Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི། བཀའ་ཁྲི། དམངས་གཙོ།

Posted on 2010-09-122010-09-12 By ཁ་བརྡ་ 16 Comments on བོད་མི། བཀའ་ཁྲི། དམངས་གཙོ།

རྔ་གཡང་ཕྱུག་མོ།
གཅིག
དམངས་གཙོའི་ལམ་ལུགས་ནང་གཞུང་དམངས་བར་གྱི་འབྲེལ་བ་ནི་གཞུང་ནི་མི་དམངས་ཀྱི་ཆེད་དུ་བཙུགས་པ་ཞིག་རེད་ལ།གཞུང་གི་ལས་ཀ་ཚང་མ་མི་དམངས་ཀྱི་ཆེད་རེད།འོན་ཀྱང།བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྔོན་གྱི་བཀའ་ཤག་གིས།སྔོན་མ་སྔོན་མའི་གཞུང་གི་འགྲོ་སྟངས་རྒྱུད་འཛིན་ཙམ་ལས་བོད་པའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་ཞུགས་ནས་འགྱུར་བ་གཏོང་ཐུབ་མེད་ཅིང་།འགྱུར་བ་གཏོང་དགོས་པའི་སྐུལ་ལྕག་དང་བསམ་ཚུལ་ཡང་བཙན་བྱོལ་བོད་མིའི་ཁྲོད་ནས་བཀའ་ཤག་ཏུ་བསླེབས་ཡང་ཐུབ་མེད།
དེ་ནས་མི་དམངས་ཀྱིས་ཐད་ཀར་བཀའ་ཁྲི་འདེམས་མགོ་བརྩམས་ཏེ།ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་ལ་ཕེབས།ཟམ་གདོང་རིན་པོ་ཆེ་ལ་སྔར་བཞིན་བཙན་བྱོལ་བོད་མི་དང་གྲོས་ཚོགས་ནས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་ཀ་བྱེད་སྟངས་ཐད་དགེ་སྐྱོན་གླེང་སྟེ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཅི་ཡང་མེད།ཡིན་ནའང་ཟམ་གདོང་རིན་པོ་ཆེའི་རྣམ་དཔྱོད་དང་ལོ་མང་རིང་བཙན་བྱོལ་བོད་མིའི་ཁྲོད་ཕྱག་ལས་གནང་བའི་ཉམས་མྱོང་བཅས་ཀྱིས།གནད་དོན་མང་པོ་མཐོང་གི་ཡོད་ལ་དེ་དག་སེམས་ཐག་ཆོད་པོས་གྲོས་ཚོགས་ནས་རྒྱབ་གཉེར་བཙལ་ཏེ་འགྱུར་བ་བཏང་།འགྱུར་བ་དེ་དག་ནི་བོད་མིའི་རྒྱང་རིང་གི་འཐབ་རྩོད་དང་ངོ་བོ་རྒྱུད་གནས་ཐུབ་ཐབས་ལ་དམིགས་ཡོད།
འདི་ལྟར་བལྟས་ཡོང་དུས།ང་ཚོའི་གཞུང་མང་བར་འབྲེལ་བ་ནི་མི་མང་གིས་གཞུང་སྟངས་འཛིན་བྱེད་ཐུབ་ཀྱི་མེད་དུས།མི་མང་རང་གིས་རང་ཉིད་ཀྱི་དགེ་སྐྱོན་དང་མདུན་ལམ་ལ་འགན་གང་ཡང་ཁུར་གྱི་ཐུབ་ཀྱི་མེད་པ་དེ་རེད།དེ་ལྟར་ཀྱང་ཟམ་གདོང་རིན་པོ་ཆེས་མར་མི་མང་ལ་འགན་ཆེན་པོ་ཞིག་ཁུར་ཏེ་ཕྱག་ལས་གནང་ཡོད།
གཉིས།
ངས་༢༠༡༡ལོའི་བཀའ་ཁྲིའི་འོས་མི་ཚོའི་གཏམ་བཤད་ལ་དོ་སྣང་བྱས།བཀའ་ཁྲིའི་འོས་མི་ཚང་མས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བགྲོ་གླེང་སྐབས་༧གོང་ས་མཆོག་གི་གསུང་བརྩི་རྒྱུ་ཡིན་ཟེར་ལ།ཟམ་གདོང་རིན་པོ་ཆེའི་ཕྱག་ལས་ལ་སྐྱོན་སྟོན།ཡིན་ནའང་ཁོང་ཚོ་རྡ་སར་བསླེབས་དུས་ཅུང་འགྱུར་བ་ཐེབས་ཡོད།དེས་ན་ང་ཚོས་༧གོང་ས་མཆོག་གི་དགོངས་གཞི་དང་ཟམ་གདོང་རིན་པོ་ཆེའི་ཕྱག་ལས་བར་མི་མཐུན་ས་ཞིག་མཐོང་ཨེ་ཐུབ།
ཁྱོད་ཡོངས་ནས་བོད་རྒྱ་ཞི་མོལ་དང་ཤེས་ཡོན་སྲིད་ཇུས།སོ་ནམ་ཞིང་ལས་སོགས་ཀྱི་ཐད་ཟམ་གདོང་རིན་པོ་ཆེའི་ཕྱག་ལས་དང་༧གོང་ས་མཆོག་དགོངས་གཞིའི་བར་འགལ་བ་མེད་པ་དེ་༧གོང་ས་མཆོག་གི་གསུང་བཤད་དག་ལས་ཤེས་ནུས་ལ།༧གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པ་ཡོད་རྒྱུ་མ་རེད།༧གོང་ས་མཆོག་གི་དགོངས་གཞི་དོན་ལ་འབབ་ས་གཅིག་ཏུ་འབབ་བཞིན་ཡོད་ནའང་།དངོས་སུ་ལག་ལེན་བསྟར་སྐབས་ཟམ་གདོང་རིན་པོ་ཆེས་ཐབས་ལམ་གསར་གཏོད་དང་འཆར་གཞི་དང་བང་རིམ་བསྒྲིགས་ཤིང་།ལྟ་གྲུབ་ཀྱི་རྒྱབ་རྟེན་ཡོད་པ་བཅས་ཀྱིས་སྲིད་ཇུས་ཁག་ལག་བསྟར་བྱས་འདུག
བཀའ་ཁྲིའི་འོས་མི་ཚོས་ཟམ་གདོང་རིན་པོ་ཆེའི་ཕྱག་ལས་ལ་སྐྱོན་སྟོན་པ་དག་ལ་ཞིབ་ཆ་ཅི་ཡང་མི་འདུག་ལ།ཤེས་ཡོན་སྲིད་ཇུས་ལ་མཚོན་ན་དེའི་ནང་དོན་ཡག་པོ་ཤེས་ཀྱི་ཡོད་མེད་ཀྱང་ཐེ་ཚོམ་རེད།ཚོད་ཚོད་ལ་ཅིག་བཤད་ནས་མ་བསྡད་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་དང་ཟམ་གདོང་རིན་པོ་ཆེས་གཏན་འབེབས་བྱས་པའི་སྲིད་ཇུས་དག་བསྡུར་ཏེ་དགེ་སྐྱོན་གླེང་ཐུབ་ན་ནི་བལྟ་ས་ཞིག་ཡོད་རྒྱུ་རེད།
གསུམ།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དཀའ་ངལ་མང་པོའི་འོག་ནས་བོད་མིའི་རྒྱང་རིང་གི་དོན་ལ་དམིགས་ཏེ་ཕྱག་ལས་གནང་ཡོད།དེའི་གྲུབ་འབྲས་ཀྱང་ད་ལྟ་རང་སྨིན་ཡོང་བ་དེ་འདྲ་མ་རེད།དེ་ལ་ངོས་འཛིན་ཐོབ་མཁན་ཡང་མི་རིགས་འདི་རང་སྐྱ་འཕེར་བར་གནས་ན་འདོད་མཁན་ཚོ་རེད།བཙན་བྱོལ་སྤྱི་ཚོགས་ཁྲོད་དེ་འདྲ་བསམ་བློ་ཡོད་མཁན་གྱི་མི་ག་ཚོད་ཡོད་དམ།
༢༠༡༡ལོའི་བཀའ་ཁྲིའི་འོས་མི་ཚོར་བལྟས་ན།མི་དམངས་ཀྱིས་ཐད་འདེམས་གནང་ན་ཡང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྔོན་གྱི་བཀའ་ཤག་གི་ལམ་དུ་འགྲོ་རྒྱུའམ་དེ་དང་ཉེ་བའི་ལམ་ཞིག་ལ་ཕྱོགས་འདུག་སྙམ།དེ་ཡིན་ན་དེའི་འགྲོ་སྟངས་ནི་འཕྲལ་གྱི་བཙན་བྱོལ་བོད་མི་ཚོའི་འགྲོ་ཐབས་འདུག་ཐབས་ཙམ་གྱི་ཆེད་དུ་ལས་ཀ་བྱེད་རྒྱུ་རེད་ལ།རང་ཉིད་ལ་གཏམ་ངན་བཤད་འདུག་མ་ཡོང་བ་གཙོ་འཛིན་བྱ་རྒྱུ་རེད་འདོད་ཅིང་།བོད་མིའི་རྒྱང་རིང་གི་ཆེད་དུ་ཕྱག་ལས་གང་ཡང་གནང་ཐུབ་ཀྱི་མ་རེད།དེ་འདྲའི་ཡག་མིན་བཙོག་མིན་གྱི་བཀའ་ཁྲི་ཞིག་གིས་ལོ་ལྔའམ་བཅུ་གང་རུང་ཞིག་བསྐྱེལ་རྒྱུ་རེད།
བཞི།
དམངས་གཙོའི་ལམ་སྲོལ་དུ་བཀའ་ཁྲི་མི་དམངས་ཀྱིས་ཐད་འདེམས་གོ་སྐབས་རེག་པ་དེ་ནི།དམངས་གཙོ་དང་རང་དབང་།འདྲ་མཉམ།རང་ཉིད་ཀྱི་རིན་ཐང་རང་གིས་དམ་འཛིན་བེད་སྤྱོད་གཏོང་ཐུབ་པའི་དམངས་གཙོའི་སྤྱི་དམངས་ཚད་ལྡན་ཞིག་ཡིན་ན་ནི་ཧ་ཅང་དགའ་འོས་པའི་བདེ་སྐྱིད་ཅིག་རེད།དེ་འདྲའི་བདེ་སྐྱིད་དེ་ནི་མི་དམངས་དཀྱུས་ཚོས་ངོས་འཛིན་ཐོབ་དཀའ།ཁོང་ཚོར་ཟ་རྒྱུ་དང་གོན་རྒྱུའི་བདེ་སྐྱིད་ཙམ་ལ་མགོ་འཁོར་ནས་བསྡད་ཡོད།
བཀའ་ཁྲི་མི་དམངས་ཀྱིས་ཐད་འདེམས་བྱེད་པའི་དམངས་གཙོའི་ཐོབ་ཐང་ཚད་མཐོན་པོ་དེ་བོད་མི་ཚོར་རེག་ཡོད་ཀྱང་།བོད་མི་ཚོ་ལམ་ཁ་དེའི་ནང་དག་དག་འགྲོ་ཐུབ་པའི་མཐུན་རྐྱེན་འཛོམས་མེད།དེར་བརྟེན་ལམ་ཁ་ཡག་པོ་ག་ཚོད་ཡོན་ནའང་ལམ་དུ་འགྲོ་མཁན་དེས་ལམ་དེའི་དགེ་མཚན་དང་འགན་འཁྲི།དེའི་རིན་ཐང་ལ་གོ་རྟོགས་ཀྱིས་འདང་གི་མེད་དུས།ང་ཚོའི་བྱེད་སྟངས་དེ་ནི་དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་དག་གི་འགྲོ་སྟངས་འདུག་སྟངས་ལ་ལད་ཟློས་ཙམ་ལས་དོན་དངོས་ཤིག་ཆགས་ཐུབ་ཀྱི་མེད།
ལྔ།
སུ་ཞིག་༢༠༡༡ལོའི་བཀའ་ཁྲི་ལ་ཡོང་རྒྱུ་རེད།ད་ལྟ་འགྲོ་བཞིན་པའི་འོས་མི་བློ་སེང་དང་བཀྲས་མཐོང་།རྒྱ་སྒྲོལ།སྤེན་ཚེ་བཞི་ལས་གཅིག་ཡིན་པ་ཤེས་ཐུབ།ཁོང་ཚོའི་ཆོལ་ཁའི་རྒྱབ་ལྗོངས་ལ་བལྟས་ན་དབུས་གཙང་མི་དམངས་བརྒྱ་ཆ་ངེས་ཅན་ཞིག་གིས་བཀྲས་མཐོང་ལ་འོས་བླུག་རྒྱུ་རེད་ལ།དེའི་ཁར་མདོ་སྨད་ནས་བརྒྱ་ཆ་ཆེས་ཉུང་ངུ་ཡོང་ངེས།བློ་སེང་དང་རྒྱ་སྒྲོལ་གཉིས་ལ་མདོ་སྟོད་མི་དམངས་ཀྱིས་གཙོ་བོ་འོས་བླུག་གི་རེད་ལ་ཁོང་གཉིས་ལ་མདོ་སྟོད་ནས་ཐོབ་པའི་འོས་གྲངས་འདྲ་བོ་ཡིན་པར་འདོད།དེའི་ཁར་ཁོང་གཉིས་ཆར་དབུས་གཙང་དང་མདོ་སྨད་གཉིས་ནས་འོས་ཆེས་ཉུང་ངུ་རེ་ཡོད་ངེས།སྤེན་ཚེ་ལ་མདོ་སྨད་ནས་གཙོ་བོ་འོས་བླུག་གི་རེད་ལ་དེའི་ཁར་དབུས་གཙང་ནས་འོས་གང་འཚམ་ཡོད་ངེས།མཐའ་མ་དེར་ཤེས་འཇོན་དང་ལྷག་བསམ་སོགས་ཅི་ཡང་མི་དགོས་ལ་ཆོལ་ཁའི་མི་འབོར་དང་ཞེན་ཁོག་ཁོ་ནས་ཐག་བཅད་དེ།བཀྲས་མཐོང་༢༠༡༡ལོའི་བཀའ་ཁྲིར་བསླེབ་རྒྱུ་རེད།ཁོང་ལ་ཐོབ་པའི་འོས་ཤོག་གི་བརྒྱ་ཆ་འདང་ཙམ་མ་གཏོགས་ཚད་མཐོན་པོ་བསླེབ་རྒྱུ་མ་རེད་འདོད།

རྩོམ་རིག

Post navigation

Previous Post: ཕྱི་ཤུན་མེད་པའི་ཚོར་བ།
Next Post: ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་དམིགས།

Comments (16) on “བོད་མི། བཀའ་ཁྲི། དམངས་གཙོ།”

  1. དར་ཀན་ཐཱ་ཇིའི། says:
    2010-09-12 at 2:54 pm

    ཁྱོད་རང་ལ་དཔེ་ལེན་ནས་མི་ལ་མ་བཤད་རོགས། བོད་མི་ཡོངས་རྫོགས་ཆོལ་ཁ་དང་ཆོས་རྒྱུད་ཀྱིས་མནར་བའི་ནད་པ་ཡིན་པར་ངོས་འཛིན་ཞུ་གི་མིན། མི་རིགས་རང་གི་མདུན་ལམ་ལ་བལྟ་ནས་འོས་བླུགས་ཀྱི་རེད། རང་རང་གི་སེམས་ན་བཀའ་ཁྲི་རེ་ཡོད་པ་རེད། དེ་རང་གི་ཆོལ་ཁ་དང་ཆོས་རྒྱུད་གཅིག་པ་ཡིན་དགོས་བསམ་མཁན་དཀོན་པོ་རེད། དཀྲོགས་གཏམ་མ་བཤད་རོགས། ཐམས་ཅད་གཡང་དུ་མཆོང་གི་མ་རེད། བོད་མི་རིགས་ལ་རེ་བ་ཡོད། མིག་ཡོད། ཀླད་པ་ཡོད།

  2. དར་ཀན་ཐཱ་ཇིའི། says:
    2010-09-12 at 2:58 pm

    ཁྱོད་ཀྱིས་བཤད་པའི་དོན་ཚན་ལྔ་པའི་ནང་གི་བཀའ་ཁྲི་སུ་ལ་ཐོབ་པའི་ཚོད་དཔག་བྱེད་སྟངས་དེ་ནོར་བ་རེད།

  3. སྲིད་པ་རྡོ་རྗེ་ says:
    2010-09-12 at 5:30 pm

    ད་ལན་འོས་ཤོག་འཐོར་ འགྲོ་རྒྱུ་་ཉག་གཅིག་རེད་ བཀའ་བློན་ཁྲི་པ་ལ་ལངས་མཁན་མང་པོ་རེད་ དེའི་ནང་ནས་འོས་མི་འདོན་མཁན་ཡང་མང་པོ་རེད་ ཉེ་འཆར་དབུས་གཙང་ཆོལ་ཁའི་འོས་མི་བཀའ་ཟུར་བཀྲིས་དབང་འདུད་ལགས་དང་ཆུ་བཞི་སྒང་ དྲུག་གི་བཏོན་པའི་བློ་བཟང་སྦྱིན་པ་ལགས་གཉིས་ཀྱང་ལངས་རྒྱུ་ཡིན་ཅེས་ཞལ་བཞེས་ གནང་ཡོད་ས་རེད་ དེ་གཉིས་དབར་ལ་ཁ་འཐོར་འགྲོ་རྒྱུ་ཉག་གཅིག་རེད་ གང་ཡིན་ཟེར་འོས་འཕེན་པ་མང་ཆེ་བས་ཆོལ་ཁའི་འོས་མི་ལ་བླུགས་ཀྱི་ཡོད་པ་རེད་གཞི་ སྒྲུབ་པ་དང་བག་ཆགས་ཡོད་པ་རེད་

    ཐུགས་ཕམ་པ་ཞིག་ལ་བློ་ བཟང་སེང་གེ་ཆོལ་ཁ་སུས་ཀྱང་བཏོན་པ་གོ་ས་མ་སོང་ འོན་ཀྱང་རྒྱབ་སྐྱོར་བ་གང་མཚམས་ཡོད་པ་འདྲ་ དེས་ཀྱང་འོས་ཤོག་ཁ་འཐོར་འགྲོ་བ་གཅིག་རེད་

    དེ་ནས་རྒྱ་རི་སྒྲོལ་མ་དང་སྤེན་པ་ཚེ་རིང་གཉིས་ལ་ཡང་བླུགས་མཁན་ཁ་ཤས་ཡོང་རྒྱུ་རེད་

    བསྟན་འཛིན་རྣམ་རྒྱལ་སྐད་གྲགས་ཆེ་ཡང་མིང་ཆད་ངན་པས་རྐྱེན་གྱིས་བླུགས་མཁན་ཉུང་ཤས་ལས་ཡོང་ས་མ་རེད་

    འདུག་སེ་བལྟས་ན་བཀྲིས་ དབང་འདུད་ལ་བླུགས་མཁན་ཤུགས་ཆེན་པོ་རེད་ ལོ་ན་རྒན་གྲས་མང་ཆེ་བས་ཁོང་ལ་ངར་ངར་ཤུགས་ཤུགས་ཀྱི་རྒྱབ་སྐྱོར་དང་སྐུལ་མ་ བྱེད་ཀྱི་འདུག་

    དེ་འདྲ་སོང་ཙང་འོས་ཤོག་བརྒྱ་ཆ་མང་མོས་ཐོབ་མཁན་རག་ཡོང་མི་ཡོང་ཐེ་ཚོམ་རེད་

    ཨ་མདོ་བ་ཚོས་རྔ་བ་ཚེ་ རྒྱམ་ལ་བླུགས་རྒྱུ་ཡིན་ཟེར་ སྟོད་པ་ཚོས་སྐལ་བཟང་སྒོ་དྲུག་པ་ལ་བླུགས་རྒྱུ་རེད་ ད་ག་རེ་ཆགས་ས་རེད་ འགྲོ་གྲོན་ཆེན་པོ་གཏོང་བའི་འོས་བསྡུ་ཐེངས་ཁ་ཤས་བྱེད་དགོས་ཆགས་ས་རེད་

    དོན་དམ་ཐོག་བཀའ་བློན་ ཁྲི་པ་སུ་གཅིག་སླེབས་ཀྱང་འགྱུར་བ་ཆེན་པོ་གང་ཡང་ཐོན་རྒྱུ་ཡོང་བཟོ་མི་འདུག་་ དེ་ལས་བརྟན་པ་བྱས་ནས་བཀའ་བློན་བཀྲིས་དབང་འདུད་ལ་བླུགས་ན་མང་མོས་ཨེ་ཐོབ་ གཅིག་བལྟ་ས་ཡོང་ས་རེད་ ང་རང་ངོས་ནས་ཁོང་ལ་བླུགས་རྒྱུ་བྱས་པ་ཡིན་ རྒྱལ་བ་རིན་པོ་དགུང་ན་བགྲེས་པའི་དུས་འདིར་ཟང་ང་ཟིང་ངེ་ཞེ་དྲག་མེད་ན་ཡག་ས་ རེད་ གང་བརྟན་བརྟན་བྱས་ན་ཁོང་གི་སྐུའི་གཟི་བྱིན་དེ་མུ་མཐུད་བོད་མི་རིགས་ལ་ཁྱབ་ རྒྱུ་རེད་ དེ་མིན་མི་རང་ཚུགས་མེད་པ་དང་ཉམས་མྱོང་མེད་མཁན་དེ་འདྲས་ག་རེ་བྱས་ཡོང་མི་ཡོང་ ཉེན་ཁ་ཆེན་པོ་རེད་ སོ་སོའི་མིང་དང་ཉེ་དུའི་འཚོ་བ་ལ་བལྟས་ནས་སྡོད་ས་རེད་

  4. ཟུར་མཁར་བ། says:
    2010-09-12 at 9:51 pm

    ཨ་ལ་ལ་ལ། སྲིད་པ་རྡོ་རྗེ་ཟེར་བ་འདིས་ཇི་འདྲའི་གླེན་བཤད་དང་ཚོད་དཔག་ནོར་འཁྲུལ་ཅན་བཤད་གི། ཤེས་ཚད་སྐྱོ་བ་ལ་སྐྱོ་ཚོད་མི་འདུག བཀྲིས་དབང་འདུས་དང་བློ་བཟང་སྦྱིན་པ་གཉིས་ལ་སུས་ཀྱང་འོས་བླུག་གི་མ་རེད། མཐའ་མའི་འགྲན་རྩོད་དེ་ཚོགས་གཙོ་སྤེན་པ་ཚེ་རིང་དང་། བློ་བཟང་སེང་གེ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གསུམ་གྱི་རྩོད་ཀྱི་རེད།

  5. སྲིད་པ་རྡོ་རྗེ་ says:
    2010-09-12 at 11:06 pm

    ཁག་མེད་ ཁྱེད་རང་གི་ཧ་གོ་གི་མ་རེད་ ལྟད་མོ་ལྟོས་ཨ་ སུ་ལ་ཐོབ་ཀྱི་འདུག་ མ་གཞི་ནས་ང་དྲ་བ་འདིར་བསམ་ཚུལ་འདོན་པ་མ་གཏོགས་ཁྱེད་རང་ནང་བཞིན་གླེན་རྟགས་སྟོན་དུ་སླེབས་མེད་ གླེན་པ་ཁྱེད་རང་གི་རྒྱུ་མཚན་ཡོད་ན་ཤོད་དང་ དེ་མིན་ཁྱེད་རང་གི་སྐད་ཆ་དེ་སྟོང་པ་རང་རེད་ ད་དུང་མི་ལ་གླེན་པ་ཟེར་ཀ་བྱས་

  6. dorjee says:
    2010-09-12 at 11:53 pm

    རེད་ཡྭ། བཀྲས་མཐོང་སླེབས་རྒྱུ་རེད། རྒས་ཁོག་ལོ་ལོན་ཞིག་སླེབས་རྒྱུ་རེད། ཁོའི་རྣམ་དཔྱོད་རྒས་ཡོད་པས་གསར་གཏོད་ཀྱི་ནུས་བ་མེད།

  7. ཆོས་དབྱིངས་སྒྲོལ་མ says:
    2010-09-13 at 12:06 am

    རྔ་གཡང་ཕྱུག་མོ་ལགས་ཁྱེད་རང་ཡང་ཏོག་ཙམ་དམངས་གཙོའི་ལམ་དུ་མགོ་བོ་འཁོར་ནས་རྨོངས་གཙོའི་ལམ་དུ་འགྲོ་མཁན་གྱི་གྲས་ཤིག་ཡིན་པ་ཤེས་སོང་ང་ཚོའི་འབྱུང་འགྱུར་བཀའ་ཁྲི་བོད་མི་དམངས་ཡོང་ལ་ཕན་པ་ཞིག་འོས་བླུགས་ཀྱི་རེ་མ་གཏོགས་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ཕྱོགས་ལྷུང་གིས་སུས་ཀྱང་འོས་བླུགས་ཀྱི་མ་རེད།
    ཁྱེད་ཀྱིས་ཚོད་དཔག་ཚང་མ་ནོར་འདུག་གང་ཡིན་ཟེར་ན་སོ་སོའི་ཡོད་པའི་ཆོས་ཁ་དང་ཆོས་རྒྱུད་ཀྱི་ཕྱོགས་རིས་དང་ཞེན་ཁོག་དེ་མི་དམངས་ཀྱི་མགོར་གཡོགས་ཏེ་སྐད་ཆ་བཤད་ན་ནི་འཚམས་པོ་རང་མི་འདུག།
    ངའི་རེ་བ་ལ་དང་པོ་ཁྱེད་ཀྱི་ཆོལ་ཁ་དང་ཆོས་རྒྱུད་ཀྱི་ནད་རྙིང་དེ་གསོལ་སྨན་ཡག་པོ་ཞིག་མཆོད་དང་དྲག་སྐྱེད་བྱུང་རྗེས་སྐད་ཆ་ཡག་པོ་ཞིག་བཤད་ཤེས་མི་ཡོང་ངམ།།

  8. jamgyal says:
    2010-09-13 at 5:14 am

    འོ་དེ་བདེན་པ་རེད་ མཐའ་མ་དེར་ཤེས་འཇོན་དང་ལྷག་བསམ་སོགས་ཅི་ཡང་མི་དགོས་ལ་ཆོལ་ཁའི་མི་འབོར་དང་ཞེན་ཁོག་ཁོ་ནས་ཐག་བཅད་དེ།བཀྲས་མཐོང་༢༠༡༡ལོའི་བཀའ་ཁྲིར་བསླེབ་རྒྱུ་རེད། དཔེ་བསགས་སོང་།
    ད་གཉིད་སྨན་ཤུགས་ཆེ་ཙམ་ཞིག་ཉོས་ནས་ གཉིད་ཁུག་ན་ཡག་ཤོས་རེད་ ལོ་ལྔ་ད་ལྟ་ནང་བཞིན་རང་འགྲོ་གི་རེད་ བོད་པ་ཚོར་བསོད་བདེ་མི་འདུག་། ངའི་བློ་སེང་ལ་བར་ཆད་མ་གཏང་ནམ་མཁའི་བླ་མ་དཀོན་མཆོག་།

  9. བཟོད་པ་ལྷ་རྩེ་ says:
    2010-09-13 at 8:14 am

    བློ་བཟང་སེངྒེ་ལགས་ཀྱི་བཀའ་མོས་ལ་དཔྱད་པ་ཞིག་བྱས་པ་ཡིན་ན་མགོ་འདྲེན་དང་ལྟ་སྒོ་ཡོད་མཁན་དག་ལ་མཁེ་བཟང་ཆེ་བཞིན་ཁེས་མེད་ཉམས་ཆུང་བའི་མི་མང་ནི་ག་རེ་བྱས་ཀྱང་བྱས་གསུང་གི་འདུག
    ཁོང་གི་བསྒྲུབ་བྱ་གསུམ་གསུང་ཡོད་པའི་དང་པོ་ནི་རབ་གསུམ་རབ་ལ་བྱུང་ན་ཆོལ་ཁ་གསུམ་ཆིག་སྒྲིལ་ལ་འབད་པ་བྱ་རྒྱུ་ཡིན་ཟེར་བ་བལྟ་བུ་ནི་རྟག་ཏུ་༧གོང་ས་མཆོག་གི་བཀའ་སློབ་འཕེབས་ལྟར་བོད་མི་རིགས་བརྒྱ་ཆ་དགུ་བཅུ་གོ་དགུའི་རྒྱབ་བསྐྱོར་ཐོབ་རེའི་དམིགས་ཡུལ་བཅངས་བ་ལས་ཁོང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དངོས་མིན་པ་གསལ་པོ་རེད།
    གཉིས་པ་ནི་ཁོང་གི་གསར་བཏོད་བཞེས་པ་དེ་ཡང་དེང་དུས་ཀྱི་གཞོན་ནུ་ཆབ་སྲིད་ཀྱི་ཁ་ཕྱོགས་བོར་བའི་གང་དྲན་ལག་ཏུ་ལེན་པ་མི་རིགས་དང་རིགས་གནས་མི་སེམས་པ་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་འཕེལ་དང་འཕེལ་བཞིན་པ་དེ་དག་གི་འདོད་བློར་བསྟུན་ནས་གསུང་པ་ལས་ཁོང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་མིན།
    གསུམ་པ་རང་མགོ་རང་ཐོན་ཞེས་པ་དེ་ནི་དངོས་གནས་ཁོང་གི་ལོ་མང་རིང་དཀའ་དཔྱད་འབད་པ་དུ་མས་བསགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ངོ་མ་དེ་ཡིན་གང་ལ་ཞེ་ན་ད་བར་མི་ལོ་དུ་མའི་རིང་ལངས་ཕྱོགས་འདི་བཟུང་ནས་ཨ་རིར་བཞུགས་པ་ནི་ཀུན་གྱི་མཁྱེན་གསལ་མ་རེད་པས། ཧཧ

  10. migmar dorjee says:
    2010-09-13 at 8:56 am

    རྩ་བའི་གནས་ལུགས་དོན་དང་ལྡན་པ་མང་པོ་གསུངས་འདུག རྒྱབ་སྐྱོར་ཡོད། འོན་ཀྱང་ཁོང་ཚོའི་ཆོལ་ཁའི་རྒྱབ་ལྗོངས་ལ་བལྟས་ན་དབུས་གཙང་མི་དམངས་བརྒྱ་ཆ་ངེས་ཅན་ཞིག་གིས་བཀྲས་མཐོང་ལ་འོས་བླུག་རྒྱུ་རེད་ལ། ཟེར་བར་མཐའ་གཅིག་ཏུ་འདོད་པ་མེད། གང་ལ་ཟེར་ན། དབུས་གཙང་མི་མང་རེ་གཉིས་ཡོད་ན་ལས་དེ་མིན་ཚོར་ཆོལ་ཁའི་ཞེན་ཁོག་གི་ན་ངན་དེ་མེད་པ་ཐག་གཅོད་པོས་ཞུ་ཐུབ། དེ་སྔོན་ཟམ་གདོང་རིན་པོ་ཆེར་དབུས་གཙང་མི་མང་ཕལ་ཆེ་བས་འོས་བླུགས་ཡོད། ང་ཡང་ཆོལ་ཁོངས་དབུས་གཙང་ཡིན་རུང་ཟམ་གདོང་རིན་ཆེ་བསྐྱར་དུ་བཞུགས་ཐུབ་ན་ཅི་མ་རུང་བསམ་མཁན་གྱི་གྲས་སུ་ཡོད། སྐབས་གསུམ་པའི་བཀའ་ཁྲི་ཡང་ཁོང་གི་ལས་འཇུག་སྐྱེལ་མཁན་ཞིག་ལ་འོས་ལྡུག་པ་ལས་ཆོལ་ཁའི་ཞེན་ཁོག་བྱ་རྩིས་མེད། བོད་མི་རིགས་དང་བོད་རྒྱལ་ཁབ་ལ་ཤ་ཚ་ཡོད་མཁན་ཡིན་ན་མི་མང་ཐེ་ཚོམ་དུ་འགྱུར་བའི་རིགས་མི་གསུང་བའི་རེ་བ་ཞུ་རྒྱུ་དང་། རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོས་ཀྱང་གཞན་ཟེར་ཁོ་ནར་མ་བསྟེན་པར་རང་རང་གི་རྣམ་དཔྱོད་རྩལ་དུ་བཏོན་ནས་དུས་བསྟུན་དང་་ཁ་ཡོད་ལག་ཡོད་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཐུབ་མཁན་གྱི་བཀའ་ཁྲི་ཞིག་ལ་འོས་ལྡུག་པའི་རེ་འདུན་ཡོད།

  11. migmar dorjee says:
    2010-09-13 at 9:15 am

    བློ་བཟང་སྦྱིན་པ་ལགས་ཀྱིས་ལས་རིགས་སྣ་ཚོགས་ཐོག་སྐུ་ལས་མང་པོ་བསྐྱོན་ཡོད། འོན་ཀྱང་བཀའ་ཁྲིའི་ཞབས་སྟེགས་ཀྱི་འོས་མང་པོ་འཐོབ་པའི་རེ་བ་མེད། ཁོང་མི་སྤོབས་པ་མཐོ་བོ་དང་གཞན་ལ་མཐོང་ཆུང་བྱེད་མཁན་ཞིག་རེད་ཟེར་མཁན་མང་། རང་ཉིད་ཀྱང་དེ་སྔོན་གནས་ཚུལ་གལ་ཆེན་ཞིག་ཞུ་བར་ཡིག་ཚང་དུ་བཅར་བ་ཡིན། གནད་དོན་ག་རེ་ཞུ་རྒྱུ་ཡོད་མེད་ལ་མ་ལྟོས་པར་མི་བབ་ལ་གཟིགས་ནས་ཁོང་རང་ལས་བྱེད་གཞན་ཚོའི་སར་ཁ་བརྡར་བྱེད་སར་སྐད་བཏང་བྱུང་། དེ་འདྲ་མི་མང་པོར་བྱུང་བའི་གནས་ཚུལ་འདུག བར་སྐབས་དངུལ་གྱི་སྐོར་ཉོག་བཟད་མང་ཙམ་འདུག་རུང་གསལ་པོ་མ་ཤེས།

  12. མེ་ཆ་། says:
    2010-09-13 at 9:44 am

    ཁ་སང་སྔོན་མ་ལྗག་ཞན་ཧ་ཡེ་ན་། མོ་ལགས་ཁ་ཤས་ཞིག་གི་རྒྱ་རི་སྒྲོལ་མ་ལགས་སུ་འོས་མི་ཕེན་ན་སུ་ལ་ཕེན་ཞེ་ངར་དང་ནོ་ད་མི་ཉན་གི

  13. མགོན་པོ་ཕྱག་གཉིས་པ། says:
    2010-09-13 at 10:33 am

    གོང་དུ་རེ་ཟུང་གིས་རང་རང་གི་ཆོལ་ཁ་གཅིག་པའི་མི་ཞིག་བཀའ་ཁྲིར་འདེམས་རྒྱུ་ཡིན་པ་ལྟ་བུ་ཞིག་བཤད་པ་དེ་བདེན་པ་ཡིན་རྒྱུ་མ་རེད་སྙམ། བོད་མི་མང་བརྒྱ་ཆ་མང་ཆེ་བས་རང་གི་སེམས་སུ་སུ་ཞིག་ཡག་པོར་མཐོང་བ་དེ་བདམ་རྒྱུ་རེད་འདོད། ཚོགས་སྒེར་སུ་རུང་ནས་བཀའ་ཁྲིའི་འོས་གཞི་ཚང་མའི་ལོ་རྒྱུས་འདྲ་མཉམ་གྱིས་སྤྱི་ཚོགས་ནང་འགྲེམས་མ་ཐུབ་ན་རེ་ཟུང་མགོ་སྐོར་འོག་མ་ཚུད་པའི་ངེས་པ་ཡོད་པ་མ་རེད།
    ད་བར་གྱི་གནས་ཚུལ་ལ་བལྟས་ཡོང་ན། མི་འདང་ས་གཙོ་བོ་དེ། བཀའ་ཁྲིའི་འོས་མི་རེ་རེ་བཞིན་དགེ་སྐྱོན་གཉིས་ཐད་ནས་དྲང་པོ་དྲང་རྐྱང་གིས་དཔྱད་ཞིབ་བྱེད་མཁན་ཉུང་བའི་ཁར། དྲ་འབུ་ཀླད་ཆུང་རེ་ཟུང་གིས་འོས་མི་རེའི་ཕྱོགས་བཟུང་བྱས་ནས་སྒྲོ་སྐུར་དང་བསྟོད་སྨད་ལྷུར་ལེན་བཞིན་པ་དེ་རེད། མི་དེ་རིགས་ཀྱིས་ཡི་གེ་ཞིག་འདྲི་ཤེས་པ་མ་གཏོགས་མི་མང་ཕལ་བ་ཞིག་གི་བསམ་བློའི་གོ་རྟོགས་ཀྱང་ཡོད་པ་མ་རེད་འདོད།
    ངས་རང་གི་ངོ་ཤེས་གྲོགས་པོ་ཚོར་བཀའ་ཁྲིར་སུ་འདེམས་འདོད་ཡོད་མེད་སྐོར་ཁ་བརྡ་བྱས་པ་ཡིན། དེའི་ནང་ཆོལ་ཁ་ཚང་མའི་མི་ཡོད། ཁོ་ཚོས་དགེ་སྐྱོན་གཉིས་ཐད་ནས་ལྟ་སྟངས་ཡག་པོ་དང་དྲང་པོར་མཐོང་སོང་།
    ངས་བཟའ་ཟླས་ཁྱེད་རང་གིས་ལབ་པ་དེ་འདེམས་གི་ཡིན་ཟེར། ངས་ང་རང་གིས་བསམ་བློ་བཏང་ནས་ཅིག་འདེམས་གི་ཡིན། ཡིན་ནའང། དེ་ཡག་ཤོས་ཡིན་པའི་ངེས་པ་ཡོད་མ་རེད། ཁྱེད་རང་གིས་རང་གི་བསམ་བློ་བཏང་ནས་ཅིག་འདེམས་ན་དེ་ཡག་པོ་ཡོད་པ་རེད། རྗེས་མ་འོས་གཞི་ངོ་མ་བཏོན་པའི་རྗེས། ངས་ཁྱེད་ལ་བཀའ་ཁྲིའི་འོས་གཞི་ཚང་མའི་ལོ་རྒྱུས་དབྱིན་ཡིག་ནང་སྟེར་དགོས་ཟེར་ནས་ལབ་ཡིན། མོས་
    འོ་ཁེ། འགྲིག་གི་རེད་ཟེར།

  14. རླངས་འདྲེ་བཀོལ། says:
    2010-09-13 at 1:42 pm

    བོད་མི་ས་ཡ་དྲུག་གི་བདེ་སྡུག་ལ་བསམ་བློ་བཏང་ནས་འོས་ཤོག་བླུགས་དགོས་རེད་མ་རྟོགས་
    ལུང་ཚན་དང་འཐེན་འཁྱེར་བྱེད་པའི་དུས་ཚོད་མ་རེད་
    དྲ་འབུ་ནད་པ་ཁ་ཤས་ཤིག་གི་ནད་ངན་དེ་མ་ཁྱབ་པར་ཤོག

  15. དྲི་རྟགས says:
    2010-09-13 at 1:45 pm

    རྣམ་དཔྱོད་བེད་སྤྱོད་བྱེད་རོགས་བཙན་བྱོལ་བ།

  16. ལ་སྟོད་བུ། says:
    2010-09-14 at 5:08 am

    བཀའ་བློན་དང་། མི་དམངས་དང་། དམངས་གཙོ་ལས་སོགས་ཀྱི་སྐོར་ལ་མང་པོ་ཞིག་གླེང་ཡོང་གི་འདུག
    དེ་ཚོའི་སྐོར་གླེང་ཡང་དགོས་ངེས་རེད། འོན་ཀྱང་དེ་དག་གླེང་བར་བྱ་བ་ལའང་ཚད་གཞི་ངེས་ཅན་ཞིག་ངེས་པར་དུ་ལྡན་དགོས་ངེས་རེད་དེ་ནི་གླེང་བར་བྱ་བའི་དུས་ཀྱི་ས་མཚམས་ཞེས་པ་དེ་རེད།
    ༧གོང་ས་༧་མཆོག་གིས་མི་དམངས་ལ་དམངས་གཙོ་ཆ་ཚང་བ་ཞིག་གམ་མཚན་ཉིད་ཚང་བའི་དམངས་གཙོ་་ཞིག་མ་གནང་བའམ་གསོལ་རས་མ་བསྩལ་བ་ཞིག་མ་ཡིན་པར་དེ་ཡི་ཚེ་དེ་ཡི་དུས་ཞེས་སྐབས་ལ་བབས་དང་མ་བབས་ཀྱིས་གནད་དོན་ཞིག་རེད།
    དམངས་གཙོ་ཆ་ཚང་བའམ་མཚན་ཉིད་ཚངས་བ་ཞིག་དགོས་ཀྱི་ཡོད་ན།
    རྒྱལ་ཁབ་བམ་ཡུལ་དེ་ཡི་སྲིད་འདིན་དང་ བཀའ་བློན་ སྤྱི་འཐུས་ དགེ་རྒན ་ཆོས་ལུགས་ཀྱི་དབུ་ཁྲིད་ལས་སོགས་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ལ་རང་གིས་བསམ་ཚུལ་དང་མ་མཐུན་ཚེ་རང་གི་བསམ་ཚུལ་ཤོད་ཕོད་པ་ཞིག་དང་བཤད་ཆོག་པ་ཞིག་ཡོད་དང་མེད་དང། བསམ་ཚུལ་བཤད་པར་མི་དམངས་ཀྱིས་ཀྱང་ལྟ་ལོག་དང་དམ་ཉམས་ཆོས་མེད་གཅིག་གཅིག་མིག་མིག་གི་ཕྱོགས་གཏོགས་རེད་ཅེས་པ་དང་གསོད་བཏུབ་ཅེས་པ་ལས་སོགས་ཀྱིས་འཇིགས་སྣང་བསྐུལ་བ་སོགས་མེད་པའི་དུས་སྐབས་ཤིག་ཤར་ཚེ་དེ་དུས་གཞི་ནས་དམངས་གཙོ་ཞེས་པ་དེ་མི་དམངས་ཀྱི་སེམས་ལ་ཡོད་པའི་རྟགས་མཚན་རེད་ལ་དམངས་གཙོ་མཚན་ཉིད་ཚང་བ་ཞིག་ལག་ཏུ་ལེན་པའི་རྟགས་མཚན་ཞིག་ཀྱང་རེད།
    དེ་འདྲ་ཞིག་མ་བྱུང་བའི་བར་དུ་དམངས་གཙོ་མཚན་ཉིད་ཚང་བ་ཞིག་ནམ་ཡང་ཡོང་མདོག་ཁ་བོ་མ་རེད་དྲན།
    དེ་ཡིན་དུས་སངས་རྒྱས་ཀྱི་གསུང་གི་ནང་དུའང་དེ་ཡི་ཚེ་དེ་ཡི་དུས་ཞེས་དུས་དང་སྐབས་ལ་སྦྱར་ཏེ་བཤད་པ་ཐམས་ཅད་ལའང་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་ང་ཚོས་ཤེས་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme