Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོ་དགོང་གི་ཁང་རྒན་མཐུག་པོའི་ནང་། །ང་རང་གི་ཐུག་པ་ཞིམ་པོ་འདི།

Posted on 2008-12-212008-12-22 By ཡེ་ཤེས་ 20 Comments on དོ་དགོང་གི་ཁང་རྒན་མཐུག་པོའི་ནང་། །ང་རང་གི་ཐུག་པ་ཞིམ་པོ་འདི།











བརྒྱུད་ལྡན་མ་བྱན་མཁས་པའི་ཕྱག་བཞེས་དང་། །
རྒྱུ་ཆ་མ་ཚང་མེད་པའི་བཞེས་ཐུག་འདི། །
གྲོགས་པོ་སུ་ཡི་ཞལ་དུ་སོང་ན་ཡང་། །
གསང་སྤྱོད་ནང་དུ་ཕེབས་རྒྱུར་སེར་སྣ་ཡོང་། །

གསར་འགྱུར།

Post navigation

Previous Post: དེ་རིང་གི་ཁ་བ་སྨྱོ་འབབ་དང་ང་རང་གི་གཏུམ་མོ་སྨྱོ་སྒོམ།
Next Post: ལོ་ངོ་སུམ་ཅུའི་ཤེས་ཡོན་འཐུས་ཤོར་སླར་གསོ་བྱ་དགོས།

Comments (20) on “དོ་དགོང་གི་ཁང་རྒན་མཐུག་པོའི་ནང་། །ང་རང་གི་ཐུག་པ་ཞིམ་པོ་འདི།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-22 at 12:47 pm

    ཀླུ་སྨྱོན་ལགས། ཁྱེད་རང་ལ་བཀའ་འདྲི་ཞིག་ཞུ་ཡ་ཡོད། དེ་ནི་དྲ་ཚིགས་ནང་དུ་དཔར་ཇི་ལྟར་འཇུག་དགོས་མིན་སྐོར་ཞིག་གསུང་ན་འགྲིག་གམ། དེ་ནས་ངས་ཁྱེད་རང་ལ་ཞལ་ཟས་སྣ་ཚོགས་ཤིག་གཤམ་ཆོག

    ཞལ་ཟས་སྣ་ཚོགས་བཅུད་ལྡན་གང་ཟས་ཀྱང་།།
    མཐའ་མར་འགྲོ་ས་གཙང་སྤྱོད་ཡིན་ངེས་ན།།
    དེ་ཉིད་འགོག་པའི་ནུས་པ་སུ་ལ་ཡོད།།
    དེ་ལས་ཟས་ཞིམ་མཆོད་ནས་བཞུགས་རོགས་མཛོད།།

  2. འདྲེ་རིག་ལྡན། says:
    2008-12-22 at 12:52 pm

    རྒྱ་ནག་ཡུལ་ནས་མ་སྐྱེས་རྒྱ་སྒོག་དེ། །
    རྒྱ་སྒོ་མིན་པའི་ཁ་ནས་བཅུག་བདེ་ཡང་། །
    ཨ་རོ་ཕྱིས་སུ་གསང་སྤྱོད་ནང་སོང་ཚེ། །
    ཨ་ཚ་ཨ་ར་མང་བའི་རྒྱུར་འགྱུར་ངེས། །

  3. Karchen says:
    2008-12-22 at 1:44 pm

    ངེད་ལ་རེ་བ་ཆུང་ཆུང་ཞིག་ཡོད་ ཁ་བརྡ་འདི་རང་དབང་གི་དྲ་དེབ་ཞིག་རེད་ སུས་ཀྱང་སུ་ལ་བཀག་འགོད་བྱས་མི་ཆོག་ལ་བྱེད་ཀྱང་མི་ཐུབ་ འདི་རང་དབང་གི་གླེང་སྟེགས་ཆེན་པོ་ཞིག་ཡིན་ འོན་ཀྱང་ གླེང་སྟེགས་འདི་བདེ་སྤྱོད་གཏོང་སྟངས་ལོས་ཡོད་ དེས་ན་ མི་སྒེར་གྱི་འདྲ་པར་འདྲ་བོ་དང་ཁྱེད་ཀྱིས་ཅི་ཞིག་ཟ་གི་ཡོད་མེད་དང་ངས་ཅི་ཞིག་འཐུང་གི་ཡོད་མེད་ཡང་འདི་རུ་བསྟན་བསྡད་ན་ དེ་ལ་དམིགས་བསལ་དགེ་ཕན་ཞིག་ཨེ་ཡོད་ ངེད་ཀྱི་རེ་བར་འདྲ་པར་འདི་འདྲའི་རིགས་མ་བཀོད་རོགས་ དྲ་གྲོགས་གཞན་ཞིག་གིས་ཀྱང་ཁྱེད་ལ་འདྲ་པར་ཅི་ལྟར་འཇུག་དགོས་མིན་གྱི་སྐོར་ནས་བཀའ་འདྲི་གནང་གི་འདུག་ག དེས་ཀྱང་ཁྱེད་ཀྱི་རྗེས་འདེད་ན་འདོད་ཀྱི་ཡོད་རེད་ བར་མཚམས་ཤིག་ནས་དྲ་ངོས་འདི་མི་སྒེར་བའི་ཟ་འཐུང་གི་འདྲ་པར་འདྲ་འཇོག་ས་ཆགས་ན་ བསམ་བློ་ཞིག་གཏོང་རོགས་མཁྱེན་

  4. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-22 at 2:02 pm

    སྐད་ཆ་དེ་མ་རེད་ཟེར་ཡ་མི་འདུག ཡིན་ཡང་ས་ཁ་ཐག་དབང་གིས་དཔར་འདྲ་མིན་བཀོད་ཆོག་ན་ཡང་མི་སྒེར་གྱི་དཔར་སོགས་བཀོད་པ་ཡང་མ་མང་ན་བཀོད་ན་འགྲིག་གི གང་ཡིན་ཟེར་ན་མི་མང་བོ་ཞིག་གིས་ཕན་་ཚུན་ས་ཁ་ཐག་གིས་དབང་གིས་དཔར་བརྒྱུད་དེ་མི་ངོ་ཤེས་འདོད་ཀྱང་ལོས་ཡོད། ལྷག་པར་དུ་འདྲ་དཔར་སྣ་ཚོགས་ཀྱི་ལེའུ་ཚན་ཞིག་ཟུར་དུ་བཀོད་ན་དེ་ལས་ཡག་པོ་རེད། རྩོམ་ཡིག་བཀོད་སར་འདྲ་དཔར་བཀོད་ན་དངོས་ནས་བདེ་བོ་ཞིག་མ་རེད། འདྲ་དཔར་ཡང་རྒྱལ་ཁབ་འདྲ་མིན་དུ་འཁྱམ་ཡོད་པས་བོད་རིགས་གྲོགས་པོ་དག་གིས་རྒྱལ་ཁབ་དེའི་ནང་གི་སྐད་གྲགས་ཅན་གྱི་གནས་དང་ས་ཆུ་སོགས་བཀོད་ན་ཡག་པོ་རེད། དེ་ལ་འགྲེལ་བཤད་དང་བཅས་དེ། དེ་ལྟར་བྱེད་ཐུབ་པ་ཡིན་ན་མི་མང་བོ་ཞིག་གིས་བོད་ཡིག་གི་སྟེང་ནས་ས་ཆ་གཞན་གྱི་གནས་ཚུལ་དངོས་དེ་ཤེས་ཐུབ་ངེས་རེད།

  5. ཀླུ་སྨྱོན། says:
    2008-12-22 at 3:01 pm

    དྲ་གྲོགས་ཚོས་འདྲ་པར་བརྩམས་ཆོས་ལ་དམིགས་བསལ་མཐོང་ཆེན་དང་དེ་ལག་ལེན་བྱེད་རྒྱུའི་ཆེད་དུ་ཁ་མེད་མིག་མེད་དུ་སྤེལ་བ་ཙམ་ཞིག་ཡིན། བོད་ལ་འདྲ་པར་རྩོམ་པ་པོ་ཧ་ཅང་དཀོན་པས་གྲོགས་པོ་ཚོས་འདི་ཕྱོགས་སུ་ཐུགས་སྣང་གང་མང་གནང་བའི་རེ་བ་ཞུ་བ་ལགས།

  6. ཀླུ་སྨྱོན། says:
    2008-12-22 at 3:06 pm

    གསལ་བཤད་ཐུང་ཙམ། ཅི་ཞིག་ཟ་གིན་ཡོད་མེད་དེ་བོད་པ་ཚོར་གལ་ཆེན་པོ་ཞིག་མིན་ན་ནུབ་ཕྱོགས་པ་དང་རྒྱ་མི་ཚོར་མི་ཚེའི་ནང་གི་གལ་ཆེན་ཨང་དང་པོ་ཡིན་པ་ཞིག་རེད། འདི་དང་དེ་ཟོས་ན་ཁོག་པའི་ནང་གི་འདི་དང་དེ་ལ་ཕན་ཟེར་ནས་ཕལ་ཆེར་དེ་རིང་གི་ཤི་གསོན་དང་འབྲེལ་བ་ཡོད་པ་ཞིག་ཏུ་རྩི་གིན་ཡོད་ལ། དོན་ངོ་མར་ཡང་དེ་རིང་གི་ཟ་འཐུང་གི་རིགས་དང་དེ་རིང་གི་ཤི་གསོན་གཉིས་ལ་འབྲེལ་བ་ཆེན་པོ་ཞིག་ལོས་ཀྱང་ཡོད། འདི་གར་བརྙན་འཕྲིན་ནང་དུ་ཟ་མ་བཟོ་སྟངས་ཀྱི་འཛིན་གྲྭ་དང་སྦྱོང་བརྡར་ལེ་ཚན་རྫོགས་རྒྱུ་མེད་པ་ཞིག་སྟོན་བཞིན་ཡོད་ལ། དེ་བཞིན་ཟ་མ་བཟོ་སྟངས་ཀྱི་དཔེ་དེབ་རིགས་མི་འདྲ་བ་སྟོང་ཕྲག་བྱས་ནས་དཔེ་ཚོང་ཁང་དུ་བཤམས་ཡོད་པས། ངའི་འདྲ་པར་དེ་དག་གི་རིན་ཐང་ཡང་དེ་ཙམ་དམའ་བོ་ཞིག་མིན་པ་ཚང་མས་མཁྱེན་ན་ལེགས།

  7. ཀླུ་སྨྱོན། says:
    2008-12-22 at 3:08 pm

    “བོད་པར་གལ་ཆེན་ཞིག་བསྟན་ན་སྣང་ཆུང་བྱེད། ”
    དགེ་ཆོས་ཀྱི་ཚིག

  8. རྡོ་རྗེ་ says:
    2008-12-22 at 3:14 pm

    ཟས་ཞིམ་མདོག་ཁ་བོ་དེ་རེ་རེར་ངོ་སྤྲོད་རེ་ཡང་འབྲི་ཐུབ་ན་བཟང་གི་ཡ།

  9. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-22 at 3:17 pm

    ཀླུ་སྨྱོན་ལགས། ཁྱེད་ཚང་གི་ངས་བཀའ་འདྲི་ཞུས་པ་བརྗེད་སོང་ནི་མིན་པར་སྨོན།

  10. ཀླུ་སྨྱོན། says:
    2008-12-22 at 3:47 pm

    གསལ་བཤད་ཅིག་ལ། འཐེན་ཐུག་བསྐོལ་དུས་ཙོང་སྔོན་དང་སྒོག་པ། བསོད་ནམས་པད་ཚལ་དང་ཤིང་ཏོག་ཚལ་དམར་*སོགས་ཚོས་སླ་བའི་ཚལ་རིགས་རྣམས་འཐེན་ཐུག་བསྐོལ་ཚར་བའི་རྗེས་ཀྱི་སྐར་མ་ལྔའི་རྗེས་སུ་གཞི་ནས་ཐུག་པའི་ནང་འདེབས་དགོས་ལ། དེ་ནས་དཀྲུགས་དཀྲུགས་མ་བཏང་བར་སྐར་མ་གཅིག་གཉིས་ཀྱི་རིང་ལ་བཞག་རྗེས་ལོངས་སུ་སྤྱོད་དགོས། གང་ཡིན་ཟེར་ན་སྔོ་ཚལ་ཚོས་སླའི་རིགས་དང་མཉམ་དུ་ཐུག་པའི་ནང་བླུགས་ཏེ་བསྐོལ་ཚེ་དེ་ཚོའི་རང་སྟེང་གི་བྲོ་བ་ཁྱད་པར་བ་དེ་དག་ཤ་ཁུའི་ནང་དུ་ཐིམ་ནས་ཡལ་བ་ལྟ་བ་ཞིག་ཆགས་ཀྱི་རེད། ཡིན་ན་ཡང་སྒ་སྨུག་གམ་དབྱིན་སྐད་དུ་རྗིན་རྗར་ཟེར་བ་འདི་ཤ་དང་མཉམ་དུ་བཙོས་ན་མ་གཏོགས་ཅུང་ཟད་མཁྲེགས་པོ་ཞིག་རེད།
    *ཤིང་ཏོག་ཚལ་དམར་ནི་དབྱིན་སྐད་དུ་tomatoཟེར་བ་འདི་ལ་བཏགས་པའི་མིང་གསར་ཞིག་ཡིན་ལ་འབྱོར་
    མིན་མི་ཤེས། གདོང་ཐོག་ཚིག་མཛོད་དང་བཀྲ་ཤིས་ཚེ་རིང་གི་ཚིག་མཛོད་གཉིས་ཀའི་ནང་དུ་དབྱིན་སྐད་རང་འཇགས་བེད་སྤྱོད་བཏང་འདུག

  11. ཀླུ་སྨྱོན། says:
    2008-12-22 at 3:52 pm

    རྒྱ་མིའི་ལ་ཕུག་ངོ་མ་དེ་རེག་ཚེ་ཤ་དང་མཉམ་དུ་ཐུག་པའི་ནང་བླུགས་ནས་བཙོས་ན་ལེགས་ཤིང་བྲོ་བ་ཆེ་ཞིང་ཟས་རིགས་འཇུ་བའི་ནུས་པ་འབྱིན་པ་སོགས་ཀྱི་ཕན་ཡོན་ལྡན་ན་ཡང་། ཨ་རིའི་རྒྱ་གྲོང་དང་རྒྱ་མིའི་ཚོང་ཁང་ནས་མ་གཏོགས་དེ་རང་རེག་རྒྱུ་ཅུང་ཁག་པོ་ཞིག་འདུག ཨ་རིའི་ལ་ཕུག་དཀར་སེར་མངར་མོ་དེ་རིགས་རྩ་བ་ནས་ཐུག་པའི་ནང་བླུག་རྒྱུ་མི་འདུག འགའ་རེས་འཐེན་ཐུག་ནང་ཞོག་ཁོག་འདེབ་ཀྱིན་འདུག་སྟེ་དེ་ནི་དྲན་རྒྱུ་རྒོད་པའི་བྱེད་སྟངས་ཤིག་མ་གཏོགས་བྲོ་བ་དམིགས་བསལ་བ་ཅང་ཚོར་མ་སོང་།

  12. ཀླུ་སྨྱོན། says:
    2008-12-22 at 3:53 pm

    ལྷ་ཀླུའི་དྲི་ལན། ཁྱེད་རང་གིས་དྲ་ངོས་སུ་རང་དབང་གིས་རྩོམ་སྤེལ་ཐུབ་དུས་མ་གཏོགས་མཆན་དང་མཉམ་དུ་འདྲ་པར་འཇོག་སྟངས་ཤིག་མ་ཤེས།

  13. སྟག་སྨྱོན། says:
    2008-12-22 at 4:26 pm

    ལྷ་ཀླུ། པར་འཇོག་ས་མེད་ན་ hi5 ནང་འཇོག་ཆོག་རེད། དེ་མིན་མང་པོ་འདུག

  14. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-22 at 4:46 pm

    ཀླུ་སྨྱོན་ལགས་ཐུགས་རྗེ་ཆེ་གསལ་བཤད་གནང་བ་དེ་ལ། ཡིན་ཡང་། ངས་ཁྱེད་རང་གི་མ་ཤེས་པས་བོད་ཀྱི་མིང་ཚིགས་ཤིག་བཤད་ཆོག དབྱིན་སྐད་དུ་tamatoཟེར་བ་འདི་ལ་བོད་པ་ཚང་ལ་སྔོན་ཆད་ནས་ཡོད་པའི་མིང་ཞིག་ཡིན། དེ་ནི་སྨན་གཞུང་དུ་ཡོད་དེའི་མིང་ལ་བོད་སྐད་དུ་བླ་མ་སྨན་ཐང་ཟེར་གྱི་ཡོད་པ་རེད། དེ་ལ་ནུས་པ་ཡོད་པ་ནི་ཁྲག་གསོ་ཐུབ་པ་ཞིག་ཡིན། དེ་ལྟར་ཡིད་དུ་འཛིན་རོགས་ཞུ། དེའི་མིང་ལ་ཚལ་ཤིང་དམར་པོ་མིན།

  15. Karchen says:
    2008-12-22 at 5:31 pm

    ཨ་ལགས་ ཁ་ལག་ཁྱོད་བཟོ་མཁས་པོ་འདུག ངས་ཀྱང་བཟོ་ཤེས་ཀྱི་ཡོད་ ང་ཚོས་དྲ་དཔོན་ལགས་ལ་རེ་བ་ཞིག་བརྒྱབ་ཏེ་འདྲ་པར་གྱི་ལེ་ཚན་ཞིག་ཟུར་དུ་བཀོད་ན་ཡག
    ནུབ་ཕྱོགས་པ་དང་རྒྱ་ནག་ཚོས་ཟ་འཐུང་གི་རིགས་ཅི་ཙམ་གལ་ཆེན་འཛིན་གྱི་ཡོད་པ་བདེན་པ་རེད་ ཟ་ལག་བཟོ་རིགས་ཀྱི་སྐོར་ནས་ཁྱེད་ལ་དཀའ་ངལ་ཡོད་ན་ ངས་ཉིན་འགའི་རྗེས་སུ་ཟས་རིགས་བཟོ་སྟངས་ཐད་ནས་དེབ་ཞིག་དྲ་ཐོག་ལ་བཞག་ཆོག ནུབ་ཕྱོགས་པའི་བྱེད་སྟངས་ལ་ཧང་སངས་དགོས་རྒྱུ་ཞེ་དྲག་མེད་ཡ་ མ་རེད་དམ་ དེ་ལས་རྩམ་པ་ཟོ་དང་ཨ་ལགས་ཁྱེད་ཀྱི་སྐུ་གཟུགས་ལའང་ཕན་པ་ཡོད་ ཟ་རྒྱུ་འཐུང་རྒྱུའི་སྐོར་ནས་བཤད་ན་རྫོགས་རྒྱུ་མེད་

  16. kunchok says:
    2008-12-22 at 5:58 pm

    སྐར་ཆེན་་་་་་་་ཞིབ་གཟིགས་གནོངས། ཁ་ལ་བཟོ་མཁས་པ་ཡིན་ན་ཅིག་རེད་ཟེར། ཨ་ལགས་ཀྱི་འཐེན་ཐུག་བོང་བུའི་རྣ་ཅོག་གི་བཟོ་འདྲ་བོ་ཡོད་པ་མཐོང་མ་སོང་ངམ། ངས་བལྟས་ན་ཨ་ལགས་འདི་བ་རོང་བ་ཞིག་མིན་ཁོ་ཐག་རེད།

  17. ཀླུ་སྨྱོན། says:
    2008-12-22 at 8:32 pm

    རྩམ་པས་ངའི་མཆིན་པ་ནད་པ་བཟོས་ནས་བོད་ནང་ཡོད་དུས་ལོ་མང་རིང་ཤ་དང་སྔོ་ཚལ། ཡང་ན་བག་ལེབ་སོགས་ཟོས་ནས་ལོ་མང་སོང་།

  18. ཀླུ་སྨྱོན། says:
    2008-12-22 at 9:11 pm

    ཁ་སྔོན་མི་ཞིག་གིས་སེམས་བཟང་གིས་རྩམ་པ་ཁུག་མ་གང་སྤྲད་བྱུང་ལ་ངས་ཀྱང་མི་དེའི་སེམས་བཟང་ལ་བརྩི་བཀུར་གྱིས་རང་གི་འཕྲོད་བསྟེན་བློས་བཏང་སྟེ་རྩམ་རྒན་ཞིག་ཟོས་པ་ཡིན། ཨ་ལ་ལ་ལ། དེའི་དགོང་མོ་ཞག་གང་ལ་ཁོག་པ་སྦོས་ནས་རྟུག་དྲི་ཚར་སུམ་སྟོང་དྲུག་ཅུ་རེ་བཞི་དང་ཕྱེད་ཀ་ཙམ་གཏོང་དགོས་བྱུང་སྟེ་མཚམས་ཤིག་ཡར་ལངས་ནས་སྒོ་དང་སྒེའུ་ཁུང་ཡང་ཕྱེ་དགོས་བྱུང་སོང་། ད་ངོ་མ་མིའི་བསོད་ནམས་ཟད་པའི་དུས་ལ་བསླེབས་པ་འདྲ། མར་གསར་བ་གསར་རྐྱང་དང་སྦྱར་བའི་སྦྲང་དཀར་རྩམ་པ་ཡང་མ་འཕྲོད་ནས་ལོ་ངོ་ཉི་ཤུ་ཙམ་ཞིག་འགྲོ་གིན་འདུག

  19. མིག་གསུམ་པ་ says:
    2008-12-29 at 10:30 am

    ཀླུ་སྨྱོན་ལགས། ཁྱོད་ཀྱིས་ཕྱི་རྒྱལ་ཟ་མ་ཡག་པོ་ཟ་གི་ཡོད་ས་རེད། གོ་སྐབས་དེ་ཆུད་ཟོས་སུ་མ་གཏོང་རོགས། རྗེས་སུ་གོ་སྐབས་དེ་འདྲ་ཁག་པོ་རེད་ཡ།

  20. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-29 at 10:49 am

    མིག་གསུམ་པ་ལགས། ཁྱེད་རང་དྲ་ཚིགས་འདིར་གསར་དུ་སླེབས་པ་ཞིག་རེད་འདུག དགའ་བསུ་ཞུ། མུ་མཐུད་དུ་སྐུ་ཚེ་རིང་བོར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme