Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་བཅུ་བདུན་རྗེས་གྱི་ཐུག་འཕྲད།

Posted on 2010-09-142010-09-14 By ཁ་བརྡ་ 26 Comments on ལོ་བཅུ་བདུན་རྗེས་གྱི་ཐུག་འཕྲད།

དཔལ་ལྡནརྒྱལ་གྱི་ཟིན་བྲིས་ལས་བླངས་།

རང་ཡུལ་གད་པ་ཡིད་རུང་སྐྱིད་༽ ཟེར་བ་ཅི་མ་བདེན། ང་རང་མི་ལོ་བཅུ་བདུན་རིང་ས་མཐར་འཁྱམས་ནས། གཞན་ཡུལ་འདྲ་མིན་དུ་གནས་སྡོད་འཚོ་བ་རོལ་ནའང་། རང་ཡུལ་ཡིན་བསམ་པའི་ཚོར་བ་སྐྱེས་མ་མྱོང་། ག་དུས་ཡིན་ཀྱང་གངས་ཅན་བོད་ནི་ངའི་ཡུལ་ཡིན་བསམ་པའི་ཚོར་བ་རྡོག་རྡོག་ཞིག་སྙིང་གི་དཀྱིལ་དུ་གནས་ཡོད་པ་དེས་ང་ལ་ན་ཟུག་སྤྲདམྱོང་ལ། སྦོབས་པ་འང་སྤྲད་མྱོང་། ང་བོད་དང་ཁ་བྲལ་ནས་ལོ་ངོ་བཅུ་བདུན་རྗེས་ཏེ། སྤྱི་ལོ་༢༠༠༦ ལོའི་སྤྱི་ཟླ༦ ནང་ཟི་ལིང་གནམ་ཐང་དུ་འབྱོར་དུས་ཕ་མ་གཉིས་དང་སྤུན་མཆེད་རྣམས་གཙོས་པའི་ཤ་ཉེ་རང་༤༠ ལྷག་གིས་ལག་ཏུ་ཁ་བཏགས་བཟུང་ནས་ང་ལ་སྒུག་འདུག ངའི་ཕ་མ་གཉིས་༡༩༩༩ ལོར་ཨ་རིར་གཉེན་འཕྲད་དུ་ཕེབས་ནས་མཇལ་འཕྲད་ཀྱི་གོ་སྐབས་བྱུང་ཡོད། དེ་མིན་སྤུན་མཆེད་དང་གྲོགས་པོ་རྣམས་ངོ་ལོ་བཅུ་བདུན་རིང་མཐོང་མེད། ཟི་ལིང་གནམ་ཐང་དུ་ཕ་མ་གཉིས་གཙོས་པའི་ནང་མི་ཉེ་འབྲེལ་ཚང་མས་ང་འཐམས་ཏེ་མིག་ལས་མཆི་བ་བཞུར། ངའི་མིག་ནས་ཀྱང་རང་དབང་མེད་པར་མིག་ཆུ་བཞུར། ཨ་མས་ང་ལ་འཐམས་ནས་ངུ་ངག་གིས “ཨ་མའི་དཔལ་ལོ། ཁྱོད་ཐོན་དང་ང་།” ཟེར་བཞིན་ངའི་གདོང་དང་། མགོ་ལ་ལག་པས་བྱིལ་བྱིལ་གནང་།

དགུང་ལོ་བརྒྱད་ཅུ་བརྒལ་པའི་ཨ་ཞང་གིས་ལག་གཉིས་ཀྱིས་ངའི་འགྲམ་པའི་གཡས་གཡོན་གཉིས་ལ་དམ་པོར་བསྡམས། བརྩེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་མིག་ཟུང་གིས་ཐད་ཀར་ངའི་མིག་ནང་ལ་བལྟས་ནས། “ང་ཚེ་འདིར་ཁྱེད་ལ་ཐུག་གི་མ་རེད་བསམ་ཡོད། གཅེས་ཕྲུག ཁྱོད་ཐོན་དང་ང་། ཁྱོད་ཐོན་དང་ང་།” ཟེར།

ཟི་ལིང་དུ་སླེབས་སྐབས་ང་རང་བོད་ལ་སླེབས་ཡོད་པའི་ཚོར་བ་གང་ཡང་སྐྱེས་མ་བྱུང༌། ༼ལ་དམར་ཉག་ཁའི་ཁ་ལ༽སླེབས་དུས་ལ་ཙེ་དང་དར་ལྕོག་ཁྲོད་དུ་བསང་ཞིག་བཏང་བའི་སྐབས། ངོ་མ། ང་བོད་དུ་སླེབས་ཡོད་པའི་ཚོར་བ་ཐོག་མ་སྐྱེས་པ་དང་མཉམ་དུ་ངས་བོད་ཀྱི་ས་ཐོག་དུ་གངས་ཅན་བོད་ལ་ཕྱག་གསུམ་འཚལ་ནས་ཐོད་པ་ས་ལ་གཏུགས་ཡིན།

གཤམ་གསལ་གྱི་བརྙན་པར་ཕྱོགས་བསྒྲིགས་འདི་ལ་གཟིགས་རོགས།

སྣ་ཚོགས།

Post navigation

Previous Post: མཛའ་ན་མོར་ཕུལ་བའི་ཀཱ་ལིའི་དོ་ཤལ།
Next Post: ཁྱོད་ཚོས་སྤྱི་འཐུས་རྙེད་སོང་ངམ།

Comments (26) on “ལོ་བཅུ་བདུན་རྗེས་གྱི་ཐུག་འཕྲད།”

  1. གངས་བུ་བསམ་འགྲུབ་ནས། says:
    2010-09-14 at 4:14 pm

    གངས་རིའི་སྤུན་གྲོགས་དཔལ་ལྡན་རྒྱལ་ལགས། ཁྱོད་བོད་དུ་གཟིགས་སྐོར་ཕེབས་པའི་ལོ་རྒྱུས་དང། ཡིད་དབང་འཕྲོགས་པའི་བརྙན་པར་ཁག་འདིས་ངའི་སེམས་ལ་དགའ་སྐྱོ་འདྲིས་མའི་ཚོར་བ་གསར་བ་ཞིག་སྟེར་བྱུང། གྲོགས་པོ་ལགས། ཁྱོད་དང་ང་གཉིས་སྔོན་གྱི་ལས་དབང་གཅིག་ལ་བསྐོས་ཤིས་བསམ་པའི་འཁྱེར་སོ་གཅིག་ཏུ་འདུག་པ་འདི་ཡ་མཚན། ང་ལོ་མང་རིང་ཞི་བདེ་རྒྱ་མཚོའི་འགྲམས་དུ་ཀྱག་ཀྱོག་གི་འཚོ་བ་སྐྱེལ་མཐར་ལན་གཅིག་ཕ་ཡུལ་གངས་རིའི་སྐྱེད་ཚལ་དང་བརྩེ་གདུང་གཏིང་མཐའ་བྲལ་བའི་ནང་མི་སྤུན་མཆེད་རྣམས་ཡིད་ཙམ་ལྷན་འཛོམས་ཀྱི་སྐལ་བཟང་བྱུང། སྐབས་དེར་ངའི་སེམས་ཚོར་དང་དེ་འབྲེལ་ཕྱི་གླིང་དུ་སླར་ཡང་འཚོ་བའི་གནས་སྟངས་སྐོར་བྲིས་ན་མི་ཚར་བ་གེ་སར་ལྷ་སྒྲུང་རིང་མོ་ལྟ་བུ་ཡོད་ཀྱང་རེ་ཞིག་ཞུ་མཚམས་ཌྷདི་ནས་ཌྷཇོག་གོ་དགོས་བྱུང་སོང་། ཁྱེད་ཀྱིས་བོད་སྤྱི་བའི་ལས་དོན་རླབས་ཆེན་མཛད་བཞིན་པར་ཡི་རང་བསྔགས་བརྗོད་་ཀྱི་མེ་འཐོར་བཞིན་ཡོད་ལགས། ཁྱེད་སྐུ་མཛད་དགོངས་དང་མཉམ་པའི་སྨོན་འདུན་བཅས།།

  2. ཀླུ་སྨྱོན། says:
    2010-09-14 at 4:31 pm

    ཨོ་ཡ། ཁྱེད་དང་ཁྱེད་ལྟ་བུ་གང་མང་ཞིག་གི་སེམས་པ་དེ་མཐའ་ཡས་རྒྱ་མཚོའི་ཕར་འགྲམ་དུ་ཡོད་པའི་ཕ་ས་གསེར་གྱི་བྲང་མགོ་འདྲ་བོ་དང་མ་ས་གཡུ་ཡི་གཞོང་བ་ལྟ་བུ་དེར་དུས་ནམ་ཡང་ཆགས་ནས་བསྡད་ཡོད་ཡ། ངས་ཉིཀ་ཀྱི་འགྲུལ་བཞུད་དེའི་སྐོར་ལ་སྙན་ངག་ཐུང་ཐུང་ཞིག་བྲིས་ཡོད་ཀྱང་དེ་རིང་མི་རྙེད་ཀི

  3. ཀླུ་སྨྱོན། says:
    2010-09-14 at 4:31 pm

    ཉིད་ཀྱི་

  4. དཔལ་ལྡན་རྒྱལ། says:
    2010-09-14 at 4:55 pm

    གངས་བུ་བསམ་འགྲུབ་ལགས། ཐུགས་རྗེ་ཆེ།

    ཀླུ་སྨྱོན་ལགས་སུ།
    ཁ་སྔོན་ཁ་ན་ཀྲར་འཁྱུག་ཙམ་མཇལ་བར་དགའ་བོ་བྱུང་། ལས་བྲེལ་གྱི་དབང་གིས་ཁ་བརྡ་ལྷོད་ལྷོད་ཙམ་ཡང་མ་བྱུང་བ་ནི་བློ་ཕམ་གྱི་གནས་སུ་ཡོད། རྗེས་ཕྱོགས་ངོ་མཇལ་གྱི་གོ་སྐབས་བྱུང་ན། ལྷོད་ལྷོད་ངང་ཁ་བརྡ་བྱེད་ཐུབ་པའི་རེ་བ་ཡོད།

  5. ཀླུ་སྨྱོན། says:
    2010-09-14 at 5:04 pm

    ཡ་ཡ། མ་ཤི་ཚེ་རིང་བྱུང་ན་ལྷོད་མཇལ་ལོས་ཡོང་།

  6. ཀརྡོ་རབ་འབྱམས་པ་ says:
    2010-09-14 at 6:27 pm

    ངའི་རྨོ་མོས་བོད་ནས་བྲོས་འབྱོལ་མ་ཡོང་སྔོན་ལ། གནས་སྤོས་འདོད་མེད་ནས་གཏམ་དཔེ་དྲངས་པ། རང་ཡུལ་སྡུག་ཀྱང་འཛམ་བུ་གླིང་། གཞན་ཡུལ་སྐྱིད་ཀྱང་གཡེར་མའི་ཐང་། ཞེས་གསུངས་བགྱིད་ཡོད་ཟེར་བ། ངའི་ཨ་མས་ང་ལ་ལབ་མྱོང་། ང་ལོ་ན་ཆུང་བས། གཡེར་མའི་ཐང་ཡོད་ན། གང་ཡོད་རེད། ཅེས་དྲིས་པའི་ལན་དུ། འཚེར་མ་མང་པོ་ཡོད་ཙང་རེད། ཅེས་གསུངས་པ་དྲན། དེང་སང་གི་འཛམ་གླིང་ནི། གཏམ་དཔེ་དེ་ལས་གོ་ས་ལྡོག་པ་ལྟར་སྣང་ཡང་། གོ་རྒྱུ་ཆེན་པོ་ཞིག་མི་འདུག་གམ། ང་ཚོ་ཡུལ་གྱར་བ་ཚོར་ཉམས་མྱོང་ཞིག་ཡོད་ངེས་ལ། བོད་སྡོད་རྒྱ་རིགས་ཚོ་ལའང་འདི་འདྲའི་ཚོར་སྣང་ཞིག་ཡོད་ངེས་པས་་་་་་

  7. མགོ་ལོག་སྐལ་བཟང་མཚོ says:
    2010-09-15 at 12:08 am

    སྐུ་ཞབས་དཔལ་ལྡན་རྒྱལ་ལགས་སྐུ་ཁམས་བཟང་། ཁྱེད་ཀྱིས་ལོ་ངོ་བཅུ་བདུན་འགྱངས་པའི་ཕ་ཡུལ་བོད་ཀྱི་
    གཉེན་ཉེ་ཐུགས་འཕྲད་དེའི་སྐུ་པར་དང་རོལ་དབྱངས་སྙན་མོ་དེས་ངའི་སེམས་ཕུགས་སུ་རང་དབང་མེད་པར་ཆུ་མིག་ཅིག་བརྡོལ་སོང་། རྒྱུ་མཚན་དེས་ང་ཚོར་རྒྱལ་ཁབ་མེད་པའི་མི་རིགས་ཤིག་ཕ་མ་དང་གཉེན་ཉེ་བཅས་བདེ་སྐྱིད་ཀྱི་འཚོ་བ་རྣལ་མཞིག་རོལ་བས་གོ་སྐབས་མེད་པའི་ལན། མི་འགྱངས་པར་ང་ཚོའི་གཞི་བྱེས་མཉམ་འཛོམས་ཐོག་ཕ་ཡུལ་གྱི་
    མཛེས་ལྗོངས་དང་གཉེན་ཉེ་བཅས་ལ་འཕྲད་དེ་བདེ་སྐྱིད་ཀྱི་འཚོ་བ་གསར་བ་ཞིག་རོལ་ཐུབ་པར་སྨོན།།

  8. ཟླ་བ་ལྷ་མོ says:
    2010-09-15 at 1:02 am

    ཇོ་ཇོ་དཔལྡན་རྒྱལ་ལགས།
    ཁྱེད་དང་ང་ཡི་ལས་དབང་གི་ཁ་ཕྱོགས་དེ་གཅིག་མཚུངས་རེད།གུས་མོས་ཀྱང་ལོ་ངོ་བདུན་གྱི་རིང་ལ་གཞན་ཡུལ་ཞིག་ཏུ་འཚོ་སྡོད་བྱེད་བཞིན་ཡོད།ངའི་ཕ་མ་གཉིས་གཙོས་བའི་གཉེན་ཉེ་དང་གྲོགས་པོ་གྲོགས་མོ་གྲོང་འཚོ་གཅིག་པ་དང་དེ་མིན་རང་ཡུལ་གྱི་རི་ལུང་རྫུ་ཆུ་སོགས་ནམ་རྒྱུན་ངའི་རྨི་ལམ་དུ་རྨིས་ཡོང་གིན་འདུག།དེ་རིང་ཞོགས་པ་ཁ་བརྡའི་དྲ་རྒྱ་ཁ་འབྱེད་པ་ཐག་ཏུ་ཁྱེད་ཀྱི་༼ལོ་བཅུ་བདུན་རྗེས་ཀྱི་ཐུག་འཕྲད༽ཅེས་རྩོམ་ཐུང་འདི་མཐོང་སོང་ལ་ཞིབ་ཏུ་ཚར་གཅིག་བཀླགས་རྗེས་ཁྱེད་ཡབ་ཡུམ་སོགས་ཀྱི་སྐུ་པར་གསལ་བོ་ཞིག་མཐོང་སོང་།ཁྱེད་ཀྱི་གཉེན་ཉེ་སོགས་ཀྱི་གོན་པ་དང་ངའི་ཕ་ཡུལ་གྱི་གོན་པ་གཅིག་པ་རེད་ལ་ཁྱེད་ཀྱི་ཡབ་ཡུམ་སོགས་སྐུ་པར་མཐོང་ཡོང་དུས་ངའི་ཕ་མ་དང་གཉེན་ཉེ་སོགས་ཀྱི་ཞལ་རས་དག་རེ་རེ་བཞིན་ཡིད་ལ་གསལ་ལྷིང་ངེར་འཆར་ཡོང་གིན་འདུག་ལ་ཕ་ཡུལ་དྲན་པའི་དྲན་ཤེས་ཀྱི་ཚོར་བ་སྐྱུར་མོ་ཞིག་སེམས་སུ་བརྡོལ་སོང་ལ་མིག་མཆི་ཡི་ཕྲེང་རྡོག་རེ་རེར་དབང་མེད་དུ་ས་རུ་ཟུགས་སོང་།
    གུས་མོར་ཁྱེད་ལྟ་བུར་ཕ་མ་དང་གཉེན་ཉེ་སོགས་ལ་ཐུག་འཕྲད་ཀྱི་གོ་སྐབས་ཤིག་བྱུང་ན་ཅི་མ་རུང་།
    ཇོ་ཇོ་ཁྱེད་རང་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུད་ཞུ།

  9. ཆོས་དབྱངས་སྒྲོལ་མ says:
    2010-09-15 at 1:26 am

    ཇོ་ཇོདཔལ་ལྡན་ལགས།
    ཁྱེད་ནི་སྡིག་པ་ཅན་ཞིག་རེད་ལ་ངའི་སེམས་པ་སྡིག་ལ་སྦྱར་སོང་།དེ་རིང་ཞོགས་པ་ཁྱེད་ཀྱི་རྩོམ་ཡིག་དང་སྐུ་པར་དག་གིས་ང་སྐར་མ་བཅུ་ལྔ་ཙམ་ལ་ངུས་བཅུག་སོང་།ཕ་ཆེར་ངས་དེ་རིང་ཉིན་གུང་གི་ཟ་མ་ཟ་ཐུབ་ཀྱི་མ་རེད།ཕ་ཡུལ་དྲན་པའི་ཚོར་བ་དེས་ང་ཟ་མ་ཟ་རུ་མ་བཅུག་པར་ངའི་གཟུགས་པོ་སྐྱོ་བོ་ཆགས་ན་འགན་དེ་ཁྱེད་རང་ལ་ཡོད།ཇོ་ཇོ་ལགས་ཀུ་རུ་རྩེད་མོ་ཡིན།དངོས་གནས་ང་དེ་རིང་མང་པོ་ངུས་པ་ཡིན།
    ཇོ་ཇོ་ལགས་བཀྲ་ཤིས་བདེ་ལེགས།

  10. དོན་གོ says:
    2010-09-15 at 3:16 am

    ཐོག་མར་རྒན་རབས་པ་སྐུ་ཞབས་དཔལ་ལྡན་རྒྱལ་ལགས་སུ་འཚམས་འདྲི་དང་བཅས། ཁྱེད་ཀྱིས་འདས་ཟིན་པའི་གཏམ་རྒྱུད་འདི་མཐོང་ཐེངས་རེར་ང་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་ངང་གིས་སྤྲད་བྱུང་ལ། དེ་དང་ཆབས་ཅིག་རང་ཉིད་ལ་རྨི་ལམ་འདི་འདྲ་ཞིག་ཡོད་པ་ཞིབ་དྲན་བྱེད་དུ་བཅུག་སོང། ངས་བསམ་ན་ད་དུང་ང་དང་ང་ལྟ་བུའི་ཕྱི་སྡོད་སྤུན་ཟླ་མང་པོར་ཡང་འདི་ལྟ་བུའི་ཞིབ་དྲན་དང་དྲན་གདུང་གི་ན་ཟུག་གང་མང་ཞིག་ཡོད་སྟབས། ཚང་མར་འདི་ལྟར་ཁ་བྲལ་གྱི་ལོ་ཟླའི་ནང་སླར་ཡང་ཕ་མ་དང་སྤུན་མཆེན་ལ་ཐུག་འཕྲད་ཀྱི་གོ་སྐབས་ཤིག་བྱུང་བའི་སྨོན་ལམ་ཡོད། ཐུགས་རྗེ་ཆེ།

  11. ཆབ་ཆ་སྨྲེང་བུ says:
    2010-09-15 at 4:06 am

    ས་མཐའ་འདི་རུ་ངས་ཕ་ཡུལ་གཏན་ནས་མི་དྲན་ཞེས་དམ་བཅའ་རྡོ་རྗེ་བྲག་ལྟར་བཞག་ཟིན་དེ་རིང་ཇོ་ཇོ་དཔལ་ལྡན་གྱིས་མྱོང་ཟིན་པའི་ཚོར་བ་དང་སྤྲེལ་ཁོང་གི་ཕ་མ་སོགས་ཀྱི་སྐུ་པར་དག་མཐོང་ཡོང་དུས་ང་ལ་རང་དབང་མེད་པར་མིག་ནས་མཆི་མ་བཞུར་བ་དང་ཕ་ཡུལ་གཏན་ནས་མི་དྲན་ཞེས་པའི་དམ་བཅའ་དག་ཤོར་སོང་།
    ཇོ་ཇོ་དཔལ་ལྡན་རྒྱལ་ལ་ཐུགས་རྗེ་ཆེ་ཞུ།།

  12. ཟླ་བ་གཞོན་ནུ། says:
    2010-09-15 at 5:16 am

    རང་ཡུལ་གད་པ་ཡིན་རུང་སྐྱིད།
    དེ་ནི་ཆུང་དུས་ནས་རྣ་ལམ་ལ་འཇགས་པའི་གཏམ་དཔེ་ཞིག་ཡིན།
    རང་ཡུལ་དུ་ཕེབས་པང་རྟེན་འབྲེལ་ཞུ།

  13. སྤོབས་པ་མཐའ་ཡས། says:
    2010-09-15 at 7:43 am

    ཁྱོད་ལས་ངན་ནང་གི་ལས་ཅན་ཞིག་རེད་འདུག ལོ་བཅུ་བདུན་ཟེར་བ་དེ་ཚོ་ཅི་གང་ཡང་མ་རེད། མང་པོ་ཞིག་གསོན་བྲལ་གྱི་མཐའ་མ་ཤི་བྲལ་བྱས་ནས་ཕ་མ་ཉེ་འབྲེལ་ཟེར་བ་དེ་ཚོ་ཐུག་བསམ་ན་ཡང་ཐུག་རྒྱུ་མེད་པར་གྱུར་སོང་བ་ག་ཚོད་མང་པོ་རེད།

  14. མགོ་ལོག་གངས་བུ་བསམ་འགྲུབ། says:
    2010-09-15 at 11:18 am

    ཡ་དཔལ་ལྡན་རྒྱལ།
    དུས་དང་ལས་ཀྱི་རྒྱལ་མོའི་འཁོར་ཕྱོགས་ཤིག་བྱུང་ན་ཁྱེད་དང་དངོས་མཇལ་གླེང་མོལ་རིང་པོ་ཞིག་ཞུ་ཐུབ་རེ་ཡོད། ཅིག་བྱས་ན་ལོ་རྗེས་མའི་དུས་དབང་སྐབས་མཇལ་ཡོང་། ནང་མའི་གནས་བྲིས་རྒྱུན་དུ་ཡོད་པ་ཞུ།
    བཀྲ་ཤིས་བདེ་ལེགས།

  15. ལ་སྟོད་བུ། says:
    2010-09-15 at 12:27 pm

    སྐུ་ཞབས་དཔལ་ལྡན་རྒྱལ་ལགས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད།
    ངོ་མ་རེད་མི་སུ་ཡིན་ནའང་རང་གི་ཕ་ཡུལ་མི་དྲན་མཁན་ཡོད་མདོག་ཁ་བོ་མ་རེད།
    བོད་ཀྱི་གཏམ་དཔེར།
    མི་རྒས་ན་ཕ་ཡུལ་དྲན།
    བྱ་རྒས་ན་བྱ་ཚང་དྲན།
    ཞེས་པ་ཞིག་གོ་མྱོང།
    ད་ཕ་ཡུལ་དུ་ལོག་རྒྱུའི་དོན་དུ་ལས་ཀ་སྔར་ལས་ཀྱང་ཤུགས་ཆེམ་ཙམ་དགོས་ངེས་རེད།

  16. དཔལ་ལྡན་རྒྱལ། says:
    2010-09-15 at 1:32 pm

    དྲ་གྲོགས་རྣམས་ལ་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམ་པ་ཕ་ཡུལ་ལ་གཉེན་འཕྲད་དུ་ཕེབས་ནས་ཕ་མ་སྤུན་མཆེད་སོགས་ལ་ཞལ་མཇལ་ཐུབ་བའི་སྨོན་འདུན་ཞུ།
    ཆབ་ཆ་སྨྲེང་བུ་ལགས།
    ༼ཕ་ཡུལ་གཏན་ནས་མི་དྲན་ཞེས་པའི་དམ་བཅའ་དག་ཤོར་བ།༽ ང་རང་དགའ་བོ་བྱུང་། གང་ཡིན་ཟེར་ན། ཕ་ཡུལ་ནི་ང་ཚོའི་སྙིང་དབུས་སུ་ཡོད་པ་མ་ཟད། ཕ་ཡུལ་དྲན་གདུང་གིས་ང་ཚོ་གཞན་ཡུལ་དུ་འཚོ་བའི་སྙིང་སྟོབས་ལ་སྒུལ་ཤུགས་སྤྲོད་བཞིན་པ་མ་ཡིན་ནམ། ཡིན་ནའང་ཕ་ཡུལ་དྲན་པའི་གདུང་བ་དེ་འཚོ་བའི་མདུན་ལམ་གྱི་འགོག་རྐྱེན་དུ་གྱུར་མི་རུང་ཡ།
    སྤོབས་པ་མཐའ་ཡས་ལགས།
    རེད་ལགས། ངས་ཀྱང་ང་རང་ལས་ངན་ནང་གི་ལས་ཅན་ཞིག་རེད་བསམ་ཡོད། ཁྱེད་ཀྱང་ལས་ངན་ནང་གི་ལས་ཅན་ཞིག་ཡིན་པའི་རེ་བ་ཡོད། ཁྱེད་ཀྱིས་གསུངས་བ་བཞིན་མང་པོ་ཞིག་གསོན་བྲལ་གྱི་མཐའ་མ་ཤི་བྲལ་བྱས་ནས་ཕ་མ་ཉེ་འབྲེལ་ཟེར་བ་དེ་ཚོ་ཐུག་བསམ་ན་ཡང་ཐུག་རྒྱུ་མེད་པར་གྱུར་སོང་བ་མང་པོ་ཡོད་པ་ཟད། ག་དུས་ཤི་དང་། གང་དུ་ཤི་བ་མ་ཤེས་བ་ཡང་སྟོང་ཕྲག་མང་པོ་ཡོད་པ་རེད་ཡ།

  17. ཟི་ལིང་གི་བོད། says:
    2010-09-15 at 9:47 pm

    གཤམ་གྱི་འདི་ནི་རེབ་གོང་བ་དཔལ་ལྡན་རྒྱལ་གྱི་ཟིན་བྲིས་མཆོད་ཅེས་པ་ལས་བཤུས་ནས་འདིར་སྦྱར་བ་ཡིན། ངས་ཁོའི་དྲི་བར་ལན་བཏབ་ན་ཡང་ཡང་བསུབ་པར་བྱེད་པས་འདི་ནས་མི་བསུབ་པའི་རེ་བ་ཡོད།ཁོས་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ནམ་བཀྲ་རྒྱལ་ལགས་ཀྱི་དངོས་མིང་ལ༼བཀྲ་རྒྱ༽ཞེས་ཨུ་ཚུགས་མཐར་སྐྱེལ་གྱིས་འབྲི་དོན་ཅི་ཡིན་ནམ། དྲིས་ཚེ་གཡོལ་ཅི་ཐུབ་བྱེད་པར་བལྟས་ན། ངའི་དྲི་བ་འདི་དོན་མེད་འབྲེལ་མེད་ཀྱི་མཆན་ཞིག་མིན་པ་བསྟན་འདུག ངས་ད་རུང་འདྲི་རྒྱུ།

    ཟི་ལིང་གི་བོད། says: September 14, 2010 at 10:40 amའདྲ་པར་ལ་བསམ་ཚུལ་ཅི་ཡང་མེད། དེ་དང་འབྲེལ་བ་མེད་པའི་དྲི་བ་ཞིག་ནི། ཁྱོད་ཀྱིས་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ནམ་བཀྲ་རྒྱལ་ལགས་ཀྱི་དངོས་མིང་ལ༼བཀྲ་རྒྱ༽ཞེས་ཨུ་ཚུགས་མཐར་སྐྱེལ་གྱིས་འབྲི་བཞིན་འདུག དེའི་ཞུགས་རྐྱེན་མི་གཞན་ལའང་ཐེབས་ཐུབ་ཀྱི་ཡོད་ཚོད། དེ་ནི་ཁྱོད་རང་སྒེར་གྱི་ངོས་ནས་སྐུ་ཞབས་ཞོགས་དུང་ལ་མི་དགའ་བའི་རྣམ་འགྱུར་རིགས་ཞིག་ཡིན་ནམ། རེབ་གོང་གི་མིའི་ཁོག་རྒྱ་ལས་བརྒལ་ནས་དྲི་མི་བསུབ་རྒྱུ་དང་དྲིས་ལན་ཡོད་པའི་རེ་བ་ཞུ།
    དཔལ་ལྡན་རྒྱལ། says: September 14, 2010 at 12:53 pmཟི་ལིང་གི་བོད་པ་ལགས།
    ངའི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ།
    བཀྲ་རྒྱལ་གྱི་མིང་ལ་༼བཀྲ་རྒྱ༽ཞེས་བྲིས་པ་འདིའི་སྟེང་ཁོང་ལ་དགའ་མི་དགའ་ཡི་གནས་ཚུལ་ཞིག་འདུག་གམ། ངོ་མ་ཁྱེད་ཀྱི་བསམ་བློ་གཏོང་སྟངས་ཡ་མཚན་རེད།
    རེབ་གོང་གི་མིའི་ཁོག་རྒྱ་གང་འདྲ་ཞིག་ཡིན་པ་ངས་མི་ཤེས། ཁྱེད་ཀྱིས་ང་ལ་གསུང་རོགས། ཡིན་ནའང་ཁྱེད་ཀྱིས་སྐད་ཆ་བཤད་སྟངས་དང། དོན་མེད་། འབྲེལ་མེད་ཀྱི་མཆན་འདི་ལ་བལྟས་ན། ཁྱེད་ཁོག་རྒྱ་ཅན་ཞིག་མིན་པ་གསལ་བོ་རེད།

  18. དཔལ་ལྡན་རྒྱལ། says:
    2010-09-16 at 1:36 pm

    ཨ་རི་ན་ཡོད་པའི་ཟི་ལིང་གི་བོད་པ་ལགས།
    ༼ཨུ་ཚུགས་མཐར་སྐྱེལ། ཁྱོད་རང་སྒེར་གྱི་ངོས་ནས་སྐུ་ཞབས་ཞོགས་དུང་ལ་མི་དགའ་བའི་རྣམ་འགྱུར་རིགས་ཞིག་ཡིན་ནམ། རེབ་གོང་གི་མིའི་ཁོག་རྒྱ་ལས་བརྒལ་ནས།༽ ཁྱེད་ཀྱིས་ཐེངས་དང་པོར་མཆན་བྲིས་པའི་ནང་གི་ཚིག་འདི་དག་བལྟས་དང། ཁྱེད་ཀྱིས་དྲི་བ་འདྲི་གི་ཡོད་དམ། རྙོག་གཏམ་བཤད་ཀྱིན་ཡོད།
    མི་དགའ་བའི་རྣམ་འགྱུར་རིགས་ཞིག་ཡིན་ནམ་ཞེས་པ་འདི་དྲི་བ་ཡིན་ན།
    ལན། མི་དགའ་བའི་རྣམ་འགྱུར་མིན།
    སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ནམ་བཀྲ་རྒྱལ་ལགས་ཀྱི་དངོས་མིང་ལ༼བཀྲ་རྒྱ༽ཞེས་འབྲི་དོན་ཅི་ཡིན་ཟེར་བ་འདི་དྲི་བ་ཡིན་ན།
    ལན། དེ་ནི་ངའི་ཁོང་གི་མིང་ལ་བཀྲ་ཤིས་རྒྱ་མཚོ་རེད་བསམ་ནས་བཀྲ་རྒྱ་ཡིན་པ་གཞིར་བཞག་གིས་བཀྲ་རྒྱ་ཞེས་བྲིས་ཡིན། དམིགས་ཡུལ་གཞན་གང་ཡང་མེད།
    ཁྱེད་ནི་སྐུ་ཞབས་བཀྲ་ཤིས་རྒྱལ་མཚན་ནམ་བཀྲ་རྒྱལ་ལགས་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན། ཁོང་གི་མིང་ལ། བཀྲ་རྒྱ་མ་རེད་བཀྲ་རྒྱལ་རེད་ཅེས་ནོར་བཅོས་དང་སློབ་སྟོན་གནང་རྒྱུའི་ཚབ་ལ་ ༼ཨུ་ཚུགས་མཐར་སྐྱེལ། ཁྱོད་རང་སྒེར་གྱི་ངོས་ནས་སྐུ་ཞབས་ཞོགས་དུང་ལ་མི་དགའ་བའི་རྣམ་འགྱུར་རིགས་ཞིག་ཡིན་ནམ། རེབ་གོང་གི་མིའི་ཁོག་རྒྱ་ལས་བརྒལ་ནས།༽ སོགས་དོན་མེད། འབྲེལ་མེད་ཀྱི་རྙོག་གཏམ་བཤད་འདུག

  19. གཞོན་ནུ་ཟླ་མེད། says:
    2010-09-16 at 3:39 pm

    འོ་ཡ། ཐག་རིང་ཐང་རིང་ཞིག་ན་ཡོད་པའི་ཕ་ཡུལ་དང་། ཕ་མ། ཁྱིམ་མི། ཁ་ཡང་ན་ཟླ། སྡེ་བ་འཚོ་བ་དེ་ཚོའི་རྩེ་བ་དྲོན་མོ་ཚང་མ་འཐུང་དང་ཟིག ད་ལྟད་མོ་འདི་ལ་བལྟས་ནས་མིག་ཆུ་བཞུར་མཁན་ཚང་མ་ཕ་ཡུལ་ལ་སོང་མེད་མཁན་རིགས་རེད། དྲ་གྲོགས་ཚོ་དེ་འེ་རེད། གལ་ཏེ་དྲ་གྲོགས་སུ་ཞིག་ཕ་ཡུལ་ལ་གཉེན་འཕྲད་ལ་བསྐྱོད་ཟིན་ན་ལྟད་མོ་འདིར་བལྟས་ན་མིག་ཆུ་བཞུར་ཡོང་གི་འདུག་གམ་མི་འདུག དྲང་མོར་ལན་ཐོབ་འ།

  20. གཞོན་ནུ་ཟླ་མེད། says:
    2010-09-16 at 3:56 pm

    དེ་ནས་ཨ་མདོ་ཕྱོགས་ཀྱི་མིང་འདོགས་སྟངས་ཐད་ན། མིང་ཡི་གེ་གསུམ་ཅན་ཤིན་ཏུ་མང་། དཔེར་ན་བཀྲ་ཤིས་མཚོ། རྡོ་རྗེ་མཚོ། བཀྲ་ཤིས་རྒྱ། དོན་གྲུབ་རྒྱ། དཔལ་ལྡན་རྒྱ་སོགས། འོན་ཀྱང་སྔོན་མ་དང་མི་འདྲ་བར་དེང་སང་རྒྱ་ཟེར་བ་འདི་ལ་རྒྱལ་ཅེས་འབྲི་བཞིན་འདུག
    མིང་འདོགས་མཁན་ནི་ཆོས་ལུགས་པ་འམ། ཡང་ན་སྡེ་བ་ཚོ་བའི་ནང་གི་ལོ་ལོན་རྒན་པ་ཅུང་ཟད་བོད་ཀྱི་ལུགས་སྲོལ་གོམས་གཤིས་ཤེས་མཁན་ཞིག་གིས་མིང་འདོགས། དེ་བས་ན་མིང་ལ་གནའ་རབས་ནང་ཆོས་མ་དར་སྔོན་གྱི་མིང་འདོགས་སྟངས་དང་། དེ་བཞིན་དུ་ནང་ཆོས་དར་ཚར་བའི་རྗེས་ཀྱི་མིང་འདོགས་སྟངས་སོགས་ཡོད།
    གོང་གི་མིང་ཟུར་གྱི་རྒྱ་རྒྱ་ཟེར་བ་འདི་རྒྱས་བཏབ་པ་སྟེ་མི་འགྱུར་བར་བྱས་པའི་དོན། བཀྲ་ཤིས་པ་ལ་མི་འགྱུར་བའི་རྒྱས་བཏབ་པ་ལ་བཀྲ་ཤིས་རྒྱ། དཔལ་དང་ལྡན་པ་ལ་མི་འགྱུར་བའི་རྒྱས་བཏབ་པ་ལ་དཔལ་ལྡན་རྒྱ། དོན་གྲུབ་པ་ལ་མི་འགྱུར་བའི་རྒྱས་བཏབ་པ་ལ་དོན་གྲུབ་རྒྱ། གཏེར་ཆོས་མང་པོའི་མཇུག་ཏུ་ཨ་ཏི་ས་མ་ཡ་རྒྱ་རྒྱ་རྒྱ་ཟེར་བ་སོགས་མང་པོ་ཡོད་པ་དེ་རེད། དེ་བཞིན་དུ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་གསུངས་པ་ལྟ་བུ་རེད།
    འོན་ཀྱང་དེང་སང་རིག་གནས་གསར་བརྗེའི་རྗེས་ནས་རྒྱ་དེ་རྒྱལ་ལ་བཟོས་ཚར་འདུག རྒྱལ་ཟེར་ནས་བྲིས་ན་མིང་དེ་ལ་གོ་དོན་ཞིག་འབྱུང་མི་སྲིད། འདི་འེ་བདེན་མི་བདེན་མིང་འདི་དག་འདོགས་སའི་སྡེ་བ་འཚོ་བའི་སྒྲ་གདངས་ལ་ཉན་ན་ལས་སླ་བོའི་ཐོག་ནས་ཤེས་ནུས།
    མིང་གི་སྐོར་འདི་ཁྱོད་ཚོས་རྩད་རྒྱག་བཞིན་པའི་ཞོར་ལ་བསམ་ཚུལ་ཙམ་ཕུལ་བ་ཡིན། གང་ཡིན་ཟེར་ན་དེང་སང་མི་མིང་མ་ཟད་ས་མིང་ཡང་དེ་ལྟར་ཡིག་ཐོག་ནས་བརྗེ་བོ་རྒྱག་མཁན་མང་པོ་འདུག་པ། རེབ་གོང་ཐོ་རྒྱ་ལ་ཐོ་རྒྱལ། གཅན་ཚ་དོ་རྒྱ་ལ་དོ་རྒྱལ། སྐྱ་རྒྱ་ལ་སྐྱ་རྒྱལ། འདི་ལྟར་རྒྱ་ཟེར་བ་ཐམ་ཀ་བརྒྱབ་ནས་མི་འགྱུར་བའི་དོན་ཅན་དེ་རྒྱལ་བོ་འདྲ་བོ་ཞིག་འབྲི་བཞིན་པར་བསམ་ཚུལ་ཕུལ་བ་ཡིན།

  21. གཞོན་ནུ་ཟླ་མེད། says:
    2010-09-16 at 4:02 pm

    དེ་བཞིན་དུ་སྔོན་མ་ཞིག་ལ་ལྭ་དགས་བསྣུབ་ར་ལ་ཡང་ལྡུམ་ར་ཟེར་ནས་གོང་ས་མཆོག་ལ་ཡང་སྙན་ཞུ་ཕུལ་ཟིན་པ་རེད། འདི་ནི་རྒྱལ་རབས་ཆོས་འབྱུང་མང་པོ་ན་མཐོང་རྒྱུ་ཡོད་པའི་མིང་རེད། སྙན་ངག་དང་རིག་གནས་བ་ཞིག་གིས་བཅོས་བསྒྱུར་བཏང་ན་འགྲིག་པ་ཞིག་མ་རེད། དེ་བཞིན་དུ་བསྣུབ་ཟེར་བ་འདི་ཆོལ་ཁ་གསུམ་ག་ལ་ག་ལ་ཡོད་པ་རེད། གཅན་ཚ་ན་ཡང་བསྣུབ་ཟེར་བ་ཞིག་ཡོད་ལ། དེ་རེད། འདི་ལ་ལྡུམ་ར་ཞེས་སུམ་རྟགས་སྙན་ངག་ཙམ་གྱིས་བཅོས་བསྒྱུར་བྱས་ཆོག་པ་ཞིག་མ་རེད།

  22. ཚེ་རིང་བཀྲ་ཤིས says:
    2010-09-16 at 8:14 pm

    གཞོང་ནུ་ཟླ་མེད་ལགས།

    ད་ལྟ་དུས་རབ་ཉེར་གཅིག་ཡིན་པ་མ་འཁྱེན་པ་ཡིན་ནམ།

  23. yeshe says:
    2010-09-16 at 9:24 pm

    “རྒྱལ་ཟེར་ནས་བྲིས་ན་མིང་དེ་ལ་གོ་དོན་ཞིག་འབྱུང་མི་སྲིད། ” ད་དུང་འདང་རྒྱོབས། དོན་གྲུབ་ཚར་དུས་དོན་མི་འགྲུབ་པ་ཞིག་ལས་རྒྱལ་བ་མ་ཡིན་ནམ། སྐབས་འདིར་རྒྱལ་དང་རྒྱལ་བ། རྒྱལ་ཁ་སོགས་དོན་གཅིག་མིང་གི་རྣམ་གྲངས་མ་ཡིན་ནམ། དོན་གྲུབ་རྒྱལ་གྱི་རྒྱལ་ལ་དོན་དག་ཅིག་མེད་ན། སྐལ་བཟང་ཐར་གྱི་ཐར་ལ་ཡང་དོན་དག་ཅིག་ག་ལ་ཡོད་དེ། ཉིད་ལྟར་ན་འདྲ་བའི་ཕྱིར།

  24. གཞོན་ནུ་ཟླ་མེད། says:
    2010-09-16 at 9:50 pm

    ཚེ་རིང་བཀྲ་ཤིས་ལགས། ཁྱེད་བདེན། ད་ལྟ་དུས་རབས་ཉེར་གཅིག་པ་རེད། ངས་དུས་རབས་རེ་དང་ལོ་རབས་རེས་ལ་འགྱུར་བ་ཐེབས་ཀྱི་ཡོད་པའི་མིང་དེ་ཚོ་གླེང་མེད། དཔེར་ན་གསར་བརྗེས་སྐྱབས། གུང་ཁྲན་ཚེ་རིང་། མའོ་ཚེ་རིང་། མིང་འདིའི་རིགས་རྒྱུན་ཆགས་སུ་གནས་ཁག་པོ་རེད། ངས་བཤད་བཞིན་པ་ནི་སྤྱི་ཚོགས་ནང་དུ་རྒྱུན་ཆགས་སུ་གནས་རྒྱུ་ཡིན་པའི་མིང་གི་སྐོར་བཤད་ཀྱི་ཡོད།
    ཡེ་ཤེས་ལགས། ཁྱོད་ཀྱང་བདེན། ངས་གོང་ནས་བཤད་ཡོད། མིང་དེ་དག་ཆོས་ལུགས་སམ། མི་རིགས་རང་གི་ཡུལ་སྲོལ་གོམས་སྲོལ་ལ་རྟེན་ནས་བྱུང་བ་ཡིན་པས། དེ་ལྟར་འགྲེལ་བཤད་རྒྱག་དགོས་པ་ལས། སུམ་རྟགས་སྙན་ངག་གི་འགྲེལ་བཤད་རྒྱག་རྒྱུ་མེད་པར་བཤད་མེད། འོན་ཀྱང་གོང་དུ་བཤད་བཞིན་པའི་མིའི་མིང་དག་ནི་སྙན་ངག་ཐོག་ནས་བྱུང་བ་མ་ཡིན་པས། འཁོར་ཡུག་གི་སྐད་ལ་ངེད་པར་ཏུ་བརྟག་རྒྱུ་ཡོད་བསམ།

  25. tenzin tsomo says:
    2010-09-17 at 3:06 am

    Ç+Ý-ŸzÅ-hq¾-¿km-M¾-¾GÅü
    w-»Þ¾-¾-xÛm-qºÛ-¥ôP-±ô¼-ºhÛ->ÀôG-z-fïPÅ-hP-qô-»Ûmü
    w-¤-hP-GZïm-Zï-¾-fÞGÅ-qºÛ-Ç+zÅ-ÅÞ-¼ô¾-h‚PÅ-hP-z½‰m-ºyÛm-ºhÛ-¤fôP-¤-fG-¤ÛG-Vß-¼P-hzP-¤ïh-q¼-Áô¼-z-¤-¸h-PºÛ-ZÛh-ˆÛ-w-¤-fÞGÅ-qºÛ-ºhÛ-ÁïÅ-ŸÛG-±ô¼-ÅôP-ü
    hPôÅ-mÅ-»G-qô-ºhÝGü h-hÝP-¤fÞh-hÝ-»Þ¾-Æô¾-Gô¤Å-GÁÛÅ-»ôh-m-hï-zÅ-ˆP-»G-qü

  26. ཟླ་ཤེས་བསྟན་འཛིན says:
    2010-09-17 at 12:54 pm

    བཀྲ་ཤིས་བདེ་ལེགས།
    ང་རང་ཡང་ཁྱེད་ལྟ་བུར་ཕ་ཡུལ་ལ་འགྲོ་ཐུབ་པའི་རེ་བ་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme