Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲུག་གསུམ་བཅོ་བརྒྱད།

Posted on 2010-09-112010-09-11 By དགེ་རབ་ 44 Comments on དྲུག་གསུམ་བཅོ་བརྒྱད།

རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་ཉི་ཧོང་པ་ཞིག་དང་འཕྲད། ང་ཚོས་གླེང་མོལ་བྱས། ཁོང་གི་བོད་སྐད་ནི་བོད་པ་རང་རེད། ངས་སྤྱིར་བཏང་གི་དྲི་བ་ཞིག་དྲིས་པ་ཡིན། དེང་སང་ཅ་ལག་ཐོན་གསར་མང་པོ་ཡོད་རེད། དེ་ཚོ་ཉི་ཧོང་གི་སྐད་དུ་བསྒྱུར་སྐབས། ཅ་ལག་གཅིག་ལ་མིང་སྣ་ཚོགས་ཆགས་ནས་དཀའ་ངལ་འཕྲད་ཀྱི་འདུག་གམ། ཡང་ན། ཁྱེད་ཚོ་ལ་གཞུང་གིས་གཏན་འབེབས་བྱས་པའི་སྐད་ཡིག་ཚོགས་པ་ཞིག་གིས་མིང་ཚིག་གསར་བཟོ་བྱེད་ཀྱི་ཡོད་པ་རེད། ཅེས་དྲིས། ཁོང་གིས་རྣམ་འགྱུར་ལྷོད་ལྷོད་ཅིག་གི་ངང་ནས། “དེ་འདྲ་ཁྱོན་ནས་མ་རེད། ང་ཚོ་ལ་ཆ་གཞག་ན། ཅ་ལག་གསར་པ་སོགས་ཐོན་སྐབས། ཚགས་པར་དེ་འདྲས་ངོ་སྤྲོད་ཀྱི་ཡི་གེ་བྲིས་ནས་མིང་བཏགས་ཡོང་གི་རེད། དེ་ཡང་ཚགས་པར་རེ་རེ་ནས་མིང་རེ་རེ་བྲིས་ཏེ་ཡོང་གི་རེད། རིམ་གྱིས་མི་མང་གིས་མིང་གང་བློ་ལ་འཇགས་བདེ་བ་དང་སྣང་བ་འགྲོ་བ་དེ་བེད་སྤྱོད་བྱས་ཡོང་གི་རེད། དེ་ནས་མིང་གཞན་རྣམས་རང་བཞིན་གྱིས་ཡལ་འགྲོ་གི་རེད་ལ། མི་མང་གིས་གང་འདམས་པ་དེ་མིང་གཏན་འཁེལ་འགྲོ་གི་རེད། དེ་འདྲ་ཡིན་ཙང་རྙོག་དྲ་ཡོད་མ་རེད།”ཅེས་གསུངས་བྱུང་། ཧ་ཧ། འདི་ན་གནད་འགག་ཅིག་འདུག་དྲན་སོང་། ང་ཚོ་ལ་གློག་ཀླད་ཅེས་པ་འདི་ཧ་ཅང་ཤུགས་ཆེ་བ་རེད་མོད། ད་དུང་ཡང་རྩིས་འཁོར་སོགས་བེད་སྤྱོད་བྱེད་མཁན་ཡོད་པ་རེད། ཀམ་པུ་ཊར་ཞེས་ཀྱང་མིང་བཏགས་ནས་བསྡད་པ་རེད། ད་དུང་གཅིག་གྱུར་གྱི་མིང་ཚིག་ཅིག་ཡོད་མ་རེད། ཐབས་ཤེས་སྣ་ཚོགས་བྱས་པ་རེད། ཚིག་མཛོད་དེ་འདྲ་ཡང་བཟོས་པ་རེད། དཔེར་ན། བོད་ནས་དེང་དུས་ཀྱི་འཕྲུལ་ཆས་དང་ཟས་སྣ་སོགས་ལ་མིང་བཏགས་ཏེ་སྐད་གསུམ་ཤན་སྦྱར་རི་མོ་དང་བཅས་པ་སྤུས་ལེགས་ཤིག་བཏོན་འདུག འོན་ཀྱང་བོད་མིང་དེ་ཚོ་སྤྱི་ཚོགས་ཐོག་བེད་སྤྱོད་བྱེད་པ་ནི་ཧ་ལམ་བརྒྱ་ཆ་གཅིག་གཉིས་ཤིག་མིན་འགྲོ གཞན་དེ་དག་གི་མིང་ཚིག་སྐམ་པོ་རང་རེད། དེ་བཞིན་མིང་ཚིག་གཏན་འབེབས་ཀྱི་དཔེ་དེབ་གཅིག་གཉིས་ཤིག་རྡ་རམ་ས་ལའི་ཤེས་རིག་ལས་ཁུངས་ནས་ཀྱང་བཏོན་པ་རེད། ཨེ་རེད། ད་འདི་ཡང་གོང་དང་གཅིག་མཚུངས་རེད། བརྒྱ་ཆ་ག་ཚོད་ཅིག་ང་ཚོའི་ཉིན་རེའི་བརྡ་སྤྲོད་ཀྱི་ནང་སླེབས་ཀྱི་ཡོད། ཉུང་ཉུང་ཞིག་ཡིན་པ་ནི་ཐག་གིས་ཆོད། ཨོ་ཙི། ད་དེ་འདྲ་ཡིན་ན། ག་རེ་བྱུང་པ་རེད། རྒྱུ་མཚན་གཅིག་རང་གཅིག་རང་འདུག དེ་ནི། ང་ཚོ་ལ་རང་ལ་དགོས་པའི་གནས་ཚུལ་རྣམས་ཚགས་པར་སོགས་ཡི་གེ་བྲིས་པ་དག་ལས་ལེན་པའི་གོམས་གཤིས་དེ་མེད་སོང་བ་རེད། ང་ཚོའི་གནས་ཚུལ་ལེན་པའི་གོམས་གཤིས་ནི་ད་དུང་ཡང་སྙན་ནས་སྙན་དུ་བརྒྱུད་པའི་གོམས་གཤིས་རང་རེད། ད་ མིང་ཚིག་གཅིག་གྱུར་མི་ཡོང་བ་འདི་ཡང་མཐར་གཏུགས་ན། “གོམས་གཤིས་”དེ་ལ་ཐུག་ཡོད་པ་འདྲ། གོམས་གཤིས་དེ་ཚོ་ བྱིས་པ་སྣབས་ལུག་དེ་དག་ནས་མགོ་བཙུགས་ཏེ་མ་ཡོང་ན་དཀའ་སེ་ཡིན་པ་འདྲ། ཨེ་རེད།
“ཁ་བཙུམས། ཀེ ཁ་བཙུམས། མི་དྲན་དགུ་དྲན། དྲུག་གསུམ་བཅོ་བརྒྱད་དྲན། ཁ་རོག་བསྡད་ན་ཡག་གི་རེད།”
“བོད་ཀྱི་སྐད་ཡིག་ཉམས་པ་སླར་གསོ། མི་ཉམས་གོང་འཕེལ་དུ་བཏང་ནས་གྲུབ་འབྲས་ཆེན་པོ་ཐོན་ཡོད་པ་རེད།”

རྩོམ་རིག

Post navigation

Previous Post: བདག་ལ་བཅོས་མིན་གྱི་བློ་རྩེ་གཏོད་པའི་སྔོན་གྱི་སློབ་བུ་མཁན་པོ་ཕུར་རྣམ་ལ་སྤྲིངས་པ་ཤར་རྒྱ་མཚོའི་སྤྲིང་ཡིག
Next Post: ཁྱིམ་ཚང་ཆེན་པོ་གཉིས་ཀྱི་བར་དུ་བཙིར་བའི་བློ་བཟང་སེང་གེ།

Comments (44) on “དྲུག་གསུམ་བཅོ་བརྒྱད།”

  1. མི་ནག་མདུང་ཐུང་། says:
    2010-09-11 at 12:46 pm

    ཅི་མ་བདེན། ཡིག་ཐོག་གི་ཐ་སྙད་གསར་པ་དེ་ཚོ་ཞིང་འབྲོག་མང་ཚོགས་ཀྱི་ལྕེ་ཐོག་ལ་དཔར་དགོས་དུས་ཁག་པོ་ལོས་ཡོད། ང་ཚོའི་མང་ཚོགས་ལ་མཚམས་རེར་ཞུ་བ་འདྲ་ཞིག་འཐེན། ཡང་ན་སྐྲག་སློང་བ་སོགས་བྱས་ན། ཐ་སྙད་རེ་གཉིས་ཤིག་ནི་ལྕེ་ཐོག་དེ་ཚོར་དཔར་ཐུབ། དཔེར་ན། སྔོན་ཞིག་ལ། པཎ་ཆེན་སྐུ་གོང་མས་གསུངས་པ་རེད་ཟེར་ནས། མེ་ཏོག་ཉི་དགའི་འབྲུ་གི་ཟ་རྒྱུ་དེ་དུས་སྐབས་གང་འཚམ་གྱི་རིང་ལ་མཚམས་འཇོག་བྱས་པ་ལྟ་བུ་བྱུང་བ་རེད། བླ་སྤྲུལ་ཚོ་བརྒྱུད་ལམ་འདྲ་ཞིག་བྱས་ནས་ཤུགས་རྒྱག་རྒྱུ་ན་རེ་བ་ཏོག་ཙམ་ཡོད་འགྲོ་སྟེ། དེ་ཚོའི་མང་ཆེ་བ་ནི་འགྲོ་དོན་རྒྱབ་ལ་བཞག་ནས། སྒོར་མོའི་དོན་ལ་མ་ཁོམ་ནས་བསྡད་ཡོད་པ་རེད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་བོའི་ནུས་ཤུགས་བཏོན་ནས་ཚིག་མཛོད་བཀྲམས་པ་དེ་ཧ་ལས་པའི་ཡག་པོ་རེད། ཡི་གེ་ཤེས་མཁན་ཚོས་ཀློག་གིན་ཡོད་ཡོད་ཡོད་རེད། ད་ཡིག་རྨོངས་པ་ཚོ་ང་ཚོའི་སྤྱི་ཚོགས་ཀྱི་རྒྱ་ཁ་མཐོ་ཤོས་ཡིན་སྟབས། དེ་ཚོའི་ནང་ཁྱབ་བརྡལ་གྱི་ཐབས་ཤེས་རེ་གལ་ཆེན་བར་འདུག་སྙམ། དགེ་རབ་ལགས་ཀྱིས་ང་ཚོར་མིག་ལྟོས་བྱེད་གཞི་ཡག་པོ་ཞིག་གླེང་བསླངས་འདུག ཐུགས་རྗེ་ཆེ།

  2. མི་རྐང་གླིང་བུ། says:
    2010-09-11 at 3:13 pm

    བོད་ནང་དུ་སྐད་གསུམ་ཤན་སྦྱར་གྱི་སློབ་དེབ་དེ་མདོ་དབུས་ཁམས་གསུམ་གང་སར་ཁྱབ་བདལ་ཅུང་ཞིག་འགྲོ་གི་ཡོད་འདུག བོད་ནང་དུ་གཉེན་ཉེ་སོགས་ལ་སྐད་ཆ་གླེང་མོལ་སྐབས་སུ་ཐ་སྙད་གསར་པ་དེ་དག་བེད་སྤྱོད་བྱེད་ཡོང་གི་འདུག ང་ཚོས་ཀྱང་འདི་ནས་སྐད་གསུམ་ཤན་སྦྱར་གྱི་དེབ་དེ་ཉིད་གཞིར་བཟུང་ནས་ཚགས་པར་དང་དྲ་ངོས་སུ་མིང་ཚིག་གསར་པ་དེ་དག་འགོད་ཐབས་བྱས་ན་ཐ་སྙད་གསར་པ་གཏན་འབེབས་དང་། གཞིས་བྱེས་གཉིས་ཀྱི་བར་དུ་ཐ་སྙད་གསར་པ་གཅིག་གྱུར་ཡོང་བ་ལའང་ཕན་ཐོག་ངེས་ཅན་རེ་ཡོང་བ་འདྲ།
    དེ་ལས་གཞན་ང་ཚོས་ཀྱང་བོད་ནང་གི་མཁས་པ་དག་གིས་དཀའ་ལས་མང་པོས་རྒྱབ་ནས་གསར་སྒྲིག་བྱས་པ་དེ་དག་སྣང་མེད་དུ་བཏང་ནས་ང་ཚོའི་ངོས་ནས་གསར་པ་གསར་རྐྱང་ཞིག་བཟོས་ནའང་དེས་མ་འོངས་པར་སྐད་ཡིག་འདིའི་ལས་དབང་ལ་ཕན་གནོད་ཅི་འབྱུང་ཆ་མ་འཚལ་ལོ།
    གཙོ་བོ་ཉི་ཧོང་པ་རྣམས་ལྟར་གསར་ཤོག་དང་དྲ་རྒྱ་འི་ངོས་སུ་ཐ་སྙད་གསར་པ་དེ་འགོད་ཐབས་དང་དེ་ཡང་བོད་ཕྱི་ནང་ཕན་ཚུན་རྒྱུན་ལོན་གྱིས་གཅིག་གྱུར་ཡོང་བ་ལ་འབད་དགོས་པ་འདྲ།

  3. ཀླུ་སྨྱོན། says:
    2010-09-11 at 3:57 pm

    ལས་ངན་ཚོ་རེ་ཆེ་སར་དེ་ལྟར་དུ་ལོས་ཡིན། །
    ཆུང་ས་རང་གི་འདོམ་ལ་མིག་གདངས་ནས་ལྟོས་དང་། །
    ཕོ་མཚན་ཟེར་ན་ཡིག་རྨོངས་མང་ཚོགས་ཀྱིས་མི་ཤེས། །
    མཇེ་དང་འབུ་ལུ་ཟེར་ན་གྲོང་ཚིག་ཏུ་འགྱུར་འགྲོ །
    རླིག་པ་ཆོལ་ཁ་གསུམ་གྱི་སྤྱི་སྐད་དུ་གྲགས་ཀྱང་། །
    དེ་ཡང་གནའ་བོའི་རྩོམ་ཡིག་ཁྲོད་ནས་ནི་མི་རྙེད། །
    སྟུ་གཉའ་སོགས་ཀྱང་དེ་བཞིན་མུན་ཁྲོད་ཀྱི་མིང་ཚིག །
    ཐ་སྙད་གཅིག་གྱུར་ཟེར་བའི་སྐད་པོ་ཆེ་འདི་ནི། །
    ཐོག་མར་མི་བུ་རང་གི་བརླ་བར་ནས་མགོ་རྩོམས། །

  4. Gedun says:
    2010-09-11 at 5:12 pm

    ཨོ་ཨོ། ཨ་ཁུ་ཀླུ་སྨྱོན་ཚང་འདི་ཁེར་རྐྱང་དུ་བཞུགས་ཡུན་རིང་དྲགས་པ་འདྲ། ཚིག་འདི་འདྲ་ང་ཚོས་”སྨྲ་བརྗོད་རང་དབང་”གི་མིང་སྤྱད་ནས་བེད་སྤྱོད་བྱེད་རྐྱང་ཞིག་མི་འདུག ཁ་བརྡ་དྲ་ཤོག་འདི་ནང་མི་འཛོམས་སར་ཀློག་མཁན་ཚོར་དཀའ་ངལ་ཞིག་མི་ཡོང་ངམ་དྲན། ཉེ་སྔོན་བཤང་ཚོང་གི་རྩོམ་ཡིག་པར་དང་བཅས་པ་ཅན་ཞིག་ཏུ། བུ་མོ་དམར་ཧྲེང་མ་ཞིག་འདུག་པ་དེ་ངའི་བུ་མོའི་མདུན་ནས་ལྟ་ཤོར་སོང་། མཛུབ་མོ་མགྱོགས་པོར་བསྐྱོད་ནས་བཀག་པ་ཡིན། རང་སྟེང་འཁེལ་སྐབས་དཀའ་སེ་ཞིག་འདུག འདི་གསལ་བཤད་ཐུང་ངུ་ཞིག་གམ་རེ་སྐུལ་གྱི་གསོལ་འདེབས་ཆུང་ངུ་ཞིག་ཡིན་ལགས།

    དེ་ནས། ངས་རྩ་དོན་ལྟ་བུའི་གླེང་མོལ་ནི། བོད་མིའི་གཤིས་ཀ་ཞིག་ཨེ་ཤོད་བལྟས་པ་ཡིན་མོད། མ་ཤོད་པ་འདྲ། སྔོན་མ་ཞིག་ལ་ “ལྷམ་བཅུ་དགུ་བ་དང་གོམས་གཤིས་”ཞེས་པའི་རྩོམ་ཞིག་ཀྱང་བྲིས་མྱོང་། དེ་ནི་འབྲེལ་ཐག་འདི་ན་ཡོད། http://www.khabdha.org/?p=2634
    ང་ཚོ་ལ་ཟ་ཁང་དགོས་པའམ། སྡོད་ས་དགོས་པའམ། ཅ་ལག་ཅིག་བསྐུར་དགོས་པའམ་ཡང་ཉོ་དགོས་པ་སོགས་ཉིན་རེའི་ལས་དོན་ཞིག་སྒྲུབ་ལ་འཁེལ་དུས། ཡིག་ཐོག་ན་ཡོད་པའི་རྒྱུ་ཆ་དག་བེད་སྤྱོད་མི་བྱེད་པར། གྲོགས་པོའམ་མི་ལ་དྲིས་ནས་དེས་བཤད་པའི་སྐད་ཆ་ལ་ཡིད་ཆེས་བྱེད་པའམ་དེ་ལ་བརྟེན་ནས་རང་དོན་དེ་སྒྲུབ་པའི་གཤིས་ཀ་ཞིག་ཡོད་པ་རེད། དེའི་ཁུངས་འདྲ་བོ་དེ། “བོད་ཚིག་ཐོག རྒྱ་ཡིག་ཐོག་”ཅེས་པའི་གཏམ་ལས་ཀྱང་ཤེས་ཡོང་། ཡི་གེ་ལ་བརྟེན་ནས་འདོད་དོན་སྒྲུབ་པའི་གཤིས་ཀ་ཞིག་ཡོད་ན། ཉི་འོད་ཀྱི་ཐབ་ཅིག་ཉོ་ན་ཡང་། “ཉི་འོད་ཀྱི་ཐབ་”ཅེས་པའི་མིང་ཚིག་འབྲི་ཀློག་བརྒྱུད་ཀྱི་རེད། དེ་བས་ཚིག་དེ་དག་བེད་སྤྱོད་བྱེད་ཀྱི་རེད། བརྒྱུད་རིམ་དེ་ནས་ཚིག་གསར་པ་དེ་སྤྱི་ཁྱབ་ཅིག་ཆགས་གི་རེད། དེ་མིན། “ཞུན་མེ་”ལ་ “ཀླུ་རྒྱལ་འབུམ་”དུ་འབོད་པ་ལྟ་བུའི་རང་བཞིན་དུ་གནས་རྒྱུ་ཡིན་པ་རེད། དེ་ཙམ་ཞིག་ཡིན་ནོ།།

  5. ཀླུ་སྨྱོན། says:
    2010-09-11 at 7:28 pm

    དགེ་རབ་ལགས་ནས་གྲོགས་ངོར་བལྟས་པའམ་ཡང་ན་གོང་གི་འ་འབུ་ཞབས་ཀྱུ་འབུ་དང་ག་གཉའ་འ་བཞག་གཉའ་སོགས་ངའི་ཚིག་དམར་པོ་དེ་ཚོ་འཇིགས་དྲགས་པས་གང་ལྟར་ད་དུང་དྲ་ངོས་སུ་བཞག་གནང་མཛད་འདུག་པར་ཐུགས་རྗེ་ཞུ་བ་དང་ཆབས་ཅིག ཉི་འོད་ཀྱི་ཐབ་ཀ་ཞེས་པ་འདིར་ཨ་ཁུ་འབྲོག་པ་ཚོ་ལེ་ལོ་ཆེ་དྲགས་པའམ་རིགས་པ་སྤྱང་དྲགས་པས་”འོད་”དང་”ཀྱི་”གཉིས་བསྡུས་ཏེ་”ཉི་ཐབ་”ཅེས་འབོད་བཞིན་འདུག་ལ། ད་དུང་ཉི་འོད་ཀྱི་གློག་ལ་ཡང་”ཉི་གློག་”ཅེས་འབོད་བཞིན་འདུག ཉི་ཐབ་དང་ཉི་གློག་ཅེས་ཐོག་མར་འབོད་མཁན་མཚོ་སྔོན་རླུང་འཕྲིན་ཁང་གི་སློབ་གྲྭ་ཆེན་མོ་བ་དེ་དག་ཡིན་ནམ་ལྷིང་འཇགས་རྩྭ་ཐང་གི་ཨ་ཁུ་འབྲོག་པ་ཚོ་སུ་ཡིན་ད་དུང་རྩད་གཅོད་ཅིག་གཏོང་ན་འདོད།

  6. ཀླུ་སྨྱོན། says:
    2010-09-11 at 7:40 pm

    ད་དུང་འོ་བསྲུབ་འཕྲུལ་འཁོར་ལ་འབྲོག་པ་ཚོས་”འོ་འཁོར་”ཡིན་ན་ཅིག་ཟེར་གི ཐ་སྙད་གསར་རྩོམ་དང་པོ་བྱེད་མཁན་དག་མཁས་པ་ཚོ་ཡིན་དུ་ཆུགས་ཀྱང་། འཚོ་བའི་བཀོལ་སྤྱོད་ཁྲོད་ནས་ཨ་ཁུ་འབྲོག་པ་དང་ཞིང་པ་ཚོས་ཐ་སྙད་རེ་རེ་བཞིན་སྙིང་རྗེ་བོ་དང་དོན་འདུས་པ་ཞིག་ཏུ་བསྡུ་ཐུབ།

  7. ཇོ་མོ་གླང་མ says:
    2010-09-11 at 11:54 pm

    ྐཀླུ་སྨྱོན་ལགས།༼རླིག་པ་ཆོལ་ཁ་གསུམ་གྱི་སྤྱི་སྐད་དུ་གྲགས་ཀྱང་།༽རླིག་པ་ཞེས་པ་ཚིག་དེ་ཆོལ་གསུམ་གྱིས་བེད་སྤྱོད་གཏོང་གིན་ཡོད་མོད།འཇུག་ཡུལ་ལམ་གྷགོ་ས་མི་འདྲ་བ་དེ་ཨ་མདོ་བའི་བཤད་པས་མཇེ་ཞེས་བའི་འཇུག་ཡུལ་ལ་དབུས་གཙང་བས་མགོ་རྟིང་ལོག་སྟེ་རླིག་པ་གོ་ཡི་འདུག་ཨ་མདོ་བའི་རླིག་པ་ཞེས་པའི་འཇུག་ཡུལ་ལ་དབུས་གཙང་བས་སྒོང་རྡོག་ཅེས་བརྗོད་ཀྱིན་འདུག་ཁམས་པ་དང་ཨ་མདོ་བས་གོ་ས་གཅིག་མཚུངས་རེད།

  8. ཀརྡོ་རབ་འབྱམས་པ་ says:
    2010-09-12 at 9:01 am

    རླིག་པ་དང་རླིག་རིལ་༼སྒོང་རྡོག་༽ཞེས་མིང་སོ་སོར་ཡོད།

  9. གངས་སྐྱེས་རྡོ་རྗེ says:
    2010-09-12 at 11:18 am

    །གཏམ་འདི་མི་འདི་ཡི་གྲལ་མཐའ་ནས།
    །ཚིག་འདི་མི་འདི་ཞིག་རྗོད་འདོད་ཀྱང་།
    །ངོའི་སྐྱུ་མོ་སྲབ་ནས་མ་བཟོད་པས།
    །སྨད་གཏམ་གྱི་འབྱུང་གནས་ཀླུ་ལ་བཤགས།

  10. གངས་སྐྱེས་རྡོ་རྗེ says:
    2010-09-12 at 11:43 am

    །མང་མང་མིང་གི་རྣམ་དབྱེ་འབྱེད་པ་ལ།
    །གླེང་སྟེགས་འདི་རུ་རབ་འབྱམས་སྨྲ་བ་མཆོག
    །ཕྱོགས་ལས་རྣམ་པར་རྒྱལ་བའི་འོག་སྨྲ་བ།
    །དགེ་སྦྱོང་ཁོང་ནི་དེང་རྟྩེའི་ཡང་རྟྩེར་ངེས།

  11. བོང་རྫི says:
    2010-09-13 at 4:16 am

    ངས་བཤད་འདོད་པའི་ཚིག་འགའ་ཤས་ཡོད་།དེ་དག་མི་ཚང་མས་ཅི་སྙམ་པར་རྒྱ་ཁྱབ་དུ་བཀོལ་བཞིན་འདུག་།ད་བར་ཏུ་བོད་ཡིག་གི་ལམ་ནས་ཚིག་འདི་དག་ལ་འབྲེལ་བ་རྒྱབ་ཡོད་པ་ཞིག་ད་བར་མཐོང་མ་བྱང་།
    སྤྱི་ཚོགས་།
    སྲོལ་རྒྱུན་།
    ས་ཞིང་།༼དེ་འདྲ་བཀོལ་སྟངས་ཞིག་སྔོན་ཆད་ཡོད་དམ་༽ས་དང་ཞིང་ཐ་དད་མ་རེད་དམ་།
    རང་བྱུང་།
    འཕེལ་རྒྱས་།་༼འབྲུ་རྣམས་རྒྱས་ཞིང་ཆོས་འཕེལ་དང་ཟེར་བ་ཤིག་ཡིན་ནའང་དེ་གཉིས་མཉམ་དུ་བཀོལ་བ་དུས་ག་དུས་ཤིག་ལ་བྱུང་བ་ཡིན་ནམ་༽
    རྩོམ་རིག་སྒྱུ་རྩལ།
    ཀླད་པ་མི་དྭངས་པ།
    རྒྱབ་ལྗོངས།
    རླབས་རྒྱུན་།

    འདི་ཚང་མ་རྒྱ་ཡིག་ནས་བྱུང་བ་རེད་།ཏ་ལྟ་འདི་སུས་བོད་ཀྱི་ཐ་སྙད་རྣལ་མ་ཞིག་མ་རེད་ཟེར་ཕོད་དམ་།
    ཚིག་རེ་རེ་ལ་འགྲེལ་བ་རེ་རྒྱོབ་དང་།གནས་ཚུལ་མང་པོ་ཤིག་གསལ་བོ་འགྲོ་རྒྱུ་རེད་བསམ་ཀིན་འདུག་།

  12. བོང་རྫི says:
    2010-09-13 at 6:23 am

    དུ་དུང་།
    བརྩམས་ཆོས་།
    བརྩམས་སྒྲུང་།
    སེམས་ཀྱི་རྒྱུ་ཕྱོགས།
    ཕྱོགས་བསྒྲིགས།༼ཕྱོགས་ལ་བསྒྲིགས་རྒྱུ་ཤིག་ཡོད་དམ་།སྔོན་གྱི་མཁས་བའི་གསུང་དག་ན་ཚིག་འདི་འདུག་གམ་༽
    བསམ་བློ་གོ་རྟོགས་སེལ།
    ལོ་རྒྱུས་ཁྲོད།
    མྱ་ངན་དུས་དྲན་།
    རླབས་ཆེ་བའི་དཔའ་བོ།
    འཚོ་བཞུགས།

    འདི་ཐམས་ཅད་བོད་སྐད་རྣལ་མ་རེད་དམ་།
    གོ་བ་ག་རེ་ལེན་དགོས་ནི་རེད་།
    གོང་གི་ཚིག་དེ་ཐམས་ཅད་།བསྟན་བཅོས་གཅིག་གི་ནང་བྱུང་བ་ཤིག་རེད་།
    ད་དུང་དེ་འདྲ་ཤིན་ཏུ་ནས་།མང་པོ་ཡོད་།ང་ལ་སྔོན་མ་ཤིག་ལ།ཚིག་འདི་དག་མཉམ་ཏུ་སྡེབ་པའི་ཚིག་མཛོད་ཆུང་ཆུང་ཤིག་ཡོད་མོད་།ཡིན་ནའང་གློག་ཀླད་ལ་ན་ཚ་འཕར་ཏེ་།མཇའ་ལྟར་ཡལ་བར་གྱུར་།

  13. ཆོས་དབྱིངས་སྒྲོལ་མ says:
    2010-09-13 at 7:36 am

    འོད་སྟོང་འབར་བ ཀྱག་ཀྱོག སྤྱི་ཚོགས་ཚན་རིག ཚགས་པར ཐབས་བརྒྱ་ཇུས་སྟོང་ མདུན་ལྗོངས
    དེང་རབས འཚོ་གནས་སྨྲ་བ སོགས་རྒྱ་ཚིག་རེད་དམ།

  14. བོང་རྫི says:
    2010-09-13 at 8:30 am

    རྩ་དོན་།
    བརྡ་སྦྱོར།
    སེམས་ཁོང་གི།
    འདི་རྣམས་ཡང་གང་ནས་བྱུང་བ་རེད་དམ་།
    འོག་གི་མིང་རྣམས་ནི་གང་ནས་འོང་བ་གསལ་བོ་རེད་།
    ཏང་དྲིན་ཡར་འཕེལ་དང་།གུང་ཁྲན་སྐྱིད་།བཅུ་བའི་དཔའ་མོ་།གསར་བརྗེ་རྒྱལ་།
    ཡིན་ནའང་ཁོང་རྣམས་ཀྱིས་ད་ལྟ་བཀོལ་གང་སར་བཞིན་པའི་”མི་བུ”་ཟེར་བ་འདི་།
    ཚིག་འདི་གོ་བ་ཅི་ལྟར་ལེན་དགོས་བ་རེད་དམ་།མིའི་བུ་་ཟེར་བ་བུ་མོ་རྣམས་་ཟུར་ཏུ་བཏོན་པ་འདྲ་བ་ཞིག་དང་།ཡང་ན་མིའམ་བུ་ཟེར་ན་བུ་ཟེར་བ་དེ་མི་མ་ཡིན་པ་འདྲ་བ་ཞིག་ཏུ་མཐོང་།དེ་ལྟར་གོ་བ་ལེན་དགོས་སམ་།

  15. ཆོས་དབྱིངས་སྒྲོལ་མ says:
    2010-09-13 at 9:31 am

    དམངས་རིགས
    གདོལ་རིགས
    རྒྱ་རིགས
    རྗེ་རིགསཤཱཀྱའི་རིགས་དེ་ནང་དུ་ཤཱཀྱའི་རིགས་མཆོག་ཏུ་རྩིས་
    མགར་བའི་རིགས
    ཤིང་བཟོའི་རིགས
    ཤན་པའི་རིགས་སྡུག་ཏུ་རྩིས་པའི་འབྱུང་ཁུངས་གང་ཡིན་ནམ།
    རིགས་མཐོ་དམའ་དང་བཟང་ངན་གྱི་དབྱེ་བ་དེ་སུས་འབྱེད་པ་རེད་དམ།

  16. ཆོས་དབྱིངས་སྒྲོལ་མ says:
    2010-09-13 at 9:39 am

    གཞན་ཡང་ཤཱཀྱའི་རིགས་ཀྱི་ནང་དུ་སྤུན་མཆེད་ནང་ལོག་ནས་གཉེན་སྒྲིག་བྱེད་ཆོག་པ་ནང་བཞིན་བྷབོད་པའི་ས་ཁུལ་ཁ་ཤས་ཤིག་ནའང་དེ་འདྲའི་ལུགས་སྲོལ་འདུག།
    ལུགས་སྲོལ་དེའི་འབྱུང་ཁུངས་གང་ཡིན་ནམ།།

  17. བོང་རྫི says:
    2010-09-13 at 10:18 am

    མ་རྩ་རིང་ལུགས་།
    སྤྱི་ཚོགས་རིང་ལུགས་།
    གུང་ཁྲན་རིང་ལུགས།
    གསར་བ་།
    རྙིང་བ་།
    ཕྱག་བདག་།
    དབུལ་བོ།
    ཞིང་འབྲིང་།
    ཞིང་དབུལ་།
    གྲལ་རིམ་།
    འཐབ་རྩོད་།
    སྙིང་སྟོབས་།
    གསར་བརྗེ།
    གསར་བརྗེ་མེ་འདའི་ཁ་ནས་ཡོང་།
    གསར་བརྗེའི་དོན་དུ་རང་སྲོག་བློས་གཏོང་བ།
    གསར་བརྗེའི་དོན་དུ་གཉེན་སྒྲིག་པ་།
    གསར་བརྗེའི་དོན་དུ་ཕ་མ་གསོད་པ་།
    ཏུང་ཚོ་རིས་།
    ཝང་ཅི་ཀང་།
    ལེའུ་ཧྥུན་།

    ད་དུང་དགོས་སམ་།

  18. བོང་རྫི says:
    2010-09-13 at 10:31 am

    ད་དུང་།
    ཡར་ལངས་།
    ཞིང་བྲན།
    སྐུ་དྲག་།
    མི་དྲག་།

    བུད་མེད་ཀྱི་སྐོར་ནས་བཤད་ན་།
    འཆར་ལྡན་བུ་སྐྱེ་།
    སྐྱེ་སྒོ་གཅོད་པ་།
    མི་གྲངས་ཚོད་འཛིན་།
    ཧྥུ་ལན་ཀྲུའུ་རིན་།
    གཉེན་སྒྲིག་དཔང་རྟགས་།
    བཟའ་འཐོར་དཔང་རྟགས་།
    བུ་སྐྱེ་དཔང་རྟགས་།
    མེ་ཏོག་ལེན་པ།
    བུ་མོའི་སྤྱོད་ཁང་།
    བུ་མོའི་ཉལ་ཁང་།
    བུ་མོའི་བདེ་སྲུང་ཁང་།

    ད་དུང་དགོས་སམ་།

  19. ཆོས་དབྱིངས་སྒྲོལ་མ says:
    2010-09-13 at 10:32 am

    ཕ་དང་མ་གསད་བྱ་ཡིན།
    བུད་མེད་རྣམས་སྦང་བྱ་ཡིན།
    ཤམ་བྷ་ལ
    ལྷ་ཡུལ
    སངས་རྒྱས་ཀྱི་གོ་འཕང
    ཐར་བ་དང་ཐམས་ཅད་མཁྱེན་པ
    འཁོར་བ་ལ་ཉེས་དམིགས་སུ་ལྟ་བ
    འཁོར་བ་ལ་ཞེན་པ་ལོག་པ
    དུས་གསུམ་སྦང་བ
    རྫུ་འཕྲུལ་
    འཁོར་བའི་འཆིང་ཐག
    གཞན་དོན་ཁོ་ན
    སེམས་སྐྱེད
    ཁམས་གོང་མ
    དགྲ་བཅོམ་པ་ཐོབ་པ
    བྱང་སེམས་འཕགས་པ
    སྙིང་རྗེ་ཆེན་པོ
    བཅོས་མིན་ངེས་འབྱུང
    འགྲོ་བ་རིགས་དྲུག
    ངན་སོང་
    དམྱལ་བ་
    ད་འགྲིགས་སོང་ངམ།།

  20. བོང་རྫི says:
    2010-09-13 at 10:42 am

    ད་དངོས་གནས་སྐྱིད་པོ་འདུག་།
    དེ་ནས་མུ་འཐུད་དུ་དྲོངས་དང་།

    ལྷག་པར་ཏུ་”གཞན་དོན་ཁོ་ན”་ཟེར་བ་སོགས་ཕྲིས་དང་།དེ་ནས་ཁྱོད་ལ་ལན་ཞིག་འདེབས་དགོས་སམ་།

    གདོད་མའི་སྤྱི་ཚོགས་།
    བར་བརྒལ་སྤྱི་ཚོགས་།
    ཞིང་བྲན་ལམ་ལུགས།
    མ་རྩ་རིང་ལུགས་།
    སྤྱི་ཚོགས་རིང་ལུགས་།
    སྐད་གྲགས་ཅན་གྱི་གུང་ཁྲན་རིང་ལུགས་།
    དེ་ནས་རིམ་པར་།
    བཙོན་ཁང་།
    ངལ་རྩོལ་བསྒྱུར་བཅོས་ཁང་།
    སྲོག་ཁྲིམས་།
    འདྲི་གཅོད་།

    ད་དུང་དགོས་སམ་།

  21. ཆོས་དབྱིངས་སྒྲོལ་མ says:
    2010-09-13 at 10:44 am

    སངས་རྒྱས་ཀྱི་གསུང་ནི་སྨན་མཆོག་
    སངས་རྒྱས་སྨན་བླ
    ཆོས་སྐྱོང་སྲུང་མ
    སྲུང་མ་ཐུགས་ཁྲོ་བ
    མགོན་ཁང་
    ལྷ་བབས་པ་
    རི་གྲོ་སྒྲུབ་པ
    བཟློག་བསྒྱུར་འཕེན་པ
    བར་ཆད་ལམ་སེལ
    ཁ་མཆུ་ནག་པོ
    དྲུག་ཅུ་མ
    སྟོང་གཤགས
    ག་འདྲ་འདུག་གམ

  22. བོང་རྫི says:
    2010-09-13 at 10:54 am

    པེ་ཅིན་གསེར་གྱི་རི་ལ་།
    གུང་ཁྲན་ཏང་དགུང་གི་ཉི་མ་།
    མི་དམགས་བཅིངས་འགྲོལ་དམག་།
    སྤྱི་བདེ་མི་སྣ་།
    མར་ལེ་རིང་ལུགས་།
    མོའི་ཙེ་ཏུང་གི་དགོངས་བ་།
    དམག་སྤྱོང་བྱས་བ།
    བསམ་བློའི་འཐབ་རྩོད་།
    ཁ་བྲལ་ལ་ངོ་རྒོལ་།
    རྒྱལ་གཅེས་སློབ་གསོ་།

    དེང་རབས་ཅན་བཞི་འཛུགས་སྐྲུན་།
    རང་སྲོག་བློས་གཏོང་བ་།
    དཔེ་བཟང་མི་སྣ་འདེམས་པ་།
    མཚོན་བྱེད་གསུམ་།
    བསམ་པའི་དཔལ་ཡོན་།
    དངོས་བོའི་དཔལ་ཡོན་།
    གཞན་རྡུལ་ཕྲན་མཚོན་ཆ་སོགས་ནས་ཐད་ནས་མི་གླེང་རྒྱུ་བྱས་།

  23. ཆོས་དབྱིངས་སྒྲོལ་མ says:
    2010-09-13 at 11:00 am

    དགག་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག
    ནད་རིགས་བཞི་བརྒྱ་རྩ་བཞི་བཟློག
    མིག་ཟུང་བཙུམ་སྟེ་ཕྱག་གཉིས་ཀྱི་ཐལ་སྒྲ་ནི་སྤག་སྤག་་་་་་་་་་་་་་ཧ་ཧ་ཧ་་་་་་་་་་་་་་
    བླ་མ་
    ཡི་དམ་
    ཌྷམཁའ་ཌྷཌྷའགྲོ་བཀུར་བའི་ཚིག་་་་་་་་་་་་ཧ་ཧ་
    མི་ལ་ཞེད་སྣང་ཁོལ་བའི་ཚིག་་་་་་་་་་་་་་་་
    དམྱལ་ཁམས་བཅོ་བརྒྱད
    ཚ་དམྱལ་
    གྲངས་དམྱལ
    བར་བདོ
    ཐིག་ནག
    ངན་སོང་དུ་ལྷུང་བ
    གཤེན་རྗེ་རྒྱལ་བོ
    མི་ཁོམ་པ་
    མི་སྙན་ཉན་
    ཀླ་ཀློར་སྐྱེས་པ་
    ལྷ་ཚེ་རིང་པོ
    འཆི་བ་མེད་པ
    དགེ་རྩ་བསྔོ་བ
    སྨོན་ལམ་
    གསོལ་བ་འདེབས་པ
    དཀར་ཐིགས
    ད་དུང་དགོས་ན་ཡོད་་་་

  24. བོང་རྫི says:
    2010-09-13 at 11:15 am

    མོའི་ཀྲུའི་ཞི་ཁྲི་ལོ་བརྟན་པར་ཤོག་།
    སྤྱི་ཚོགས་རིང་ལུགས་ཁྲི་ལོ་བརྟན་པར་ཤོག
    མིག་ཟུང་ཕྱེ་སྟེ་ཕྱག་གཉིས་ཀྱི་ཐལ་སྒྲ་ནི་སྤག་སྤག་་་་་་་་་་་་་་ཧ་ཧ་ཧ་་་་་་་་་་་་་་

    ཞོགས་པར་དུས་ཚོད་བདུན་གྱི་ཀྱི་ཐོག་ཡར་ལངས།་ལུས་རྩལ་སྤྱོང་།
    ཆུ་ཚོད་བརྒྱད་སློབ་མགོ་ཚུགས་།དགེ་རྒན་བཟང་།ཡར་ལངས་།མར་སྡོད་།
    མེས་རྒྱལ་ལ་དང་།སྐར་ལྔའིདར་མ།
    ཆུ་ཚོད་བཅུ་བ་།
    ལུས་རྩལ་སྤྱོང་བརྡར་།
    ཉིན་གུང་།གཉིད་ཐུན་རྒྱབ་།
    ཕྱི་དྲོ་གཙང་སྤྲ་བྱས་།གད་རེས་བྱས་།
    དགོང་མོའི་སྤྱོང་བརྡར་བྱས་།
    ཆུ་ཚོད་བཅུ་བ་།
    བུ་མོ་ཉལ་ཁང་སྒོ་གཏད་།
    བཅུ་གཅིག་།
    གློག་བསད་།

    ཡང་དུ་ཡང་དུ་དེ་འདྲ་བྱས་།ལོ་ནས་ལོ་ལ་བྱས་།
    ལོ་རེ་ལ་དམག་སྤྱོང་བྱས་།
    སེམས་ནད་པར་བཏང།བདེན་རྫུན་གྱི་དབྱེ་བ་འཁྲུག་།

    སྤྱི་ཚོགས་རྙིང་བ་ལ་སྡང་།མང་པོ་སྡིག་།དེ་ནས་གྲྭ་བ་ཕྲག་དོག་བྱས་།དེ་ནས་ཡང་སྡིག་།

    ཨ་རོགས་ངས་ཁྱོད་ལ་དཔེ་དེབ་ཅིག་ངོ་སྤྲོད་བྱས་།
    དཔེ་དེབ་མིང་ལ་།The Road to Serfdom
    ཞིང་བྲན་ལམ་ཏུ་བསྐྱོད་པ་།ཟེར་གིན་འདུག་།ཕན་རེ་ཡོད་ས་རེད་།

  25. བོང་རྫི says:
    2010-09-13 at 11:37 am

    ང་ཆུ་ཚོད་མང་པོ་མི་འདུག་།རྒྱལ་ཁ་འདི་ཁྱེད་ལ་སྤྲད་པ་ཡིན་།

    ང་རང་གིས་སེམས་ན་དྲན་པ་བཞིན་དུ་ལན་རྒྱབ་ཡོང་གིན་འདུག་།འདིས་བཟང་ངན་གྱི་སྐད་ཆ་མ་བཤད་པར་ང་ཚོའི་དུས་རབས་འདི་ག་འདྲ་ཞིག་སླེབས་ཡོད་པ་རྟོགས་ཐུབ་ཀྱིན་འདུག་།
    ཆོས་ལུགས་ཡིན་ནའང་འདྲ་།གྲུབ་མཐའ་།དེ་བཞིན་ཆབ་སྲིད་གང་ཞིག་ཡིན་རུང་མཐུན་སྣང་དུ་གྲུབ་པའི་གཞི་ཞིག་ལས་ཕར་འདས་བ་དང་།གཏན་ཚིགས་རིགས་པ་ཆ་ཤས་ཙམ་ཡང་མེད་དུས་།
    འབྲས་བུ་ནི།ལེགས་ཉེས་འཁྲུག་པའམ་།འཇིག་རྟེན་འཁྲུག་རྒྱུ་དེ་རེད་།
    ནུབ་ཀྱི་མཁས་བ་ཁ་ཅིག་གིས་།
    དམར་བོ་ནི་ཞིང་བྲན་ལམ་ལུགས་ཀྱི་ཆོས་ལུགས་ཤིག་རེད་ཅེས་བའི་་སྡོམ་ཚིག་བཞག་ཡོད་པ་ཅི་མ་བདེན་ན་བསམ་ཀིན་འདུག་།

  26. ཆོས་དབྱིངས་སྒྲོལ་མ says:
    2010-09-13 at 11:39 am

    བོང་རྫི་ལགས་གབྷཉིད་ཁུག་སོང་ངམ།
    གདོན་འདྲེ་དམ་ལ་བཏེགས
    སྐུ་འཇའ་ལུས་འཐུམ
    གཏོར་བཟློག་བྱེད་པ
    བླ་མའི་ཕྱག་མཇལ་་་་་་་་ལག་པས་རྨོངས་དད་པ་ཚོའི་མགོར་་་་་་་་་་་
    བླ་མའི་ཞལ་ཁྲུས་་་་་་་་་་རྨོངས་དད་པ་ཚོའི་ཁ་ནང་དུ་་་་་་་་
    བླ་མའི་ན་བཟའ་་་་་་་་་་་རྨོངས་དད་པ་ཚོའི་རྐེ་ལ་་་་་་་་་་་་་་་་་
    ྦབླ་མའི་ཆབ་བསིལ་་་་་་་་་་རྨོངས་དད་པ་ཚོས་གདོང་ལ་་་་་་་་
    བླ་མས་སྔགས་རྒྱག་པ་་་རྨོངས་དད་པ་བུ་མོ་ཆུང་ཆུང་དེ་ཚོར་་་་་་་་་
    བླ་མས་དབང་གསུང་བ་་་རྨོངས་དད་པ་ཚོའི་རུམ་གྱི་སྒོ་མོ་དང་རླངས་འཁོར་སོགས་་་་་་་་་་་་་

  27. བོང་རྫི says:
    2010-09-13 at 12:05 pm

    ཆོས་དབྱིངས་སྒྲོལ་མ་།
    དགྲ་བོ་ཐལ་བར་བཏང་།
    མེས་རྒྱལ་འཛུགས་སྐྲུན་བྱས་།
    ཀྲུའུ་ཞི་གནམ་ཀིན་ཉི་མ་ཡིན་།
    སློབ་གསོ་སྤྲད་པ་།
    དཔེ་དེབ་དམར་པོ་རྣམས་་་་་་་་་་སྲུང་དམག་གི་རྒྱབ་ཏུ་འཁུར་་་་་་་་་་་་
    དམར་བའི་ཞལ་ལུང་་་་་་་་་་་སྲུང་དམག་ཚོས་ཁ་ཏོན་བྱས་་་་་་་་་
    སྐེ་དཀྲིས་དམར་པོ་དེ་་་་་་་་་་་་སྲུང་དམག་ཚོས་སྐེ་རུ་བཏགས་་་་་་་་་་་་་་་་་་
    གསར་བརྗེ་ཟུངས་ཁྲུག་དེ་་་་་་་་་་་སྲུང་དམག་ཚོས་རང་གི་ཁྲག་བཞིན་བརྩིས་་་་་་་་་
    ཀྲུའི་རིན་གྱིས་གཏམ་བཤད་པ་་་སྲུང་དམག་ཚོས་ལོ་ལོན་དང་གྲྭ་བ་ཚོ་ལ་་་་་་་་་་་
    སློབ་གྲྭ་སོང་་བ་་་སྲུང་དམག་ཚོས་གཞན་གྱི་རུམ་གྱི་སྒོ་མོ་དང་རླངས་འཁོར་སོགས་་་་་་་་་་་་་

  28. མེ་ཏོག་དཀར་པོ། says:
    2010-09-13 at 12:48 pm

    བོང་རྫི་དང་ཆོས་དབྱིངས་སྒྲོལ་མ་གཉིས་ཀྱི་ཁ་བརྡ་ལེགས་པོ་གནང་འདུག

    འཁོན་སྡང་མེད་པའི་ཐོག་མུ་མཐུད་རོགས།

    ཕྱོགས་གཉིས་ཀ་ལ་གོ་རྒྱུ་རེ་འདུག་ལགས།

  29. ཆོས་དབྱིངས་སྒྲོལ་མ says:
    2010-09-14 at 12:02 am

    བོང་རྫི་ལགས།
    ཆོས་སྲུང་དམག་མི་ཚོས་ཁ་ནས་མ་གྱུར་སེམས་ཅན་ཐམས་ཅད་ནམ་འཁའི་མཐའ་མཉམ་བའི་་་་་་་་་་་་་་ཞེས་དང་་་་་་་་་་་་ཀླ་ཀློར་ཡུལ་གྱི་སེམས་ཅན་དང་ཡུལ་མཐའ་འཛྷཁོབ་ཀྱི་སེམས་ཅན་གྱི་སྐྱེ་བ་ལེན་འདོད་མེད་པར་སྨོན་ལམ་རྒྱག་པ་གཉིས་ནང་འགལ་ཆེན་པོ་ཞིག་་་་་་་ཆོས་སྲུང་དམག་མི་དང་རྨོངས་དད་པ་ཚོས་་ཡུལ་མཐའ་འཁོབ་དང་ཀླ་ཀློར་གྱི་སྡུག་ཏུ་རྩིས་བཞིན་ཡོད་ནའང་ཡང་ཁོ་ཚོས་ཡུལ་དེ་གར་འཚིང་ག་ཤིག་ཤིག་ངང་འགྲོ་བཞིན་ཡོད།
    ལྷ་སྒྲུང་ལྟ་བུར་ཚིག་ཤམ་བྷ་ལ བདེ་བ་ཅན་གྱི་ཞིང་ཁམས ལྷ་ཡུལ སུམ་ཅུ་རྩ་གསུམ མཐོ་རིས་ཀྱི་བདེ་བ
    ཚིག་འདི་ང་ཚོའི་སྤྱི་ཚོགས་སུ་ཕན་ཐོགས་གང་ཡང་མེད་པ་མངོན་གསལ་རེད། དེ་ལས་ཁྱོད་ཀྱིས་དྲངས་པའི་
    བུ་མོའི་གསང་སྤྱོད བུ་མོའི་ཉལ་ཁང་ གཉེན་སྒྲིག་དཔང་རྟགས བདེ་སྲུང་མི་སྣ འདྲི་གཅོད་སོགས་ཀྱི་
    ཚིག་དེ་དག་གིས་སྤྱི་ཚོགས་ནང་དུ་གོ་བརྡ་སྤྲོད་ཐུབ་པ་ཕན་ཐོགས་ཆེ་བ་བེད་སྤྱོད་ཆེ་བའི་ཚིག་ཤ་སྟག་གོ།
    དེ་མི་འགྲིག་གི་བསམ་ན་ཁྱེད་ཀྱིས་དེ་དག་གི་ཚབ་ཏུ་གསར་བཟོ་ཞིག་གནང་རོགས་ཞུ།།

  30. ཆོས་དབྱིངས་སྒྲོལ་མ says:
    2010-09-14 at 12:02 am

    བོང་རྫི་ལགས།
    ཆོས་སྲུང་དམག་མི་ཚོས་ཁ་ནས་མ་གྱུར་སེམས་ཅན་ཐམས་ཅད་ནམ་འཁའི་མཐའ་མཉམ་བའི་་་་་་་་་་་་་་ཞེས་དང་་་་་་་་་་་་ཀླ་ཀློར་ཡུལ་གྱི་སེམས་ཅན་དང་ཡུལ་མཐའ་འཛྷཁོབ་ཀྱི་སེམས་ཅན་གྱི་སྐྱེ་བ་ལེན་འདོད་མེད་པར་སྨོན་ལམ་རྒྱག་པ་གཉིས་ནང་འགལ་ཆེན་པོ་ཞིག་་་་་་་ཆོས་སྲུང་དམག་མི་དང་རྨོངས་དད་པ་ཚོས་་ཡུལ་མཐའ་འཁོབ་དང་ཀླ་ཀློར་གྱི་སྡུག་ཏུ་རྩིས་བཞིན་ཡོད་ནའང་ཡང་ཁོ་ཚོས་ཡུལ་དེ་གར་འཚིང་ག་ཤིག་ཤིག་ངང་འགྲོ་བཞིན་ཡོད།
    ལྷ་སྒྲུང་ལྟ་བུར་ཚིག་ཤམ་བྷ་ལ བདེ་བ་ཅན་གྱི་ཞིང་ཁམས ལྷ་ཡུལ སུམ་ཅུ་རྩ་གསུམ མཐོ་རིས་ཀྱི་བདེ་བ
    ཚིག་འདི་ང་ཚོའི་སྤྱི་ཚོགས་སུ་ཕན་ཐོགས་གང་ཡང་མེད་པ་མངོན་གསལ་རེད། དེ་ལས་ཁྱོད་ཀྱིས་དྲངས་པའི་
    བུ་མོའི་གསང་སྤྱོད བུ་མོའི་ཉལ་ཁང་ གཉེན་སྒྲིག་དཔང་རྟགས བདེ་སྲུང་མི་སྣ འདྲི་གཅོད་སོགས་ཀྱི་
    ཚིག་དེ་དག་གིས་སྤྱི་ཚོགས་ནང་དུ་གོ་བརྡ་སྤྲོད་ཐུབ་པ་ཕན་ཐོགས་ཆེ་བ་བེད་སྤྱོད་ཆེ་བའི་ཚིག་ཤ་སྟག་གོ།
    དེ་མི་འགྲིག་གི་བསམ་ན་ཁྱེད་ཀྱིས་དེ་དག་གི་ཚབ་ཏུ་གསར་བཟོ་ཞིག་གནང་རོགས་ཞུ།།

  31. ཆོས་དབྱིངས་སྒྲོལ་མ says:
    2010-09-14 at 12:06 am

    བོང་རྫི་ལགས།
    ཆོས་སྲུང་དམག་མི་ཚོས་ཁ་ནས་མ་གྱུར་སེམས་ཅན་ཐམས་ཅད་ནམ་འཁའི་མཐའ་དངམཉམ་བའི་་་་་་་་་་་་་་ཞེས་དང་་་་་་་་་་་་ཀླ་ཀློར་ཡུལ་གྱི་སེམས་ཅན་དང་ཡུལ་མཐའ་འཛྷཁོབ་ཀྱི་སེམས་ཅན་གྱི་སྐྱེ་བ་ལེན་འདོད་མེད་པར་སྨོན་ལམ་རྒྱག་པ་གཉིས་ནང་འགལ་ཆེན་པོ་ཞིག་་་་་་་ཆོས་སྲུང་དམག་མི་དང་རྨོངས་དད་པ་ཚོས་་ཡུལ་མཐའ་འཁོབ་དང་ཀླ་ཀློར་གྱི་སེམས་ཅན་སྡུག་ཏུ་རྩིས་བཞིན་ཡོད་ནའང་ཡང་ཁོ་ཚོས་ཡུལ་དེ་གར་འཚིང་ག་ཤིག་ཤིག་ངང་འགྲོ་བཞིན་ཡོད།
    ལྷ་སྒྲུང་ལྟ་བུར་ཚིག་ཤམ་བྷ་ལ བདེ་བ་ཅན་གྱི་ཞིང་ཁམས ལྷ་ཡུལ སུམ་ཅུ་རྩ་གསུམ མཐོ་རིས་ཀྱི་བདེ་བ་ཚིག་འདི་ཚོ་ང་ཚོའི་སྤྱི་ཚོགས་སུ་ཕན་ཐོགས་གང་ཡང་མེད་པ་མངོན་གསལ་རེད། དེ་ལས་ཁྱོད་ཀྱིས་དྲངས་པའི་བུ་མོའི་གསང་སྤྱོད བུ་མོའི་ཉལ་ཁང་ གཉེན་སྒྲིག་དཔང་རྟགས བདེ་སྲུང་མི་སྣ འདྲི་གཅོད་སོགས་ཀྱི་
    ཚིག་དེ་དག་གིས་སྤྱི་ཚོགས་ནང་དུ་གོ་བརྡ་སྤྲོད་ཐུབ་པ་ཕན་ཐོགས་ཆེ་བ་བེད་སྤྱོད་ཆེ་བའི་ཚིག་ཤ་སྟག་གོ།
    དེ་མི་འགྲིག་གི་བསམ་ན་ཁྱེད་ཀྱིས་དེ་དག་གི་ཚབ་ཏུ་གསར་བཟོ་ཞིག་གནང་རོགས་ཞུ།།

  32. བོང་རྫི says:
    2010-09-14 at 1:03 am

    ཆོས་དབྱིངས་སྒྲོལ་མ་།
    དམར་སྲུང་དམག་མི་ཚོས་།
    ཁ་ནས་”མི་དམངས་ལ་ཞབས་འདེགས”་”མེས་རྒྱལ་འཛུགས་སྐྲུན”ཉི་མ་རེ་ལ་ལེའི་ཧྥུན་སོགས་ལ་”སློབ་སྤྱོང”ཞེས་དང་མཚམས་མ་ཆད་པ་བྱས་དང།་་་་་་་་་་་་་་་་དེ་ནས་སྲོལ་རྒྱུན་།རྙིང་བ་ཞེས་བོད་མི་སྙིང་རྗེའི་གྲོག་མ་བསོད་མི་ཐུབ་པ་དག་གིས་སྟེང་དུ་སྡང་ཅི་ཐུབ་བྱོས།ལག་ནས་”ཁྲལ་”་ལ་ཁ་བཞག་བཞག་”འབུལ་བ”བཙན་འཕྲོག་བྱས་།་སེམས་སུ་སྣང་དོགས་ཅི་ཡང་མེད་པར་ཆང་མཐུང།་ཉལ་ཁང་གཅིན་དང་སྐྱག་པའི་བཀང་བར་བྱས་།
    དམར་སྲུང་དམག་མི་ཚོས་ཁ་ནས་སྲོལ་རྒྱུན་དང་རྨོངས་དད་ཅེས་རྔ་རྡུང་རྡུང་བྱས་ནས་ཡ་མཚར་བ་ཞིག་ཏུ་རྩིས་ནའང་དོན་གྱིས་རྙིང་ཞེན་དག་གིས་ཁྱེར་ནས་བོད་ཡིག་དང་།བོད་ཀྱི་རིག་གནས་ཀྱི་”དགེ་རྒན་དང”སྤྱི་བདེ་དམག་གི”ལོ་ཙ་བ་”་དང་”ཡིག་བསྒྱུར་བ་མ་གཏོགས་ལས་ཀ་མ་རྙེད་།་ལས་ཀ་དེ་ཚོ་ལ་མཚང་ཁ་ཤིག་ཤིག་གི་སོང་།
    ཡ་མཚར་བ་ཤིག་ལ་།སྐབས་རེ་”བོད་ཀྱི་རིག་གནས་”་སྲུང་སྐྱོབ་ཟེར་བའི་མིང་ཞིག་ཀྱང་ཁུར་ནས་ཟ་མ་ཟོས་།དེ་ནས་ཡང་ཆང་མཐུང་།ཡང་གྲྭ་བ་དང་བླ་མ་དགོན་པའི་ཐོག་ཏུ་སྡང་།་དེ་རྣམས་ལ་སྡིག།
    ལྷ་སྒྲུང་ལྟ་བུར་།སྤྱི་ཚོགས་རིང་ལུགས་།གུང་ཁྲན་རིང་ལུགས་།བཏང་སྙོམས་སྤྱི་ཚོགས་ཟེར་བའི་ཚིག་འདི་དག་ང་ཚོ་ལ་མཁོ་བ་མེད་པར་དང་ཕན་ཐོགས་མེད་སུས་ཀྱང་བལྟས་ཡང་གསལ་བོ་རེད་
    སྤྱིར་བཏང་ཁྱོད་ཀྱིས་ངས་ག་རེ་བཤད་ཀིན་ཡོད་པའང་གོ་གིན་མི་འདུག་།དེ་བས་ཁྱེད་ལ་ལན་འདེབས་མི་འོས་མོད་།ཁ་སང་དེ་རིང་ལ་ང་ལ་ཚོད་མང་པོ་འདུག་པས་།ཁྱེད་ལ་ལན་འདེབས་ཀིན་ཡོད་།
    ༼་བུ་མོའི་གསང་སྤྱོད བུ་མོའི་ཉལ་ཁང་ གཉེན་སྒྲིག་དཔང་རྟགས བདེ་སྲུང་མི་སྣ འདྲི་གཅོད་སོགས་ཀྱི་
ཚིག་༽འདི་དག་ཁྱོད་ཚོའི་ལུས་སེམས་གཉིས་ཀ་་དོ་དམ་དང་།དབང་སྒྱུར་བྱེད་པའི་ལག་ཆ་རེད་།ཚིག་དེ་ལྟ་བུ་དང་།དོན་གྱིས་སྤྱོད་པ་དེ་དག་གིས་མི་ཁ་ཅིག་དམར་སྲུང་དམག་གི་གཏོང་གིན་ཡོད་པ་རེད་།ངས་སྔོན་ཆད་ནས་བཤད་ཡོད་།དམར་སྲུང་དམག་དག་གིས་དྲང་བོ་བཤད་པ་ཕར་ཞོག་།དྲང་བོ་ཤིག་ཉན་ཡང་མི་ཤེས་ན་།སྤྱིར་བཏང་གི་མི་ལྟར་འགྲོ་གླེང་བྱ་ཆོག་ཆོག་ཅིག་ག་ལ་ཡིན་༼རྩེད་མོ་ཡིན་ད༽

  33. བོང་རྫི says:
    2010-09-14 at 1:33 am

    ཆོས་དབྱིངས་སྒྲོལ་མ་།
    ངས་ཁྱོད་ལ་གཏམ་རྒྱུད་ཅིག་བཤད་།འདི་དངོས་གནས་བདེན་པ་ཡིན་།
    ཉིན་ཞིག་ང་ལ་དགེ་རྒན་ཞིག་གིས་དེ་རིང་ཁྱོད་་མེ་འཁོར་ས་ཚིགས་སུ་སོང་ནས་མི་ཞིག་བསུས་ཤོག་།ཁོང་ནི་སྐད་གྲགས་ཅན་གྱི་འཇར་མན་གྱི་ཇོའི་རིགས་ལ་ཞིབ་མཇུག་བྱེད་པའི་མཁས་བ་ཞིག་རེད་ཟེར་།དེ་ནས་སོང་བ་ཡིན་།
    ཁོ་མོ་སླེབས་བྱུང་།ལོ་ཕལ་ཆེར་བརྒྱད་ཅུ་ལ་སོན་བསྡད་པ་ཞིག་རེད་།
    ངས་ཁོ་མོ་ཁྲིད་ཡོང་ཏེ་།མགྲོན་ཁན་ནང་དུ་བཞག་རྗེས་།ཁོ་མོས་ང་ལ་གང་ནས་ཡིན་པ་སོགས་ཀྱི་སྐད་ཆ་མང་པོ་དྲིས་སོང་།དེ་བཞིན་ལན་བཏབ་པ་ཡིན་།
    དེ་ནས་ཁོ་མོ་ཞེ་དྲགས་དགའ་སོང་།ང་ཉིན་འགའ་ཤས་ལ་འདིར་འདུག་རྒྱུ་ཡིན་པས་།ང་དང་མཉམ་དུ་གླེང་མོ་བྱེད་པར་ཤོག་ཅེས་ལབ་སོང་།
    ཉིན་ཞིག་ལ་།བཤད་མཚམས་ཤིག་ནས་བོད་ཀྱི་དམར་སྲུང་སྐོར་ལ་སྐད་ཆ་ཤིག་སོང་།བདག་གིས་དེང་དུས་ལྟ་བ་འཛིན་པ་ཡང་འགའ་རེ་འདུག་ཅེས་ལབ་པ་ཡིན་།
    དེ་ནས་ཁོ་མོས་”དེ་ཀ་རང་རེད་།དེ་ནི་བཙན་འཛུལ་གྱི་ངོ་བོ་རྣལ་མ་ནི་དེ་རེད་”ཅེས་བཤད་བྱུང་།རྒྱུ་མཚན་འདྲི་དུས་”མི་རིགས་གཞན་གྱི་བཙན་འཛུལ་འོག་ཡོད་དུས་།སེམས་དང་བསམ་པའི་ཐོག་ནས་རང་གི་མི་རིགས་ཀྱི་རིག་གནས་དང་།སྤྱོད་ལམ་།བཤིས་ཀ་།སྐད་ཡིག་སོགས་་སྡང་བ་དང་།སྐྱོན་མང་པོ་ཤིག་མཐོང་ཡོང་གིན་ཡོད་པ་དང་།གསར་བརྗེ་དང་།བཅོས་སྒྱུར་བྱ་བསམ་ཀིན་ཡོད་པ་དེ་ནི་བཙན་འཛུལ་གྱི་ངོ་བོ་དེ་གཞན་ཐོག་ཏུ་སྐོར་མ་ཐུབ་པར་རང་ཐོག་ཏུ་སྐོར་བ་དེ་རེད་།དཔེར་ན་སྐྱེས་བའི་ཕྱི་ཕྱོགས་ནས་སྡིག་མོ་མྱོང་ན་།ནང་དུ་ཡོང་དུ་བུད་མེད་དང་བྱིས་བ་རྣམས་ལ་སྡང་བ་དང་སྡིག་གཅོད་གཏོང་གིན་ཡོད་པ་དེ་ལྟ་བུ་དང་།འཁྲུག་ཆེན་གཉིས་བའི་སྐབས་སུ་།ཇོའི་མང་པོ་ཤིག་དངོས་གནས་དྲང་གནས་ཀྱི་རང་ཇོའི་ཡིན་པ།ཇོའི་ཆོས་ལུགས་།ཇོའི་ཡུལ་སྲོལ་སོགས་ལ་མ་དགའ་བ་ཆེན་པོ་བྱུང་སྟེ།དེ་དག་གཏོར་བའི་ལམ་དུའང་ཞུགས་འདུག་”ཅེས་གསུང་བྱུང་།

    དེ་འདྲ་ཤིག་རེད་དམ་།

    བོད་ཀྱི་དམར་སྲུང་དམག་གི་ལྟ་བ་དེ་དོན་གྱི་རྒྱ་དམར་གྱི་སྤྱོད་ལམ་དང་།སྡིག་པོ།མཚོན་གིན་ཡོད་དམ་།
    ཁོང་གི་སྡུག་བསྔལ་ཤིག་ཕྱི་ལ་བཏོན་དགོས་ཡོད་ཕྱིར་།་གྲྭ་བ་དང་དགོན་པ་།བོད་ཀྱི་རིག་གནས་ཐོག་ཏུ་བཏོན་པ་ཡིན་ནམ་།
    ངས་སྐབས་རེ་རྒྱུ་མཚན་མེད་པ་དེ་ཚོ་ལའང་དོ་སྣང་བྱས་ནས་བསྡད་ཡོད་།
    ཁ་ཅིག་གིས་ཚིག་འབྲུ་རེ་རེའི་ཤུགས་ནས་ངས་སེམས་ཀྱི་དོགས་པ་དེ་ཚོ་སེལ་ཡོང་གིན་འདུག་།

  34. ཆོས་དབྱིངས་སྒྲོལ་མ says:
    2010-09-14 at 9:14 am

    བོང་རྫི་ལགས།
    སྔོན་ཆད་སྤྱི་ཚོགས་རྙིང་པའི་སྐབས་སུ་སྐུ་དྲག་མི་དྲག་གིས་བྲན་གཡོག་པ་ཚོའི་སྐེ་ལ་ཞོན་ནས་འགྲོ་ཡི་ཡོད་པ་དེ་མངོན་སུམ་རེད་ལ་ད་དུང་དེའི་འོད་སྡེར་དང་པར་སོགས་མང་པོ་ཡོད་གལ་སྲིད་ཁྱེད་རང་ལ་དགོས་འདོད་ན་ངས་ཐབས་ཤེས་གཏང་ཏེ་ཁྱེད་ལ་གཅིག་བསྐུར་ཆོག།
    སྐབས་དེ་དུས་སུ་བོད་པའི་སྤྱི་ཚོགས་དེ་འདྲ་ཡིན་པ་སོང་ཙང་འབའ་བ་ཕུན་ཚོགས་དབང་རྒྱལ་སོགས་ཀྱིས་ཆེད་དུ་བོད་ནང་ཁུལ་དུ་དམར་ཕྱོགས་ཀྱི་ཚོགས་པ་ཞིག་འཛུགས་པ་རེད།དེ་ཚོ་གང་གི་ཆེད་དུ་རེད་ཟེར་ན་ཆོས་སྲུང་དམག་མི་དང་སྐུ་དྲག་ཚོས་ལུས་དང་གྲིབ་མ་ནང་བཞིན་ཁ་མ་བྲལ་བར་མཉམ་འབྲེལ་བྱས་ཏེ་བོད་པ་དབུལ་འཕོངས་པ་དག་བྲན་གཡོག་ཏུ་བཀོལ་ནས་དུད་འགྲོ་ནང་ལྟར་སྐུ་དྲག་ཚོའི་ཞོན་རྟ་ལྟ་བུར་གྱུར་བའི་སྡུག་རྩུབ་དེ་རྩ་མེད་དུ་བཟོ་བའི་ཆེད་དུ་དམར་ཕྱོགས་ཀྱི་ལྟ་བ་བཟུང་སྟེ་ཆོས་སྲུང་དམག་མི་དང་སྐུ་དྲག་ལམ་ལུགས་དེ་མགོ་རྟིང་ལོག་པ་རེད།
    དེ་ནས་དངོས་གནས་ཇོའི་མི་རིགས་དང་མཚུངས་པའི་བོད་པ་དབུལ་འཕོངས་བྲན་གཡོག་པ་གྲངས་མེད་ཅིག་ལ་བདེ་སྐྱིད་ཀྱི་དྲོད་ཁོལ་སྦྱིན་པའི་ཉི་མ་གྷཞིག་ཤར་བ་རེད།
    དངོས་གནས་དྲང་ནས་འཇར་མན་མི་རིགས་ཀྱིས་ཇོའི་མི་རིགས་ལ་མནར་གཅོད་གཏོང་སྟངས་དང་བྲན་གཡོག་ཏུ་བཀོལ་སྟངས་སོགས་ཀྱི་ཐད་ནས་སྤྱི་ཚོགས་རྙིང་བའི་སྐབས་སུ་ཆོས་སྲུང་དམག་མི་དང་སྐུ་དྲག་ཚོས་བོད་པ་ཉམ་ཆུང་དང་དབུལ་འཕོངས་བ་དག་མནར་གཅོད་དང་བྲན་གཡོག་ཏུ་བཀོལ་པ་གཉིས་གཅིག་མཚུངས་རེད་ལ་ངས་སྔོན་ཆད་གྲོགས་པོ་ཚོར་མང་པོ་ལབ་མྱོང་ཡོད། འཇར་མན་མི་རིགས་ཀྱིས་ཇོའི་མི་རིགས་ལ་མནར་གཅོད་གཏོང་བ་དང་བོད་པའི་ཆོས་སྲུང་དམག་མི་དང་སྐུ་དྲག་ཚོས་བོད་པ་ཉམ་ཆུང་དང་དབུལ་འཕོངས་ཚོར་མནར་གཅོད་གཏོང་སྟངས་འདྲ་བོ་མི་འདུག་གམ།།

  35. བོང་རྫི says:
    2010-09-14 at 9:26 am

    ཆོས་དབྱིངས་སྒྲོལ་མ།
    ངས་ཁྱེད་ཀྱིས་པར་དེ་ཚོ་བསྐུར་མི་དགོས་།ཁྱོད་ཀྱིས་བཤད་བཞིན་ཡོད་པའི་པར་དེ་ཚོའི་མ་ཡིག་དང་།དེ་མིན་ཁྱེད་ཀྱི་ད་སྔ་མིག་གིས་མ་མཐོང་ཞིང་།མིག་གིས་མ་གོ་བའི་པར་སྟོང་ཕྲག་མང་པོ་།དེ་མིན་གློག་བརྙན་གྱི་པར་གཞི་འགའ་ཤས་།ང་འདུག་ས་འདི་ན་འདུག་།
    ངས་ཁྱོད་ཀྱིས་བྲིས་བ་དང་འབྲི་བཞིན་པའི་སྐད་ཆ་དེ་ཚོ་།ང་བརྒྱད་དང་།དྲུག་ཅུའི་ནང་དུ་པར་ཏུ་སྐྲུན་པའི་བོད་ཡིག་གི་དཔེ་ཆ་དང་།Melvyn Goldstein་ཡིས་བཞག་པའི་དམར་བོའི་ལོ་རྒྱུས་ལྟ་ཚུལ་གཉིས་བསྡུར་ཏེ།བཤད་ཡོང་ན་།ལན་འདེབས་དགོས་བའི་རྒྱུ་མཚན་ཅི་ཡང་མ་མཐོང་།
    དེ་བས་ད་ལྟ་ནས་བཟུང་ཁྱེད་ལ་སྐད་ཆ་བཤད་རྒྱུ་མཚམས་མཇོག་རྒྱུ་ཡིན་།ཡང་རང་ལ་ཕན་ཕྱིར་གོང་གི་སྐད་ཆ་དེ་ཚོ་གཞན་ལ་མ་ལབ་།ལྷག་པར་ཏུ་བོད་ཀྱི་ལོ་རྒྱུས་དངོས་སུ་ཞིབ་མཇུག་བྱས་ཡོད་པའི་བོད་པ་དང་ནུབ་ཀྱི་མཁས་བ་དག་གི་འགྲམ་དུ་དེ་འདྲ་ལབ་མ་ཡོང་།དེ་དངོས་གནས་ཁྱད་མཚར་ཅིག་མཐོང་གིན་འདུག་།འདི་སྐད་ཆ་དྲང་མོ་ཡིན་།
    དེ་མིན་སྐད་ཆ་གཞན་པ་མེད་།ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཡོད་།

  36. ཆོས་དབྱིངས་སྒྲོལ་མ says:
    2010-09-14 at 9:39 am

    བོང་རྫི་ལགས།
    དམར་ཕྱོགས་ཀྱི་ལྟ་བ་འཛིན་མཁན་ཀྱི་ལྟ་བ་དེ་ལྟ་བ་སྡུག་ཅག་རེད་ཟེར་ན་ཁྱོད་རང་ནོར་བ་རེད་དང་པོ་ཁྱེད་ཀྱིས་དམར་ཕྱོགས་ཀྱི་ལྟ་བའི་འགྲོ་ལུགས་དང་འགྲོ་སྟངས་ཡག་པོ་ཞིག་སེམས་སུ་ངེས་རྗེས་དམར་ཕྱོགས་ཀྱི་ལྟ་བའི་སྐོར་བཤད་ན་འཚམས་པོ་ཞིག་ཡོད་ས་རེད་སྙམ།
    སྤྱིར་བཏང་གི་ང་ལ་མཁས་པ་ཞིག་གིས་གསུངས་སོང་ང་ལ་གྲོགས་པོ་ཞིག་གིས་བཤད་སོང་ཟེར་བའི་སྐད་ཆ་དེ་འདྲ་མ་བཤད་རོགས་གང་ཡིན་ཟེར་ན་དེ་འདྲའི་རིགས་དེ་ཁྱེད་ཀྱི་བློ་སྒོ་ཕྱེས་བ་ལ་བཀག་རྒྱ་ཆེས་ཤོས་ཤིག་ཡིན་པ་དེ་ངས་ཁྱེད་ལ་དྲན་སྐུལ་བྱས་པ་ཡིན་ལ་གཅིག་བྱས་ན་ཁྱེད་ལ་ཕན་ཐོགས་ཡོང་སྲིད།གཙོ་བོ་དེ་རང་གིས་རིག་སྟོབས་ཀྱིས་དཔྱད་པའི་ངེས་པ་རྙེད་དགོས་པ་དེ་གལ་ཆེ་ལ་ནུབ་ཕྱོགས་ཀྱི་མཁས་པ་ཞིག་གིས་འདི་ཟེར་གྱིན་འདུག་ཤར་ཕྱོགས་ཀྱི་མཁས་པ་ཞིག་གིས་འདི་ཟེར་གྱིན་འདུག་ཅེས་ཟེར་སྒྲོས་འཐུ་མཁན་དེ་གླེན་པ་ཞིག་ལས་མ་འདས་སོ།།

  37. བོང་རྫི says:
    2010-09-14 at 9:49 am

    ཁྱེད་ཀྱིས་ངས་དམར་བོའི་ལྟ་གྲུབ་དང་།འགྲོ་ལུགས་མ་སྤྱོང་བ་ཇི་ལྟར་ཤེས་སོང་།
    ཡ་མཚར་།སྐད་ཆ་དེ་འདྲ་ཇི་ལྟར་བཤད་ཕོད་དམ་།
    མང་པོ་ཀློག་མྱོང་།མི་ཀློག་ཟེར་ནའང་སློབ་གྲྭས་བཙན་གྱི་ཀློག་གི་བཅུག་སོང་།དེ་མིན་ཤིང་རྟའི་སྲོལ་འབྱེད་མར་ཁེ་སིའི་དུར་ས་་ཡོད་པ་དེ་ལའང་ཁྲིད་སོང།
    ལྟ་བ་ལ་དགའ་མིན་གཉིས་ཀ་འདུག་།མཁས་བ་གཞན་དང་བསྟུར་ན་དམིགས་གསལ་ཞིག་རེད་བསམ་མ་བྱུང་།
    དེ་བས་སྐད་ཆ་འདི་འདྲ་མ་ལབ་།ངས་སྔོན་ནས་བཤད་ཡོད་།འདིས་་ཁྱེད་ཚོའི་་སེམས་ཁམས་དེ་མཚོན་གིན་ཡོད་པ་མ་གཏོགས་གཞན་ཅི་ཡང་མ་རེད་།

  38. བོང་རྫི says:
    2010-09-14 at 9:53 am

    དེ་བཞིན་།
    ང་དམར་སྲུང་དམག་མི་དང་མི་འདྲ་།
    ཐོག་དང་པོ་ཐོས་བ་རྒྱ་ཆེན་མང་དུ་བསགས་།
    བར་ཏུ་གཞུང་ལུགས་ཐམས་ཅད་ཀྱི་དོན་ཧ་གོ་།
    དེ་ནས་འཇིག་རྟེན་གནས་ལུགས་ཐམས་ཅད་ཚུལ་བཞིན་དུ་དཔྱད་ཏེ་སྐད་ཆ་བཤད་ཀིན་ཡོད་།
    ཁྱོད་ཀྱིས་གོང་གིས་ཁྱེད་བཤད་པའི་སྐད་ཆ་ཐམས་ཅད་ལ་ཡང་བསྐྱར་སོང་ནས་།ཀློག་དང་།ངའི་དྲི་ཚིག་ཐམས་ཅད་ལ་ལན་རེ་རྒྱོབ་དང་།
    དེ་ནས་ཁྱོད་ཀྱིས་རང་གིས་གང་བཤད་པ་ཡོད་པ་ཧ་གོ་ཡོང་བའི་རེ་བ་ཡོད་།
    དེ་འདྲ་མ་རེད་དམ་།

  39. ཆོས་དབྱིངས་སྒྲོལ་མ says:
    2010-09-14 at 10:18 am

    མི་ངན་པས་རང་བསྟོད་བྱེད་ཅེས་པ་དེ་ཅི་མ་བདེན་་་་་་་གསེར་ངོ་མ་ཡིན་ན་གསེར་ས་འོག་ཏུ་བཅུག་ན་འོད་ནམ་མཁའ་རུ་འཕྲོ་བ་་་་མི་ཚང་མས་མཐོང་ཐུབ་ལ་རིག་ཀྱང་ཐུབ་དེ་འདྲ་ཞིག་ཡིན་པ་སྨྲ་མི་དགོས།བོང་བུས་སྟག་སྤགས་གྱོན་ནས་སོང་ན་སྟག་རྫུན་མ་ཡིན་པ་ཀུན་གྱི་ཤེས་ངེས།དེ་ལ་སྙིང་བོ་ཞིག་འདུག་གམ།།

  40. བོང་རྫི says:
    2010-09-14 at 10:29 am

    ལགས་སོ་།དེ་དེ་བཞིན་ཡིན་ནོ།

  41. ཆོས་དབྱིངས་སྒྲོལ་མ says:
    2010-09-14 at 10:31 am

    དེ་བཞིན་
    ཆོས་མེད་དབྱངས་ལ་དགའ།
    མཁས་རློམ་ལུང་ལ་དགའ།
    གལ་སྲིད་བོད་པའི་སྤྱི་ཚོགས་སུ་དམར་ཕྱོགས་ཀྱི་ལྟ་བ་འཛིན་མཁན་བོད་རིགས་གང་མང་ཞིག་བྱུང་ན་ཁྱེད་ཀྱིས་ག་རེ་ལབ་པ་ཡིན་ནམ། འཁོན་འཛིང་བྱེད་ཀྱི་ཡིན་ནམ། དེ་མིན་ག་རེ་བྱེད་ཀྱི་ཡིན་ནམ།

  42. ཆོས་དབྱིངས་སྒྲོལ་མ says:
    2010-09-14 at 10:38 am

    ཀུ་རེ་རྩེད་མོ་ཁ་ནས་རྩེ་བ་ཡིན་ཐུགས་ལ་མ་འཛིན།
    དགུང་མོ་ཉལ་མ་འཕྱིས། སྔ་མོ་ལངས་མ་འཕྱིས། གཟིམ་འཇགས་གནང་། མཚན་མོ་བདེ་ལེགས།།

  43. བོང་རྫི says:
    2010-09-14 at 10:42 am

    ཆོས་དབྱིངས་སྒྲོལ་མ་།
    ཨ་ཙི་།
    ཁྱེད་ཀྱིས་ཆོས་བ་དག་དང།སྲོལ་རྒྱུན་པ་དག་ལ་བྱེད་བཞིན་པ་ཤིག་ལས་ང་ལ་ཐབས་ཤེས་གཞན་པ་འདུག་གམ་།དེ་ལྟར་བྱེད་དགོས་བ་མ་རེད་དམ་།
    ཚིག་ལན་ལ་ཚིག་།དོན་ལ་དོན་།
    རིགས་པ་ལ་རིགས་པ་།
    ལུང་ལ་ལུང་།
    སྐད་ཆ་དྲང་བོ་དང་ཚུལ་དང་ལྡན་པ་དག་ལ་དེ་བཞིན་དུ་དྲང་བོ་དྲང་བཞག་།
    ནོར་བ་ནོར་འཁྲུལ་ཡིན་པ་ཁས་ལེན་།མ་ཤེས་བ་ཞིབ་འདྲི་སོགས་ཀྱིས་ངང་ནས་་ཞིབ་དཔྱད་བྱ་དགོས་བ་མ་རེད་དམ་།

  44. དགེ་འདུན་རབ་གསལ་ says:
    2010-09-15 at 10:19 pm

    ཨོ་ཙི། རྩོམ་འདི་ལ་མཆན་འདི་འདྲའི་མང་པོ་ཞིག་འདུག ཡ་ཡ།

    ད་ཐེངས་ངེད་ཀྱི་རྩོད་པ་ནི། “སྤྱི་ཚོགས་རིང་ལུགས་”སོགས་ཀྱི་མིང་ཚིག་འདི་དག་འགྲིག་དང་མི་འགྲིག་གི་སྐོར་མིན། འགྲིག་མི་འགྲིག་བཤད་ནས་འགྲིག་པ་བཟོ་བ་དང་ཡང་ན་མི་འགྲིག་པ་བཟོ་བ་ཞིག་ཡོང་ཐུབ་ཀྱི་མེད་པ་འདྲ། ད་འགྲིག་དང་མི་འགྲིག་གི་རྩོད་པ་མཚམས་བཞག་ནས། དེའི་རྒྱབ་ལ་སོང་ནས། གོམས་གཤིས་ཀྱི་དཀྱིལ་དེ་ལ་སོང་ནས། ཡི་གེ་བརྟེན་ནས་འཚོ་བ་བསྐྱལ་བའི་གོམས་གཤིས་ཤིག་འཇགས་ཨེ་ཐུབ་ལ་ལྟོས་ནས། དེ་འདྲའི་ལམ་ཁ་ཞིག་ཨེ་ཡོད་ལ་ལྟོས་ན་ག་འདྲ་འདུག་ཅེས་པ་འདི་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme