བའི་ཡར་ཐོན་གྱི་མིག་དཔེ། བོད་ཀྱི་ཨོ་བྷ་མ། ཨ་མའི་བུ་བློ་བཟང་སེང་གེ་རྒྱལ་བར་གྱུར་ཅིག བོད་རྒྱལ་ལོ། །
མཐའ་མའི་བསྐྱར་བཅོས། ༼ ༢༠༡༠, ༠༩, ༡༦ ༽

སྣ་ཚོགས།

Post navigation

Previous Post: རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བཟུང་ནས་བོད་དུ་ལོག་འདོད་ཡོད་དམ།
Next Post: བཀའ་བློན་ཁྲི་བ། རྒན་གཞོན་བར་གྱི་འཐབ་རྩོད་མིན།

Comments (21) on “འབུམ་རམས་པ་བློ་བཟང་སེང་གེ་བཀའ་ཁྲིར་བདམས་ན་རྒྱ་ནག་ལ་བརྡ་ལན་ཆེན་པོ་གསུམ་སྤྲོད་ཀྱི་ཡོད།”

  1. དཔལ་དགྱེས་པ་རྡོ་རྗེ says:
    2010-09-23 at 12:55 am

    ཡ་ཡ། ངོ་སོ་རེ་བསྟོད་ཨ་མའི་བུ། ད་ལྟ་ཡང་དྷར་ས་ན་བཀའ་ཁྲི་ང་ཡིན་ཁོ་ཡིན་ཞེས་དེ་མིན་བཤད་རྒྱུ་མེད་ཁུ་མོ། ཡིན་ན་ཡང་མཆོག་གི་ལྷག་བསམ་རྣམ་དག་གི་བསྐུལ་མ་འདི་ལ་ཡི་རང་ཡོད་མོད། སྡུག་ཚང་དེ་ནང་འདུན་པ་ནི་ཤིན་ཏུ་དཀའ་ནི་རེད་ཡ། །

  2. རང་བཙན་ལྡེའུ་ says:
    2010-09-23 at 1:28 am

    བོད་དོན་བདེན་པའི་འཐབ་བརྩོད་ཀྱི་རྒྱལ་ཁ་དང་ ༧གོང་ས་མཆོག་གི་ཐུགས་གི་བཞེད་དོན་འགྲུབས་ཆེད་ གཞིས་བྱེས་བོད་རིགས་སྤྱུན་ཟླའི་གདུང་སེམས་ཀྱི་རེ་དོན་གྲུབས་ཐུབ་རྒྱུར་བཀའ་བློན་ཁྲི་པའི་འོས་མི་ཀུན་གྱི་ནང་ནས་རེ་བ་བཟང་ཤོས་དང་ འཛམ་གླིང་རྒྱལ་ཁབ་གཞན་ལའང་ངོམས་སུ་མཆོག་པ་གཅིག་པོ་དེ་ མཁས་དབང་བློ་བཟང་སེངྒེ་ཁོང་ཉིད་རེད་ དེ་ན་ངའི་བཀའ་བློན་ཁྲི་པའི་འོས་ཤོག་དེ་ཐེ་ཚོམས་དང་འགྱུར་བ་སྤུ་ཙམ་མེད་པར་སེམས་ཐག་མཆོད་པོ་དང་ དམ་བཅའ་བརྟན་པོ་ བོད་དོན་བདེན་པའི་རྒྱལ་ཁ་མྱུར་དུ་ཐོབ་ལེ་གི་རེ་སྨོན་ཟབ་མོའི་ངང་ནས་ མཁས་དབང་བློ་བཟང་སེངྒེ་ལགས་ལ་འབུལ་རྒྱུ་ཡིན་ ངས་ནི་ཆོལ་ཁ་ ཆོས་ལུགས་ ཚོགས་པ་ སྐྱིད་སྡུག་སོགས་ཆི་མི་ཤེས་ ཤེས་ལེ་དེ་བོད་རྒྱལ་ཁབ་བཙན་འོག་དུ་འཚུད་པ་དང་ བོད་ནང་གི་བོད་རིགས་སྤུན་ཟླ་དམྱལ་བ་མི་ཡུལ་དུ་མྱོང་བ་ བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་བ་དེ་ཡིན་ ༧གོང་ས་མཆོག་གི་མཛད་འགན་ལ་རབ་འདེགས་གནང་སྟེ་དེ་དག་ལས་སྐྱོབ་ཐུབ་པའི་ནུས་སྟོབས་ཆེ་ཤོས་ཀྱི་འོས་གཞི་དེ་མཁས་དབང་བློ་བཟང་སེངྒེ་ལགས་ཁོ་ན་རེད་།
    མཁས་དབང་བློ་བཟང་སེངྒེ་རྒྱལ་གྱུར་གཅིགམ། བོད་རིགས་སྤུན་ཟླ་རྒྱལ་གྱུར་གཅིག་།།

  3. གངས་ཐིགས། says:
    2010-09-23 at 2:05 am

    དྲང་མོ་བཤད་ན་ཐོག་མའི་སྐབས་བློ་བཟང་སེངྒེལ་རེ་བ་ཆེན་པོ་བྱེད་མྱོང་། རྗེས་སུ་ཁོའི་བྱེད་ཕྱོགས་དང་གནས་སྟངས་མང་པོ་ཞིག་ལ་རྒྱུས་ལོན་བྱེད་པའི་སྐབས་ཁོ་བོ་ལ་ཡིད་ཆེས་མེད་པར་གྱུར་སོང་། རྒྱུ་མཚན་ཅི་ཡིན་ཟེར་ན། བཀའ་ཁྲི་ཐོབ་རྒྱུ་ཁོའི་དམིགས་ཡུལ་གཙོ་བོ་ཡིན་པ་མ་གཏོགས། བོད་མི་རིགས་ཀྱི་ལས་དོན་བསྒྲུབ་རྒྱུ་ཁོའི་དམིགས་ཡུལ་གཙོ་བོ་མ་རེད། ཁོས་ཚིག་སྐམ་པོས་སྟོང་ལབ་བརྒྱབས་ནས་གཞོན་སྐྱེས་ཚོའི་བསམ་བློ་འགུག་ཐབས་བྱེད་གཙོ་བོ་བྱེད་ཀྱི་འདུག་ དེ་ལས་གནས་ཚུལ་ངན་པ་ཞིག་ནི། སྐབས་སོ་སོར་མི་མང་གི་ཚོར་བ་དང་བསྟུན་ནས་སྐད་ཆ་འདྲ་ཆགས་པོ་བཤད་པ་མ་གཏོགས་ཁོ་ལ་ལྟ་གྲུབ་དང་རྩ་དོན་ཡོད་པའི་སྐད་ཆ་ལྗིག་ཁོག་ཅན་དང་ནང་དོན་ཅན་གཏན་ནས་མི་འདུག་ ཁོས་དགེ་ལུགས་ལ་ཐུག་ན་དགེ་ཡིན་ལུགས་བྱེད། རྙིང་མར་ཐུག་ན་ཆོས་རྒྱུད་རྙིང་མ་ཡིན་ལུགས་བཤད་ན། མདོར་ན། བཀའ་བློན་ཁྲི་པ་ཐོབ་དགོས་པ་མ་གཏོགས་ཐོབ་ནས་ལས་ཀ་བྱ་རྒྱུ་ཁོའི་དམིགས་ཡུལ་མ་རེད།

  4. གངས་བུ། says:
    2010-09-23 at 3:44 am

    གངས་ཐིག་ལགས་ དང་པོ་བཀའ་ཁྲིར་ཐོབ་ནས་ཕྱག་ལས་གནང་དགོས་ཀྱི་ཡོད། ཁོང་ལ་ལྟ་གྲུབ་མེད་པའི་རྒྱུ་མཚན་གང་གསུངས་ཡ་ཡོད་དམ། གོང་དུ་བཤད་པའི་རྒྱུ་མཚན་བྱེད་སྟེ་ལྟ་གྲུབ་མི་འདུག་ལབ་ན་ཐལ་གྲགས་པ་རེད། རྗེས་སུ་མཇལ་ཡོང་ ད་ལྟ་ལས་བྲེལ་གྱི་དབང་གི་འབྲི་ལུང་མ་བྱུང་།

  5. འཇམ་དཔལ་རྣོན་པོ། says:
    2010-09-23 at 6:26 am

    གྲོགས་པོ་རྫ་ཚེ་རིང་བཀྲ་ཤིས་ལགས། བཀྲ་ཤིས་བདེ་ལེགས། རྩོམ་ཡིག་ཡག་པོ་ཞེ་དྲག་རེད་འདུག འོན་ཀྱང་སྐུ་ཉིད་ཀྱང་ཆབ་སྲིད་ཀྱི་ཤོག་ཁག་ནང་དུ་ཞུགས་ཚར་འདུག་པའི་ཚོར་བ་ལྟེར་ཐུབ་ཀྱི་འདུག

  6. བོད་ལ་དགའ། says:
    2010-09-23 at 8:18 am

    བཀྲ་ཤིས་བདེ་ལེགས། བསམ་ཚུལ་ཞིག་ཡོད།

  7. ཀུན་དགའ་བོ། says:
    2010-09-23 at 8:55 am

    ཚེ་རིང་བཀྲ་ཤིས་ལགས། ཁྱེད་ཀྱི་མ་འོངས་༢༠༡༡་ལོའི་བཀའ་ཁྲི་དེ་ཆེད་ལས་པ་བློ་བཟང་སེང་གེ་ལ་རེ་བ་བྱ་རྒྱུ་གཡུག་ཤོག
    ངོ་ཚོ་ལ་ད་ལྟ་དགོས་པའི་བཀའ་ཁྲི་དེ་ཉམས་མྱོང་ཅན་ཞིག་ངེས་པར་དུ་དགོས་པ་མ་གཏོགས་ཕྱི་རྒྱལ་གྱི་མཐོ་སློབ་གྲགས་ཅན་ཞིག་ནས་ཐོན་པའི་ཁྲིམས་རྩོད་པ་བོད་གཞུང་ཞབས་ཀྱི་ཉམས་མྱོང་མེད་མཁན་ཞིག་རྩ་བ་ཉིད་ནས་དགོས་ཀྱིན་མེད།
    དེས་ན་སླར་ཡང་དགོངས་བཞེས་ཡག་པོ་གནང་རོགས།

  8. བློ་བཟང་དར་རྒྱས། says:
    2010-09-23 at 11:10 am

    གངས་ཐིག་ཟེར་བའི་མཆན་བྲི་བ་དེ་ཤེས་ཡོན་གནས་ཚད་ག་ཚོད་ཙམ་ཡོད་དམ།
    ཁོ་བོས་བློ་སེང་ལ་ཉམས་ཞིབ་བྱེད་ཁུལ་གྱིས་ཡིད་ཆེས་བརླག་ཚུལ་བརྗོད་འདུག
    ཁྱེད་རང་ཉམས་ཞིབ་པ་ཆ་འཇོག་འོས་པ་ཞིག་ཡིན་ན་ངས་ཏོག་ཙམ་ཆ་འཇོག་བྱེད་ཆོག
    འོན་ཀྱང་གང་བྱུང་བཤད་པ་དང་རང་མཚམས་ཀྱིས་གྲུབ་པ་ཡིན་ན་དགོངས་དག། ཡིད་ཆེས་མེད།
    ད་ལྟའི་བར་བློ་སེང་ལས་ལྷག་པ་མིན་འདུག

  9. བོད་ལ་དགའ། says:
    2010-09-23 at 11:22 am

    བློ་སེང་མ་འོངས་པའི་བཀའ་ཁྲིར་བདམས་ན་རྒྱ་ནག་ལ་བརྡ་ལན་ཆེན་པོ་གསུམ་སྤྲོད་ཀྱི་ཡོད་པའི་བསམ་ཚུལ་དེ་ཏག་ཏག་ཅིག་ཏུ་མཐོང་མ་སོང༌།

    གཅིག སྤྱིར་བཏང་ང་ཚོའི་བཀའ་ཁྲི་དེ་སུའི་འཇོན་གང་དྲག་ཅིག་འདེམས་རྒྱུ་ལས། ཡིན་གཅིག་མིན་གཉིས་མི་རབས་གསར་པ་ཡིན་དགོས་པའི་གལ་གནད་གང་ཡང་མེད། ལྷག་པར་མི་རབས་གསར་རྙིང་གི་རྩོད་རྙོག་ཅིག་རྩ་བ་ནས་ཡིན་མི་འོས། དེ་ལས་ཀྱང༌གསལ་བཤད་མི་དགོས་པ་ནི། སྤེན་པ་ཚེ་རིང་དང་རྒྱ་རི་སྒྲོལ་མ། བློ་སེང་གསུམ་གྱི་བར་ན་མི་རབས་གསར་རྙིང་དགར་ས་ཞིག་རྩ་བ་ནས་མི་འདུག་པས། སྤེན་པ་ཚེ་རིང་དང༌། རྒྱ་རི་སྒྲོལ་མ་གཉིས་ཀྱི་གཅིག་འདེམས་ནའང་བརྡ་ལན་དང་པོ་དེ་སྤྲོད་ཀྱི་ཡོད།

    གཉིས་པ། སྤེན་པ་ཚེ་རིང་གི་ལོ་རྒྱུས་ཀྱང༌མི་ཚང་དཀྱུས་མ་ཞིག་གི་ཕྲུ་གུ་ནས་ནར་སོན་པ་གཅིག་མཚུངས་སུ་འདུག་པ་དང༌། ལྷག་དོན། མི་མང་གིས་ཐད་ཀར་བཀའ་ཁྲི་སྐབས་གཉིས་བདམས་ཚར་བ་མ་ཟད། དེ་རིང་ང་ཚོས་སྐབས་གསུམ་པ་འདེམས་ཀྱི་ཡོད་པ་འདིས། མ་འོངས་པའི་བཀའ་ཁྲིར་བློ་སེང་འདེམས་ན་བོད་ཀྱི་བཀས་བཀོད་བརྒྱུད་འཛིན་ལམ་ལུགས་དེ་ངེས་པ་དོན་གྱི་ཐོག་ནས་མཇུག་སྒྲིལ་ཟིན་པ་དང༌། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལྟེ་བ་དེ་ཡང་དག་པའི་མང་གཙོའི་ཕྱོགས་སུ་ཡོངས་སུ་བསྐྱོད་པ་ཤེས་སུ་འཇུག་ཅེས། ཁྱོད་ཀྱིས་བཤད་པའི་བརྡ་ལན་གཉིས་པ་དེ་ཡང་ང་ཚོས་སྔ་ས་ནས་སྤྲད་ཚར་བ་མ་རེད་དམ།

    གསུམ་པ། ད་ལྟ་བཀའ་ཁྲིའི་ཞབས་སྟེགས་ན་དངོས་སུ་བཞུགས་པའི་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པ་མ་ཟད། འདི་ལྟ་བུའི་བཀའ་ཁྲི་སྙན་གྲགས་ཅན་དང་འཇོན་ཐང་ཅན་ཞིག་མི་མང་གིས་བཙལ་ནས་རྙེད་ཡོད་པར་གཞིགས་ན། བཙན་བྱོལ་བོད་མི་རྣམས་ནི་བླུན་པོ་ཆུ་སྣ་གར་ཁྲིད་དང༌། རྨོངས་ཞེན་གཡམ་རྒྱུགས་བྱ་མཁན་ཞིག་མིན་པར། རྣམ་དཔྱོད་ཀྱི་བློ་མིག་དང་འགན་འཁྲིའི་འདུ་ཤེས་གསལ་བོར་ལྡན་ཐོག གོ་རྟོགས་དང་སྤུས་ཚད། གོང་བུའི་ནུས་པ་བཅས་མཚོན་ཡོད་པར་ངོས་འཛིན་ཞུས་ན་འགྲིག

    ལར་ནས། ཉིད་ཀྱིས་བློ་བཟང་སེང་གེར་བཀའ་ཁྲི་མ་ཐོབ་ན་བཙན་བྱོལ་བོད་གཞུང་ལ་བློ་ལོག་རྒྱུའི་འཆར་སྣང་འདྲ་ཞིག་བརྗོད་ཀྱིན་འདུག གང་ཟག་སུ་རུང་ཞིག་ལ་བློས་འགེལ་བྱེད་རྒྱུ་ལས་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ལ་ཡིད་ཆེས་བློས་འགེལ་བྱེད་རྒྱུ་ནི་ཆེས་གལ་ཆེ་བར་མཐོང༌། ཐེངས་འདིར་བློ་སེང་ལ་བཀའ་ཁྲི་ཐོབ་པའི་དབང་དུ་བཏང་ཡང༌། ལོ་བཅུའི་རྗེས་སུ་ཁྱོད་ཀྱིས་ཡང་བསྐྱར་བཀའ་ཁྲི་གསར་པ་ཞིག་འདེམས་དགོས་ངེས་རེད། དེ་དུས་ཁྱོད་ཀྱིས་བཙན་བྱོལ་བོད་གཞུང་ལ་བློ་ལོག་རྒྱུ་ཡིན་ནམ། འདི་ནས་གསལ་བོར་རྟོགས་པ་ནི། ཁྱོད་ཀྱིས་བོད་ཀྱི་རྩ་དོན་དང་བོད་གཞུང་གི་ཆེད་དུ་བཀའ་ཁྲི་གླེང་བ་དང༌། འཚོལ་བཞིན་མེད་པར་བློ་སེང་གི་ཆེད་དུ་བཀའ་ཁྲི་གླེང་བ་དང་འཚོལ་བཞིན་པའི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་བཞིན་པ་འདི་རེད། འདི་དག་ལ་བརྟེན་ཁྱོད་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཞུ་ཐུབ་པ་མི་འདུག

  10. ten zin pema says:
    2010-09-23 at 12:08 pm

    ངས་ལྟས་ན་མི་རབས་རྒན་པ་ཚོས་བཀའ་དྲིན་མ་བརྗེད་ན་རེད། ཡིན་ན་ཡང་སྐབས་གསུམ་པའི་བཀའ་ཁྲི་དེ་མི་རབས་གཞོན་པ་ཞིག་གིས་གནང་དགོས་བ་གལ་ཆེ་མཐོང་།

  11. མེ་ཏོག་དཀར་པོ། says:
    2010-09-23 at 12:56 pm

    ངའི་སྔོན་ཙམ་ནས་མཆན་བུ་རིང་པོ་ཞིག་བྲིས་པ་ཡིན་ཏེ་དྲ་ཤུགས་ཆུང་བས་བཏགས་མ་ཐུབ་པར་རླག་སོང་།

    རྟེན་འབྲེལ་ཞིག་གིས་དབང་གི་བརྗོད་དོན་བསྟན་འཛིན་པདྨ་དང་འདྲ་པོ་ཞིག་རེད།

    ང་ཚོའི་སྤྱི་ཚོགས་ནང་གང་ཟག་གཞན་ཞིག་ལ་མ་སྨད་པར་གང་ཟག་དེ་ལ་བསྟོད་གཏན་ནས་མི་ཤེས།
    དེའི་དབང་གིས་བློ་སེང་ལ་བསྟོད་པ་ལ་བཀྲས་མཐོང་། རྒྱ་སྒྲོལ། སྤེན་ཚེ་སོགས་ལ་སྨད་ལུགས་ལ་གཟིགས་དང་གསལ་པོར་མཁྱེན་ཐུབ།

    ངས་ནི་གོང་གི་ཁོང་ཚོ་གསུམ་གྱི་བྱས་རྗེས་ལ་རྗེས་སུ་ཡི་རངས་བསྟོད་བསྔགས་ཡོད། གུས་བཀུར་ཡོད། ཁོང་གསུམ་པོ་རེ་རེས་ལོ་མང་རིང་གནང་བའི་ཕྱག་ལས་ལ་གཅིག་ལྟ། རང་གིས་བོད་དོན་ལས་ཀ་བྱས་ཡོད་མེད་དང་བྱས་ན་མང་ཉུང་སོགས་ཅི་འདྲ་ཞིག་ལྟ་དུས་ཁོང་རྣམ་པར་གཡོ་སྒྱུ་འདུག་སོགས་ཅིག་ཅིག་མག་མག་ཟེར་ཐུབ་པ་མིན་འདུག

    ངས་ཁོང་གསུམ་ལ་གུས་བཀུར་རྩིས་འཇོག་དང་ལྡན་པའི་སྒོ་ནས་འོས་བློ་བཟང་སེང་གེ་ལ་འཕེན་གི་ཡིན།

    ཁྱེད་རྣམས་གང་གནང་ནའང་གནང་། རང་དབང་རེད།

  12. རང་བཙན་ལྡེའུ་ says:
    2010-09-23 at 4:21 pm

    གངས་ཐིགས་
    འོ་ན་ཁྱོད་ཀྱི་ཟེར་དང་ཡ་ བཀའ་ཁྲི་འོས་མི་གཞན་བསྟན་འཛིན་རྣམ་རྒྱལ་དང་ རྒྱ་རི་སྒྲོལ་མ་ སྤེན་པ་ཚེ་རིང་སོགས་ཁོ་ཚོ་སུས་ དགེ་ལུགས་ལ་ཐུག་དུས་ ང་དགེ་ལུགས་པ་མིན་རྙིང་མ་ཡིན་ རྙིང་མ་ལ་ཐུག་དུས་ང་རྙིང་མ་མིན་དགེ་ལུགས་ཡིན་སོགས་ཟེར་ཞི་འདུག་ ཁྱོད་ཀྱི་དྲང་བདེན་མིན་པའི་རྒྱུ་མཚན་དེ་ནས་གང་མངོན་ཐུབ་ལེ་འདུག་ཟེར་ན་ ཁྱོད་ནས་བློ་སེང་གི་གཏམ་བཤད་གཅིག་གཉིས་ཞིག་གོ་མྱོང་ལེ་ལས་གཞན་ བློ་སེང་སྐོར་ཆི་གང་ཤེས་ལེ་མི་ཞིག་རེད་མི་བདའ་ ཨ་རོགས་ བློ་སེང་ནས་ལོ་༡༥/༢༠ ལྷག་རིང་རྒྱ་གར་དང་ ཨ་རི་ ཡོ་རོབ་སོགས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་བོད་དོན་ཐབས་བརྩོད་ཀྱི་ལས་དོན་སྣ་ཚོགས་སྤེལ་བའི་གནས་ཚུལ་དག་སྙན་འཕྲིན་དང་སྙན་དཔར་ ཚགས་ཤོག་ དྲ་རྒྱ་ ཡུའུ་ཀྲུབ སོགས་འདྲ་མིན་ནང་ལོ་མང་ནས་ཐོན་པ་མ་ཚད་ད་ལྟའང་མཐོང་རྒྱུ་ཡོད་ལེ་རེད་། ཁོ་རེ་ཁྱོད་ལ་ཆི་གང་གོ་མྱོང་མཐོས་མྱོང་མེད་པ་ད་བར་བྲག་ཕུག་ནང་ལོ་གསུམ་ཟླ་གསུམ་རིང་གཉིད་ལ་ཤོར་ལེ་རེད་དམ་ བློ་སེང་ནས་བོད་མི་རིགས་དང་རྩ་དོན་ཆེད་དུ་ལོ་མང་པོའི་གོང་ནས་གང་བྱས་མིན་དྲ་རྒྱའི་ནང་བལྟོས་དང་ ཁྱོད་ནས་གོང་གི་མི་བདེན་པའི་མཆན་འགོད་པ་དེར་རང་ཉིད་ལ་དགོངས་དག་ཞུ་ཐུབ་ལེ་དང་ དགའ་དགོས་ལེ ་ཁྱོད་ཀྱི་མུན་པ་སེལ་པའི་བློ་སེང་སྐོར་བདེན་པའི་གནས་ཚུལ་མང་པོ་ཤེས་ཐུབ་ལེ་རེད་ ཁོ་རེ་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་རྩ་དོན་ཐོག་ཕན་ཐོག་དང་ནུས་ཤུགས་ཆེ་ཤོས་འདོན་ཐུབ་ལེ་གི་བཀའ་ཁྲི་ཞིག་དགོས་ཡོད་ན་མཁས་དབང་བློ་བཟང་སེངྒེ་ཡིན་ལེ་རེད་ ཁོང་གི་རྒྱལ་ཁ་ནི་བོད་དོན་ཐབས་བརྩོད་ཀྱི་རྒྱལ་ཁ་རེད་ལ་ གཞོན་སྐྱེས་དང་ ཤེས་ཡོན་ཅན་ མི་རབས་གསར་པ་དང་ མི་རབས་གོང་མའི་རེ་བའི་རྒྱལ་ཁའང་རེད་ དེ་མེད་ན་ སླར་ཡང་ལོ་མང་ཞིག་རིང་ ཉིན་མ་རིང་པོའོ་ངང་ནས་ བཟོད་བཟོད་ མཁས་མཁས་ ཞུམ་ཞུམ་ ཁུམ་ཁུམ་ སྦུག་སྦུག་ ཉམས་དོད་པོའི་ངང་ནས་ལོ་ཟླའི་དུས་འདའ་བར་བྱེད་ཁན་བཀའ་ཁྲི་ཞིག་མཁོད་ན་བློ་ཕམ་ཞིང་ བོད་དོན་བདེན་པའི་ཐབས་བརྩོད་ཀྱི་ནུས་པ་དང་སེམས་ཤུགས་ཉམས་ཉེན་རེད་།།

  13. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-09-24 at 1:46 am

    དྲ་གྲོགས་ཀུན་དགའ་བོས་དགོངས་ཚུལ་ཞིབ་མོ་རྣམ་འཐག་ཏུ་གསུངས་པ་དགའ་ཚོར་བྱུང་བར་མང་ཟད། གུས་པའི་རྩོམ་ཉོག་སྤྱན་འོག་ནས་མ་བོར་བ་ཁོ་ན་ལ་ཡང་བཀའ་དྲིན་ཆེ་ཞུ།
    འོན་ཀྱང་། ངའི་བསམ་པར་དྲ་གྲོགས་མཆོག་ནས་ཕྱོགས་ཁ་ཤས་ལ་ཕྱོགས་རེ་བའི་རྒྱུ་མཚན་གྱིས་མཚུངས་བསྡུར་བྱེད་ཀྱིན་ཡོད་པའི་ཚོར་སྣང་བྱུང་།
    ང་སྒེར་གྱི་ངོས་ནས་བློ་བཟང་སེང་གེ་སྒེར་ལ་དམིགས་བསལ་གྱི་འགྲེལ་བ་སྤུ་ཙམ་མེད་པར་མ་ཟད། འབྲེལ་བའི་དབང་དུ་བྱས་ན་རྒྱ་རི་སྒྲོལ་མ་མཆོག་དང་ཕྱོགས་མང་པོ་ནས་ཉེ་བོ་ཡོད་པར་མ་ཟད། མ་མཐའ་ཡང་ཕན་ཚུན་ཡག་པོ་ངོ་ཤེས་པའི་གྲོགས་པོ་ཡིན་ཟེར་ན་ཆོག འོན་ཀྱང་ངས་གང་ཟག་གི་འབྲེལ་བའི་ཕྱོགས་ལ་བསམ་བློ་གཏོང་རྒྱུའི་དུས་ཚོད་མ་རེད་བསམ་པ་ཡིན། སྤེན་པ་ཚེ་རིང་མཆོག་གཞོན་སྐྱེས་ཡར་ཐོན་ཅན་ཞིག་ཡིན་པ་དང། རྒྱ་རི་སྒྲོལ་མ་མཆོག་སེམས་ཤུགས་དང་འཇོན་ཐང་ཡོད་མཁན་ཞིག་ཡིན་པ། དེ་བཞིན་གཞོན་སྐྱེས་དང་རབས་བར་གྱི་འཐབ་རྩོད་ཁོ་ན་ཞིག་མིན་པ་བཅས་ལ་ངེས་ཤེས་ཅི་བས་གསལ་བ་ཡོད་ན་ཡང་ངས་ལྟ་ཚུལ་དེ་ཁྱོན་ཡོངས་ལ་བསམ་བློ་བཏང་བའི་ཕྱོགས་སྡོམ་གྱི་གྲུབ་དོན་ཡིན། ངས་གོང་དུ་རྒྱུ་མཚན་གསུམ་དམིགས་ཀྱིས་བཀལ་ན་ཡང་ད་དུང་དེའི་འོག་ཏུ་སྨོས་པའི་རྒྱས་བཤད་ཁག་སྟེ།༼རྡར་ངན་སྣུམ་བྱུག་བྱས་པའི་བཀའ་ཟུར་བགྲེས་པོ་ཞིག་གམ།ཡང་ན་སྤྱིར་བཏང་གི་འཇོན་ཐང་ཙམ་ཡོད་པའི་མི་སུ་འདྲ་ཞིག་ཡིན་ཀྱང་ཁོང་མི་དོ༽ ༼་་་་་་་བཀའ་སློབ་འདི་ལས་ང་ཚོས་ང་ཚོ་ལ་ཁོང་ལྟ་བུའི་མི་དེ་ཅི་ཙམ་གལ་ཆེན་པོ་ཡིན་པའི་དགོངས་གཞི་དེ་རྟོགས་ཐུབ།༽༼འདུ་ཤེས་གསར་བའི་ཁྲོད་ཀྱི་བསམ་བློར་ཡིད་ཆེས་དང་སྤོབས་པའི་གསང་བརྡ་གཞན་ཞིག་ཐོབ་རྒྱུ་ཡིན༽ སོགས་ལ་ཞིབ་ཏུ་བསམ་ནས་ཕྱོགས་བསྡུས་ཀྱི་བསམ་ཚུལ་ཞིག་རྙེད་རྒྱུ་དེ་སྙུག་ཐོགས་པའི་རེ་ཡིན། དེ་མིན་ཚིག་འབྲུ་མཐའ་འདེད་ཀྱིས་ཚིག་རྩོད་ཀྱི་དགག་པ་བྱ་རྒྱུ་དང་དེ་ལ་རེ་རེ་ནས་གསལ་བཤད་བྱ་རྒྱུར་དགོས་པ་ཆེན་པོ་མཐོང་གི་མེད། གང་རེད་ཅེ་ན་འདི་ལ་བསྟེན་ནས་ཡང་དག་པའི་གྲུབ་དོན་གཞན་ཞིག་ཐོབ་རྒྱུ་དཀའ་ཞིང་། གཙོ་བོ་དེ་རང་རང་གི་ཞེ་འདོད་ཀྱི་གོ་བ་ལེན་ཕྱོགས་ལ་རག་ལས་པར་སྙམ།

  14. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-09-24 at 1:49 am

    གོང་གི་འབྲེལ་བ་ལ་འགྲེལ་བ་ཞེས་བྲིས་པ་དང་། དེང་རབས་ལ་དང་རབས་སོགས་ཀྱི་ཡིག་ནོར་ཁག་སྐད་ཡིག་ལ་དོ་སྣང་ཡོད་མཁན་རྣམ་ལ་བཟོད་གསོལ་ཞུ།

  15. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-09-24 at 1:59 am

    ད་དུང་གཞན་ཞིག་ནི། ངས་བཀའ་ཁྲིར་བློ་བཟང་སེང་གེ་མ་འདེམས་ན་བཙན་བྱོལ་བོད་གཞུང་ལ་ངོ་ལོག་རྒྱུ་ཡིན་པ་འདྲ་ཞིག་ལབ་འདུག་གསུངས་པར་མ་ཟད། དེའི་རྗེས་འབྲེལ་དུ་གང་ཟག་གལ་ཆེན་དུ་འཛིན་གྱི་ཡོད་པ་འདྲ་བའི་དགོངས་ཚུལ་བྱུང་བར་གསུངས་ན་ཡང་གུས་པའི་བསམ་ཚུལ་ངོ་མ་དེའི་རྩ་བ་བློ་བཟང་སེང་གེ་ཁོང་གི་མཁྱེན་དཔྱོད་དང་འབྱོན་ནུས་ལ་དཔག་ནས་མ་མཐའ་ཡང་ད་ཡོད་འོས་གཞི་དག་གི་ནང་ནས་ཁོང་ཉིད་འཚམས་ཤོས་སུ་མཐོང་བ་དེ་ང་སྒེར་གྱི་ངེས་ཤེས་ཡིན་ཞིང་། ངེས་ཤེས་འདི་གཞི་ལ་བཞག་ན་འོས་ཤིང་འཚམས་པའི་བཀའ་བློན་ཁྲི་པའི་འོས་གཞི་དེར་རྒྱལ་ཁ་མ་ཐོབ་ན་དེ་ནི་ངེས་པར་ང་ཚོའི་གཞུང་དང་མི་མང་གི་བསམ་བློ་དང་བྱེད་ཕྱོགས་ལ་འགན་འཁྲི་ཡོད་པར་ཚོར་ཞིང་། དེ་དུས་ད་བཟོད་ངས་ང་ཚོས་དོན་ངོ་མར་ཕན་ཐོགས་ཡོད་པའི་སྤྱི་མི་ཚདལྡན་ཞིག་འཚོལ་གྱི་མེད་པའི་འཆར་སྣང་འབྱུང་ངེས་པ་དང་། དེའི་རྗེས་འབྲེལ་དུ་འབྱུང་བ་ནི་འདོད་ཀྱང་མ་འདོད་ཀྱང་མི་ལ་རས་པས། མི་མཁས་པ་བས་ཀྱང་བླུན་པོ་བྲིན། གསུངས་པ་ལྟར་ཐེ་ཚོམ་དང་ཡི་ཆད་ཀྱི་ཚོར་བ་ཞིག་ངེས་པར་དུ་ཡིན་འོས། སྐད་ཆ་མ་སོང་། དགོངས་དག

  16. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-09-24 at 2:02 am

    འཇམ་དཔལ་རྣོན་པོ་མཆོག་ལ་འཚམས་འདྲི་ཞུ། གུས་པ་ད་ལྟ་བདེ་མོ་ཡིན། ས་མ་ཡ། རྒྱ་རྒྱ་རྒྱ།

  17. རྡོ་རྗེ། says:
    2010-09-25 at 11:23 am

    ཚེ་རིང་བཀྲ་ཤིས་ལགས། བདག་གིས་ཁྱེད་ཀྱི་རྩོམ་མང་པོ་མཇལ་མྱོང་ཞིང་བརྗོད་བྱ་དང་། བརྗོད་བྱེད་གང་ལ་ཡང་ཡིད་སྨོན་འཆོར་གི་ཡོད། ད་རེས་ཀྱི་རྩོམ་འདི་ཡང་དེ་དག་བཞིན་བདག་གི་བསམ་ཚུལ་དང་མཐུན་པར་བརྟེན་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། མུ་མཐུད་དེ་རྩོམ་ཡིག་མང་ཙམ་མཇལ་ཐུབ་པའི་རེ་བ་ཡོད།

  18. ཁམས་གང་དཀར་བུ་ཆུང་ says:
    2010-09-25 at 10:38 pm

    བློ་སེང་ཁོང་གི་མཚན་ལ་རྟགས་ན་རྡ་ས་གཞུང་ནས་རྒྱབ་སྐྱོར་ཡོད་ངེས་རེད། གང་ལྟར་མ་འོང་ཁོང་བོད་སྤྱི་དབུ་འཛིན་གྱི་གོ་སྐབས་བྱུང་ན། དང་ཐོག་འོས་འགན་ཆེ་ཤོས་ནི་ཆོས་རྒྱུད་དང་ལུང་པའི་འཐེན་ཕྱོགས་མེད་པའི་སྒོ་ནས་བོད་རིགས་སྤུན་ཟླ་ཕན་ཚུན་ཡིད་ཆེས་ཡོད་པའི་མཐུན་འགྲེལ་ཀྱི་རྩ་བའི་རྨང་གཞི་ལེགས་པོ་ཞིག་འཛུགས་པར་ཞུ་། འདི་ནི་ཁོང་གི་འོས་འགན་གཙོ་བོ་རེད་བསམ།

  19. གངས་བུ། says:
    2010-09-27 at 6:55 am

    ༄། དངོས་ཡོད་ཀྱི་ལམ་ནས་ང་ཚོའི་བོད་རིགས་འདི་ཡི་ལས་དབང་འཚོལ་དགོས་ཀྱི་ཡོད། བྱུང་འགྱུར་བཀའ་ཁྲིར་འདི་ཡང་དངོས་ཡོད་ཀྱི་ལམ་ནས་བོད་མི་རིགས་འདི་ཡི་མ་འོངས་པའི་མི་རིགས་འདི་ཡི་ལས་དབང་འཚོལ་ཐུབ་མཁན་ཞིག་འདེམས་དགོས་ཀྱི་རེད་སྙམ། ད་ལྟའི་སྐབས་བབ་དུས་འདི་ལ་ངེས་པར་དུ་གཞོན་སྐྱེ་ཞིག་འདེམས་དགོས་ཀྱི་ཡོད། 7གོང་ས་མཆོག་གི་དགོངས་ལོ་དང་མི་རབས་རྒན་པ་དག་གི་ལོ་ནི་ཚད་སོགས་ཀྱི་གནས་སྟངས་མང་པོ་ཞིག་ལ་ལྟ་ཞིབ་གནང་དགོས་ཀྱི་ཡོད། ངའི་ད་ལྟའི་ཆ་བཀའ་ཁྲིར་ནང་ངས་བྱས་ཀྱི་ཡིན་གསུངས་མཁན་མང་པོ་ཞིག་ཐོན་ཡོང་པ་དེ་ནི་དགའ་འོས་པ་ཞིག་རེད་སྙམ། དེ་ཚོའི་ནང་ལོ་རྒྱུས་དང་ཤེས་ཡོན་སོགས་མང་པོ་ཞིག་ལྟས་པ་ཡིན་དེ་ནང་ད་ལྟའི་ཆ་ལ་བཀའ་ཁྲིར་འོས་ཤོས་དེ་མཁས་དབང་བློ་བཟང་སེང་གེ་མཐོང་གི་འདུག མི་མང་ཚོའི་བཀའ་ཁྲིར་འཚོལ་སྟངས་མ་ནོར་བ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད་དོ།བཀྲིས་བདེ་ལེགས།

  20. ྲྫརྫ་ཚེ་རིང་བཀྲ་ཤིས། says:
    2010-09-29 at 2:33 am

    ྲདྲ་གྲོགས་གངས་པུ་སོགས་ཀྱིས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།

  21. ཀུན་དགའ་བོ། says:
    2010-09-30 at 12:35 am

    རྫ་ཚེ་རིང་བཀྲ་ཤིས་ལགས་ལ་ངའི་ལན་མ་བརྗོད་གོང་ཉེ་ཆར་ལས་དོན་གཞན་གྱིས་རྐྱེན་པས་དྲྭ་བརྒྱའི་ཐོག་ཡོངས་རྒྱུ་མ་བྱུང།་༼ལན་དངོས༽ ཁྱེད་ཀྱི་ངའི་མཆན་དེའི་གོ་བ་སྦད་དེ་ལོག་པ་ལེན་འདུག ངས་ཆེད་ལས་པ་བློ་བཟང་སེང་གེ་ལ་མཐོང་ཆུང་མིན་ཡང་དངོས་ནས་བཀའ་ཁྲི་ཟེར་བ་ནི་གཞུང་ཞབས་ཀྱི་ཉམས་མྱོང་ཡོད་པ་ཞིག་དགོས་པ་ནི་མེད་ཐབས་མེད་པ་ཞིག་ཡིན། བློ་བཟང་སེང་གེ་ཁོང་བརྟག་པ་མཐར་བཟུང་གིས་དབང་དུ་བཀའ་ཁྲི་ཆག་པ་ཡིན་ནའང་དེ་དུས་ནོར་འཁྲུལ་ཤོར་ན་ཚར་ཚར་རེད། ད་དུང་ཁོང་གི་་ཕྱོགས་གཏོགས་ཚོས་ཁོང་བཀའ་ཁྲིར་སླེབས་ཚར་བའི་རྗེས་སུ་ཉམས་མྱོང་བསག་ན་འགྲིག་ཟེར་བ་ནི་བྱིས་པའི་གཏམ་འབའ་ཞིག་ཡིན་པས་སླར་ཡང་དགོངས་པ་རྒྱ་ཆེར་བཞེས་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme