Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བདག་ལ་བཅོས་མིན་གྱི་བློ་རྩེ་གཏོད་པའི་སྔོན་གྱི་སློབ་བུ་མཁན་པོ་ཕུར་རྣམ་ལ་སྤྲིངས་པ་ཤར་རྒྱ་མཚོའི་སྤྲིང་ཡིག

Posted on 2010-09-11 By དབང་ཕྱུག་ 10 Comments on བདག་ལ་བཅོས་མིན་གྱི་བློ་རྩེ་གཏོད་པའི་སྔོན་གྱི་སློབ་བུ་མཁན་པོ་ཕུར་རྣམ་ལ་སྤྲིངས་པ་ཤར་རྒྱ་མཚོའི་སྤྲིང་ཡིག

རྫ་ཚེ་རིང་བཀྲ་ཤིས

བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །

ཐག་རིང་བོད་ཀྱི་ས་མཐོའི་ལུང་པ་ན། །

དམ་ཚིག་མདུད་རྒྱ་དམ་པའི་སློབ་བུ་ཞིག། །

ཟ་ཟིའི་མི་བཟློ་བའི་གར་སྟེགས་ནས། །

དྲན་པའི་མིག་རྒྱང་བདག་ལ་བསྲངས་པ་དེར། །

དེ་རིང་ཟོལ་མེད་ཡིད་ཀྱི་མེ་ལོང་དུ། །

བཅོས་མིན་རྟོག་པའི་འདུ་འཕྲོ་བག་ཕབ་སྟེ། །

སེམས་པ་སེམས་ཀྱིས་ཚོར་བའི་རྒྱང་གླུ་འདི། །

དུས་ཀྱི་ཆུ་གཏེར་འཕེལ་བའི་རླབས་སུ་བསྲེས། །
སྐྱེ་བོ་དག་གིས་རང་གི་དོན་གྱི་ཕྱིར། །
སྣ་ཚོགས་ལས་ལ་འབད་པ་རིགས་པ་སྟེ། །
བདག་ཀྱང་མི་ཚེའི་འཚོལ་སྙེགས་དེ་ཀའི་ཕྱིར། །
དེ་རིང་མཐའ་ཡས་རྒྱ་མཚོའི་འགྲམ་དུ་བསླེབས། །
ཁར་ནུབ་ཧིན་དྷུའི་རྒྱ་མཚོ་རྒྱབ་ཏུ་བསྐྱུར། །
ཁར་རྩང་ཞི་བདེའི་རྒྱ་མཚོ་ཉམས་སུ་བསྟར། །
ད་དུང་གཅིག་ཐིག་(འཛམ་གླིང་གི་ཁང་བརྩེགས་མཐོ་ཤོས་ཨང་གཉིས་པ་ཐེ་ཝན་གྱི་༡༠༡ཁང་ཆེན)གཅིག་གི་ཁང་རྩེ་ནས། །
སྨེ་བདུན་རི་བོའི་(༡༠༡ཁང་ཆེན་གྱི་སྟེང་ནས་མཐོང་བའི་ཐེ་ཝན་བྱང་ཁུལ་གྱི་རི་བོ་མིང་ཅན་ཞིག)སྨུག་སྤྲིན་ཐོད་དུ་བླངས། །

ཉི་འོད་རི་བོའི་(འདི་ཡང་ཐའེ་བྱང་གི་རི་བོ་མཐོངས་ཡངས་པ་ཞིག་སྟེ་འདི་རྒྱབ་ལོགས་རྒྱལ་ཁབ་ཀྱི་རང་བྱུང་མཛེས་ལྗོངས་སུ་གཏོགས་ཤིང་ཆུ་ཚན་མང་པོ་ཡོད)དགོངས་ཀའི་མཚམས་སྤྲིན་དང་། །

ཡང་ན་སྨན་གྱི་ཆུ་ཚན་འཕྱུར་བའི་རླངས། །

གཞན་ཡང་མེ་རི་གཉིད་པའི་དུ་བ་(འདི་ཉི་འོད་རི་བོའི་མདུན་ངོས་ནས་ཐའི་པེ་ལ་ལོག་སའི་རི་སུལ་ན་ཡོད་ཅིང་། གྲོག་རོང་ལས་རང་བཞིན་གྱིས་འཕྱུར་བཞིན་པའི་མེ་རིའི་དུ་བ)སོགས། །

ཡ་མཚན་མིག་གི་ལྟད་མོ་གཞན་ཡང་བལྟས། །

ལེ་ལོ་ཆེ་ཡང་ཕུགས་བསམ་བཟང་བ་དང་། །

འཇོན་ཐང་ཞན་ཡང་རེ་བས་ཕྱུག་པ་ཡི། །

ས་མཐོ་བོད་ཀྱི་འབྲོག་ཕྲུག་སྣབ་ལུད་ང་། །

ཀྲུང་ཧྲན་སློབ་གྲྭ་ཆེན་མོར་མཆིས་སོ་ལོ།

རྒྱལ་བཙུགས་(རྒྱལ་ཁབ་ཀྱི་གཞུང་འབྲེལ་སློབ་གྲྭ་མཐོ་ཤོས)ཀྲུང་ཧྲན་སློབ་གྲྭ་ཆེན་མོ་དེ། །

དབེན་འཇགས་རི་བོའི་སུལ་ན་རབ་ཏུ་བརྗིད། །

དེ་ཡི་མདུན་ན་དུས་ཀྱི་རླབས་ཕྲེང་ཅན། །

མུ་མེད་རྒྱ་མཚོའི་མཆོད་ཡོན་ཡིད་དུ་འོང་། །

དལ་བུས་བསྐྱོད་ཅིང་བསྐྱོད་པའི་གྲུ་རྫིངས་དག །

ཟོང་གིས་ཕྱུར་བར་བལྟམས་པས་འགྲོ་བ་བཞིན། །

སློབ་རའི་ན་གཞོན་སྒེག་པའི་དཔལ་ལྡན་པ། །

དེ་དག་ཀྱང་ནི་རིག་པའི་ནོར་ལ་ཆགས། །

རབ་མཛེས་བཀྲག་རྩི་དམར་སྨུག་འབའ་ཞིག་གིས། །

མཚོན་རྟགས་ལྟ་བུའི་ཁ་དོག་རབ་གསལ་བའི། །

བབ་ཆགས་ཡིད་དུ་འོང་བའི་སློབ་གླིང་འདིས། །

ཞི་ཞིང་འཇགས་ལ་དབེན་པའི་ངལ་གསོ་སྟེར། །

དགོང་དང་ཞོགས་པར་བསིལ་རླུང་སིལ་སིལ་ལྔང་། །

ཆལ་ཆིལ་ལོ་མའི་འགུལ་སྐྱོད་བག་ཀྱིས་ཚོར། །

དེ་ཡིས་བདག་སེམས་སྔར་ལས་དྭངས་བསིལ་ཏེ། །

རང་བྱུང་གཤིས་ལ་ཐིམ་པའི་གླུ་དབྱངས་ལེན། །

ཕྲ་སྦོམ་ཡལ་འདབ་འཛིངས་པ་ལྗོན་པའི་ཤིང་། །

བར་མེད་བསྟར་དུ་བསྒྲིགས་པའི་ལམ་ཕྲན་ནས། །

ཞོགས་དུས་གཅིག་པུར་འཛིན་གྲྭར་བསྐྱོད་པ་དེས། །

བདག་ལ་མི་ཚེའི་དྲིས་ལན་གཞན་ཞིག་ཐོབ། །

ཤིན་ཏུ་རྒས་ཀྱང་འཆི་བའི་མཐར་མ་ཐུག །

རབ་ཏུ་བླུན་ཡང་རྨོངས་པའི་མིང་མ་ཁུར། །

ཡ་མཚན་མི་ཚེའི་རིན་ཐང་གཞན་ཞིག་གིས། །

སྐབས་འགར་བདག་ལ་བདེ་དགའི་སྣང་བ་སྦྱིན། །

སྒོ་ར་གཅིག་ཏུ་གླིང་ལྔའི་སློབ་གྲོགས་འཛོམས། །

འཛིན་ཁང་གཅིག་ཏུ་མཐའ་བཞིའི་སྐད་རིགས་སྨྲ། །

ཡ་མཚན་ཡིད་དུ་འོང་བའི་སློབ་གླིང་འདི། །

ངེས་པ་དོན་གྱི་རྒྱལ་སྤྱིའི་ལྟེ་གནས་ཞིག།།

འདི་ཡི་མཐོང་ཐོས་མྱོང་བ་གང་ཡིན་པས། །

བདག་སེམས་ཤིང་ལོ་གཡོས་པའི་རྣམ་འགྱུར་ཀུན། །

སུ་ལ་གཅིག་ལས་མེད་པའི་མི་ཚེའི་ཆེད། །

མགྱོགས་པའི་བང་ཁ་བསྐུལ་བའི་གཡབ་མོར་གསལ། །

ཐེ་རླུང་(ཐེ་ཧྥུང་དུ་གྲགས་པའི་རྒྱ་མཚོ་ལས་ལངས་པའི་དྲག་ཆར་རླུང་འཚུབ་གཏོར་བརླགས་ཀྱི་ནུས་པ་ཆེན་པོ་ཡོད་པ་ཞིག་སྟེ། ལོ་ལྟར་ཟླ་བ་དགུ་པ་ཡས་མས་ལ་ཤས་ཆེར་ཡོང་གིན་ཡོད་སྐད)ཐོལ་གྱིས་ལྡང་བའི་ཟླ་བ་ལ། །

རླབས་ཀྱི་གདེངས་ཀ་ལས་སྐྱེས་མཆེ་རྣོན་ཅན། །

མཚོ་འདི་འཇིགས་སུ་རུང་བ་གཞན་ཞིག་སྟེ། །

དུས་ཀྱི་རྩེད་མོ་འདི་ལ་ཅི་བྱར་ཡོད། །

བྱིས་པའི་བློ་རིག་ཕྱུགས་ཀྱི་རྗེས་ལ་བསྟིམས། །

གཞོན་པའི་ལང་ཚོ་དབེན་པའི་རི་ལ་བསྐུངས། །

བགད་ན་མི་འཚམ་ངུས་ན་མི་རུང་བའི། །

དུས་ཀྱི་ཆོས་ཉིད་མང་ཞིག་གཞི་ནས་ཚོར། །

ཀྱེ་མ་ཁྱེད་ཀྱི་ལང་ཚོ་གཅེས་པ་སྟེ།

གཅེས་པའི་ལང་ཚོ་དེ་ལྟར་མི་ཚོར་ན།

བདག་མགྲིན་ལས་སྐྱེས་<>(ཕྲན་གྱིས་བྲིས་པའི་སྙན་ངག་གི་ལམ་ནས་ལང་ཚོའི་རིན་ཐང་བརྗོད་པ་ཞིགwww.tibettimes.net/blogs.php?id=89&post_id=2914)ཡིས། །

ལང་ཚོའི་ཁ་དོག་སླར་ཡང་རྟོགས་པར་མཛོད། །

ཀྱེ་མ་ཁྱེད་ཀྱི་དུས་ཚོད་གཅེས་པ་སྟེ། །

གཅེས་པའི་དུས་འདི་དེ་ལྟར་མི་ཚོར་ན། །

བྱི་བས་རྩྭ་ཐག་རིས་ཀྱིས་གཅོད་པའི་དཔེས(བར་དོ་ཐོས་གྲོལ་ལས་བྱུང་བའི་ཚེ་གཅེས་པར་འཛིན་དགོས་པ་སྟོན་པའི་དཔེ་ཞིག)། །

དུས་ཀྱི་རིན་ཐང་མངོན་དུ་འགྱུར་བར་མཛོད། །

བློ་ལྡན་ཐོས་ལ་དགའ་བ་བདག་གི་བུ། །

ཁོ་བོའི་སྙིང་ལ་ཇི་ལྟར་གཅེས་པ་ཡི། །

རེ་བའི་འདུན་མ་ནམ་ཡང་མི་བསླུ་བས། །

དགོས་པའི་དོན་དེ་ངེས་པར་སྤྱད་དུ་གསོལ། །

ཉལ་ནས་རྒས་སམ་བསྡད་ནས་རྒས་པ་ལ། །

དོན་གྱི་མཆོག་དམན་བརྩི་རུ་མི་གཏུབ་ན། །

ཞལ་དན་ཚིག་ལ་གནས་པའི་སྙིང་རུས་ཀྱིས། །

དང་པོ་རང་གི་ལམ་དེ་བདམ་དུ་གསོལ། །

ཚེར་མའི་ནགས་སུ་ཁྱོད་ལ་གང་ཡང་མེད། །

ཚེར་མའི་ནགས་ཚལ་ཀོ་བའི་ལྷམ་གྱིས་བརྒལ། །

ད་དུང་གཤིན་ཐང་གཞན་དང་གཞན་ཡོད་པ། །

ཕལ་ཆེར་སེམས་སུ་བསྒོམས་ལ་སྙོམས་པར་གྱིས། །

དུས་ཀྱི་དཔལ་ཡོན་དཔྱིད་ཀྱི་མཛེས་འབར་བ། །

གལ་ཏེ་ཁྱོད་ཀྱང་དེ་ཡི་ལྷུམ་ཞུགས་ན། །

སྲིད་ན་རྙེད་དཀའ་རྙེད་པའི་དངོས་ཐོབ་བཞིན། །

དགའ་བདེའི་དྲོད་ཀྱིས་ཁྱོད་ལ་འཁྱུད་པར་འགྱུར། །

ངས་ཀྱང་མ་ཡིས་ཟས་མཆོག་རྙེད་པ་བཞིན། །

ཡ་མཚན་ཡིད་ལ་སྨིན་པའི་སྐད་ཅིག་བཞིན། །

ཁྱོད་ཀྱང་འདི་ལྟར་སྤྱད་དུ་ཡོད་ན་ཞེས། །

བཅོས་མིན་ཐོལ་གྱིས་དྲན་པ་ཐེངས་གཅིག་མིན། །

སྐྱ་ཆེན་རྒད་པོ་(ཁོང་གི་ཕ་ཡབ)དུས་ཀྱི་ཆོས་སུ་ཕྱིན། །

ནོར་དགའི་(ཕྲན་གྱི་སྐྱེད་མ)ཚེ་ལྷག་ལ་ཁའི་ཟེར་ལྟར་རྒུད། །

གཅེས་པའི་ཡབ་ཡུམ་བྲལ་བ(ཁོང་གི་མ་ཆུང་དུས་ནས་གྲོང་ཟིན་ཅིང་། ཕྲན་གྱི་ཕ་ཨ་མ་དང་ལོགས་སུ་ཡོད་པས་ང་གཉིས་ཁོང་རྣམ་པ་གཉིས་ལ་བསྟེན་ནས་མཚར་ལོང་བྱུང་བ་ཡིན)འི་ཁྱོད་དང་ངའི། །

མཐར་ཐུག་དོན་གྱི་སྐྱབས་གསུམ་རང་ལ་བཅོལ། །

བདག་ལ་བཅོས་མིན་གྱི་བློ་རྩེ་གཏོད་པའི་སྔོན་གྱི་སློབ་བུ་མཁན་པོ་ཕུར་རྣམ་ལ་སྤྲིངས་པ་ཤར་རྒྱ་མཚོའི་སྤྲིང་ཡིག་ཅེས་པ་འདི་ཡང་། ཤར་ ཕྱོགས་ཀྱི་རྒྱ་མཚོའི་གླིང་ཕྲན་ཐེ་ཝན་གྱི་ཀྲུང་ཧྲན་སློབ་གྲྭ་ཆེན་མོའི་རྒྱལ་ སྤྱིའི་ཉལ་ཁང་གི་རང་ཤག་ཏུ་རྫ་ཚེ་རིང་བཀྲ་ཤིས་ནས་བོད་རྒྱལ་ལོ་ ༢༡༣༧ ཟླ་བ་ ༨ ཚེས་ ༥ ཉིན་བྲིས་ཏེ་ཕུལ།

སྙན་ངག

Post navigation

Previous Post: བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཡང་བསྐྱར་ཐེངས་གཅིག་བཤད།
Next Post: དྲུག་གསུམ་བཅོ་བརྒྱད།

Comments (10) on “བདག་ལ་བཅོས་མིན་གྱི་བློ་རྩེ་གཏོད་པའི་སྔོན་གྱི་སློབ་བུ་མཁན་པོ་ཕུར་རྣམ་ལ་སྤྲིངས་པ་ཤར་རྒྱ་མཚོའི་སྤྲིང་ཡིག”

  1. དཔལ་དགྱེས་པ་རྡོ་རྗེ says:
    2010-09-11 at 3:59 am

    མཆོག་གི་གསུངས་ལ་མངོན་པར་བསྟོད་དོ། དགྱེས་རྡོར་འདྲེ་ཁ་བརྗེད་པ་ཡི་རེ་ཕམ། །

  2. བརྩེ་ཀུན་ཁྱབ says:
    2010-09-11 at 11:42 am

    སྤུན་ཟླ་ལགས་ཐེ་ཝན་དུ་འབྱོར་བས་དགའ་བསུ་ཞུ་རང་ཉིད་ཀྱི་རེ་འདོད་ལེགས་འགྲུབ་བྱུང་དང་གཅིག་མཚུངས་ཡིན་མ་གཞི་ས་ཆ་གང་ཞིག་ལ་སྐྱོད་ཀྱང་ཐུན་མོངས་མ་ཡིན་པའི་གོམ་གཤིས་འདོར་མི་རུང།

  3. བློ་གྲོས་མཐའ་ཡས། says:
    2010-09-11 at 12:28 pm

    ད་དུང་དགྱེས་རྡོར་ཁྱེད་ཀྱི་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པར་སྨོན།    སྔོན་མའི་གཟིམ་ལམ་ལྟར་བོད་ལ་ས་འགུལ་གྱི་གནོད་འཚེ་བྱུང་བའི་རྗེས་སུ་ཡང་།     ཁྱེད་ཀྱིས་ད་དུང་འདི་ལོར་བོད་ལ་གོད་ཆགས་གཞན་པ་ཡང་ཡོང་རྒྱུ་ཡིན་པ་འདྲ་གསུངས་པ་བཞིན་ཡང་འབྲུག་ཆུས་ཕུང་ཁྲོལ་ཚབས་ཆེན་བཟོས་སོང་།    དེ་ཡང་ཁྱེད་ཀྱི་གཟིམ་ལམ་ལྟར་བྱུང་སོང་།    ད་དེ་ལས་གཞན་མི་ཡོང་བའི་སྨོན་ལམ་འདེབས།    

  4. དཔལ་དགྱེས་པ་རྡོ་རྗེ says:
    2010-09-12 at 3:07 am

    ཨོ། རྫ་ཚེ་རིང་བཀྲ་ཤིས་མཆོག་ནི་ཐུགས་བྲེལ་གྱིས་ཕྲིན་ཐུང་འདི་ཚོ་གཟིགས་ཀྱིན་མེད་པ་འདྲ། གང་ལྟར་དཔའ་མཛངས་ཅན་གྱི་མཁས་དབང་ཁྱེད་ཉིད་སྐུ་གཟུགས་བདེ་ཐང་ཡོད་པར་ཐོས་པས་དགའ་སྤྲོ་བརྟས། གོང་དུ་དགྱེས་རྡོར་འདྲེ་ཁ་བརྗེད་པ་ཡི་རེ་ཕམ། །ཞེས་པ་ཁྱེད་དྲྭ་སྟེང་དུ་ཕེབས་ན་ཀུ་རེ་དང་སྐད་ཆ་རེ་ལབ་དགོས་བསམ་པ་ལས་ཅོ་འདྲི་ཟུར་ཟ་སོགས་གང་ཡང་མིན་པས་ཤེས་པར་མཛོད་ཅིག
    ཁྱད་པར་དུ་བཀུར་འོས་པའི་༧བློ་གྲོས་མཐའ་ཡས་ལགས། མཆོག་གིས་བདག་ལ་ཐུགས་སྨོན་གནང་བར་བཀའ་དྲིན་ཆེའོ། ནམ་རྒྱུན་དུ་ཚོའི་ལས་དབང་ལ་བསམ་བློ་གཏོང་ཆེ་ནས་རྨི་ལམ་བཟང་ངན་མང་པོ་རྨིས་ཀྱིན་འདུག ང་ལ་ཡོན་ཏན་གཞན་སྣ་གཅིག་མེད་ཀྱང་ང་ཡི་རྨི་ལམ་འདི་དག་ལུང་བསྟན་དངོས་དག་ཅིག་ཡིན། ང་ཡི་རྨི་ལམ་རྩ་ཆེན་ཞིག་ཏུ་འཛིན་མཁན་ཞིག་ཡིན་ནས་བཟུང་། ང་ལ་ཡིད་ཆེས་ཡོད་པ་ཚོས་གསོན་དང་། ཁྱད་པར་ལ་རྒྱ་ཅན་གྱི་མཁན་སྤྲུལ། རང་ཆོས་བསམ་པའི་ཕོ་རབ། རང་རིགས་དྲན་པའི་མཛངས་མ། བོད་རིགས་རྒན་གཞོན་བྱིས་པ་ཕལ་ཆེ་བས་་་་ངེད་ཅག་གངས་རིའི་ལྗོངས་ཀྱི་ལས་དབང་དང་། ལ་རྒྱ་བསམ་ནས་རང་སྲོག་ལ་མི་འཛེམ་པ་འདི་ཚོ་དྲན་ཚེ་གཉིད་ཀྱང་ཡེ་ཡོང་གི་མི་འདུག་མོད། གཉིད་མ་འོང་ན་རྨི་ལམ་ག་ནས་འབྱུང་། ད་ཡིན་ན་སད་རྨི་བར་ནས་སྣང་ཆ་གལ་ཆེན་པོ་ཞིག་ཞུ་འདོད་བྱུང་ཡ། སྔོན་བདག་གི་བལྟས་ངན་གྱི་རྨི་ལམ་ལས། པོ་ཏ་ལ་ཡང་གས་ཆག་་་་་སོགས་བཤད་པ་དེ་དག་སྣང་མེད་དུ་མ་བཞག་ན་བསམ་གྱིན་ཡོད། གང་ཡིན་ན་ང་ཚོ་ཚང་མ་བོད་ཀྱི་བསྟན་སྲིད་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ཚེ། བོད་རིགས་རྒྱལ་ཕྱི་ནང་གི་ཁྱད་པར་མེད་པར་རང་རང་གི་ཁ་རྒྱབ་ཙམ་གྱི་ཆེད་དང་ཕ་མའི་ལྟ་བ་ལོག་ལམ་དུ་སོང་བ་དེ་རྩ་ཆེན་ཞིག་དུ་མི་འཛིན་པར། ཁ་ངོ་ལྐོག་མཚུངས་པར་ ༧གོང་ས་ཡིད་བཞིན་ནོར་བུའི་དགོངས་བཞེད་བཞིན་དུ་བོད་རིགས་གཅིག་ཡིན་ནས་བཟུང་སྟེ་དོལ་རྒྱལ་དམ་སྲིའི་རིགས་ལ་མཆོད་གསོལ་སྐྱབས་འཇུག་བྱེད་པ་འདི་དག་མཚམས་འཇོག་དགོས་ཀྱིན་འདུག དེ་མ་སྤངས་ན་གངས་རིའི་རང་བཙན་ཞེས་པ་དེ་ཡང་ནམ་ལངས་ཀྱི་སྐར་མ་བཞིན་དུ་འགྱུར་ཉན་འདུག་པས། ཀུན་གྱིས་བག་ཡོད་པར་གྱིས་ཤིག ། མདོར་ན་བོད་ཡུལ་གྱི་བསྟན་སྲིད་སྤྱི་དོན་ལ་བསམ་ནས་དོལ་རྒྱལ་ལ་སྐྱབས་གནས་བསྟེན་པ་དེ་མཚམས་འཇོག་བྱེད་མ་ཐུབ་ན་བོད་ཡུལ་རང་ཆོས་ཟིན་པའི་དུས་ཞིག་མེད་པ་ནི་ཤེས་པར་མཛོད་ཅིག དེ་ངའི་རྨི་ལམ་དང་ཉམས་སྣང་རེད་ཡ། དེ་མིན་མང་པོ་ཞུས་ན་ཉོབ་འགྲོ་གི་འདུག གལ་ཆེན་པོའི་རེ་བ་ཞིག་ཞུས་ན་དོལ་རྒྱལ་ད་སྔོན་བསྟེན་པའི་གངས་ཅན་བླ་མ་རྒྱ་བོ་གཙོས་བོད་རྒྱལ་ཕྱི་ནང་གི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ནང་ན་དོལ་རྒྱལ་ལྷ་རུ་འཛིན་པ་ཚོས་མི་བརྟེན་པ་དང་མི་བརྔན་པར་༧གོང་ས་མཆོག་ལ་བཤགས་སྡོམ་བཟོད་གསོལ། དོལ་རྒྱལ་མི་སྒྲུབ་པར་ཁས་ལེན་མཛད་པར་མཁྱེནན། ཁྱད་པར་རྒྱལ་ངན་དེས་དར་ལྕོག་བོད་ཡུལ་གྱི་རི་གླིང་ལ་སྒྲོན་པ་དེས་ལྷག་རང་ཡུལ་ཉམས་བསྐྱེད་ཞིག་མི་འདུག་པས་མི་མཛད་པར་མཁྱེན་མཁྱེན། འདི་ནི་མི་ཆོས་བླ་མ་བཤད་པ་ཞིག་ཡིན་ཡང་མི་ཆོས་བླ་མའི་རྫུན་ཞིག་ནི་གཏན་ནས་མིན་ནོ། ། ད་དུང་དེ་འདྲའི་རིགས་བོད་རིགས་སྤྱི་ལ་ཕན་བདེའི་རིགས་ལ་གོང་སྤེལ་དང་གནོད་པའི་རིགས་ལ་བག་ཡོད་པར་བྱས་ན་ཀུན་འདུས་ཀུན་འཛོམས་ཀྱི་དགའ་སྟོན་ཆེན་པོ་ཞིག་ཀྱང་འཆར་རྒྱུ་ཡོད་ངེས་སོ། ། མ་ཏི་རཏྣའི་བསྐུལ་མ་ལ་བསྟེན་ནས་གུས་པ་ཤྲྰིའི་སྙིང་ཁྲག་དྲོན་མོ་དེ་ཁ་ནས་ཐོལ་བྱུང་དུ་ཐལ་ལོ། །

  5. དཔལ་དགྱེས་པ་རྡོ་རྗེ says:
    2010-09-12 at 3:14 am

    ཨོ། རྫ་ཚེ་རིང་བཀྲ་ཤིས་མཆོག་ནི་ཐུགས་བྲེལ་གྱིས་ཕྲིན་ཐུང་འདི་ཚོ་གཟིགས་ཀྱིན་མེད་པ་འདྲ། གང་ལྟར་དཔའ་མཛངས་ཅན་གྱི་མཁས་དབང་ཁྱེད་ཉིད་སྐུ་གཟུགས་བདེ་ཐང་ཡོད་པར་ཐོས་པས་དགའ་སྤྲོ་བརྟས། གོང་དུ་དགྱེས་རྡོར་འདྲེ་ཁ་བརྗེད་པ་ཡི་རེ་ཕམ། །ཞེས་པ་ཁྱེད་དྲྭ་སྟེང་དུ་ཕེབས་ན་ཀུ་རེ་དང་སྐད་ཆ་རེ་ལབ་དགོས་བསམ་པ་ལས་ཅོ་འདྲི་དང་ཟུར་ཟ་སོགས་གང་ཡང་མིན་པས་ཤེས་པར་མཛོད་ཅིག
    ཁྱད་པར་དུ་བཀུར་འོས་པའི་༧ བློ་གྲོས་མཐའ་ཡས་ལགས། མཆོག་གིས་བདག་ལ་ཐུགས་སྨོན་གནང་བར་བཀའ་དྲིན་ཆེའོ། ནམ་རྒྱུན་དུ་ང་ཚོ་གངས་རིའི་ལས་དབང་ལ་བསམ་བློ་གཏོང་ཆེ་ནས་རྨི་ལམ་བཟང་ངན་མང་པོ་རྨིས་ཀྱིན་འདུག ང་ལ་ཡོན་ཏན་གཞན་སྣ་གཅིག་མེད་ཀྱང་ང་ཡི་རྨི་ལམ་འདི་དག་ལུང་བསྟན་དངོས་དག་ཅིག་ཡིན། ང་ཡི་རྨི་ལམ་རྩ་ཆེན་ཞིག་ཏུ་འཛིན་མཁན་ཞིག་ཡིན་ནས་བཟུང་། ང་ལ་ཡིད་ཆེས་ཡོད་པ་ཚོས་གསོན་དང་། ཁྱད་པར་ལ་རྒྱ་ཅན་གྱི་མཁན་སྤྲུལ། རང་ཆོས་བསམ་པའི་ཕོ་རབ། རང་རིགས་དྲན་པའི་མཛངས་མ། བོད་རིགས་རྒན་གཞོན་བྱིས་པ་ཕལ་ཆེ་བས་་་་ངེད་ཅག་གངས་རིའི་ལྗོངས་ཀྱི་ལས་དབང་དང་། ལ་རྒྱ་བསམ་ནས་རང་སྲོག་ལ་མི་འཛེམ་པ་འདི་ཚོ་དྲན་ཚེ་གཉིད་ཀྱང་ཡེ་ཡོང་གི་མི་ འདུག་མོད། གཉིད་མ་འོང་ན་རྨི་ལམ་ག་ནས་འབྱུང་། ད་ཡིན་ན་སད་རྨི་བར་ནས་སྣང་ཆ་གལ་ཆེན་པོ་ཞིག་ཞུ་འདོད་བྱུང་ཡ། སྔོན་བདག་གི་བལྟས་ངན་གྱི་རྨི་ལམ་ལས། པོ་ཏ་ལ་ཡང་གས་ཆག་་་་་སོགས་བཤད་པ་དེ་དག་སྣང་མེད་དུ་མ་བཞག་ན་བསམ་གྱིན་ཡོད། གང་ཡིན་ན་ང་ཚོ་ཚང་མ་བོད་ཀྱི་བསྟན་སྲིད་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ཚེ། བོད་རིགས་རྒྱལ་ཕྱི་ནང་གི་ཁྱད་པར་མེད་པར་རང་རང་གི་ཁ་རྒྱབ་ཙམ་གྱི་ཆེད་དང་ཕ་མའི་ལྟ་བ་ལོག་ལམ་དུ་སོང་བ་དེ་རྩ་ཆེན་ཞིག་དུ་མི་འཛིན་པར། ཁ་ངོ་ལྐོག་མཚུངས་པར་ ༧གོང་ས་ཡིད་བཞིན་ནོར་བུའི་དགོངས་བཞེད་བཞིན་དུ་བོད་རིགས་གཅིག་ཡིན་ནས་བཟུང་ སྟེ་དོལ་རྒྱལ་དམ་སྲིའི་རིགས་ལ་མཆོད་གསོལ་སྐྱབས་འཇུག་བྱེད་པ་འདི་དག་མཚམས་ འཇོག་དགོས་ཀྱིན་འདུག དེ་མ་སྤངས་ན་གངས་རིའི་རང་བཙན་ཞེས་པ་དེ་ཡང་ནམ་ལངས་ཀྱི་སྐར་མ་བཞིན་དུ་འགྱུར་ ཉན་འདུག་པས། ཀུན་གྱིས་བག་ཡོད་པར་གྱིས་ཤིག ། མདོར་ན་བོད་ཡུལ་གྱི་བསྟན་སྲིད་སྤྱི་དོན་ལ་བསམ་ནས་དོལ་རྒྱལ་ལ་སྐྱབས་གནས་ བསྟེན་པ་དེ་མཚམས་འཇོག་བྱེད་མ་ཐུབ་ན་བོད་ཡུལ་རང་ཆོས་ཟིན་པའི་དུས་ཞིག་མེད་པ་ནི་ཤེས་པར་མཛོད་ཅིག དེ་ངའི་རྨི་ལམ་དང་ཉམས་སྣང་རེད་ཡ། དེ་མིན་མང་པོ་ཞུས་ན་ཉོབ་འགྲོ་གི་འདུག གལ་ཆེན་པོའི་རེ་བ་ཞིག་ཞུས་ན་དོལ་རྒྱལ་ད་སྔོན་བསྟེན་པའི་གངས་ཅན་བླ་མ་རྒྱ་བོ་གཙོས་བོད་རྒྱལ་ཕྱི་ནང་གི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་ནང་ན་དོལ་རྒྱལ་ལྷ་རུ་འཛིན་པ་ཚོས་མི་བརྟེན་པ་དང་མི་བརྔན་པར་༧གོང་ས་མཆོག་ལ་བཤགས་སྡོམ་བཟོད་གསོལ། དོལ་རྒྱལ་མི་སྒྲུབ་པར་ཁས་ལེན་མཛད་པར་མཁྱེནན། ཁྱད་པར་རྒྱལ་ངན་དེས་དར་ལྕོག་བོད་ཡུལ་གྱི་རི་གླིང་ལ་སྒྲོན་པ་དེས་ལྷག་རང་ཡུལ་ ཉམས་བསྐྱེད་ཞིག་མི་འདུག་པས་མི་མཛད་པར་མཁྱེན་མཁྱེན། འདི་ནི་མི་ཆོས་བླ་མ་བཤད་པ་ཞིག་ཡིན་ཡང་མི་ཆོས་བླ་མའི་རྫུན་ཞིག་ནི་གཏན་ནས་མིན་ནོ། ། ད་དུང་དེ་འདྲའི་རིགས་བོད་རིགས་སྤྱི་ལ་ཕན་བདེའི་རིགས་ལ་གོང་སྤེལ་དང་གནོད་ པའི་རིགས་ལ་བག་ཡོད་པར་བྱས་ན་ཀུན་འདུས་ཀུན་འཛོམས་ཀྱི་དགའ་སྟོན་ཆེན་པོ་ཞིག་ཀྱང་འཆར་རྒྱུ་ཡོད་ངེས་སོ། ། མ་ཏི་རཏྣའི་བསྐུལ་མ་ལ་བསྟེན་ནས་གུས་པ་ཤྲྰིའི་སྙིང་ཁྲག་དྲོན་མོ་དེ་ཁ་ནས་ཐོལ་བྱུང་དུ་ཐལ་ལོ། །

  6. རྫ་ཚེ་རིང་བཀྲ་ཤིས། says:
    2010-09-12 at 10:17 am

    ཆོས་གྲོགས་དཔལ་དགྱེས་པ་རྡོ་རྗེ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ།
    གུས་པས་སྐུ་ཉིད་བརྗེད་མེད་ཞུ། ཐཱུུགས་ཉེ་བོས་གུས་པའི་རྩོམ་ཉོག་བཀླགས་པར་ཐུགས་རྗེ་ཆེ་ཞུ། གུས་པས་འབད་བརྩོན་གང་ལེགས་ཞུ་གི་ཡིན།

  7. རྫ་ཚེ་རིང་བཀྲ་ཤིས། says:
    2010-09-12 at 10:21 am

    དཔལ་དགྱེས་པ་རྡོ་རྗེ་ནས་གུས་པའི་རྩོམ་ཉོག་ལ་གཟིགས་ཤིང་། མཆེད་གྲོགས་རྙིང་པའི་ལ་རྒྱར་གཟིགས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཱུཆེ་ཞུ།

  8. ཅོ་ཅོ says:
    2010-09-14 at 12:51 am

    ཚེ་བཀྲ་ལགས་བཀྲ་ཤིས་བདེ་ལེགས་
    ཤར་རྒྱ་མཚོའི་འགྲམ་ནས་རྒྱ་ཡིག་ཡག་པོ་སྦྱོང་རོགས
    རྒྱ་མོའི་རྐུབ་ལ་མ་རྒྱུགས་འདི་ང་ཡི་རེ་བ་ཡིན

  9. དགེ་ལེགས་བློ་ལྡན་ says:
    2011-09-30 at 4:19 pm

    ཕུར་རྣམ་ཟེར་བའི་མི་དེ་གྲྭ་ས་ཆེ་ཁག་མང་པོ་ཞིག་ལ་སོང་ནས་ཐོས་བསམ་དོན་གཉེར་བྱས་འདུག། ཡིན་ན་ཡང་ཐོས་པ་དོན་ནོར་དང་བསམ་པ་ཕྱིན་ཅི་ལོག་ནས་ལྟ་ལོག་པ་ལྷ་འཇལ་དུ་སོང་ནས་འདྲེ་ལ་འཕྲད་སོང་མཁན་དེ་འདྲར་འགྱུར་འདུག་ཟེར་བ་གོ་ཐོས་བྱུང་།

  10. དགེ་ལེགས་བློ་ལྡན་ says:
    2011-09-30 at 4:19 pm

    ཕུར་རྣམ་ཟེར་བའི་མི་དེ་གྲྭ་ས་ཆེ་ཁག་མང་པོ་ཞིག་ལ་སོང་ནས་ཐོས་བསམ་དོན་གཉེར་བྱས་འདུག། ཡིན་ན་ཡང་ཐོས་པ་དོན་ནོར་དང་བསམ་པ་ཕྱིན་ཅི་ལོག་ནས་ལྟ་ལོག་པ་ལྷ་འཇལ་དུ་སོང་ནས་འདྲེ་ལ་འཕྲད་སོང་མཁན་དེ་འདྲར་འགྱུར་འདུག་ཟེར་བ་གོ་ཐོས་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme