Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒྲ་འབྱུང་ཚུལ་དང་དེའི་ཁྱད་ཆོས་།

Posted on 2010-09-08 By དབང་ཕྱུག་ 16 Comments on སྒྲ་འབྱུང་ཚུལ་དང་དེའི་ཁྱད་ཆོས་།

བཞག་ལྡོམ་དར་རྒྱས་།

0512-0712-2717-18442
འགྲོ་ བ་ཡོངས་འཇིག་རྟེན་འདིར་འཚོ་པར་སྒྲ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ལ་སྒྲའི་དབྱངས་ རྟར་བརྟེན་ནས་ཕན་ཚུན་འབྲེལ་བ་བྱེད་ཀྱིན་ཡོད་ལ་སྒྲ་ལ་བརྟེན་ནས་རླུང་འཕྲིན་ ལས་གསར་འགྱུར་དང་སྙན་འཇེབས་ཆེ་བའི་རོལ་དབྱངས་སོགས་ཉན་ཀྱི་ཡོད་། ད་དུང་འུ་ཚོས་སྒྲ་ལ་བརྟེན་ནས་ཞབས་བྲོ་འང་རྒྱག་གི་ཡོད་། འུ་ཚོས་ཧ་ཅང་མཐོ་བའི་སྒྲ་ཐོས་སྐབས་བློ་བུར་དུ་གཡས་གཡོན་ལ་ལྟ་ཞིང་དེ་ཡིས་འུ་ ཚོའི་བདེ་འཇགས་སུ་རོགས་བྱེད་། ཡིན་ན་ཡང་། སྒྲ་དེ་གང་ཞིག་རེད་།

སྒྲའི་གཡོ་འགུལ་།

Sound Vibration

རོལ་ དབྱངས་མཁན་པོས་རྔའི་ངོགས་སུ་གཞུས་སྐབས་རྔ་ལས་གཡོ་འགུལ་ལམ་འགུལ་སྐྱོད་ལྡན་ པའི་རླབས་རྒྱུན་འབྱུང་ཞིང་དེར་བརྟེན་ནས་གཡོ་འགུལ་ལྡན་པའི་སྒྲ་འབྱུང་། ། དེ་ཡིས་ཉེས་འཁོར་གྱི་དངོས་པོ་དང་མཁའ་དབྱིངས་ཀྱི་རླུང་རྡུལ་ཀྱང་གཡོ་འགུལ་ བྱ་། གཡོ་འགུལ་ལྡན་པའི་སྒྲ་དེ་མཁའ་རླུང་བརྒྱུད་ནས་ཁྱེད་ཀྱིས་ཐོས་ཤིང་། དེས་ཁྱེད་ཀྱི་རྣའི་རྔ་ཆུང་ (eardrum) ཡང་གཡོ་འགུལ་བྱ་།

སྒྲའི་རྦ་རླབས་།

Sound Waves

ཁྱེད་ ཀྱིས་རྡོ་ཕྲན་གཅིག་ཆུའམ་མཚེའུ་ཞིག་གི་ནང་དུ་གཡུག་སྐབས་དེས་ཆུར་རྦ་རླབས་ བསྐྲུན་ཞིང་། རྦ་རླབས་དེ་ཀོར་ཀོར་ངང་ཕྱི་ལོགས་སུ་འཕྱོ་ཡོང་ལ་། འཕྱོ་ཡོང་བའི་རྦ་རླབས་དེའི་ནང་དུ་གཡོ་འགུལ་ཀྱི་སྒྲ་འབྱུང་ཞིང་སྒྲའི་རྦ་ རླབས་དེ་ཡང་ཟླུམ་པོ་ཚུལ་དུ་ཕྱི་རུ་འཕྱོ་ཡོང་། འོན་ཏེ་། དེ་རྣམས་ཡར་དང་མར་ད་དུང་གཡས་དང་གཡོན་བཅས་ཕྱོགས་ཡོངས་སུ་འཕྱོ་འགྲོ དེའི་ཕྱིར་ཁྱེད་ཀྱིས་ཐོས་བའི་སྒྲ་དག་ནི་སྐབས་རེ་འོག་དང་གོང་། མཚམས་རེ་ཁྱེད་ཀྱི་མཐའ་འཁོར་ནས་སླེབས་ཡོང་།

བྲག་ཅ་།

Echoes

སྒྲའི་རླབས་རྒྱུན་དེ་དངོས་པོ་ཧ་ཅང་མཁྲེགས་པོ་ངོགས་སུ་གཞུ་ཞིང་དེ་བྲག་ཅའི་ཚུལ་དུ་ཚུར་འཁོར་པར་གྲོང་འཁྱེར་གྱི་རླང་འཁོར་འཇོག་ས་(garage) ལྟ་བུའི་སྒོ་དོག་ཅིང་ངོས་ཡོད་ཚད་དངོས་པོ་མཁྲེགས་པོས་བཟོས་པ་ཞིག་གམ་ཡང་ན་ བྲག་རོང་གིས་ཁེངས་བའི་མཐོ་སྒང་བོད་པའི་བྲག་འགག་ཞིག་ནས་ཁྱེད་ཀྱིས་ཆེས་མཐོ་ བའི་སྒྲ་གང་ཞིག་བསྒྲོགས་ན་། སྒྲའི་དབྱངས་རྟ་དེ་ཕར་ཕྱོགས་སུ་བརྡབས་སྟེ་ཚུར་སྒྲ་འབྱུང་ཡོང་བའི་དེ་ནི་གོང་དུ་བཤད་པའི་བྲག་ཅ་ཞེས་པ་དེ་ཡིན་། ཕྱོགས་གཞན་ནས་བཤན་ན་དངོས་པོ་སོབ་སོབ་རིགས་ཉལ་ཆས་དང་ས་གདན་། ད་ དུང་ནང་ཆས་ལྟ་བུ་ཁྱེད་ཀྱི་སྡོད་ཁང་གི་ནང་དུ་ཉར་ཏེ་སྒོ་ཡོད་ཚད་བརྒྱབ་ཅིང་ཧ་ ཅང་མཐོ་བའི་ཀུ་ཅོ་གང་ཞིག་བརྒྱབ་ཀྱང་ཚུར་སྒྲ་གང་ཡང་མི་ཐོས་། རྒྱུ་མཚན་ནི་དངོས་པོ་སོབ་སོབ་རིགས་ཀྱིས་སྒྲ་ཕར་འཐེན་ཞིང་དངོས་པོ་དེའི་ནང་དུ་ཉར་ (absorb) འདུག་པས་ཡིན་། དེའི་ཕྱིར་ཁྱེད་ཀྱིས་དངོས་པོ་སོབ་སོབ་ཀྱི་རིགས་ནས་བྲག་ཅ་ཐོས་དཀའ་།

སྒྲའི་མཐོ་དམའ་དང་དེའི་འདར་རྒྱུན་།

Pitch and Frequency

ཤུག་ལུ་(whistle) ལྟ་བུའི་སྒྲ་ཧ་ཅང་མཐོ་ཞིང་དུང་ཆེན་(horn) གྱི་སྒྲ་གཏིང་རིང་ཞིང་དམའ་།

ཤུག་ལུ་ཡི་སྒྲའི་རྦ་རླབས་ཐ་དག་ཕན་ཚུན་བཉམ་དུ་ཐག་ཉེ་སར་ཡོད་པའི་དེའི་སྒྲས་མཁའ་རླུང་མགྱོགས་དམྱུར་ངང་གཡོ་འགུལ་བྱ་ཞིང་། དེའི་སྒྲའི་འདར་རྒྱུན་ཀྱི་ཚད་ཤིན་ཏུ་མཐོ་པས་འུ་ཚོའི་རྣ་ལམ་ན་སྒྲ་དེ་ཆེས་མཐོ་ཞིང་གཟན་པོ་ཡིན་། དུང་ཆེན་གྱི་སྒྲས་མདུན་གྱི་རླང་བུ་ཆེས་དལ་ཞིང་སློད་པོ་ངང་གཡོ་འགུལ་བྱ་ཞིང་དེའི་སྒྲའི་རྦ་རླབས་དག་ཐག་རིང་དུ་གྱེས་འགྲོ་། དེའི་ཕྱིར་། དེའི་སྒྲའི་འདར་རྒྱུན་གྱི་ཚད་དམའ་ཞིང་འུ་ཚོའི་རྣ་བར་སྒྲ་དེ་གཏིང་རིང་ལ་ཧ་ཅང་སློད་པོའམ་ཚད་དམའ་མོ་ཡིན་།

སྒྲའི་དྲག་ཞན་།

Volume

སྒྲའི་ དྲག་ཞན་ཞེས་བ་ནི་སྒྲ་གང་ཞིག་ཕན་ཚུན་སྡུར་པའི་ཆ་ནས་སྒྲའི་ཚད་དམའ་མོའི་རིགས་ ལ་སྒྲ་ཞན་པ་དང་སྒྲའི་ཚད་མཐོ་པའི་རིགས་ལ་སྒྲ་དྲག་པ་ཅེས་བཤད་པ་ཞིག་རེད་། དཔེར་ན་། ལུག་ རྫིས་རི་འགོ་ནས་སྐད་ཤུགས་ཆེན་པོའི་ངང་ཀུ་འདེབས་སྐབས་དེའི་སྒྲ་དྲག་ཅིང་ཚད་ མཐོ་། རྒྱུ་མཚན་ནི་། ཀུ་དེ་འདེབས་པར་ལུག་རྫིའི་མགྲིན་པར་ནུས་ཤུགས་ཧ་ཅང་འདོན་དགོས་པའི་ཡིན་། ཕྱོགས་གཞན་ནས་བཤད་ན་ཁྱེད་ཀྱི་འཛིན་མོས་མདུན་འཇོག་སྟེང་དུ་སློད་པོར་གཞུས་ སྐབས་སྒྲ་དེ་ཆེས་སློད་ཅིང་དམའ་ལ་ཤུགས་དེ་ཙམ་མེད་། དེའི་ཕྱིར་ཚན་རིག་པས་སྒྲ་དྲག་ཞན་གྱི་ཚད་མཇལ་(decibels)སྐབས་མཁའ་དབྱིངས་འཕུར་གྲུ་ལྟ་བུའི་སྒྲའི་དྲག་ཚད་༡༩༠དང་མཉམ་གྲོལ་རོལ་དབྱངས་དགོང་ཚོགས་༡༡༥་། འདུ་འཛི་ཆེ་པའི་ཁྲོམ་སྲང་༧༠་། སློབ་གྲྭའི་འཛིན་ཁང་ནང་༤༥་། སྟོན་ཁའི་ཤིང་ལོ་མར་ལྷུང་སྐབས་༡༠ བཅས་ཡིན་།

སྒྲ་དང་དངོས་པོ་།

Sound and matter

སྒྲའི་རླབས་རྒྱུན་གཡོ་འགུལ་ནི་འཇིག་རྟེན་འདིའི་དངོས་པོ་མཁྲེགས་པོ་(solids)དང་གཤེར་ཁུ(liquids)་། ཡང་ན་གསོལ་རླངས(gases)ཁོ་ ནར་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། ཁྱེད་ཀྱིས་ཟླ་བའི་སྟེང་ནས་སྐད་ཆེན་པོའི་ངང་ཀུ་ཅི་ལྟར་འདེབས་རུང་སྒྲ་གང་ཡང་ མི་ཐོས་། རྒྱ་མཚན་ནི་ཟླ་བའི་སྟེང་ན་མཁའ་རླུང་ངམ་རླུང་གི་དཀྱིལ་འཁོར་ (atmosphere)མེད་ ལ་སྒྲའི་རྦ་རླབས་འཁྱེར་མཁན་གྱི་གསོལ་རླངས་ཀྱང་མེད་། སྒྲའི་རྦ་རླབས་མང་ཆེ་བ་དངོས་པོ་མཁྲེགས་པོ་བརྒྱུད་དེ་མགྱོགས་སུ་འགུལ་སྐྱོད་ བྱེད་ཀྱི་ཡོད་། དེའི་ཕྱིར་དངོས་པོ་མཁྲེགས་པོ་རིགས་ཀྱི་རྡུལ་ཕྲན་(atoms)དག་ ཕན་ཚུན་ཧ་ཅང་ཐག་ཉེ་ཞིང་མཉམ་དུ་འདུས་ནས་ཡོད་པས་སྒྲའི་རྦ་རླབས་རྡུལ་ཕྲན་གཅིག་ ནས་གཅིག་ལ་ཤིན་ཏུ་མགྱོགས་པོའི་ཚུལ་དུ་འགུལ་སྐྱོད་བྱ་ཐུབ་། ཡིན་ན་ཡང་སྒྲའི་རྦ་རླབས་དངོས་པོ་གཤེར་བའི་རིགས་ལས་དལ་ཞིང་སློད་པོའི་ངང་ འགུལ་སྐྱོད་བྱ་། རྒྱུ་མཚན་ནི་དེའི་རྡུལ་ཕྲན་རྣམས་ཕན་ཚུན་ཕྱོགས་རིང་དུ་གྱེས་ཤིང་སྒྲའི་རྦ་ རླབས་རྡུལ་ཕྲན་གཅིག་ནས་གཅིག་བརྒྱུད་དེ་འགུལ་སྐྱོད་བྱེད་པ་ཅུང་ཙམ་འགོར་། གསོལ་རླངས་ཀྱིས་སྒྲའི་རྦ་རླབས་འགུལ་སྐྱོད་བྱེད་པ་དངོས་པོ་གཤེར་ཁུ་ལས་ཀྱང་ འགོར་། རྒྱུ་མཚན་ནི་དེའི་རྡུལ་ཕྲན་རྣམས་ཕན་ཚུན་ཧ་ཅང་རིང་དུ་གྱེས་ཤིང་དེའི་རྡུལ་ ཕྲན་གཅིག་ནས་གཅིག་བརྒྱུད་དེ་སྒྲའི་རྦ་རླབས་འགུལ་སྐྱོད་བྱེད་པ་དངོས་པོ་གཤེར་ ཁུ་ལས་ཀྱང་འགོར་བ་ཡིན་།

སྣ་ཚོགས།

Post navigation

Previous Post: ༢༠༡༠ བོད་ཀྱི་དུས་སྟོན།
Next Post: དབྱངས་རྟ་ཞིག་གིས་ང་རང་བཙུར་སོང་།

Comments (16) on “སྒྲ་འབྱུང་ཚུལ་དང་དེའི་ཁྱད་ཆོས་།”

  1. ཀླུ་སྨྱོན། says:
    2010-09-08 at 3:03 pm

    སྒྲ་ཡི་སྐོར་འདི་ནི་ངའི་ཆེས་དགའ་མོས་བྱེད་སའི་རིག་པའི་གནས་ཤིག་ཡིན། ཕར་ཕྱོགས་ཤིག་ནས་སྒྲ་ཞིག་གྲག་སྟེ་ངའི་རྣ་བའི་བུ་གར་མ་བསླེབས་གོང་དུ་སྒྲ་དེ་ཅི་ལྟ་བུ་ཞིག་ཡིན། སྒྲ་རྡུལ་ཕྲ་མོ་དེས་ངའི་རྣ་བའི་ནང་གི་སྒྲ་འཛིན་རྣ་དབང་དེར་རེག་རྗེས་ངས་ཅི་འདྲ་བྱས་ནས་སྒྲ་དེ་ཐོས་ཐུབ། དེ་ཡང་སྒྲ་དང་གཟུགས་བརྙན་གྱི་རིགས་འདི་དག་ག་འདྲ་བྱས་ནས་གློག་གི་སྐུད་པ་བརྒྱུད་དེ་འཕྲུལ་ཆས་གཅིག་ནས་གཅིག་ཏུ་འགྲོ་ཐུབ། དེ་ལས་ཀྱང་མགོ་འཐོམ་པ་ཞིག་ནི་སྒྲ་དང་གཟུགས་བརྙན་འདི་རིགས་སྐུད་པ་མེད་པར་འཕྲུལ་ཆས་གཅིག་ནས་གཅིག་ཏུ་ཇི་ལྟར་འགྲོ་བ་ཡིན། དེང་སང་སྐུད་མེད་བརྙན་འཕྲིན་དང་སྐུད་མེད་ཁ་པར་སོགས་སྐུད་པ་མེད་པར་སྒྲ་གཟུགས་གཉིས་སའི་གོ་ལའི་ཕར་ངོས་ཚུར་ངོས་དང་དེ་ལས་ཀྱང་བརྒལ་བར་སྣང་སྟོང་པའི་དབྱིངས་ཀྱི་དཔག་ཚད་འབུམ་ཕྲག་བརྒལ་བའི་ས་ནས་སའི་གོ་ལའི་སྟེང་དུ་འདྲེན་ཐུབ་པ་འདི་ལ་འགྲེལ་བཤད་རེ་ཡོད་དམ།

  2. ཀླུ་སྨྱོན། says:
    2010-09-08 at 3:06 pm

    དེང་སྐབས་ཚན་རིག་པ་ཁག་ཅིག་གིས་བྱ་རྒོད་ཕུང་པོའི་རིའི་སྟེང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་སྐད་འཚོལ་བཞིན་འདུག་ཟེར་ཞིང་། དེ་ཡང་འགྲོ་སོང་ཆེ་བ་མ་གཏོགས་སངས་རྒྱས་ཀྱི་གསུང་མི་རྙེད་པའི་དཀའ་ངལ་ཡོད་པ་མ་རེད་ཟེར། དེ་ཡང་ཉིན་སྔ་མ་དང་ཟླ་བ་སྔོན་མ་དེ་བཞིན་ལོ་སྔོན་མའི་སྒྲ་རྣམས་རེ་རེ་བྱས་ནས་རྙེད་ཐུབ་ཀྱིན་ཡོད་འདུག་ལ། ད་དུང་ལོ་བརྒྱ་རེའི་སྒྲ་རྣམས་དུས་གཅིག་ཏུ་རྙེད་ཐུབ་པའི་འཕྲུལ་ཆས་གསར་བཏོད་བྱས་ཚེ་ལོ་ཉིས་སྟོང་ལྔ་བརྒྱའི་གོང་གི་སངས་རྒྱས་ཀྱི་གསུང་སྒྲ་ཡང་ལས་སླ་བོར་རྙེད་ཐུབ་ཟེར་གི

  3. བོང་རྫི says:
    2010-09-08 at 3:20 pm

    ངས་སྒྲ་ཡི་སྐོར་ལ་ཐོ་ཡིག་འདི་འདྲ་ཤིག་བྲིས་འདུག་།

    སྒྲ་ནི་སྒྲའི་རྡུལ་ཕྲ་རབ་རྣམས་གཡོས་ཤིང་འཁྲུགས་ནས་མཐར་གནོན་པའི་ཤུགས་ཞིག་གིས་འདར་སྒྲ་དེ་དག་རླུང་ནང་དུ་དྲངས་ནས་སྒྲ་གྲགས་པར་བྱས་པ་ཡིན་ཞིང་།དེའི་ཕྱིར་ཕྱོགས་མཚམས་མེད་པར་ཀུན་དུའང་རྒྱུ་བར་བྱེད་ཅིང་།སྒྲ་རྒྱུ་བའི་ཚད་ནི་གནམ་བཤིས་ལ་བརྟེན་ཡོད་པ་དང་།སྒྲའི་གདངས་ནི་དུས་མཐའི་སྐད་ཅིག་མའི་ནང་དུ་སྒྲའི་རྡུལ་ཕྲན་འདར་བའི་ངར་སྒྲ་ལས་པྱུང་བ་ཤིག་ཡིན་ཞིང་།སྒྲ་རྒྱུ་བའི་ཚད་ཀྱིས་སྒྲའི་གདངས་ལ་འགྱུར་བ་ཅུང་ཟད་ཀྱང་མེད་མོད་།སྒྲ་ཆེ་ཆུང་ནི་གཙོ་བོ་རྡུལ་གྱི་ལྡེམ་ཆ་འགུལ་ཁྱོན་གྱིས་རླབས་ཆེ་ཆུང་ལ་བརྟེན་ནས་པྱུང་བ་ཞིག་ཡིན་།འདིར་མཆིམས་རྗེ་བཙུན་འཇམ་པའི་དཔྱངས་ཀྱིས་ཀྱང་།སྒྲ་ནི་རྡུལ་ཕྲན་སོགས་འཕྲད་པ་མིན་ཡང་།རླུང་འདུས་ཏེ་རྡུལ་ཕྲན་ཤིན་དུ་ཉེ་བར་བཏང་ནས་སྒྲ་བྱུང་བར་བཤད་དོ།ཁོང་གིས་།གལ་ཏེ་རྡུལ་ཕྲན་ཕྲད་པ་མེད་ན་རྔ་ལ་སོགས་པ་ལ་དཔྱུག་གུ་བསྣུན་པ་ལ་སོགས་སྒྲ་མི་འཔྱུང་བར་འགྱུར་རོ་ཞེ་ན་།མ་ཕྲད་ཀྱང་དེ་དག་ཤིན་ཏུ་ཉེ་བ་དང་རླུང་འདུས་བ་ལས་སྒྲ་འཔྱུང་བར་ཕྱིར་རོ་།ཅེས་གསུངས་སོ།དེ་ཡང་རྣ་བའི་དབང་བོ་ནི་ཆ་ཤས་མི་འདྲ་བ་གསུམ་དུ་དབྱེ་ནས་བརྗོད་སྲོལ་ཡོད་ཅིང་།རྣ་དབང་ཕྱི་མ་དང་བར་མ་ནང་མ་བཅས་གསུམ་དུ་དཔྱེ་ཞིང་།འདི་མངོན་པ་མཛོད་སོགས་སུ་རྣ་བའི་དབང་བོ་ནི་རྣ་འབྲུག་ཅེས་པྱ་བ་གྲོ་གའི་འཛེར་བུ་ནང་ན་ཡོད་པར་བཤད་མོད་།བཤམ་གསལ་གྱི་རི་མོ་འདི་ནི་རྣ་བའི་དཔང་བོ་མཚོན་པའི་རི་མོ་ཡིན་ཞིང་།རི་མོ་འདི་གྲོ་གའི་མཛེར་བ་དཀྱིས་བ་ལྟ་བ་ཤིག་མ་ཡིན་ལ་ཕྲན་གྱིས་རྣ་བའི་དབང་བའི་གྲོ་གའི་མཛེར་བུ་ནང་ཡོད་པ་ཞིག་མ་མཐོང་ངོ་།རྣ་དབང་ཕྱི་མ་་་ནང་མ་བར་མ་གསུམ་ལ་རྣམ་པ་དང་ནུས་བ་མི་འདྲ་རེ་རེ་ཡོད་པ་དང་།ནུས་བ་མི་འདྲ་དེ་དག་ལ་བརྟེན་ནས་སྒྲ་ཐོས་བ་ཡིན་།དེ་ཡང་རྣ་དབང་ཕྱི་མས་སྒྲའི་རྡུལ་ཕྲན་རྣམས་བསྡུས་ནས་རྣ་དབང་བར་མའི་ནང་དྲངས་ཤིང་།རྣ་དབང་བར་མའི་ནང་་རུས་ཆ་གསུམ་ཡོད་པ་དེས་རྣ་དབང་ཕྱི་མས་དྲངས་བའི་སྒྲ་རླབས་དེ་དག་གི་ནུས་བ་རྣམས་རྣ་དབང་མང་མས་རང་ཁོངས་ཀྱི་རློན་པ་ཅན་གྱི་ཤ་ལེབ་མན་བོ་རི་ན་ཟེར་བ་སེན་མོ་དཔྱིབས་ཅན་གྱི་ཤ་ལེབ་དེར་དྲངས་ནས་།དེར་ཀླད་པའི་རྩ་ལམ་དུ་ཞུགས་ནས་།སྒྲ་ཐོས་བ་ཡིན་པར་བཤད་དོ་།

  4. དོན་གྲུབ། says:
    2010-09-08 at 7:51 pm

    ངས་གོ་ཐོས་ཤིག་ལ་ཚན་རིག་པས། ང་ཚོའི་འཇིག་རྟེན་འདིའི་ཐོག་བྱུང་མྱོང་བའི་གནའ་རབས་ཀྱི་ལོ་རྒྱུསརང་བྱུང་ཁམས་ཀྱི་རྟེན་འབྲེལ་གྱི་ཆོས་ཉིད་ལ་བརྟེན་ནས་ཉར་ཚགས་བྱས་པའི་གནས་ཚུལ་མང་བོ་ཞིག་རྟོགས་ཐུབ་པའི་ཚོད་སྒམ་བྱེད་བཞིན་འདུག ཁོང་ཚོས་ས་གཞི་འདིའི་ཕྱོགས་ལ་ལར་སྐབས་རེར་བར་སྣང་སྟོང་བའི་དབྱིངས་ནས་གཡུལ་འཁྲུགས་དང་། གླུ་གར་བྲོ་ཁྲབ་ལྟ་བུ་མཐོང་རྒྱུ་ཡོད་པ་དེ་ཚོ་རང་བྱུང་རྟེན་འབྲེལ་གྱིས་པར་དུ་བཏབས་པ་ཞིག་ཡིན་ཚུལ་གླེང་གིན་འདུག ཅིག་བྱས་ན་དེ་ཚོའི་བཤད་ཚུལ་ལ་བདེན་པའི་རྒྱུ་ཆ་མང་བོ་ཞིག་ཡོད་སྲིད། དེང་སངScience Fictionཚན་རིག་བཅོས་སྒྲུང་དཔེ་དེབ་དང་། གློག་བརྙན་དཔེར་ན། The Star War, Star Trek, Battlestar Galactica, སོགས་བཅོས་སྒྲུང་ལྟ་བུ་ཡིན་མོད། གནས་ཚུལ་དེ་འདྲ་ཞིག་སྲིད་རྒྱུ་ཡིན་པར་ཚོད་དཔགས་བྱེད་ཀྱིན་ཡོད་པ་རེད། དེ་བཞིན་ངསUFOཕྱོགས་ཀྱི་དངོས་ཡོད་གནས་ཚུལ་མང་བོ་འཚོལ་སྡུད་བྱེན་བཞིན་ཡོད། དེ་དག་གི་ནང་གནས་ཚུལ་ཡ་མཚན་ཅན་མང་བོ་འདུག

  5. རྔ་བ་རྒྱལ་ཁམས་པ། says:
    2010-09-08 at 8:17 pm

    ཀླུ་སྨྱོན་ལགས། སྐུད་མེད་རླུང་འཕྲིན་དང་། གཟུགས་འཕྲིན་གསར་གཏོད་མཁན་ཨི་ཏྲ་ལིའི་ཚན་རིག་པ་ཆེན་པོGuglielmo Marconi ཞེས་འབོད་པ་ཁོང་ཕལ་ཆེར་རེད་འདུག ངས་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་སྐུད་མེད་ཀྱི་འགྲིམ་འགྲུལ་ཡོང་སྟངས་སྐོར་སྟབས་ཀ་ནམ་ལྡན་ལ་དྲྭ་ཐོག་ཏུ་འགོད་ཡོང་། དེ་ཙམ་ཡིན།

  6. བསེ་རོང་འོད་ཟེར། says:
    2010-09-08 at 11:02 pm

    བཞག་ལྡོམ་དར་རྒྱས་ལགས།
    སྒྲའི་སྐོར་གྱི་ཤེས་བྱ་ངོ་སྤྲོད་གནང་པ་ཡག་པོ་འདུག་ལ་མུ་མཐུད་དེ་རྩོམ་ཡིག་སྣ་མང་ཡོང་བའི་རེ་བ་ཡོད།
    ད་བདེ་མོ།

  7. ཀླུ་སྨྱོན། says:
    2010-09-09 at 12:40 pm

    རྔ་བ་རྒྱལ་ཁམས་པ་ལགས། ངས་ཁྱེད་ཀྱི་འཕྲིན་གསར་དེ་ལ་བསྒུགས་ནས་བསྡད་ཡོད། བྱ་ཁུ་བྱུག་ལ་རེ་སྒུག་བྱེད་པ་བཞིན། མཛའ་མོ་ཞིག་གིས་རྒྱང་རིང་གི་མཛའ་བོ་ལ་རེ་སྒུག་བྱེད་པ་དང་ཡང་འདྲའོ།།

  8. ཨ་ནུ་ཐང་བསོད་ནམས། says:
    2010-09-09 at 3:35 pm

    ཡག་པོ་འདུག ཐུགས་རྗེ་ཆེ། བཞག་དར་ལགས།

  9. ཇ་མ་ says:
    2010-09-10 at 9:28 am

    བཞག་ལྡོམ་པ་ལགས། ངོ་མ་བཤད་ན་ཁྱེད་ཀྱི་རྩོམ་ཡིག་འདི་འདྲ་བོ་བལྟ་རྒྱུ་དགའ། ད་དུང་འདི་འདྲ་མང་ཙམ་སྤེལ་ཐུབ་ན་ཡག་གི་ཨ་མའི་བུ།

  10. བཞག་ལྡོམ་དར་རྒྱས་། says:
    2010-09-10 at 10:10 am

    ཀླུ་སྨྱོན་ལགས་། འུ་ཚོས་ལྟ་སའི་བརྙན་འཕྲིན་དང་ཉན་སའི་རླུང་འཕྲིན་གྱིས་གློག་གི་འཐེན་ཤུགས་རྦ་རླབས་electromagnetic waves ཞེས་བ་དེ་བེད་སྤྱོད་བྱེད་ཀྱིན་འདུག་། རྒྱུ་མཚན་དེ་ལ་གཞིགས་ནས་བཤད་ན་ལོག་ཐོག་ཁ་པར་གྱིས་ཀྱང་གློག་གི་འཐེན་ཤུགས་རྦ་རླབས་བེད་སྤྱོད་བྱེད་ཀྱིན་མེད་འགྲོ་། གལ་སྲིད་གུས་པར་སློབ་སྦྱོང་དང་ལས་དཀའི་བར་ནས་ཆུ་ཚོད་རེ་བྱུང་ན་གློག་གི་བསྐོར་ཞིག་འབྲི་འུ་ཐུབ་ལྟ་།

  11. བཞག་ལྡོམ་དར་རྒྱས་། says:
    2010-09-10 at 1:15 pm

    ནོར་བཅོས་། ལག་ཐོགས་ཁ་པར་།

  12. ཀླུ་སྨྱོན། says:
    2010-09-10 at 1:51 pm

    སྒྲ་རྡུལ་ཡིན་ན་རེད་སྒྲ་ཡི་འོད་རླབས་སམ་རྦ་རླབས་འདི་དག་གི་འགྱེད་ཚད་དེ་སྐར་ཆ་རེ་རེའི་ནང་དུ་ཐག་རིང་ཐུང་ག་འདྲ་ཞིག་ལ་འགྱེད་ཐུབ། སྒྲ་རླབས་འདི་དག་ང་ཚོའི་རྣ་བའི་དབང་པོའི་ནང་དུ་མ་བསླེབས་པའི་བར་དེར་སྐབས་རེར་འཕྲོ་བརླག་ཏུ་གཏོང་ཐུབ་བམ། དེང་སྐབས་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོས་ཨ་རིའི་རླུང་འཕྲིན་ལ་ཉན་རྒྱུར་འཕྲུལ་ཆས་འདྲ་མིན་བཙུགས་ཏེ་གནོད་སྐྱེལ་བཞིན་པ་འདིར་བསམས་ན། སྒྲ་རླབས་དེར་གློག་གི་འོད་རླབས་གཞན་པས་གཏོར་བརླག་བྱེད་ཐུབ་པ་ཤེས་པས། གཏོར་བརླག་དེ་ཅི་ལྟར་བྱེད་བཞིན་ཡོད་དམ། སྒྲ་རླབས་ཕྲ་མོ་དག་གི་ཁ་ཕྱོགས་བསྒྱུར་ནས་ཕྱོགས་གཞན་ཞིག་ཏུ་འཁྲིད་འགྲོ་བཞིན་ཡོད་དམ། ཡང་ན་སྒྲ་རླབས་དེ་རང་ལ་གཏོར་སྐྱོན་བཏང་ནས་སྒྲ་སྡུད་འཁོར་ལོའི་ནང་དུ་འགྲོ་མི་ཐུབ་པ་ཞིག་བཟོ་བཞིན་ཡོད། ང་ལྟ་བུར་མཚོན་ན་རླུང་འཕྲིན་བཀག་འགོག་ཟེར་དུས་བྱེད་སྟངས་འདི་གཉིས་མ་གཏོགས་སེམས་ནང་ལ་ཅང་འཆར་རྒྱུ་མི་འདུག གཅིག་བྱས་ན་འདི་ནི་ཚན་རིག་མ་ཤེས་པའི་སྐྱོན་ཡིན་སྲིད། ང་ཚོའི་སྒེའུ་ཁུང་ལས་ཉི་འོད་འཕྲོས་པ་དེ་ལག་པ་སོགས་དངོས་པོ་གཞན་དག་གིས་འགོག་ཐུབ་པ་དེ་མཐོང་དུས། རླུང་འཕྲིན་འགོག་སྟངས་དེ་ཡང་འདི་འདྲ་ཞིག་མིན་ནམ་ཡང་སྙམ། གལ་སྲིད་དེ་ལྟར་ཡིན་ན་རླུང་འཕྲིན་གྱིས་རྩིགས་པ་སོགས་བརྒྱུད་ནས་རླུང་འཕྲིན་ཉན་ཆས་ཀྱི་ནང་དུ་འཛུལ་ཐུབ་པས། རླུང་འཕྲིན་འགོག་ཆས་དེ་ནི་ཧ་ཅང་ཕྲ་བའི་ནུས་ཤུགས་ཤིག་ཡིན་ན་ཤེས་ཐུབ། གང་ལྟར་ཨ་རིའི་རླུང་འཕྲིན་ཁང་ལྟ་བུའི་གློག་གི་རྦ་རླབས་ཀྱི་རིང་ཐུང་དང་དེའི་འགྱེད་ནུས་ལ་གཏོར་སྐྱོན་བཟོ་སྤྱད་དེ་ཅི་ཡིན་ངོ་མ་ཤེས་ན་འདོད་ཀི ཁོང་ཚོས་འོད་ཚད་ཟེར་བཞིན་པ་དེ་ནི་རྒྱ་ནག་ཏུ་གློག་གི་རྦ་རླབས་ཟེར་བ་དེ་ཡིན་ན། རླུང་འཕྲིན་ལ་གཏོར་སྐྱོན་བཟོ་བའི་གློག་གི་རྦ་རླབས་གཞན་པ་དེའི་ནུས་ཤུགས་ཅི་འདྲ་ཞིག་ཡོད་ན་ད་གཟོད་གློག་རླབས་གཞན་པར་གནོད་སྐྱོན་བཟོ་ཐུབ། འདི་དག་ལ་ལན་རྒྱག་མཁན་རེ་ཡོད་དམ།

  13. ཀླུ་སྨྱོན། says:
    2010-09-10 at 1:53 pm

    ནོར་བཅོས། ཡིན་ན་ཤེས་ཐུབ།——ཡིན་པ་ཤེས་ཐུབ།

  14. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-09-10 at 3:29 pm

    ཀླུ་སྨྱོན་ལགས།
    འདི་ན་བརྗོད་གཞི་ཡག་པོ་ཞིག་གི་སྟེང་ལ་བགྲོ་གླེང་བྱེད་བཞིན་འདུག་པས་ཡོང་བ་ཡིན། ཁྱེད་ཀྱིས་དྲི་བ་གོང་མ་དེ་དག་གི་ལན་ཞིབ་འཇུག་ཅིག་བྱས་རྗེས་འབུལ་ཆོག
    འདིར་ཁྱེད་ཀྱིས་མཁྱེན་དགོས་པ་ཞིག་ནི་སྒྲའི་རླབས་དང་གློག་གི་རླབས་གཉིས་ནི་ཁྱད་ཆོས་གཏན་ནས་མི་འདྲ་བའི་རླབས་གཉིས་ཡིན་པ་འདི་རེད།

  15. བཞག་ལྡོམ་དར་རྒྱས་། says:
    2010-09-10 at 4:41 pm

    ཀླུ་སྨྱོན་ལགས་། སྒྲའི་དམྱོགས་ཚད་དངོས་པོ་སྐམ་པོ་དང་གྲང་མོ་རླུང་ལྟ་བའི་ནང་སྐར་ཆ་གཅིག་ལ་སྤྱི་ཁྲེ་༣༤༣ དང་སྐར་ཆ་གཅིག་ལ་གོམ་ཚད་༡,༡༢༥ འགྲོ་ཐུབ་ཀྱི་འདུག
    ཆུའི་ལྟ་བའི་ནང་དུ་སྐར་ཆ་གཅིག་ཙམ་ལ་སྤྱི་ཁྲེ་༡,༥༥༠ དང་སྐར་ཆ་གཅིག་ལ་གོམ་ཚད་༥,༠༨༥ འགྲོ་ཐུབ་ཀྱི་འདུག
    ཤིང་ལྟ་བའི་ནང་དུ་སྐར་ཆ་གཅིག་ལ་སྤྱི་ཁྲེ་༣,༩༦༠ དང་སྐར་ཆ་གཅིག་ལ་གོམ་ཚད་༡༢,༩༩༢ འགྲོ་ཐུབ་ཀྱི་འདུག
    ཤེལ་ལྟ་བའི་ནང་སྐར་ཆ་གཅིག་ལ་སྤྱི་ཁྲེ་༤,༥༤༠ དང་སྐར་ཆ་གཅིག་ལ་གོམ་ཚད་༡༤,༨༩༥འགྲོ་ཐུབ་ཀྱི་འདུག
    ལྕགས་ལྟ་བའི་ནང་༥,༠༥༠དང་སྐར་ཆ་གཅིག་ལ་གོམ་ཚད་༡༦,༥༦༨ འགྲོ་ཐུབ་ཀྱི་འདུག

  16. བཞག་ལྡོམ་དར་རྒྱས་། says:
    2010-09-10 at 4:47 pm

    འོ་ནོར་བཅོས་། མགྱོགས་ཚད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme