Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སོར་ལྔའི་བདེ་བ།

Posted on 2010-09-212010-09-21 By ཁ་བརྡ་ 20 Comments on སོར་ལྔའི་བདེ་བ།

དོལ་སྨྱོན་གྱིས་རྡོར་གླིང་ནས་ཕུལ།

རྒྱུ་དང་ནོར་གྱིས་བླུ་བར་མི་དགོས་ཤིང་།།
གཏམ་དང་གྲགས་པའི་མཐུན་རྐྱེན་མི་མཁོ་ལ།།
ཟད་དང་བརླག་པའི་འཇིགས་པ་མི་འཚལ་བའི།།
རང་བྱུང་སོར་མོ་ལྔ་ལ་ཕྱག་འཚལ་ལོ།།

སྡེ་སྣོད་གསུམ་གྱི་བཅས་པས་མི་གནོད་ཅིང་།།
ཡུལ་དང་ལུང་པའི་ཁྲིམས་དང་མི་འགལ་བ།།
ལྷན་སྐྱེས་ལུས་དང་འགྲོགས་པའི་ཁྱད་ཆོས་ཅན།།
སོར་ལྔས་བསྲུབས་པའི་རྩལ་འདི་རྨད་པར་འོས།།

སྨན་ཆུང་བུ་མོར་འགྲོ་གྲོན་མི་དགོས་ཤིང་།།
སྟག་ཤར་རྣམས་ལ་འཛེམ་ཟོན་མི་དགོས་པ།།
ཡུལ་དུས་མཐུན་རྐྱེན་སྣ་དགུའང་མི་མཁོ་བར།།
ལན་གཅིག་བསྲུབས་པས་ལྷན་སྐྱེས་བདེ་བས་ཁྱབ།།

བླ་མ་ཆེན་པོས་བཞུགས་འཁྲིའི་སྟེང་ན་བསྲུབས།།
དགེ་བཤེས་ཆེན་པོས་བཀའ་པོད་དབར་ན་བསྲུབས།།
སྤྲུལ་སྐུ་ཆེན་པོས་ཌཱ་དྲིལ་དཀྱིལ་ན་བསྲུབས།།
ཀུན་གྱི་དགོངས་པའི་གཏད་སོ་ཁྱོད་རང་རེད།།

བཙུན་མོ་ལྔ་བརྒྱའི་དབུས་ན་རྒྱལ་པོས་བསྲུབས།།
སྒོར་མོ་འབུམ་ཕྲག་དཀྱིལ་ན་ཚོང་པས་བསྲུབས།།
ཐང་ཕྱེ་རིལ་བུའི་ཁྲོད་ན་སྨན་པས་བསྲུབས།།
ཡོད་ཚད་ཁྱོད་ལ་དུང་བ་ཇེ་ཉེ་རེད།།

འདོད་ལྡན་རྒན་པོས་མལ་སའི་ནང་དུ་བསྲུབས།།
སྟག་ཤར་གཞོན་པས་འཁྲུས་ཁང་ནང་དུ་བསྲུབས།།
སྤྲང་པོ་འཁྱམས་པོས་གཞུང་ལམ་ཟུར་ན་བསྲུབས།།
ཀུན་གྱིས་ལག་ཏུ་བླང་བྱ་ཁྱོད་རང་རེད།།

མདའ་གྲི་མདུང་གི་དབར་ན་དམག་མིས་བསྲུབས།།
འབྲི་གཡག་ལུག་གི་གསེབ་ན་རྫི་བོས་བསྲུབས།།
སྟོན་རྟོག་སྣ་དགུའི་ཁྲོད་ན་ཞིང་པས་བསྲུབས།།
འགྲོ་བ་མི་ཡི་ཁྱད་ཆོས་ཁྱོད་རང་རེད།།

ཟས་དང་ནོར་གྱི་གཏོང་བ་མི་དགོས་ཤིང་།།
ཁྲིམས་དང་ཆད་པའི་འཇིགས་པ་མ་མཆིས་པར།།
མཆོག་དམན་ཀུན་ལ་དབང་བའི་དངོས་པོ་སྟེ།།
སོར་ལྔས་བསྲུབས་པའི་བདེ་བ་ཁྱོད་རང་རེད།།

བཀའ་བསྟན་གསུང་རབ་གང་དུ་མ་མཆིས་ཤིང་།།
ཨོ་རྒྱན་པདྨས་ལུང་དུའང་མ་བསྟན་པའི།།
སིམ་པའི་བདེ་བ་མྱོང་བའི་ཐབས་ཤེས་དེ།།
རྣམ་དཔྱོད་སོར་ལྔའི་འཕྲུལ་གྱིས་ཇི་ལྟར་བསྐྲུན།།

འདོད་པའི་བདེ་བར་ངོམས་པའི་མཐའ་མེད་ཅིང་།།
སོར་མོ་ལྔ་ལ་ཟད་པའི་དུས་མེད་པས།།
ཐབས་མཆོག་འདི་ཉིད་སྤངས་ནས་འཕྱོན་མ་ཡི།།
རྗེས་སུ་འབྲང་འདི་ལྐུགས་རྟགས་མ་ཡིན་ནམ།།

བུད་མེད་མཚན་མ་སྡུག་གི་སྣ་འདྲེན་ཏེ།།
ཆུ་ཚོད་གཅིག་གི་བདེ་བ་ལ་ཆགས་ནས།།
ཚེ་གང་འཕུང་ལ་སྦྱོར་བའི་བྱ་བ་འདི།།
བློ་ལྡན་ཡོད་ན་ཕྲལ་དུ་སྤོངས་བར་མཛོད

སྙན་ངག

Post navigation

Previous Post: གཡུང་དྲུང་བོན་གྱི་སྤྱི་འཐུས་འོས་མིག
Next Post: རྒྱ་ནག་གི་ཕྱི་སྐྱོད་ལག་འཁྱེར་བཟུང་ནས་བོད་དུ་ལོག་འདོད་ཡོད་དམ།

Comments (20) on “སོར་ལྔའི་བདེ་བ།”

  1. གནམ་ལྕགས། says:
    2010-09-22 at 12:36 am

    བོད་མཁས་པས་ཀྱང་།
    གཞོན་ནུའི་བརླ་ཡི་འཁྲི་ཤིང་མ་བསྲུབས་ཅིང་།།
    མེ་ཏོག་ལམ་དུ་བགྲོད་པར་མ་བྱས་པའི།།
    སོར་མོ་ཅིག་ཅིག་མུག་མུག་ཟེར་བ་ཞིག་ཡོད། འདི་ནི་འདུལ་བ་ལྟར་ན་ཧ་ཅང་གི་ཉེས་པ་ཆེན་པོ་ཞིག་ཡིན་པར་སྣང་ལ། བཙུན་མོ་ལྔ་བརྒྱ་ཅན་གྱི་རྒྱལ་བོས་དེ་ལྟར་བྱས་ན་ལྷག་ཏུ་ཉེས་པ་ཆེ་བར་མཐོང་། རྒྱུ་མཚན་ནི་རང་གི་འདོད་པ་ཁེངས་ན་གཞན་དག་ལ་བདེ་བ་མེད་པས་སོ།།

  2. gonpo says:
    2010-09-22 at 3:43 am

    གང་ལྟར་ཡང་སྲོག་གཅོད་པ་ལ་རང་སྲོག་འཅོད་བ་ལ་སྡིག་ཆེ་བ་བཤད་མ་དགོས་བ་བཞིན།

    རང་གི་རང་ལ་ཁུ་བ་འབྱིན་པ་འདི་ཕྱི་འཕྲོད་རྟེན་ནང་སྡོམ་གསུམ་གསང་བ་ཐབ་ཤེས་ཀྱི་འགྲོས་དང་འགལ་
    བས་བཀྲ་མི་ཤིས་བ་སོགས་འབྱུང་བས་རྡོ་རྗེ་ལུས་ཀྱི་སྦས་བཤད་སོགས་ལ་གཟིགས་པར་ཞུ། ཐབས་ཤེས་ལས་དངས་མ་འཕེལ། དང་མ་རྩ་བ་ནས་སྟོང་།

  3. གཡུ་ཐོག་བུ། says:
    2010-09-22 at 4:17 am

    ཐབས་མཆོག་འདི་ཉིད་བཙུན་མོ་ལྔ་བརྒྱའི་རྒྱལ་པོ་དང་ཐང་ཕྱེ་རིལ་བུའི་སྨན་པ་སོགས་ལ་ཅི་ཤེས་ བུད་མེད་མ་ཐོབ་པའི་སྟག་ཤར་དང་ ཆོས་གོས་གྱོན་པའི་དགེ་གློང་དག་ལ་ཕན་པར་ངེས།

  4. lhamo says:
    2010-09-23 at 12:31 am

    ངོས་ལེན་རྩ་བ་ནས་མེད། ལྷན་སྐྱེས་བདེ་བ་དགོས་ན་ངས་རྩར་ཤོགས།།

  5. རིན་ཆེན says:
    2010-09-23 at 4:08 am

    མཇེ་རྒན་ཤི་བའི་ས་ལ་མ་བཞག་ན།།
    དྲུག་བཅུའི་མཇེ་ཡང་ཉི་ཤུའི་འདྲ་འོ་སྐད།།
    རང་སེམས་མེ་རོ་འདྲ་འདིའི་ངར་མ་སློང་།།
    བསླང་ན་སོར་ལྔས་ཐུབ་པ་དཀའ་མོ་རེད།།

    ཟུང་འཇུག་བདེ་བས་འབར་བའི་ཌ་ཀི་དང་།།
    ཀུན་ཁྱབ་ཀུན་གྱི་བྱེད་པོ་བྷ་ག་ལས།།
    འདོད་བའི་བདེ་ཟུག་འབར་བའི་མཐར་ཐུག་དེར།།
    ཡུལ་གཞན་ཡིད་ལ་འཆར་རྒྱུ་དཀའ་མོ་རེད།།

    རང་འགར་མཇེ་རྒན་ལང་པ་ཙམ་ཞིག་ལ།།
    འདོད་པ་ཡིན་པར་རློམ་པ་ལོག་རྟོག་སྟེ།།
    ཁུ་བ་འབྱིན་པར་འདོད་པ་ཙམ་ཞིག་ལྟ།།
    དུད་འགྲོ་དག་ལའང་ཡོད་པ་མ་ཡིན་ནམ།།

    འདོད་པར་ལན་བརྒྱར་སྤྱད་ཀྱང་འདོད་པ་ཡི།།
    རོ་ལ་གཞར་ཡང་མ་མྱོང་བ་འདི་མང་།།
    མི་ཕམ་དགེ་ཆོས་གཉིས་པོའི་འདོད་བསྟན་ལ།།
    འཁད་ཀྱིས་གོ་བ་སྐྱེ་ན་ཤེས་པར་འགྱུར།།

    ཀྱི་ཧུད་རྨོངས་པ་དག་གི་ལོངས་སྤྱོད་འདི།།
    མཁས་པའི་བལྟས་ན་འཕྱ་བར་འོས་པ་ཉིད།།
    འོན་ཀྱང་བྲིས་ན་ཟད་པའི་མཐའ་མེད་ཕྱིར།།
    ཅུད་ཟད་བཤད་པས་བློ་ཁ་རྫོགས་པར་བྱས།།

    དགེའོ།། དགེའོ།། དགེའོ།།

  6. གཡུ་ཐོག་བུ། says:
    2010-09-23 at 4:58 am

    བཞུགས་འཁྲི་སྟེང་གི་བླ་མ་ཆེན་པོ་དང་།།
    ཌཱ་དྲིལ་དཀྱིལ་གྱི་སྤྲུལ་སྐུ་ཆེན་པོ་དང་།།
    བཀའ་པོད་དབར་གྱི་དགེ་ཤེས་ཆེན་པོ་སོགས།།
    དགོངས་པའི་གཏད་སོ་བུད་མེད་མཚན་མ་ལས།།
    སོར་ལྔ་མིན་པ་ཁྱོད་ཀྱིས་ཤེས་པར་མཛོད།།

    བཙུན་མོ་ལྔ་བརྒྱའི་དབུས་ཀྱི་རྒྱལ་པོ་དང་།།
    སྒོར་མོ་འབུམ་ཕྲག་དཀྱིལ་གྱི་ཚོང་པ་དང་།།
    ཐང་ཕྱེ་རིལ་བུ་ཁྲོད་ཀྱི་སྨན་པ་སོགས།།
    སེམས་ཀྱི་གཏད་སོ་བུད་མེད་མཚན་མ་ལས།།
    སོར་ལྔ་མིན་པ་ཁྱོད་ཀྱི་ཤེས་པར་མཛོད།།

    མལ་ས་ནང་གི་འདོད་ལྡན་རྒད་པོ་དང་།།
    འཁྲུས་ཁང་ནང་གི་སྟག་ཤར་གཞོན་པ་དང་།།
    གཞུང་ལམ་ཟུར་གྱི་སྤྲང་པོ་འཁྱམས་པོ་སོགས།།
    སེམས་ཀྱི་གཏད་སོ་བུད་མེད་མཚན་མ་ལས།།
    སོར་ལྔ་མིན་པ་ཁྱོད་ཀྱིས་ཤེས་པར་མཛོད།།

  7. མེ་ཏོག་དཀར་པོ། says:
    2010-09-24 at 1:49 am

    རྒྱུ་དང་ནོར་གྱིས་བླུ་བར་མི་དགོས་ཤིང་། །
    གཏམ་དང་གྲགས་པའི་མཐུན་རྐྱེན་མི་མཁོ་ཡང་། །
    ཟད་དང་བརླག་པའི་འཇིགས་པ་མི་ཟད་པའིི། །
    སོར་ལྔསབསྲུབ་པའི་ལས་འདི་སྨད་པར་འོས། །

    སྡེ་སྣོད་གསུམ་གྱི་བཅས་པས་གནོད་འགྱུར་ཞིང་། །
    ཡུལ་ལུང་གྲོང་པས་ཤེས་ན་ངོ་ཚའི་རྒྱུ། །
    ལྷན་སྐྱེས་ལུས་དང་འགྲོགས་པ་བདེན་ཡང་། །
    སོར་ལྔས་བསྲུབས་པའི་ལས་འདི་ཤིན་ཏུ་དམན། །

    སྨན་ཆུང་བུ་མོར་འགྲོ་གྲོན་མི་དགོས་ཤིང་། །
    སྟག་ཤར་རྣམས་ལ་འཛེམ་ཟོན་མི་དགོས་པ། །
    ཡུལ་དུས་མཐུན་རྐྱེན་སྣ་དགུའང་མི་མཁོ་བར། །
    བསྲུབས་པར་སླ་བས་ཚུལ་འདིར་བག་ཟོན་དགོས། །།

    བླ་ཆེན་བཞུགས་འཁྲིའི་སྟེང་ན་བསྲུབསཔ་ཟློག །
    དགེ་བཤེས་བཀའ་པོད་དབར་ན་བསྲུབས་པ་ཟློག །
    སྤྲུལ་སྐུས་ཌཱ་དྲིལ་དཀྱིལ་ན་བསྲུབས་པ་ཟློག །
    ཀུན་གྱི་གཏད་སོ་ཟེར་བ་འུ་རེ་ཐུག །

    ལྔ་བརྒྱའི་དབུས་ན་རྒྱལ་པོས་བསྲུབས་པ་ཟློག །
    སྒོར་མོ་དཀྱིལ་ན་ཚོང་པས་བསྲུབས་པ་ཟློག །
    རིལ་བུའི་ཁྲོད་ན་སྨན་པས་བསྲུབས་པ་ཟློག །
    ཡོད་ཚད་ཁྱོད་ལ་དུང་བ་བལྟས་ངན་རེད། །

    རྒན་པོས་མལ་སའི་ནང་དུ་བསྲུབས་པ་ཟློག །
    གཞོན་པས་ཁྲུས་ཁང་ནང་དུ་བསྲུབས་པ་ཟློག །
    འཁྱམས་པོས་གཞུང་ལམ་ཟུར་ན་བསྲུབས་པ་ཟློག །
    ཀུན་གྱིས་ལག་ཏུ་བླང་བྱར་བུ་ཁྱོད་འཁྲུལ། །

    མདའ་མདུང་དབར་ན་དམག་མིས་བསྲུབས་པ་ཟློག །
    འབྲི་གཡག་གསེབ་ན་རྫི་བོས་བསྲུབས་པ་ཟློག །
    སྟོན་ཐོག་ཁྲོད་ན་ཞིང་པས་བསྲུབས་པ་ཟློག །
    འགྲོ་བ་མི་ཡིས་ཚུལ་འདི་སྤོང་བར་འོས། །

    ཟས་དང་ནོར་གྱི་གཏོང་བ་མི་དགོས་ཤིང་། །
    ཁྲིམས་དང་ཆད་པའི་འཇིགས་པ་མ་མཆིས་ཀྱང་། །
    མཆོག་དམན་ཀུན་གྱིས་ལག་ཏུ་བླང་བདེ་ཕྱིར། །
    ལུས་ཟུང་ཟད་ལ་འདི་ལས་འཐུ་བ་མེད། །

    བཀའ་བསྟན་གསུང་རབ་ནང་དུ་ནན་ཏན་བཀག །
    ཨོ་རྒྱན་པདྨས་ལུང་དུ་མ་བསྟན་དགོས་མེད། །
    སིམ་པའི་བདེ་བ་མྱོང་བའི་ལས་ངན་འདི། །
    ངོ་མཚར་བདེ་བར་འཛིན་པ་ཡ་ར་ང་། །

    འདོད་པའི་བདེ་བར་ངོམས་པའི་མཐའ་མེད་ཅིང་།།
    སོར་མོ་ལྔ་ལ་ཟད་པའི་དུས་མེད་པས།།
    ཐབས་ངན་འདི་ཉིད་སྤངས་ནས་བུད་མེད་ལ། །
    སྤྱྤྱོད་པར་བྱེད་ན་ལུགས་མཐུན་མི་ཡི་སྲོལ། །

    སྐར་མ་གཅིག་གི་བདེ་བ་ལ་ཆགས་ནས། །
    བསྲུབ་པའི་ལས་འཇུག་པ་མང་ཆེ་ན། །
    རྡོ་རྗེའི་ལུས་ཀྱི་རྟེན་འབྲེལ་གནད་འཆུག་ཅིང་། །
    མི་གཟོད་ནད་ཀྱིས་གོས་ངེས་དོགས་ཟོན་མཛོད། །དོལ་སྨྱོན་གྱི་གསུང་ལ་ཁ་བསྒྱུར་ནས་ཁོང་རང་ལའོ། །

  8. མེ་ཏོག་དཀར་པོ། says:
    2010-09-24 at 1:52 am

    ཡིག་ནོར་ཅུང་སོང་འདུག་པས་དགོངས་དག

  9. རྡོ་རྗེ། says:
    2010-09-25 at 11:40 am

    སྡེ་སྣོད་གསུམ་དང་འགལ་མེད་ཟེར་བ་ནི།།
    ཁྱོད་ཀྱིས་སྡེ་སྣོད་གསུམ་པོ་མ་མཐོང་འདྲ།།
    འདུལ་བའི་གཞུང་ལས་ལྷག་མའི་བཅས་པར་གསུངས།།
    སྔགས་ལས་ཐིགས་ལེའི་རྫོགས་རིམ་སྐོར་ལས་གསལ།།

  10. དོལ་སྨྱོན། says:
    2010-09-26 at 1:19 am

    སྤྱི་སྒེར་བྱ་བ་གང་རུང་ཞིག་གིས།།
    ཁ་བརྡར་མ་སླེབས་ཉིན་ཤས་ཕྱིན་སོང་།།
    དེ་རིང་ཁ་བརྡར་ལན་གཅིག་འགྲིམས་དུས།།
    གནས་ཚུལ་གསར་བ་མང་ཙམ་མཐོང་བྱུང་།།

    ལྷག་པར་སོར་ལྔའི་བདེ་བའི་སྐོར་ལ།།
    གསལ་བཤད་རབ་དང་རིམ་པས་བྱས་འདུག།
    ལུང་དང་རིགས་པའི་བདེན་དཔང་བཀོད་འདུག།
    སོ་སོའི་ཉམས་མྱོང་ཤར་མར་བྲིས་འདུག།

    ཕྲན་གྱིས་བྲིས་པའི་སྐད་ཆ་དེ་དག།
    སྐབས་ཐོག་སྨྱུག་ཁ་བསྒྱུར་ཐེངས་གཅིག་ལས།།
    སེམས་ཀྱི་ཕུག་འདུན་ངོ་མ་མིན་པར།།
    དགོངས་པའི་དབྱིངས་སུ་མངའ་བར་ཞུའོ།།

    འདོད་ཡོན་སྣ་ལྔ་ཡོངས་སུ་རྫོགས་ཤིང་།།
    སྒྱུ་རྩལ་ཉམས་ཀྱིས་ལེགས་པར་ཕྱུག་པའི།།
    སྨན་ཆུང་བུ་མོ་ལོགས་སུ་བཞག་ནས།།
    སོར་ལྔར་སེམས་ལྡན་སུ་ཞིག་སྐྱབས་འཚོལ།།

    འོན་ཀྱང་བློ་བུར་རྐྱེན་དང་འཕྲད་ཅིང་།།
    གནས་སྐབས་ཕྲལ་གྱི་དཀའ་ངལ་སེལ་བར།།
    མཛུབ་མོ་ལྔ་ཡི་ཐབས་ཤེས་འདི་ཉིད།།
    མཆོག་ཏུ་གྱུར་པ་ཉམས་མྱོང་ལོས་ཡིན།།

    དམན་ལྷག་ལོག་པའི་བྱ་བར་གྱུར་ན།།
    ཡོད་ཚད་གནོད་པའི་གཞི་རྩ་ལོས་ཡིན།།
    ཚད་དང་མཐུན་པའི་བྱ་བར་ཞུགས་ན།།།།
    ཀུན་ཀྱང་འཕྲོད་བསྟེན་གཞི་རྩ་ལོས་ཡིན།།

  11. དོལ་སྨྱོན། says:
    2010-09-26 at 1:51 am

    ལྷ་མོ་ལགས་ ང་ནི་མཇེ་མགོ་མ་ནོན་པའི་སྨྱོན་པ་ཞིག་ཡིན་པས་ ཁྱེད་ཀྱི་ཞལ་བྱང་ཞིག་གསུངས་དང་ལམ་སང་ཡོང་ངེས་ཡིན་

  12. བསྟན་པ། says:
    2010-09-26 at 7:51 am

    ཕ་ཡུལ་ནས།
    འདི་ལ་དགེ་ལྡན་ཕོ་རྒྱོ་ཟེར་ནས་དགེ་ལུགས་པར་རྨ་འབྱིད་བྱེད་ཀྱི་ཚིག་གཅིག་རེད།
    དགེ་ལྡན་ཕོ་རྒྱོ་མ་རྒྱབ་ན།། དགའ་ལྡན་བསྟན་པ་དར་བ་མིན།།
    ཞེས་པའི་ཚིག་འདི་དག་བཀའ་རྙིང་ཚོའི་ཁ་ལ་བཏགས་བཞག་པའི་བཟོ་འདྲ་ཡོད།
    དོན་དངོས་ཐོག་བཀའ་རྙིས་ཚོས་ཆུང་མར་སྤྱོད་ཆོག་པར་འཛིན་ནས་
    ནས་གྲྭ་རྐྱང་ཚོས་དཀའ་སྡུག་དེ་མ་མཐོང་བ་རེད།

  13. སྒྲོན་མ་མཚོ། says:
    2010-09-27 at 1:32 am

    དོལ་པོ་སྨྱོན་པ་དགྱེས་པའི་རང་ལུགས་དེ། །
    དོལ་པོའི་ཡུལ་དུ་གྲགས་སྲོལ་ཆེ་ན་ཡང། །
    འདོད་པའི་བདེ་བས་དམ་དུ་བཏཊ་པ་ཡི། །
    གྲྭ་རྒོད་རྣམས་ཀྱི་ལུགས་ཤིག་ཡིན་ལས་ཆེ། །

    འབྱེད་འཛུམ་དམ་པའི་བརླ་རུ་མ་བགྲོད་ཅིང་། །
    ཁ་ཆུ་མོད་པའི་ཁུངས་སུ་མ་འཛུལ་བར། །
    འདོད་པའི་བདེ་བ་སྐྱེད་པའི་ཡན་ལག་དེ། །
    རང་ལྟ་ཡིན་པས་མཆོག་ཏུ་བཟུང་བ་གཅེས། །

    འདོད་པའི་གདུང་བས་ཟ་ཕྲུག་སློང་བའི་དུས། །
    སོར་ལྔས་བཀྲད་ཙམ་བྱས་པས་བདེ་སྟེར་ཡང་། །
    འདོད་པའི་མཚན་མ་ཟུང་དུ་མ་འབྲེལ་བར། །
    བདེ་བས་མྱོས་པའི་ཚུལ་འདིར་ཅི་ལ་དགྱེས། །

    འོན་ཀྱང་མོ་ཡིས་མོ་ལ་འཛགས་པ་དང་། །
    ཕོ་ཡིས་ཕོ་ལ་འཛགས་པའི་ལུགས་སྲོལ་དེ། །
    མགོ་ནག་བོད་པའི་ཁྲོད་འདིར་ཁྱབ་པ་འདི། །
    དོལ་སྨྱོན་རང་ལུགས་གཏོར་བའི་མན་ངག་ཡིན། །

  14. མེ་ཏོག་དཀར་པོ། says:
    2010-09-27 at 2:36 am

    འོ་འོ། སྒྲོལ་མ་མཚོ་མཐོང་བ་དང་སོར་མོའི་ཁྱད་ཆོས་གཞན་ཞིག་དྲན་སོང་།

    དོལ་པོ་སྨྱོན་པ་ཁོས་ཕོ་མོ་དབྱེ་འབྱེུད་ཀྱིས་སོར་མོ་ལྔ་ལ་ཕོ་མཚན་བསྲུབ་པ་ལས་མོ་མཚན་བསྲུབ་སྟངས་ཟུར་ཙམ་ཡང་མ་བཤད་པས་ཉེས་པ་ཧ་ཅང་ཆེ།

    ལོ་ན་སྨིན་པས་དེ་མ་ཐག་པ་རུ། །
    འཁྲིག་འདོད་ཆེ་ཡང་སྣ་ཚོགས་ཐེ་ཚོམ་གྱིས། །
    ཕོ་དང་འབྲེལ་བའི་གོ་སྐབས་ཆེས་ཕྲ་ཕྱིར། །
    མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད། །

    གལ་ཏེ་ཕོ་དང་འབྲེལ་བར་གྱུར་ན་ཡང་། །
    ཕོ་མཚན་ཆེ་ན་སྡུག་བསྔལ་བཟོད་རླག་མེད། །
    ཆུུང་ན་འདོད་པ་ངོམས་པར་མི་འགྱུར་བས། །
    མཛུབ་མོས་དཀའ་སྡུག་དེ་ལས་ཐར་བྱེད། །

    ཕོ་གསར་རྣམས་ཀྱི་བུ་མོ་བསླུས་བསླུས་ནས། །
    བུ་མོའི་སེམས་ཀྱིི་གཏད་ས་ཤིན་ཏུ་དཀོན། །
    དེ་ནས་འདོད་བདེ་ལྟེར་མཁན་རྙེད་དཀའ་བས། །
    མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད། །

    གང་ཏེ་རང་སེམས་བབས་པའི་ཕོ་ཞིག་དང་། །
    ཉལ་པོ་བྱེད་པའི་གོ་སྐབས་ཐོབ་ན་ཡང་། །
    རྒྱོ་ཐེངས་གཅིག་གིས་དབུགས་ཐག་ཆད་པ་མང་།
    མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད། །

    ཕོ་དང་འབྲེལ་བ་མང་བས་རྐུབ་རྒྶས་ཤིང་། །
    ནུ་ཟུང་ལྷུག་པས་ན་ཚོད་མྱུར་དུ་ཡལ། །
    ཕ་མེད་བུ་ཆུང་སྐྱེས་པའི་ཉེན་ཁ་ཆེ། །
    མཛུབ་མོས་དཀའ་སྡུག་དེ་ལས་ཐར་བར་བྱེད། །

    ཟ་འཕྲུག་ལངས་སར་ཐེ་བོང་རེག་པ་དང་། །
    འདོན་འཇུག་བྱ་སར་མཛུབ་མོ་གུང་མོ་སོགས། །
    ཆེ་ཆུང་རང་འདོད་ལྟར་དུ་བྱེད་པས་ཆོག །
    སོར་ལྡའི་ཁྱད་ཆོས་བརྗོད་པས་ག་ལ་ལང་། །

    བུ་མོ་དགའ་རེས་ཚུལ་འདིས་ཚིམས་དྲག་པས། །
    ཁྱོད་ལ་རེ་དགོས་མེད་པའི་འདེངས་ཚོད་ཀྱིས། །
    སྐྱེས་པ་མཐོང་དུས་ཁོང་དགོད་ཤོར་བ་སོགས། །
    ཤིན་ཏུ་སྤོབས་པ་ཆེ་བའང་ཡོད་ཅེས་ཐོས། །

    རིན་གོང་ཆེན་པོས་ཉོ་སྒྲུབ་མི་དགོས་ཤིང་། །
    དཀའ་ངལ་ཆེན་པོས་སྲུང་སྐྱོབ་མི་དགོས་ལ། །
    ངོ་ཚ་ཆེན་པོས་སྦས་སྐུངས་མི་དགོས་པར། །
    འདོད་ཆགས་ཆེན་པོ་སེལ་ལ་མཛུབ་མོ་མཆོག

    ཚུལ་འདིར་ནོར་བ་མཆིས་ན་སྒྲོལ་མ་མཚོར། །
    མཐོལ་ཞིང་བཤགས་ལ་མྱོང་བ་དམར་ལྗེན་རིགས། །
    ཆགས་ཆེན་རྣམས་ཀྱི་མིག་གི་དགའ་སྟོན་དུ། །
    ཁ་བརྡའི་ནང་ན་གསུངས་པར་བསྐུལ་མ་འདེབས། །

  15. དོལ་སྨྱོན། says:
    2010-09-27 at 5:13 am

    འདོད་པའི་ཁམས་ན་འདོད་པའི་བདེ་བའི་མཆོག།
    འདོད་ཆགས་ལས་ལ་འདོད་ཚུལ་མང་མཆིས་ཀྱང་།།
    འདོད་ལྡན་རྣམས་ལ་འདོད་པ་ཆེ་ཤོས་ནི།།
    འདོད་ལྡན་སེམས་ཀྱི་འདོད་པ་འདི་ཉིད་རེད།།

    དེ་ཡི་ནང་ནས་བད་སྤྱོད་ཆེ་ཤོས་དང་།།
    རིན་ཐང་ཆུང་ཤོས་ཐབས་ལམ་བདེ་ཤོས་ནི།།
    ལྷན་སྐྱེས་མཛུབ་མོ་ལྔ་པོ་འདི་ཉིད་ལས།།
    ཐབས་ཤེས་གཞན་ཞིག་སྲིད་གསུམ་འདི་ན་དཀོན།།

    གྲྭ་རྒོད་རྣམས་ཀྱིས་སྤྱད་བྱར་སྨྲ་ན་ཡང་།།
    དོན་དུ་ཕོ་མོ་ཀུན་གྱི་ལག་ལེན་ཡིན།།
    ལྷག་པར་ཨ་ནེ་རྣམས་ཀྱི་ནོར་བུ་དང་།།
    ཚེ་གཅིག་སེམས་ཀྱི་གཏད་སོ་དེ་རང་ཡིན།།

    མཚན་རྩལ་བྱུར་བུར་གཏམས་པའི་དོ་ར་འདིར།།
    ཆགས་པའི་ན་ཟུག་འབར་བའི་འཁོར་ཡུག་འདིར།།
    འདོད་ལྡན་རྣམས་ཀྱི་འདོད་པ་སྐོང་བ་ལ།།
    འཕྲལ་དུ་བསྔགས་པ་སོར་མོ་ལྔ་པོ་ཉིད།།

  16. མེ་ཏོག་དཀར་པོ། says:
    2010-09-28 at 1:51 am

    ཚུལ་འདི་ཨ་ནེ་རྣམས་ཀྱི་གཅེས་ནོར་ཏེ། །
    གྲྭ་པ་རྣམས་ཀྱི་རྒྱུན་གྱི་ཡི་དམ་ཀྱང་། །
    གཞན་གྱིས་རྟོགས་ན་ངོ་ཚའི་མཆོག་ཡིན་ཕྱིར། །
    ཤིན་ཏུ་གསང་བར་འོས་པའི་མན་ངག་ཅིག །

  17. རྡོ་རྗེ་ངང་དཀར། says:
    2010-09-28 at 2:47 am

    ཁྱོད་ཚོས་ཨ་ནེ་དང་གྲྭ་པ་ཆོས་ཅན་དུ་བཞག་ནས་སྐད་ཆ་དེ་འདྲ་བཤད་པ་འདི་ལེགས་པོ་ཞིག་མ་རེད།
    བོད་མི་རེ་ཟུང་གིས་རྐུ་མ་བརྒྱབ་པ་ལ་བརྟེན་ནས་བོད་པ་ཆོས་ཅན་དུ་བཞག་ན་ང་ཚོས་ངོས་ལེན་ཐུབ་པ་འདུག་གམ་བསམ་བློ་ལེགས་པར་གཏོང་དགོས་གལ་ཆེ།
    དོལ་སྨྱོན་དང་མེ་དཀར་སོགས་ལ།་་་་་་་་་་་་་་་་་་་་་་་་་་་་་

  18. མེ་ཏོག་དཀར་པོ། says:
    2010-09-28 at 7:09 am

    གྲྭ་པ་དང་ཨ་ནེ་ཞེས་བརྗོད་པ་ལས་གྲྭ་པ་ཚང་མ་དང་ཨ་ནེ་ཚང་མ་ཞེས་བརྗོད་མེད་པས་རྡོ་རྗེ་ངང་དཀར་གྱིས་སྐྱོན་གྱིས་བརྗོད་པའི་སྐྱོན་གྱིས་མི་གོས་པར་སེམས་སོ།།།

  19. རྡོ་རྗེ་ངང་དཀར། says:
    2010-09-28 at 7:22 am

    བོད་པ་རྣམས་ཀྱི་རྒྱ་མི་ལ་དགའ་པོ་བྱེད་ཀྱི་རེད།
    བོད་པ་རྣམས་ཀྱི་དོལ་རྒྱལ་བསྟེན་གྱི་རེད་ཟེར་ན་

    ཁྱེད་ཀྱི་རྣ་ལམ་དུ་ལས་སླ་པོའི་ཐོག་ནས་འགྲོ་གི་འདུག་པས།

    ཁྱེད་ཀྱིས་ཨ་ནེ་རྣམས་ཟེར་བ་དང་གྲྭ་པ་རྣམས་ཟེར་གྱི་འདུག་བ།

  20. མེ་ཏོག་དཀར་པོ། says:
    2010-09-28 at 8:48 am

    གྲྭ་པ་དང་ཨ་ནེ་ཞེས་བརྗོད་པ་ལས་གྲྭ་པ་ཚང་མ་དང་ཨ་ནེ་ཚང་མ་ཞེས་བརྗོད་མེད་པས་རྡོ་རྗེ་ངང་དཀར་གྱིས་བརྗོད་པའི་སྐྱོན་གྱིས་མི་གོས་པར་སེམས་སོ།།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme