Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་ཁ་བ་སྨྱོ་འབབ་དང་ང་རང་གི་གཏུམ་མོ་སྨྱོ་སྒོམ།

Posted on 2008-12-212008-12-24 By ཡེ་ཤེས་ 35 Comments on དེ་རིང་གི་ཁ་བ་སྨྱོ་འབབ་དང་ང་རང་གི་གཏུམ་མོ་སྨྱོ་སྒོམ།



གསར་འགྱུར།

Post navigation

Previous Post: ཡིད་བཞིན་ནོར་བུའི་འཁྲུངས་ཡུལ།
Next Post: དོ་དགོང་གི་ཁང་རྒན་མཐུག་པོའི་ནང་། །ང་རང་གི་ཐུག་པ་ཞིམ་པོ་འདི།

Comments (35) on “དེ་རིང་གི་ཁ་བ་སྨྱོ་འབབ་དང་ང་རང་གི་གཏུམ་མོ་སྨྱོ་སྒོམ།”

  1. མགོན་པོ་ཕྱག་གཉིས་པ། says:
    2008-12-21 at 8:24 pm

    ཁ་བའི་ནང་ཡུན་ཅི་ཙམ་ལ་སྡོད་ཐུབ། པར་ལ་བལྟས་ན་ཁ་བ་འབབ་མཚམས་ཆད་པའི་རྗེས་སུ་གཏུམ་མོ་སྒོམ་གྱི་ཡོད་པ་འདྲ། གཏུམ་མོ་སྒོམ་མཁན་ཁ་ཤས་ཤིག་ཡུའུ་ཁྲུའུ་པུ་ནང་མཐོང་མྱོང་། དེ་ཚང་མ་ཕྱི་རྒྱལ་བ་རེད། གཅིག་གི་ཐོག་ལ་འཁྱག་པ་བླུགས་ནས་གཏུམ་མོ་སྒོམ་གྱི་འདུག ཁ་ཤས་ཤིག་གིས་མཉམ་གཅིག་ཏུ་རི་སྒང་ཞིག་ཏུ་སྒོམ་གྱི་འདུག གྲོད་ཁོག་ནང་ལ་སྐུམ་ནས་སྐབས་སྐབས་སུ་ཁྱི་སྤྱང་བཞིན་ཧོ་འགུག་བྱས་ཏེ་སྐད་བརྒྱབ་དེ་འདྲ་བྱེད་ཀྱི་འདུག
    མི་ཟེར་བ་འདིའི་ལུས་དང་ཡིད་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་རེད། འདི་མི་བྱེད་ཟེར་བ་གཅིག་ཀྱང་མི་འདུག་ལ་འདི་མི་ཤེས་ཟེར་བ་ཡང་གཅིག་ཀྱང་མི་འདུག ཁ་ཐལ་གིས་ཅིག་ཆོད།

  2. ཀླུ་སྨྱོན། says:
    2008-12-21 at 8:32 pm

    ཞིབ་ཏུ་ལྟོས་དང་ཁ་བ་དྲག་ཏུ་འབབ་བཞིན་ཡོད། ལབ་བརྒྱབ་ནི་མིན་ཡང་སྐར་མ་གཅིག་གི་རིང་ལ་དམར་ཧྲེང་མར་ཁ་བའི་ནང་དུ་འདུག་ཐུབ།

  3. ཀླུ་སྨྱོན། says:
    2008-12-21 at 8:48 pm

    གཏུམ་མོ་སྒོམ་དུས་ལྟེ་བའི་ཐད་དུ་ཨ་ཡིག་དམར་པོ་མེ་དྲག་ཏུ་འབར་བ་ཞིག་སྒོམ་དགོས་པ་རེད། ལྟོ་བ་ནང་དུ་བསྐུམ་པ་དེ་ལ་སྒལ་ཚིགས་ཉི་ཟླ་ཁ་སྦྱོར་ཟེར་ནི་རེད། གཏུམ་མོ་འདི་དེ་ཙམ་དཀའ་ལས་ཁག་པོ་ཞིག་མ་རེད། བླ་མ་ཚད་ལྡན་དང་གདམས་པ་ཚད་ལྡན། སློབ་མ་ཚད་ལྡན་དང་ཉམས་ལེན་ཚད་ལྡན་མཉམ་དུ་འཛོམས་ན་ཞག་བདུན་རེས་ཕལ་ཆེར་རྟགས་ཐོན་གི་ཡོད། དེ་ནས་ཆུ་རས་སྐེམ་པ་ཟེར་བ་དེ་རིང་འདྲ་བོའི་གནམ་གཤིས་ཀྱི་ནང་དུ་རས་རྐྱང་ཆུ་ནང་དུ་སྦངས་པ་ལུས་ལ་གྱོན་ནས་གཏུམ་མོ་སྒོམ་དུས་དུས་ཚོད་གཅིག་གི་ནང་དུ་ཆུ་རས་བདུན་རེ་སྐེམ་ཐུབ་པ་ཡང་གང་མང་ཡོད། ཡིན་ན་ཡང་ངས་ཆུ་རས་གཅིག་ཀྱང་སྐེམ་མི་ཐུབ་ལ། སྐར་མ་གསུམ་གྱི་རྗེས་ནས་ང་འཆི་བའི་མགོ་འཛུག་གི་འདུག

  4. kunchok says:
    2008-12-21 at 8:49 pm

    ཞིབ་ཏུ་བལྟས་བ་ཡིན། ཁ་བ་འབབ་ཀིན་མི་འདུག མ་ཟད་ཁ་བ་གཙང་མ་བཟོས་ནས་ལྟག་གར་སྤུངས་འདུག་ག ཁྱེད་ཀ་ཁ་བའི་ནང་དུ་སྐར་མ་གཅིག་ལ་མ་གཏོགས་སྡོད་མི་ཐུབ་ན་ཅང་ལ་མ་རེད། ང་ཁ་བའི་ནང་དུ་དམར་ཧྲེང་མར་སྐར་མ་གཅིག་དང་ཕྱེད་ཀར་སྡོད་ཐུབ་ཀིན་ཡོད།

  5. ཀླུ་སྨྱོན། says:
    2008-12-21 at 8:52 pm

    ངའི་དུག་ལོག་གི་ཐད་ཀར་ལྟོས་དང་ཁ་བ་འབབ་བཞིན་པ་གསལ་བོར་མཐོང་ཐུབ། ཁ་བའི་ཐད་ནས་ཁ་བ་འབབ་པ་མཐོང་ག་ལ་ཐུབ།

  6. ཀླུ་སྨྱོན། says:
    2008-12-21 at 9:00 pm

    འདྲ་པར་གྱི་སྟེང་དུ་རྡེག་གནོན་བྱོས་དང་དེ་ལས་ཆེ་རུ་སོང་ནས་ཁ་བ་རྡོག་པོ་རེ་རེ་བཞིན་བགྲང་ཐུབ་པར་འདུག ད་སོ་མ་གྲོགས་པོ་ཞིག་གི་ཁ་པར་ཡོང་ནས་ཨ་རི་བ་ཞིག་གིས་གཏུམ་མོའི་ཁྲིད་གནང་རོགས་ཟེར་ནས་གསོལ་བ་འདེབ་ཀི་འདུག་ཟེར། མི་དེ་ཚོར་སྔོན་འགྲོ་འབུམ་གསོག་མེད་པར་གཏུམ་མོ་དགོས་ཀྱི་ཡོད་པ་རེད།

  7. ལྕགས་རྒྱ་འགྲམ་ནག says:
    2008-12-21 at 9:16 pm

    ཀླུ་སྨྱོན་འདི་ཅི་འདྲའི་མྱི་སྐྱིད་ཅིག་རེད། གཏུམ་མོ་ཟེར་ན་མི་ཤེས། ཁ་བའི་ནང་འདིའི་མཉམ་དུ་འཇུ་རེས་ཤིག་བྱེད་རྒྱུ་ན་བསམ། དེ་མིན་ཟེར་ན་ཆུ་ནང་ནས་མནན་རེས་འདྲ་བྱེད་རྒྱུ་ན་བསམ། ཁ་བ་བབས་པ་དང་འདི་བྱིས་པ་ཞིག་དང་འདྲ་བར་སེམས་ཡང་ཁ་བ་བཞིན་དུ་དཀར་བོར་གྱུར་སོང་། ཁྱོའི་སེམས་ཇེ་སྐྱིད་ལ་སོང་ཡོད་པ་མཐོང་ན་ངའི་སྣང་བའང་ཇེ་སྐྱིད་རེད། ཐབས་རྡུགས་ཤིག་ལ་རྒྱ་གར་གྱི་ལྷོ་རྒྱ་བཞིན་དུ་ངས་ཁ་བ་མ་མཐོང་ནས་ལོ་ཤས་འགོར་སོང་། མཚོ་ཁའི་པར་དེ་དག་མཐོང་འདོད་ཆེ།

  8. ཀླུ་སྨྱོན། says:
    2008-12-21 at 9:30 pm

    ང་ད་ད་རང་གྲོ་ཕྱེ་ཞིག་ཉོ་གི་ཕྱི་ལོགས་སུ་ཐེངས་ཤིག་སོང་བ་ཡིན་ལ། ཁ་བ་དྲག་འབབ་འདི་དང་མཉམ་དུ་རླུང་གྲང་མོ་ཞིག་གིས་ཏོག་ཙམ་མིན་ན་མྱི་ལྡང་གི་”དེ་”ཕྱིད་སོང་། མཚན་ལྡན་མུ་དྲ་ཞིག་དང་མ་ཐུག་གོང་ལ་”དེ་”འཕྲོ་བརླག་ལ་ཅིག་སོང་དུས་ངའི་མི་ཚེ་ཚར་སོང་བ་རེད། ཨོ་མཚོ་ཁའི་པར་དེ་སང་ཉིན་སྔ་བོར་འཇོག་གི་ཡིན། ད་ང་འཐེན་ཐུག་ཞིམ་པོ་ཞིག་བསྐོལ་དུ་ཐབ་ཚང་ལ་འགྲོ་དགོས་སོང་། སྤྲུལ་སྐུ་ཡེ་ཤེས་ཀྱི་འཐེན་ཐུག་ཟེར་ནས་ས་འདི་ན་མྱིང་ཅུང་ཟད་ཡོད་པ་རེད། གསར་རྒོད་ཚོ་ས་འདིར་ཡོང་སྐལ་རེ་ལྡན་ན་ཁ་པར་ཐོངས་དང་ངས་འཐེན་ཐུག་སྐྱ་མོ་གཞུང་རིང་མ་དེ་ཅིག་སྐོལ་ཡ།

  9. མགོན་པོ་ཕྱག་གཉིས་པ། says:
    2008-12-21 at 11:32 pm

    སྐར་མ་གཅིག་ཡིན་རྒྱུ་མ་རེད། དུས་ཚོད་གཅིག་མིན་འགྲོ། སྐར་མ་གཅིག་ལ་ང་ཡང་འདུག་ཐུབ། སེམས་ཀྱི་ནུས་པ་ལ་བརྟེན་ནས་གཟུགས་པོར་ཤུགས་རྐྱེན་ནམ་ནུས་པ་ཐོན་པ་དེ་ར་སྤྲོད་བྱེད་ཐུབ་པ་ཞིག་རེད། སེམས་ནང་ལ་གནོང་དང་ངོ་ཚ་སྒོམ་ན་ཡང་དཔྲལ་བ་ནས་དངུལ་ནག་ཐོལ་ལོ་ལོ་ཡོང་གི་ཡོད་པ་མ་རེད་དམ། དེ་ལ་བླ་མ་ཚད་ལྡན་གདམས་ངག་ཚད་ལྡན་དེ་འདྲ་མང་པོ་དགོས་ཀྱི་ཨེ་ཡོད།
    སེམས་གནད་དུའམ་རྣལ་མར་གནས་ཐུབ་ན་དེས་འགྲིགས་ཀྱི་ཡོད་པ་མ་རེད་དམ།

  10. yeshe says:
    2008-12-21 at 11:52 pm

    རྔུལ་ནག་ཙམ་ཞིག་ནི་སྐྱག་པ་མ་ཐོངས་དུས་ཤུགས་ཆེན་པོས་བཙུར་ན་ཡང་ཡོང་གི་འདུག ཡིན་ན་ཡང་སྐབས་སུ་བབས་པའི་རྔུལ་ནག་ཡོང་སྟངས་འདི་ནི་གཞན་ཞིག་རེད།

  11. མགོན་པོ་ཕྱག་གཉིས་པ། says:
    2008-12-21 at 11:57 pm

    སྐྱག་པ་མ་ཐོངས་པའི་སྐབས་ཀྱི་རྔུལ་ནག་དེ་ན་ཟུག་གམ་ཡང་ན་ཤུགས་རྒྱག་རྒྱུ་མང་དྲགས་པ་རེད། དེ་སེམས་ནུས་མ་རེད། མགོ་དཔོན་འགའ་རེ་གཏམ་བཤད་སྐབས་འཚབ་ཤ་སྐྱེ་སྐབས་རྔུལ་ནག་ཐོན་པ་དེ་སེམས་ཀྱི་འཛིན་སྟངས་ཤིག་རེད།

  12. མགོན་པོ་ཕྱག་གཉིས་པ། says:
    2008-12-22 at 12:02 am

    ཁ་བ་འབབ་ཐེངས་གཅིག་གིས།།
    ཀུན་སེམས་གཅིག་ཏུ་བསྒྲིལ།།
    རྣལ་འབྱོར་རྟོག་མེད་སྤྱོད་པས།།
    ཀུན་སེམས་གཅིག་ཏུ་དྲངས།།

  13. yeshe says:
    2008-12-22 at 12:48 am

    ང་ད་ད་ཕྱི་ལོགས་སུ་འཆམ་འཆམ་ལ་ཐེངས་གཅིག་སོང་བ་ཡིན་ཏེ། བལྟས་བལྟས་རིག་རིག་ལ་ལམ་ཟུར་གྱི་རླངས་འཁོར་དེ་ཚོ་ཁ་བའི་ཁྲོད་དུ་ནུབ་ནས་ཇེ་ཆུང་ནས་ཇེ་ཆུང་རེད། ཨ་རོགས་ཚོ། ད་ནི་ཁ་བ་འདི་མཚམས་མ་བཞག་པར་ཉིན་མཚན་གསུམ་ལ་བབས་སོང་། ད་འདི་ལྟར་ཉིན་མཚན་བདུན་ལ་ཅིག་འབབ་རྒྱུ་ཞིག་ཡིན་ཚེ་ས་ཆ་འདི་ཁ་བའི་ནང་དུ་དིམ་རྒྱུ་མ་རེད་ན་ས་ཁ་ས་ཐོག ད་ནི་ཁ་བ་མཐོང་ན་སེམས་ནང་སྙན་ངག་འཆར་རྒྱུ་ཕར་ཞོག་སྐྲག་ནི་ཞིག་རེད། མདོ་མཛངས་བླུན་དང་རྟོགས་བརྗོད་ལས་བརྒྱ་བ་གང་རུང་ཞིག་ཡིན་བསམས། སྔོན་ཆད་རྒྱ་གར་གྱི་ས་ཆ་ཞིག་ཏུ་ཉིན་མདུན་གྱི་རིང་ལ་འབྲུ་རིགས་ཀྱི་ཆར་བབས་ཏེ་མི་རྣམས་སྤྲོ་དགས་སྨྱོ་རུ་བཅུག དེ་ནས་བྱེ་མའི་ཆར་ཉིན་མཚན་བདུན་ལ་བབས་ནས་རྒྱལ་ཁམས་ཤིག་ས་འོག་ཏུ་ནུབ་པའི་གཏམ་རྒྱུད་ཅིག་ཡོད་པ་ཡང་སྐབས་རེར་སེམས་ནང་འཁོར་གིན་འདུག

  14. yeshe says:
    2008-12-22 at 12:50 am

    མཆན་གསུམ་པའི་ཨ་ཡིག་དམར་པོ་དེ་ནོར་འདུག རྃ་ཡིག་དམར་པོ་ཞིག་ཡིན། གང་ཡིན་ཞེ་ན་རྃ་ཡིག་དེ་མེ་ཡི་ས་བོན་ཡིན།

  15. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-22 at 2:42 am

    བླ་མ་ཡེ་ཤེས་སམ་སྤྲུལ་སྐུ་ཀླུ་སྨྱོན་ཕྱི་ལོག་མང་བོ་མ་ཕེབས། ཁངས་ཕྱིད་ལ་འབུད་སོང་མ་མ་ཡག་ནི་རེད། ད་དུང་ཁྱེད་ཚང་གི་གདུལ་བྱ་མང་བོ་སྐྱོང་དགོས་ཀྱི་ཡོད་པ་རེད། ཁངས་ཆེན་རེ་འབབ་བཞིན་པས་སྐབས་སུ་ནང་ནས་ཁ་འདོན་རེ་གནང་ནས་སེམས་ཅན་སྤྱི་དང་ནང་དགོས་བོད་པ་ཚང་ལ་སྐྱབས་འཇུག་རེ་གནང་ན་ག་འདྲ་འདུག རྨི་ལམ་ཡག་པོ་རེ་དང་བསམ་བློ་ཡག་པོ་རེ་འཁོར་ན་དྲ་ཐོག་དུ་ཡོང་ནས་ངེད་ཅག་གསུང་རོགས་ཞུ།

  16. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-22 at 2:45 am

    ཨོ་རེད། གཏུམ་མོ་སྒོམ་ཟེར་ན་བཤད་མི་ཤེས་ཀྱང་འབྲོག་རྒན་དེ་དག་ཡང་ཁངས་ཆེན་ནང་དུ་སྐར་མ་གཅིག་གང་ཡང་མ་རེད་ཆུ་ཚོད་ཁ་ཤས་ལ་བསྡོད་ཐུབ་ཀྱི་ཡོད་པ་རེད། ཡིན་ཡང་ཁོང་ཚོས་གཟུང་སྔགས་དང་ཁ་འདོན་དེ་འདྲ་བྱེད་ཀྱི་མེད་རབས་ཡོད།

  17. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-22 at 2:56 am

    རྐང་ལམ་དམར་པོ་འཐིག་པོ་ཞིག་གོན་འདུག དེ་བརློན་རོགས་བར་དུ་སྐར་མ་གཅིག་ཡིན་རྒྱུ་རེད། ཧ་་་་ཧ་་་་ཧཧ་་་་་་་ཧཧཧཧཧཧཧཧཧ

  18. སྐྱ་ཀ་ཁ། says:
    2008-12-22 at 3:30 am

    ཨ་ཁུ་ཀླུ་སྨྱོན་ལགས།
    ཨ་རིའི་ས་ཆུ་གཙང་བ་དང་མཁའ་དབུགས་དྭངས་པ་དེས་ཡིན་ནམ། ཟ་རྒྱུ་འཐུང་རྒྱུ་བཟང་བས་ཡིན་ནམ། གང་ལྟར་ཡང་ཁྱེད་རང་ཅུང་ཙམ་རྒས་མེད་ཐོག ཅུང་ཆུང་དུ་སོང་བའི་སྣང་བ་ཞིག་འདུག

  19. འཆི་བདག says:
    2008-12-22 at 4:20 am

    ཁྱོད་ཀྱིས་གཏུམ་མོ་སྒོམ་གྱིན་པ་བདེན་པ་ཡིན་ན། གཏུམ་མོ་ཞེས་པའི་སྒོམ་འདི་ཅི་ལྟར་དང་། ས་ཆ་གང་ནས་དར། དུས་ནམ་ཞིག་དར་བ་ཡིན་སོགས་ཁ་གསལ་ཞིང་གོ་པདེ་བ་ཞིག་གསུངས་ཡ་་་་་་་་་་
    ངས་ལན་ལ་་་་་་་་་་་་་་་་་་

  20. སྟག་སྨྱོན། says:
    2008-12-22 at 7:22 am

    དུས་བབ་ནང་ངས་གཏུམ་ཕོ་རང་སྦྱོང་བྱེད་ཀྱིན་པའི་པར་བཏང་ཡོད་གཟིགས་ཨ།

  21. yeshe says:
    2008-12-22 at 4:23 pm

    སྤྱིར་གཏུམ་མོར་བཤད་ལུགས་མང་ཡང་མདོར་བསྡུས་ཙམ་ནི། ལྟེ་བའི་རྩ་འཁོར་གྱི་དཀྱིལ་དུ་ཁྲག་གི་དྭངས་མ་ཟུར་གསུམ་ཞིག་ཡོད་པ་དེ་ལ་ལྟེ་བའི་གཏུམ་མོ་ཟེར་ཞིང་། འོག་སྒོ་བཙུམས་ནས་འོག་རླུང་ཡར་འཐེན་ཏེ་ལྟེ་བའི་བར་དུ་བསླེབས་པར་བསམས་པའི་རྗེས་ལ། ཁ་བཙུམས་ནས་སྣ་བུག་གི་དབུགས་རྔུབས་པ་སྤྱི་བོའི་རྩ་འཁོར་བརྒྱུད་ནས་ལྟེ་བའི་བར་དུ་ཐད་ཀར་བསླེབས་པར་བསམས་ཏེ་རླུང་སྟེང་འོག་ཁ་སྦྱོར་དུ་བཟུང་ནས་ལྟེ་བའི་ཁྲག་གི་དྭངས་མ་ལས་དྲོད་ཤིན་ཏུ་ཆེ་བ་ཞིག་མ་སྐྱེས་ཀྱི་བར་དུ་བསྒོམས་པས། ནམ་ཞིག་གི་དུས་སུ་རྒྱུ་ཚོགས་ཚང་ན་འབྲས་བུ་འབྱིན་པ་ཆོས་ཉིད་ཡིན་པས། ཁྲག་གི་དྭངས་མ་ལས་དྲོད་མེ་ཡི་རང་བཞིན་ཅན་ངར་ལ་ཚ་བ་ཞིག་སྐྱེ་བ་ཡིན་པས་དེ་ལ་ལྟེ་བར་གཏུམ་མོའི་མེ་སྦར་བ་ཟེར་ཞིང་། རྒྱ་གར་གྱི་པཎ་ཆེན་ནྰ་རོ་བས་སྒྲ་སྒྱུར་མར་པར་ནྰ་རོ་ཆོས་དྲུག་སྟེ། གཏུམ་མོ། འོད་གསལ། སྒྱུ་ལུས། ཟུང་འཇུག འཕོ་བ། གྲོངས་འཇུག་བཅས་གནང་བས། ཡོངས་གྲགས་ཀྱི་གཏུམ་མོའི་ཁྲིད་རྒྱུན་གྱི་མགོ་ཁུངས་གཏུགས་ས་དེ་ནྰ་རོ་བ་ཡིན་པ་དང་། བརྒྱུད་སྲོལ་གཞན་ཡང་ཡོད་པར་ངེས།

  22. yeshe says:
    2008-12-22 at 4:27 pm

    སྤྱིར་དྲོད་ཙམ་སྐྱེ་བ་ལ་མེའི་ས་བོན་རྃ་ཡིག་ཅིག་གིས་ཆོག་མོད། གཏུམ་མོའི་བདེ་དྲོད་སྦར་བར་བྱེད་པ་ལ། ཨ་ཡིག་ཁ་དོག་དམར་བ། རེག་བྱ་ཚ་བ། ངོ་བོ་བདེ་བ། རང་བཞིན་གསལ་བ་སྟེ་མཚན་ཉིད་བཞི་ལྡན་ཞིག་བསྒོམ་དགོས། ཡིན་ན་ཡང་སྐབས་འདིའི་ཨ་ཡིག་དེ་ནི་ཨ་ཡིག་རྐྱང་བ་མ་གཏོགས་འབྲུ་གསུམ་སྐབས་ཀྱི་ཨྰཿ ཚེག་དྲག་ཅན་དེ་འདྲ་ནི་མ་ཡིན་ནོ།།

  23. ཀླུ་སྨྱོན། says:
    2008-12-22 at 4:40 pm

    རྗེ་མི་ལས་གཏུམ་མོ་བསྒོམས་པས་སྐུ་ལུས་ལ་བདེ་དྲོད་སྐྱེས་ཏེ་དགུན་གྲང་སྒང་ལ་ཡང་རས་རྐྱང་གཅིག་གིས་ཆོག་པ་ལ་ཡོན་བདག་དད་པ་སྐྱེས་ཤིང་མཚན་ཉིད་པའམ་རྟོག་གེ་བ་ཚོས་ཕྲག་དོག་གིས་སྐུར་བ་བཏབ་པས་ཁོང་གིས། བླ་མའི་གདམ་ངག་མི་ཟབ་ན། །རས་གོས་རྐྱང་བསཅི་ལ་དྲོས། །རས་གོས་རྐྱང་བས་མ་དྲོས་ན། །ཡོན་བདག་དད་པ་ཅི་ལ་སྐྱེས། །ཡོན་བདག་དད་པ་མ་སྐྱེས་ན། །སྟོན་པ་ཕྲག་དོག་ཅི་ལ་སྐྱེས། །སྟོན་པ་ཕྲག་དོག་མ་སྐྱེས་ན། །སྟོན་པ་དམྱལ་བར་ཅི་ལ་ལྷུང་། །ཞེས་པའི་མགུར་བཞེངས་པ་རེད།

  24. ཀླུ་སྨྱོན། says:
    2008-12-22 at 4:57 pm

    འབྲོག་པ་ཚོ་གངས་ནང་དུ་སློག་རྒན་རེ་གྱོན་ནས་འགྲོ་བ་དང་རྣལ་འབྱོར་བ་ཚོས་ལུས་ལ་གཏུམ་མོའི་མེ་དྲོད་སྦར་ནས་རྒྱལ་ཁམས་འགྲིམ་པ་གཉིས་འདྲ་བོ་འདུག རྗེ་མི་ལ་དང་ཁོང་གི་རྒྱུད་འཛིན་ཚོས་གཏུམ་མོ་དེ་ནི་སྒོམ་ལྟེ་བ་ཞིག་ལ་ངོས་འཛིན་བྱེད་པ་མ་ཡིན་པར་རི་ལ་སྒོམ་དུ་འགྲོ་དུས་ཀྱི་སློག་པ་དྲོན་པོ་ཞིག་ཏུ་ངོས་འཛིན་བྱེད། ཞིབ་ཏུ་བསམས་ན་ལོས་ཀྱང་ཡིན་ཏེ། གཏུམ་མོའི་མེ་དྲོད་ཙམ་ཞིག་གིས་ནི་འཁོར་བའི་རྩ་བ་དང་ཐར་བ་ཐོབ་པའི་གེགས་གཙོ་བོ་ཉོན་སྒྲིབ་བམ་བདག་འཛིན་ཕྲ་རགས་དང་བྱང་ཆུབ་ཐོབ་པའི་གེགས་གཙོ་བོ་ཤེས་སྒྲིབ་བམ་བདེན་འཛིན་ཕྲ་རགས་དེ་ཚོར་ཅི་ཡང་མི་གནོད་པས་སོ།།

  25. ཀླུ་སྨྱོན། says:
    2008-12-22 at 5:04 pm

    ཡིན་ན་ཡང་རྗེ་ཙོང་ཁ་པས། ཙནྡྲ་ལི་ཡིས་བཞུས་པའི་བྱང་ཆུབ་སེམས། །ཨ་ཝ་དྷུ་ཏིའི་རྒྱུན་ལམ་ནས་འོངས་པ། །ཞེས་གསུངས་པས། གཏུམ་མོའི་མེ་དྲོད་ཀྱིས་ལུས་སེམས་ལ་བདེ་དྲོད་བསྐྱེད། བདེ་དྲོད་དེའི་རྒྱུན་ཆེ་རུ་སོང་ནས་ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་ཀྱི་ནང་དུ་འབྱམས་བསྡད་ཡོད་པའི་བྱང་སེམས་བཞུས་ཏེ་ཨ་ཝ་དྷུ་ཏིའམ་རྩ་དབུ་མའི་ནང་དུ་བབས་པ་ལ་བརྟེན་ནས་བདེ་སྟོང་ཡེ་ཤེས་ཀྱི་མེ་ལྕེ་ཆེ་ཆེར་འབར་ཏེ་གཟུང་འཛིན་རྟོག་ཚོགས་ཀྱི་བུད་ཤིང་ཕྲ་རགས་མང་པོ་ཞིག་ཅིག་ཅར་དུ་བསྲེག་པའི་ཚུལ་ལ་བསམས་ན། གསང་སྔགས་ཀྱི་རྣལ་འབྱོར་བ་ཞིག་ལ་མཚོན་ན་གཏུམ་མོའི་མེ་དྲོད་འདི་ནི་ཆེས་ཐོག་མའི་དུས་སུ་འདོར་དུ་མེད་པའི་ཆོས་ཤིག་ཏུ་ཡང་མཐོང་། །

  26. ཀླུ་སྨྱོན། says:
    2008-12-22 at 5:07 pm

    ཡིན་ན་ཡང་འདི་ཚོ་ཞིབ་ཏུ་བརྗོད་པའི་ངལ་བ་བསྟེན་མི་དགོས་པར་རྗེའི་སྲས་ཀྱི་ཐུ་བོ་མཁས་གྲུབ་ཐམས་ཅད་མཁྱེན་པའི་རྒྱུད་སྡེ་སྤྱི་རྣམ་དང་། དཔལ་མང་བའི་རྒྱུད་སྡེ་སྤྱི་རྣམ་ལྟ་བུར་མཇལ་ན་མ་རྟོགས་ལོག་རྟོག་གི་ཐེ་ཚོམ་གང་མང་ཞིག་ཆོད་པར་འགྱུར་ལ། དུས་ཚོད་མེད་མཁན་ཚོས་ཀྱང་བླ་བྲང་དགེ་བཤེས་རྗེ་བློ་བཟང་བསྟན་པ་ཚང་གི་སྔགས་ཀྱི་ས་ལམ་ཤོག་ལྡེབས་བཅུ་གྲངས་ཅན་དེ་ཙམ་ཞིག་ལ་མཇལ་བར་རིགས་སོ།།

  27. འོས་ལངས། says:
    2008-12-22 at 5:56 pm

    འོ་རེད།
    སྨྱོན་པས་མི་བྱེད་གང་ཡང་མེད།།
    སྨྱོན་པས་བྱབ་ཆུང་རྐྱང་བྱས་ནས།།
    སྨྱོན་པས་སྨྱོན་རྟགས་སྣ་མང་སྒོས།།
    སྨྱོན་པས་རང་ཉིད་ཀུན་ལ་སྒྲོག །

    མི་ལ་ལྟ་བུའི་ཉམས་རྟོགས་ཁྱེད་ལྡན་ན།། མི་ལ་བཞིན་དུ་གཅེར་གཟུགས་མངོན་གྱུར་ནས།། བཙན་ཐབས་སྒོམ་དང་ཚུལ་འཆོས་ཀྱིས་མིན་པར།། གངས་སྤྱིལ་ཉམས་དགར་ཏིང་འཛིན་གཉིད་དུ་ཡུར།། གཏུམ་མོ་གྲོགས་བཟང་ཐོབ་པའི་རྟགས་དེ་ཡིན།།

  28. yeshe says:
    2008-12-22 at 8:44 pm

    མི་ལ་ལྟ་བུའི་ཉམས་རྟོགས་ང་ལ་མེད། །
    མི་ལ་ངོམ་འོས་གཏུམ་མོའང་ངས་མི་ཤེས། །
    མི་ཡུལ་བབས་པའི་ཁ་བ་དཀར་པོའི་ཁྲོད། །
    མི་ལྡོམ་སྡོད་མ་ཚུགས་པའི་སྨྱོ་རྟགས་ཙམ། །

  29. ཀླུ་སྨྱོན། says:
    2008-12-22 at 10:48 pm

    ཁྱབ་བསྒྲགས་མ་བྱས་གོ་རྒྱུ་མི་འདུག་ཟེར། །
    ཁྱབ་བསྒྲགས་བྱས་ན་སྨྱོན་པའི་སྤྱོད་པ་ཟེར། །
    “ཁ་རོག་བསྡད་ན་བུ་མོ་ལྐུགས་མ་ཟེར། །
    བཤད་རྒྱུ་མང་ན་བུ་མོའི་འཕེར་ཤ་ཟེར། །”
    ཚིག་རྐང་གསུམ་པ་དང་བཞི་བ་གཉིས་སྣང་སའི་རྣམ་ཐར་ལས་ཁོལ་དུ་ཕྱུངས།

  30. ᫙᪠་᫕᪣ᨕ᫙ says:
    2008-12-24 at 3:46 pm

    ᪠᩶ᨓ་᪱ᨕ་᫗ᨑ᪄་᪄
    just for check

  31. འཆི་བདག་ says:
    2008-12-25 at 4:26 am

    ིམིང་ལ་དགའ་བའི་མི་དེ་དོན་གྱིས་སྟོང་།།
    དོན་སྙིང་མེད་པའི་མི་ལ་རིན་ཐང་འང་མེད།།
    ནང་ཁྲོལ་མེད་པའི་སྐད་ཆ་ཡང་དེ་པཞིན་གྱིས།།
    འདི་ནི་རྐང་གཉིས་མི་ཡིས་སེམས་ལ་ཟུངས།།

  32. དགུ་རོང་གྲུབ་ཆེན། says:
    2008-12-25 at 1:34 pm

    མིང་དུ་གདགས་པར་མ་མཛད་ན། །
    འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །
    དེ་བས་རྨོངས་པ་སེལ་བའི་ཕྱིར། །
    མགོན་པོས་མིང་དུ་གདགས་པར་མཛོད། །
    མདོ་ལས་དྲངས།

  33. འཆི་བདག་ says:
    2008-12-26 at 10:43 am

    མིང་དུ་གདགས་པ་སྐྱོན་རེད་ཟེར་གི་མེད།།
    མིང་ལ་དགའ་བ་དུག་རེད་ལབ་ཀི་ཡོད།།
    ཡིན་མིན་རྣམ་པར་དབྱེ་བའི་ཤེས་རབ་འདི།།
    དགུ་རོང་གྲུབ་ཆེན་ཁྱེད་ལ་མཆོད་པ་འབུལ།།

  34. དགུ་རོང་གྲུབ་ཆེན། says:
    2008-12-26 at 1:23 pm

    བྱང་སེམས་འཕགས་པ་མ་གཏོགས་འཇིག་རྟེན་འདིར། །
    འཇིག་རྟེན་ཆོས་བརྒྱད་མེད་པའི་སོ་སྐྱེ་དཀོན། །
    ཆོས་བརྒྱད་དཀར་པོ་ས་བརྒྱད་ཡན་ཆད་དུའང་། །
    ཡོད་ལུགས་སོམས་ལ་མཛུབ་མོ་ཁ་རུ་ཆུགས། །

  35. དགུ་རོང་གྲུབ་ཆེན། says:
    2008-12-26 at 6:58 pm

    བསྟད་ན་དགའ་བའི་བྱི་བ་དཀར་ཆུང་། །
    སྨད་ན་ཁྲོ་བའི་བྱི་ལ་ནག་རིལ། །
    དུད་འགྲོའི་ལུས་ལ་ཁྱད་པར་མ་མཆིས། །
    རང་རང་ས་ནས་ལབ་རེ་རྒྱག་ཡ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme